《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས》(པར་གཞི་གཉིས་པ)སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-09 11:33ལ་འགྲུབ།

《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས》(པར་གཞི་གཉིས་པ)

《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས》(པར་གཞི་གཉིས་པ)
《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས》(པར་གཞི་གཉིས་པ)ཞེས་པ་ནི་ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི50ལྷག་ཙམ་གྱིས་སྣེ་ཁྲིད་དེ་རྩོམ་སྒྲིག་བྱས་པའི་དཔེ་དེབ་ཅིག་ཡིན་ལ། ལོ12ཀྱི་རིང་ལ་རྩོམ་སྒྲིག་བྱས།
གཞི་རྩའི་གནས་ཚུལ།

ཁ་བྱང་།
《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས》 (པར་གཞི་གཉིས་པ)
རྩོམ་སྒྲིག་དུས་ཡུན།
ལོ12
ཡིག་གྲངས།
ཁྲི3600
རྩོམ་སྒྲིག་པ།
ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི50ལྷག་ཙམ་གྱིས་རྩོམ་སྒྲིག་བྱས།
དཀར་ཆག

སྤྱི་ལོ2016ལོའི་ཟླ7པའི་ཚེས30ཉིན། པའོ་ཐོའུ་རུ་འཚོགས་པའི་རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་བཤམས་སྟོན་ཚོགས་ཆེན་སྐབས་ཉེར་དྲུག་པའི་སྟེང་། ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས》(པར་གཞི་གཉིས་པ)དངོས་སུ་སྤྱི་ཚོགས་སུ་བཀྲམས།

《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས》(པར་གཞི་གཉིས་པ)ཡི་རྩོམ་སྒྲིག་གི་ལས་དོན་དེ་ཀྲུང་དབྱང་དམག་ཨུ་ཡིས་གཏན་འབེབས་བྱས་པའི“དམག་ཡོངས་ཀྱི་ལག་པ་འགུལ་བ་དང་། ཆེད་ལས་ཁ་སྤྲོད། དམག་དཔུང་དང་ས་གནས་ཟུང་འབྲེལ། ལས་བགོས་མཉམ་ལས”བཅས་ཀྱི་རྩོམ་སྒྲིག་མཛད་ཕྱོགས་གཞིར་བཟུང་ནས། ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས་ཀྱི་རྩོམ་སྒྲིག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འགོ་ཁྲིད་འོག དམག་དོན་ཚན་རིག་ཁང་གི་ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས་ཀྱི་རྩོམ་སྒྲིག་ཞིབ་བཤེར་ཁང་གི་རྩ་འཛུགས་མཐུན་སྦྱོར་གྱི་བཀོད་སྒྲིག་ལྟར། དམག་ཡོངས་ཀྱི་རིག་ཚན་སོ་སོའི་རྩོམ་སྒྲིག་ལས་ཁུངས་ནས་ལག་བསྟར་བྱ་རྒྱུར་གཏན་འབེབས་བྱས།

《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས》(པར་གཞི་གཉིས་པ)ཡི་ཁྲོད་དུ་དམག་ཡོངས་ཀྱི་རྩོམ་སྒྲིག་དཔུང་ཤུགས་གཅིག་ཏུ་བསྡུས་ཡོད་ལ། དེའི་ཁྲོད་དུ་དམག་དོན་བསམ་བློའི་སྐོར་གྱི་བམ་པོ19དང་། ཤེས་བྱའི་རིགས་མི་འདྲ་བ14 རིག་ཚན100ཙམ་དང་། བརྡ་ཆད་ཁྲི3ལྷག་ཙམ། པར་རིས་ཁྲི2ལྷག་ཙམ། ཡིག་འབྲུ་ཁྲི3600ལྷག་ཚུད་ཡོད།


དཔྱད་གཞིའི་ཡིག་ཆ།