སྣེ་ན་ཆུ་གློག་ས་ཚིགས།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2019-12-09 17:30ལ་འགྲུབ།

སྣེ་ན་ཆུ་གློག་ས་ཚིགས།

སྣེ་ན་ཆུ་གློག་ས་ཚིགས།
སྣེ་ན་ཆུ་གློག་ས་ཚིགས་ནི་སྤྱི་ལོ1996ལོ་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་སྤྱི་ལོ1999ལོར་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སྐྲུན་མཚམས་བཞག སྤྱི་ལོ2000ལོའི་ཟླ6པར་ལས་གྲྭ་དེ་མཚོ་སྔོན་ཞིང་ཆེན་མ་འཇོག་ཀུང་སིའི་གཙོ་སྐྱོང་འོག་བསྐྱར་སྐྲུན་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་མ་འཇོག་ཀུང་སིས་མ་རྐང་ཚོད་འཛིན་བྱས་པའི་གཙང་གསུམ་ཆུ་གློག་གསར་སྤེལ་མ་རྐང་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་རང་བརྟེན་གསར་སྤེལ་བྱས་པའི་ཆུ་ཤུགས་གློག་ཁང་དང་པོ་དེ་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尼那水电站
སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར།
སྟོང་ཝ་ཁྲི16
ལོ་རེའི་གློག་འདོན་ཚད།
སྟོང་ཝ་ཆུ་ཚོད་དུང་ཕྱུར7.6
1 ​སྣེ་ན་ཆུ་གློག་ས་ཚིགས།

མཚོ་སྔོན་ཞིང་ཆེན་སྣེ་ན་ཆུ་གློག་ས་ཚིགས་འཛུགས་སྐྲུན་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་ནས་ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི124དང་ཨར་འདམ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི34ཟིན་པ་དང་། རགས་སྟེང་སྒོ་འཕྲུལ་འཁོར། བཟོ་གྲྭའི་ནང་གི་ཟམ་པའི་འཕྲུལ་འཁོར་སོགས་ལྕགས་རིགས་གྲུབ་ཆའི་སྒྲིག་སྦྱོར་ལས་གྲྭ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ། འཕྲུལ་གློག་སྒྲིག་སྦྱོར་སྔོན་སྦས་ལས་དོན་ཡང་སྤེལ་ཡོད་པ་རེད།

སྣེ་ན་ཆུ་གློག་ས་ཚིགས་ནི་ཆུ་རྟིང་འབྲིང་ཙམ་གྱི་གློག་ཁང་ཞིག་ཡིན་པ་དང་། རྨ་ཆུའི་ཐོག་འཕྲུལ་གློག་ས་ཚིགས་དེ་རིགས་འཛུགས་སྐྲུན་བྱེད་ཐེངས་དང་པོ་ཡིན་པ་རེད། ཆུ་ཤུགས་གློག་ཁང་གི་འཕྲུལ་འཁོར་རྐྱང་པའི་ཤོང་ཚད་སྟོང་ཝ་ཁྲི4ཡིན་པ་དང་སྒྲིག་སྦྱོར་འཕྲུལ་འཁོར་བསྡོམས་འབོར་ཆན་ཝ་ཁྲི16ཡིན་པ་དང་ལོར་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར7.6ཟིན་གྱི་ཡོད།

སྣེ་ན་ཆུ་གློག་ས་ཚིགས་ཀྱི་ཉིན་རེའི་སྙོམས་སྒྲིག་གི་ཆུ་གློག་ས་ཚུགས་འབྲིང་གྲས་ཤིག་ཡིན་པ་དང་། ཆུ་མཛོད་ཅུང་ཆུང་བས་བྱེ་མ་ཅུང་མང་བ་ཡོད།

སྣེ་ན་ཆུ་གློག་ས་ཚིགས་ཀྱི་ལྟེ་གནས་དེ་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ཁོངས་ཀྱི་རྨ་ཆུའི་ཆུ་གཞུང་དུ་གནས་པ་དང་། ཆུ་སྟོད་ཀྱི་ལ་ཟེ་བ་ཆུ་གློག་ས་ཚུགས་དང་བར་ཐག་སྟོང་སྨི8.6kmདང་ཚ་རྔ་འགག་ཆུ་གློག་ས་ཚིགས་དང་བར་སྟོང་སྨི41kmཡོད་པ་རེད། ཆུ་རགས་ནས་ཟི་ལིང་གྲོང་ཁྱེར་བར་གྱི་གཞུང་ལམ་བར་གྱི་ལམ་ཚད124km(ཐད་ཀའི་བར་ཐག80km)དང་སྨད་རྒྱུད་ཀྱི་ཁྲི་ཀ་རྫོང་གི་གཞུང་ལམ་ལམ་ཐག་ཧ་ལམ20kmབར་ཡིན་པ་རེད། སྣེ་ན་ཆུ་གློག་ས་ཚིགས་ཀྱི་ལས་གྲྭ་དེ་རིམ་པ་གསུམ་པའི་ལས་གྲྭ་འབྲིང་གྲས་ཀྱི་ཁོངས་སུ་གཏོགས་ཤིང་། འགག་རྩ་ནི་གཡོན་ངོགས་ཀྱི་ཆུ་རགས་གཞོན་པ་དང་། གཡོན་ངོགས་ཀྱི་ཆུ་འབུད་འགག་སྒོ། ཆུ་བཤངས་སའི་ཁུང་བུ། གློག་ཁང་གི་བཟོ་ཁང་གི་ཆུ་རགས་དུམ་བུ(བྱེ་འབུད་ཁུང་བུ)དང་གཡས་ངོགས་ཀྱི་ཆུ་རགས་གཞོན་པ། གཡས་ངོགས་ཀྱི་ཁའེ་ཞའོ་རྣམ་པའི110KVསྒོ་འབྱེད་ས་ཚིགས། ཧྲང་པ་དང་དེ་བཞིན་བཟོ་གྲྭར་འཛུལ་སའི་གཞུང་ལམ། སྣེ་ན་ལུང་ཤུར་གྱི་འགོག་སྲུང་སོགས་ལས་གྲུབ་ཡོད། ཇུས་འགོད་རྒྱུན་ལྡན་ཆུ་གནས2235.5དང་། ཆུ་རགས་སྟེང་གི་མཐོ་ཚད2238.2དང་། ཆུ་རགས་མཐོ་ཤོས་ཀྱི་མཐོ་ཚད50.9mདང་། ཆུ་མཛོད་ཤོང་ཚད་བསྡོམས་འབོར་དུང་ཕྱུར0.262སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད160MWཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། ཆུ་བེད་ལས་གྲྭ