ཀོས་ནན་རྫོང་སློབ་འབྲིང་ནི་སྤྱི་ལོ1958ལོའི་ཟླ3པའི་ཚེས16ཉིན་བཙུགས་པ་དང་། སྐབས་དེར་ཀླུ་ཚང་དགོན་པའི་སྡོད་ཁང་གཡར་ནས་སློབ་ཁང་བྱས་པ་དང་། སློབ་གྲྭ་བཙུགས་མ་ཐག་སློབ་མ16དང་དགེ་རྒན5ཡོད།
སྤྱི་ལོ1960ལོར་དགེ་རྒན8ལ་འཕར་བ་དང་། སློབ་མ57ལ་འཕར་ནས་འཛིན་གྲྭ་གསུམ་ལ་བགོས་ཏེ་ཀོས་ནན་རྫོང་གི་དམའ་རིམ་སློབ་འབྲིང་བཙུགས། སྤྱི་ལོ1961ལོའི་ཟླ3པར་སློབ་གྲྭ་ཀླུ་ཚང་དགོན་པ་ནས་རྫོང་ནགས་ལས་ས་ཚིགས་སུ་སྤོས། སྤྱི་ལོ1962ལོའི་ཟླ7པར་སྐབས་དང་པོའི་འཛིན་གྲྭའི་སློབ་མ་སློབ་མཐར་ཕྱིན། སྤྱི་ལོ1964ལོའི་ཟླ་དང་པོར་མཚོ་ལྷོ་ཁུལ་ནས་ཚོགས་འདུ་བསྐངས་ནས་ཀོས་ན་ན་རྫོང་སློབ་འབྲིང་མེད་པར་བྱ་རྒྱུར་གྲོས་འགོ་བཏོན། རྒྱུ་མཚན་ནི་ཀོས་ནན་དུ་སློབ་མ་ཉུང་བ་དེ་རེད། ལོ་དེའི་ཟླ་དགུ་བར་ཀོས་ནན་རྫོང་མི་རིགས་ཆ་ཚང་སློབ་ཆུང་བཙུགས་ནས་ཀོས་ནན་རྫོང་སློབ་འབྲིང་གི་ཚབ་བྱས། སྤྱི་ལོ1967ལོའི་ཟླ3པར་ཀོས་ནན་སློབ་འབྲིང་སླར་གསོ་བསྐྱར་སྐྲུན་བྱས་པ་དང་། རྫོང་མཁར་གྲོང་སློབ་ཆུང་དུ་དམའ་རིམ་སློབ་འབྲིང་བཙུགས། སྤྱི་ལོ1975ལོར་ཀོས་ནན་སློབ་འབྲིང་དང་མཁར་གྲོང་སློབ་ཆུང་དངོས་སུ་ལོགས་སུ་ཕྱེ་ནས་སློབ་གྲྭ་དེ་ད་ལྟའི་གནས་ཡུལ་དུ་སྤོས།
དེ་ནས་བཟུང་ཀོས་ནན་སློབ་འབྲིང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་འབྲེལ་ལོ་རབས80པའི་དུས་འགོར། ཞིང་ཆེན་ཡོངས་ཀྱི་གཙོ་གནད་སློབ་འབྲིང23གྱི་གྲས་སུ་བདམས་པ་རེད།
ཉེ་བའི་ལོ་ཤས་རིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་སློབ་གྲྭའི་ལས་དོན་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་། ལྷག་པར་དུ་སྤྱི་ལོ2008ལོའི་སྟོན་དུས་ནས་བཟུང་ཁུལ་ཡོངས་ཀྱི་སློབ་གསོའི་བཀོད་སྒྲིག་གྲུབ་ཆ་ལེགས་སྒྲིག་བྱེད་སྐབས་སློབ་གྲྭ་དེ་གནས་གཏན་འཁེལ་གྱི་འཛུགས་སྐྲུན་སློབ་གྲྭ་ཁག་དང་པོའི་གྲས་སུ་བཅུག་པས་མང་རྫོང་སློབ་འབྲིང་གི་མཁྲེགས་ཆས་འཛུགས་སྐྲུན་དང་མཉེན་ཆས་འཛུགས་སྐྲུན་ཐད་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་ཡོད།
སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ40900ཙམ་ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ6350ཙམ་ཟིན་ཡོད། སློབ་གྲྭ་ཡོངས་ཀྱི་ཚོགས་པ་ཆེ་གྲས་གཉིས་ལ་ཁྱོན་མི་གྲངས95ཡོད་པའི་ནང་སློབ་ཁྲིད་རུ་ཁག68(དངོས་སུ་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན59དང་ཚབ་ཁྲིད་དགེ་རྒན9ཡོད་པ)དང་། དགེ་རྒན་ཁྲོད་དངོས་གཞིའི་ཚན་ཁག་དང་དངོས་གཞིའི་ཚན་ཁག་གི་སྦྱངས་རབས་ཡོད་མཁན36དང་། ཆེད་སྦྱོང་སློབ་ཆེན་གྱི་སྦྱངས་རབས་ཡོད་མཁན32 