གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སློབ་གསོའི་ཐོན་ཁུངས་ལེགས་སྒྲིག་དང་བསྡུ་སྒྲིལ་བྱས་ནས། རྫོང་ཁོངས་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་རིམ་བཞིན་མངོན་འགྱུར་བྱ་ཆེད། 《ཀོས་ནན་རྫོང་གི་སློབ་གསོ་བཀོད་སྒྲིག་གི་གྲུབ་ཆ་ལེགས་སྒྲིག་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》དང《ཀོས་ནན་རྫོང་གི་སློབ་གྲྭའི་ཉལ་ཁང་གི་བདེ་འཇགས་འཛུགས་སྐྲུན་རྣམ་གྲངས》རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཕྱོགས་མང་པོའི་ཐད་ནས་མ་དངུལ་བརྩོན་ལེན་བྱས་ཏེ། སྤྱི་ལོ2010ལོའི་ཟླ5པའི་ཚེས27ཉིན། ཀོས་ནན་རྫོང་བཅའ་སྡོད་སློབ་ཆུང་གཉིས་པ་སྐྲུན་འགོ་ཚུགས་པ་དང་སྤྱི་ལོ2011ལོའི་ཟླ8པར་ལས་མཇུག་བསྒྲིལ་ནས་སྤྱོད་འགོ་ཚུགས་པ་རེད། སྒྲོམ་གཞིའི་སྒྲིག་གཞིའི་སློབ་ཁྲིད་ཐོག་ཁང2ལ་སྨི་གྲུ་བཞི་མ522དང་། སོ་ཕག་དང་མཉམ་བསྲེས་སྒྲིག་གཞིའི་སློབ་མའི་སྤྱི་པའི་སྡོད་ཁང་ཐོག་ཁང3ལ་ཁང་བ172སྨི་གྲུ་བཞི་མ6570 མ་སྒྲོམ་གྲུབ་ཆའི་ཟ་ཁང1ལ་སྨི་གྲུ་བཞི་མ1300 སྤྱོད་ཁང་གཅིག་ལ་སྨི་གྲུ་བཞི་མ104 སོ་ཕག་དང་མཉམ་བསྲེས་སྒྲིག་གཞིའི་དགེ་རྒན་གྱི་ལས་ཤག་ཐོག་ཁང1ལ་སྨི་གྲུ་བཞི་མ2423.34བཅས་གསར་དུ་བསྐྲུན། དེ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི763བཏང་ནས་སློབ་ཁྲིད་སྒྲིག་ཆས་དང་ཞོར་འདེགས་སྒྲིག་ཆས་གཞན་དག་བཀོད་སྒྲིག་བྱས་པ་དང་། གཞན་ཡང་མ་དངུལ་སྒོར་ཁྲི1000ཙམ་བཏང་ནས་སློབ་གྲྭའི་སྒོ་ཆེན་དང་། ཕྱི་མཁར། སློབ་གྲྭའི་འགྲོ་ལམ། དྲོད་ཆས། གླིང་སྐོར་བཅས་གསར་དུ་བཙུགས་པ་རེད།
ཀོས་ནན་རྫོང་བཅའ་སྡོད་སློབ་ཆུང་གཉིས་པར་ད་ཆ་སློབ་མ1117ཡོད་པ་དང་། སློབ་ཁྲིད་འཛིན་གྲྭ27བཙུགས་པའི་ནང་ལོ་རིམ་བཞི་པའི་སློབ་ཁྲིད་འཛིན་གྲྭ10ལ་ཁྱོན་སློབ་མ422ཡོད་པ་དང་། ལོ་རིམ་ལྔ་པའི་སློབ་ཁྲིད་འཛིན་གྲྭ10ལ་ཁྱོན་སློབ་མ386ཡོད་པ། ལོ་རིམ་དྲུག་པའི་སློབ་ཁྲིད་འཛིན་གྲྭ7ལ་ཁྱོན་སློབ་མ309ཡོད་པ་བཅས་རེད། སློབ་མ་རྣམས་སུམ་མདོ་དང་། ཐར་ཤུལ། མང་ར་བཅས་ཡུལ་ཚོ་དང་གྲོང་རྡལ་གསུམ་ནས་ཐོན་པ་རེད། སློབ་གྲྭ་ཡོངས་སུ་ད་ལྟ་མི66ཡོད་པའི་ནང་བུད་མེད27དང་ཆེད་བསྐོས་དགེ་རྒན62ཡོད་པ་དེའི་ནང་བུད་མེད25ཡོད། ཚབ་ཁྲིད་དགེ་རྒན18དང་། ལས་ཞུགས་མེད་པའི་མི26 བདེ་སྲུང་མི་སྣ3སློབ་གྲྭའི་སྨན་པ1བཅས་ཡོད། སློབ་གྲྭས་ཏང་གི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས་བྱང་ཚད་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱེད་ཀྱིན་ཡོད།
མིག་སྔར་ཀོས་ནན་རྫོང་གི་བཅའ་སྡོད་སློབ་ཆུང་གཉིས་པས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་དགེ་རྒན་དང་ལས་བཟོ་ཡོངས་ཀྱི་ཐུན་མོང་འབད་བརྩོན་བྱས་ནས། སློབ་གྲྭའི་དོ་དམ་རིམ་པ་མཐོ་བ་དང་། དགེ་རྒན་དཔུང་སྡེའི་ཆུ་ཚད་མཐོ་བ། མི་སྣ་གསོ་སྐྱོང་གི་ཁོར་ཡུག་ལེགས་པ། སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་གཞི་མཐོ་བ། སློབ་ཁྲིད་ཀྱི་ཕན་འབྲས་མཐོ་བའི་ཕྱོགས་སུ་བསྐྱོད་པ་དང་། ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་དམིགས་འབེན་བཟུང་ནས“སྤྱི་ཚོགས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བ་དང་། མང་ཚོགས་བློ་ཡིད་ཚིམ་པའི་དགེ་རྒན་བྱེད་པ” ནི་ཁོང་ཚོས་ནམ་ཡང་དོན་གཉེར་ལྷོད་མེད་བྱེད་སའི་འཚོལ་སྙེག་ཡིན་ནོ།།