《དམག་དོན་ཤེས་བྱ་ཀུན་བཏུས་ཀྱི་ཚིག་མཛོད》སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-09 11:58ལ་འགྲུབ།

《དམག་དོན་ཤེས་བྱ་ཀུན་བཏུས་ཀྱི་ཚིག་མཛོད》

《དམག་དོན་ཤེས་བྱ་ཀུན་བཏུས་ཀྱི་ཚིག་མཛོད》
《དམག་དོན་ཤེས་བྱ་ཀུན་བཏུས་ཀྱི་ཚིག་མཛོད》ནི་དེང་རབས་སུའུ་ལེན་གྱི་ཨའོ་ཅ་ཨེར་ཁོ་ཧྥུའུ་ཡིས་གཙོ་སྒྲིག་བྱས་པ་དང་། དམག་དོན་ཚན་རིག་ཁང་གི་ཕྱིའི་དམག་དོན་པུའུ་ཡིས་རྩོམ་སྒྱུར་བྱས་པའི་ཡོ་བྱེད་དཔེ་དེབ་ཅིག་ཡིན།
གཞི་རྩའི་གནས་ཚུལ།

ཁ་བྱང་།
《དམག་དོན་ཤེས་བྱ་ཀུན་བཏུས་ཀྱི་ཚིག་མཛོད》
རིགས་དབྱེ།
ཡོ་བྱེད་དཔེ་དེབ།
རྩོམ་སྒྲིག་པ།
ཨའོ་ཅ་ཨེར་ཁོ་ཧྥུའུ།
པར་སྐྲུན་དུས་ཚོད།
སྤྱི་ལོ1985ལོའི་ཟླ9པ།
1 ནང་དོན་ངོ་སྤྲོད།

ཚིག་མཛོད་འདིར་བརྡ་འགྲེལ14000ལྷག་ཙམ་བསྡུས་ཡོད་ལ། དེའི་ཁྲོད་དུ་བརྡ་འགྲེལ་ཁག་ཅིག་ལ་རི་མོ་དང་པར་རིས་ཀྱང་ཡོད། དེའི་ནང་དོན་ལ་དམག་འཁྲུག་དང་ཆབ་སྲིད། དམག་དོན་དཔལ་འབྱོར། དམག་དོན་འཛུགས་སྐྲུན། དམག་དོན་ཚན་རིག་དང་དམག་དོན་རིག་རྩལ། དམག་དོན་ལོ་རྒྱུས། དམག་དོན་ས་ཁམས་བཅས་ཚུད་ཡོད་པ་དང་། དམག་དོན་མཁས་ཅན་དང་གསར་གཏོད་མཁས་ཅན་སོགས་ཀྱང་ཚུད་ཡོད། བརྡ་འགྲེལ་གྱི་དཀར་ཆག་རྒྱ་ཡིག་གི་སྒྲ་སྦྱོར་གསལ་བྱེད་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད་པ་དང་། དེར་རྒྱ་ཡིག་གི་པིར་རིས་ཀྱི་ཡིག་འཚོལ་རེའུ་མིག་དང་ཨུ་རུ་སུ་དང་རྒྱ་ཡིག་གི་ཤན་སྦྱར་དཀར་ཆག་བཅས་བཟོས་ཡོད། ཤེས་བྱ་ཁྱབ་རྒྱ་ཆེ་ཞིང་རྣམ་གྲངས་ཅུང་ཆ་ཚང་བའི་ཆེད་ལས་ཀྱི་དཔྱད་གཞིའི་ཡོད་བྱེད་དཔེ་དེབ་ཅིག་ཡིན།

2 པར་སྐྲུན་གནས་ཚུལ།

ཀྲུང་གོའི་ཕྱི་ཕྱོགས་ཡིག་སྒྱུར་དཔེ་སྐྲུན་ཀུང་ཟི། སྤྱི་ལོ1985ལོའི་ཟླ9པར་པར་དུ་བསྐྲུན།


དཔྱད་གཞིའི་ཡིག་ཆ།