རྒྱལ་སྲུང་འཛུགས་སྐྲུན།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-09 16:29ལ་འགྲུབ།

རྒྱལ་སྲུང་འཛུགས་སྐྲུན།

རྒྱལ་སྲུང་འཛུགས་སྐྲུན།
རྒྱལ་སྲུང་འཛུགས་སྐྲུན་ནི་རྒྱལ་ཁབ་ཀྱིས་བཙན་འཛུལ་ལ་སྔོན་འགོག་དང་འགོག་རྒོལ་བྱེད་པ་དང་། དྲག་ཆས་ལ་ཚོད་འཛིན་དང་མགོ་རྟིང་སློག་པ། འཇིགས་སྐུལ་པ་བཀག་འགོག་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་། བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་དམག་དོན་བྱ་འགུལ་ལ་ཟེར་ཞིང་། དམག་དོན་དང་འབྲེལ་བ་ཡོད་པའི་ཆབ་སྲིད་དང་། དཔལ་འབྱོར། ཚན་རྩལ། ཕྱི་འབྲེལ། སློབ་གསོ། རིག་གནས་སོགས་ཀྱི་ཐད་ཀྱི་བྱ་འགུལ་ལ་ཡང་ཟེར། རྒྱུན་ཉར་དམག་དཔུང་གི་དངོས་འཐབ་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་ཟིལ་ཤུགས་མཐོར་འདེགས་བྱ་རྒྱུ་ནི་རྒྱལ་སྲུང་འཛུགས་སྐྲུན་གྱི་གཞི་རྩའི་ལས་འགན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国防建设
མཚན་ཉིད།
རྒྱལ་སྲུང་ནུས་ཤུགས་མཐོར་འདེགས་ཀྱི་ཆེད་དུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་ལ་ཟེར།
ཕྱི་ཡིག་གི་མིང་།
national defense construction
ནང་དོན།
བསམ་བློ་དང་དངོས་པོ་སྟེ་ཕྱོགས་གཉིས་ནས་འཛུགས་སྐྲུན་བྱེད་པ།
བྱེད་ནུས།
རྒྱལ་ཁབ་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན།
1 སྤྱི་བཤད།

རྒྱལ་སྲུང་འཛུགས་སྐྲུན་ནི་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་དང་། ཕྱི་ནས་ཡོང་བའི་བཙན་འཛུལ་བཀག་འགོག་དང་འགོག་རྒོལ་བྱེད་ཆེད་སྤྱད་པའི་དམག་དོན་དང་། དཔལ་འབྱོར། ཆབ་སྲིད། ཚན་རྩལ། རིག་གནས་སོགས་ཀྱི་བྱེད་ཐབས་ཀྱི་སྤྱིའི་མིང་ཡིན། རྒྱལ་སྲུང་འཛུགས་སྐྲུན་གྱི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་དམིགས་འབེན་གྱིས་ཐག་གཅོད་ལ། རྒྱལ་སྲུང་འཛུགས་སྐྲུན་དེ་གཙོ་བོ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་བརྟེན་ཡོད།

2 གཞི་རྩའི་ནང་དོན།

རྒྱལ་སྲུང་འཛུགས་སྐྲུན་གྱི་གཞི་རྩའི་ནང་དོན།

1. རྒྱལ་སྲུང་གི་འགོ་ཁྲིད་ལམ་ལུགས་དང་དམག་དཔུང་གི་བཀོད་འདོམས་ལམ་ལུགས་གཏན་འབེབས།

2. རྒྱལ་སྲུང་ཐོན་ཁུངས(དེའི་ཁྲོད་དུ་མི་ཤུགས་དང་། ནོར་ཤུགས། དངོས་ཤུགས་བཅས་ཚུད་ཡོད)ཀྱི་གཏོང་ལེན་དང་། བེད་སྤྱོད། དོ་དམ།

3. རྒྱལ་སྲུང་སློབ་གསོའི་ལག་བསྟར།

4. རྒྱལ་སྲུང་གི་ཚན་རིག་ལག་རྩལ་དང་མཚོན་ཆའི་སྒྲིག་ཆས་ཀྱི་འཕེལ་རྒྱས།

5. རྒྱལ་སྲུང་གི་བཟོ་སྐྲུན་སྒྲིག་བཀོད།

6. རྒྱུན་ཉར་དམག་གི་འཐབ་འཛིང་ནུས་ཤུགས་དང་གྲ་སྒྲིག་འགོག་སྲུང་ཆུ་ཚད་ཀྱི་མཐོར་འདེགས།

7. རྒྱལ་ཁབ་ཀྱི་སྐུལ་སློང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།

8. རྒྱལ་སྲུང་སྐོར་གྱི་ཁྲིམས་སྲོལ་འཛུགས་པ་དང་རྒྱལ་སྲུང་སྐོར་གྱི་གཞུང་ལུགས་ཞིབ་འཇུག

3 དོན་སྙིང་།

རྒྱལ་སྲུང་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། བདེ་འཇགས་སོགས་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱི་ནས་ཡོང་བའི་བཙན་འཛུལ་ལ་སྔོན་འགོག་བྱེད་པའི་ཆེད་དང་། དམག་དོན་དང་དམག་དོན་དང་འབྲེལ་བ་ཡོད་པའི་ཆབ་སྲིད་དང་། ཕྱི་འབྲེལ། དཔལ་འབྱོར། རིག་གནས་སོགས་ཀྱི་ཐད་ཀྱི་འཛུགས་སྐྲུན་དང་འཐབ་རྩོད་ཀྱི་ཆེད་དུ་བཙུགས་པ་ཡིན།


དཔྱད་གཞིའི་ཡིག་ཆ།