རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-09 15:58ལ་འགྲུབ།

རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས།

རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས།
རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཞེས་པ་ནི་ལོ་ངོ་སྟོང་ཕྲག་དུ་མའི་འཕེལ་རྒྱས་ཀྱི་ཁྲོད་དུ་གྲུབ་པའི། ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་གསར་གཏོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་། འབད་འཐབ་ཀྱི་སྙིང་སྟོབས། མཐུན་སྒྲིལ་གྱི་སྙིང་སྟོབས། ཕུགས་འདུན་གྱི་སྙིང་སྟོབས་བཅས་ལ་ཟེར་ཞིང་། རྒྱལ་གཅེས་རིང་ལུགས་ནི་བླ་ན་མེད་པའི་བསམ་བློའི་ཀུན་སྤྱོད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
爱国主义精神
དཀྱིལ་སྙིང་།
རྒྱལ་གཅེས་རིང་ལུགས།
ཁྱབ་ཁོངས།
ཀྲུང་ཧྭ་མི་རིགས།
དཔེ་གཞི།
ཝེ་ཆིང་། ཧུའོ་ཆུའུ་པེན།
རིགས་དབྱེ།
བསམ་བློ་ཀུན་སྤྱོད།
མི་རིགས་སྙིང་སྟོབས།
ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ།
1 ངོ་སྤྲོད་མདོར་བསྡུས།

རྒྱལ་གཅེས་རིང་ལུགས་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་གྲུབ་པའི་རང་ཉིད་ཀྱི་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་ཟབ་མོ་ཞིག་ཡིན་པ་མ་ཟད། རྒྱལ་གཅེས་རིང་ལུགས་ནི་རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་པ་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཆེད་དུ་རང་ནུས་གང་ཡོད་འདོན་པའི་སྙིང་སྟོབས་ལ་ཟེར་ཞིང་། རྒྱལ་གཅེས་རིང་ལུགས་ནི་བླ་ན་མེད་པའི་བསམ་བློའི་ཀུན་སྤྱོད་ཅིག་ཀྱང་ཡིན།

ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་བ་དང་རླབས་ཆེ་བའི་རྒྱུ་མཚན་ནི། རྒྱལ་གཅེས་རིང་ལུགས་དེ་བསམ་པའི་རྒྱུ་ནོར་དང་བསམ་བློའི་སྲོག་ཤིང་བྱས་པའི་ཆ་ནས་ནུས་པ་གལ་ཆེན་ཞིག་ཐོན་ཡོད་ལ། རྒྱལ་གཅེས་རིང་ལུགས་ནི་བརྩེ་དུང་ཟབ་མོ་ཞིག་ཡིན་ལ། རང་ཉིད་འཚར་ལོངས་བྱུང་སའི་རྒྱལ་ཁབ་ཀྱི་མངའ་ཁོངས་དང་མི་རིགས་ལ་བཅངས་པའི་བརྩེ་དུང་ཟབ་མོ་ཞིག་ཡིན། བརྩེ་དུང་དེ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ལོ་ངོ་སྟོང་ཕྲག་དུ་མའི་ཉིང་ཁུ་གཅིག་ཏུ་འདུས་ནས། སྐུལ་སློང་གྲངས་མེད་བྱས་མཐར། མཐར་མི་རིགས་ཡོངས་ཀྱི་སྤྱི་ཚོགས་སེམས་ཁམས་ཀྱིས་ཁས་ལེན་ཐོབ་ནས་རྒྱལ་གཅེས་ཀྱི་འདུ་ཤེས་སུ་གྱུར་པ་ཡིན། དེ་བས་རྒྱལ་གཅེས་རིང་ལུགས་ནི་ཀུན་སྤྱོད་ཀྱི་སྟོབས་ཤུགས་ཤིག་ཡིན་པས། དེས་རྒྱལ་ཁབ་དང་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་གཞལ་དུ་མེད་པའི་ནུས་པ་ཐོན་ཡོད།

2 ཀྲུང་ཧྭའི་སྤྱོད་བཟང་།

མེས་རྒྱལ་གྱི་ཆེད་དུ་ཡོད་ཚད་བློས་གཏོང་བའི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྤྱོད་བཟང་གི་གྲས་ཤིག་ཡིན་ལ། གནའ་རབས་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་མི་རིགས་ཀྱི་དཔའ་བོ་མང་པོ་བྱུང་མྱོང་སྟེ། དཔེར་ན། བཙན་ཤེད་ལ་མི་སྐྲག་པའི་ཡན་དབྱིན་དང་། དཔའ་ངར་ཆེན་པོས་ཞུང་ནུའུ་ལ་འགོག་རྒོལ་བྱས་པའི་ཝེ་ཆིང་དང་ཧུའོ་ཆུའུ་པེན། རྒྱལ་ཁབ་ལ་བློ་དཀར་ཞིང་དྲིན་གཟོ་མཁན་ཡུའེ་ཧྥེ། “སྐྱེས་པ་ཤི་ཡང་ཆོད་སེམས་ལྕགས་ལྟར་སྲ”ཟེར་མཁན་གྱི་ཞིན་ཆི་ཅི། པེ་ཅིང་སྲུང་སྐྱོབ་བྱེད་མཁན་ཡུས་ཆན། འཇའ་ཇག་ལ་འགོག་རྒོལ་བྱེད་མཁན་ཆི་ཅི་ཀོང་། ན་གཞོན་དཔའ་བོ་ཞ་ཝན་ཁྲུན།  ཐའེ་ཝན་ཕྱིར་ལེན་མཁན་གྱི་ཀྲེང་ཁྲེང་ཀུང་། མི་ཚེ་གསར་བརྗེའི་ལས་དོན་ལ་གཞོལ་མཁན་ཧོ་ཙི་ཡོན་སོགས་ལྟ་བུའོ།། ཁོང་ཚོའི་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་པའི་རྒྱལ་གཅེས་སྙིང་སྟོབས་ཀྱི་ཤུགས་རྐྱེན་ད་ལྟའི་དུས་སུའང་ཡོད་ལ། དེ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་མིག་དཔེ་འཛིན་ས་ཡིན།

ལྷག་པར་དུ་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ཐོག་ཀྲུང་གོར་བཙན་རྒྱལ་རིང་ལུགས་ཀྱིས་སྨྱོ་ཧམ་ཆེན་པོས་བཙན་འཛུལ་བྱས་ཏེ་རྒྱལ་འཇིག་ཁྱིམ་སྟོང་གི་ཉམས་ཉེན་ལ་འཕྲད་དུས། ཀྲུང་ཧྭའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སྔར་བས་ཤུགས་ཆེར་སོང་ནས་གཡོ་འགུལ་གང་ཡང་མེད་པར་མ་ཟད། འཐབ་རྩོད་ཀྱི་རྣོ་ངར་དང་བསམ་བློའི་སྙིང་སྟོབས་སྔར་བས་མངོན་པར་དོད་ཡོད། སུན་ཀྲུང་ཧྲན་དང་། ཧོང་ཞིན། ཧོ་ཙི་ཡོན། ཙོའུ་རུང་། ཆིའུ་ཅིན་སོགས་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་པ་ནས་ལི་ཏ་ཀྲའོ་དང་། མའོ་ཙེ་ཏུང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏུང་པི་ཝུའུ་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་ཀྲུང་ཧྭའི་བསྐྱར་དར་གྱི་འགན་འཁྲི་ཕྲག་ཏུ་ཁུར་ཡོད།


དཔྱད་གཞིའི་ཡིག་ཆ།