མཐོ་རིམ་གོ་མིང་ཡོད་མཁན20དང་། འབྲིང་རིམ་གོ་མིང་ཐོབ་མཁན12བཅས་དགེ་རྒན་དཔུང་ཁག་གི་གྲུབ་ཆ་ལུགས་མཐུན་དང་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། རྒྱབ་ཕྱོགས་མཁོ་སྒྲུབ་ཚོགས་པར་མི27ཡོད་པའི་ནང་དགེ་རྒན་གྱི་སྒྲིག་ཁོངས་སུ་ཚུད་པའི་མི2དང་། དངོས་གཞིའི་ལས་བཟོ་བ10 “4045”11བཅས་ཡོད་པ་དང་སློབ་གྲྭའི་ངོས་ནས་མི4གླས་ཡོད། ད་ཆ་སློབ་མ930དང་སློབ་ཁྲིད་འཛིན་གྲྭ21ཡོད་པའི་ནང་དམའ་རིམ་དང་འབྲིང་རིམ་གྱི་འཛིན་གྲྭ12དང་སློབ་མ569ཡོད། མཐོ་རིམ་སློབ་འབྲིང་གི་འཛིན་གྲྭ9དང་སློབ་མ361བཅས་ཡོད། སློབ་གྲྭའི་ནང་ད་ཆ་དཔེ་དེབ་ཁང་གཅིག་དང་། དཔེ་དེབ་ཉར་ཚད11400ཡིན། ལྟ་ཀློག་ཁང་གཅིག་ཡོད་པ་དང་ལོ་ལྟར་སློབ་འབྲིང་རིགས་ཀྱི་སློབ་ཁྲིད་ཚགས་པར་དང་དུས་དེབ་རིགས230མངག་ཉོ་བྱེད་ཀྱིན་ཡོད། སློབ་གྲྭར་དངོས་ཁམས་ཚོད་ལྟ་ཁང་དང་། རྫས་འགྱུར་ཚོད་ལྟ་ཁང་གཅིག སྐྱེ་དངོས་ཚོད་ལྟ་ཁང་གཅིག སློབ་ཁང་གཅིག སྐད་སྒྲ་ཁང་གཅིག རྩིས་འཁོར་སློབ་ཁང་གཅིག སྲུང་སྐར་ས་ངོས་དང་ལེན་ས་ཚིགས2བཅས་ཡོད་པ་དེ་དག་གིས་སློབ་གྲྭའི་རླུང་འཕྲིན་མ་ལག་དང་ལམ་བཀག་བརྙན་འཕྲིན་མ་ལག་བཙུགས་ཡོད་པ་རེད། ལུས་རྩལ་ཡོ་ཆས་ཁང་གཅིག་དང་། སྨྱན་མང་གློག་རྡུལ་རྣོ་སྦྲེང་སློབ་ཁང་གཅིག མཛེས་རྩལ་ཁང་གཅིག་ཡོད་པ་དང་། སློབ་གྲྭའི་ཁོར་ཡུག་རྒྱུན་ཆད་མེད་པར་སྔོ་འགྱུར་བྱས་ཤིང་སློབ་མའི་ཞག་སྡོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
དེ་རིང་གི་གྲུབ་འབྲས་ནི་འདས་ཟིན་པའི་ཕྱོགས་སྡོམ་དང་མ་འོངས་པའི་རྨང་གཞི་ཡིན། ཀོས་ནན་སློབ་འབྲིང་གི་མ་འོངས་པར་གཞི་ཁྱོན་ཅན་དང་། ཚན་རིག་ཅན། སྤུས་ཚད་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་དང་སློབ་གྲྭའི་སློབ་གསོ་སློབ་ཁྲིད་སྤུས་ཚད་དེ་ད་ཡོད་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་དེ་བས་ཆེ་བ་ཡོང་ངེས་རེད། སློབ་གྲྭས་བྱང་ཚད་མཐོ་བའི་ཤེས་ལྡན་པ་ཟམ་མི་ཆད་པར་ནང་འདྲེན་བྱས་ཏེ་སློབ་ཚན་གསར་པའི་སྒྱུར་བཅོས་དར་སྤེལ་དང་ལག་བསྟར་ཤུགས་ཆེན་བྱེད་པ་དང་། དེང་རབས་ཀྱི་ཆ་འཕྲིན་སློབ་གསོའི་ལག་རྩལ་བེད་སྤྱོད་གཏོང་བ། སློབ་གྲྭའི་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་དང་མཁོ་འདོན་བྱ་རྒྱུ་དེ་རྒྱུན་གཏན་གྱི་དོན་གཉེར་ཞིག་ཏུ་བརྩིས་ཡོད། དོ་དམ་རྩེ་གྲ་དང་། དགེ་རྒན་རྩེ་གྲ། སྒྲིག་བཀོད་རྩེ་གྲ། སློབ་གསོའི་ཁོར་ཡུག་རྩེ་གྲ་བཅས་ལ་བརྟེན་ནས་སློབ་གྲྭའི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གིན་ཡོད།