ཧོ་ཝར་ཌི་ཧོ་ཁི་སི།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-01-14 09:14ལ་འགྲུབ།

ཧོ་ཝར་ཌི་ཧོ་ཁི་སི།

ཧོ་ཝར་ཌི་ཧོ་ཁི་སི།
ཧོ་ཝར་ཌི་ཧོ་ཁི་སི་ནི(Howard Winchester Hawks1896ལོའི་ཟླ5ཚེས30ཉིན—སྤྱི་ལོ1977ལོའི་ཟླ12ཚེས26ཉིན)ཨ་རི་ནས་སྐུ་འཁྲུངས་པའི་འཁྲབ་ཁྲིད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
霍华德·霍克斯
འདས་ལོ།
སྤྱི་ལོ1977ལོ།
ཕྱི་ཡིག་གི་མིང་།
Howard Winchester Hawks
རྒྱལ་ཁོངས།
ཨ་རི།
འཁྲུངས་ལོ།
སྤྱི་ལོ1896ལོ།
ལས་རིགས།
གློག་བརྙན་འཁྲབ་ཁྲིད་པ།
1 ངོ་སྤྲོད།

ཧོ་ཝར་ཌི་ཧོ་ཁི་སི་ནི(Howard Winchester Hawks1896ལོའི་ཟླ5ཚེས30ཉིན—སྤྱི་ལོ1977ལོའི་ཟླ12ཚེས26ཉིན)ཨ་རི་ནས་སྐུ་འཁྲུངས་པའི་འཁྲབ་ཁྲིད་པ་ཞིག་ཡིན།      ནིས་ཡོག་ཐང་ནེའར་སློབ་ཆེན་དུ་བསླབ་པ་སློབ་གཉེར་བྱས།  

ཉི་ཡོག་ཁང་ནེར་སློབ་ཆེན་དུ་སློབ་གྲྭར་འགྲིམ་སྐབས་དབྱར་གསེང་སྐབས་ཨ་རིའི་ཞི་ཧྭེ་མཚོ་ངོགས་ཀྱི་ཧའོ་ལའེ་ཝུའུ་གློག་བརྙན་བཟོ་གྲྭར་ལས་ཀ་བྱེད་པར་སྐྱོད་སྐབས་རང་ཉིད་ཀྱི་མི་ཚེའི་ཁ་ཕྱོགས་ཏེ་གློག་བརྙན་འཁྲབ་ཁྲིད་པ་ཞིག་བྱ་རྒྱུ་དེ་གཏན་འཁེལ་བྱས་པ་རེད། སྤྱི་ལོ1918ལོར་ཁོང་མཁའ་དམག་ལ་ཞུགས་ནས་མཁའ་དམག་གི་རྩལ་ཁྲིད་པ་བྱས། འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་བསྒྲིལ་རྗེས། ཁོང་གིས་གནམ་གྲུ་བཟོ་གྲྭ་ཞིག་ཏུ་བྱ་བ་བསྒྲུབས་མོད། རང་ཉིད་ཀྱི་གློག་བརྙན་གྱི་ཕུགས་འདུན་བསྐྱུར་མ་ཐུབ་པས་ཧའོ་ལའེ་ཝུའུ་རུ་སླེབས།

ཐོག་མར་ཕའེ་ལ་མེང་ཀུང་སིར་འཁྲབ་ཁྲིད་པའི་རམ་འདེགས་པ་དང་། རྩོམ་སྒྲིག་པ། དྲས་མཐུད་བཅས་ཀྱི་ལས་ཀ་གཉེར། སྤྱི་ལོ1922ལོར་འཁྲབ་གཞུང་རྩོམ་པ་པོར་གདན་བསྐོས་བྱས། དེ་རྗེས་ཀྱི་ལོ་འགའི་ནང་ཕའེ་ལ་མོང་ཀུང་སིས་བཟོས་པའི་གློག་བརྙན་གྱི་འཁྲབ་གཞུང་ཚང་མ་བདམས་གསེས་བྱེད་པའི་འགན་ཁུར། ཁོང་གིས་མུ་མཐུད་དུ་པར་ལེན་ཡུལ་དངོས་སུ་བརྙན་པའི་འགན་འཁུར་གྱི་ཡོད་པས་གློག་བརྙན་གྱི་ཐོན་སྐྱེད་བརྒྱུད་རིམ་ལ་རྒྱུས་མངའ་ཆེན་པོ་ཡོད།

.jpg

2 འཚོ་བ།

སྤྱི་ལོ1896ལོར་འཁྲུངས།

སྤྱི་ལོ1918ལོར་མཁའ་དམག་གི་གྲས་སུ་ཞུགས།

སྤྱི་ལོ1977ལོར་སྐུ་གཤེགས།

.jpg

3 འཐུས་ཚབ་བརྩམས་ཆོས།

《གཟི་བརྗིད་ལྡན་པའི་ལམ》

《ནམས་རིང་ན་རྨི་ལམ་མང》

《གོ་ལ་གཞན་གྱི་མགྲོན་པོ》

4 གདེང་འཇོག

ཧོ་ཝར་ཌི་ཧོ་ཁི་སི་ནི་ཧའོ་ལའེ་ཝུའུ་ཡི་སྲོལ་རྒྱུན་གྱི་རྣམ་པའི་ཐོག་ནས་དོན་བརྗོད་གློག་བརྙན་སྤྲོ་མཁན་ཞིག་ཡིན་པ་དང་། ཁོང་གིས་ལག་རྩལ་ཐད་ཀྱི་གསར་གཏོད་ལ་རྐང་བཙུགས་ནས་བརྩོན་ལེན་གཏན་ནས་མི་བྱེད། ཁོངF.W.Murnau、JohnFord、ErnstLubitschདངLeoMcCareyདགའ་བོ་ཡོད།  ལྷག་པར་དུF.W.MurnauཡིSunriseལ་དེ་བས་མཉེས།  ཧོ་ཁེ་སིའི་གཞན་དང་མི་འདྲ་བའི་ཆ་ནི་ཁོང་གིས་གློག་བརྙན་སྣ་ཚོགས་ཕབ་པར་གོམས་ནས་ལོ་བཅུ་ཕྲག་ཁ་ཤས་འགོར་བའི་རིང་འཁྲབ་ཁྲིད་པའི་འཚོ་བའི་ནང་ཁོང་གིས་རིགས་མི་འདྲ་བའི་གློག་བརྙན་སྣ་ཚོགས་ཚོད་ལྟ་བྱེད་མྱོང་བ་མ་ཟད། རིགས་མི་འདྲ་བའི་ཐོག་ནས་རང་ཉིད་ཀྱི་ཁྱད་ཆོས་མངོན་གྱི་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཧའོ་ལའེ་ཝུའུ་ཡི་སྒྲིག་སྲོལ་རྙིང་པའི་འོག་གསར་རྩོམ་གནང་གི་ཡོད། དེར་བརྟེན་ཁོང་གི་གསར་གཏོད་ནི་སྐད་རིགས་གསར་པ་ཞིག་གི་ཐོག་ནས་དོན་བརྗོད་བྱེད་པ་མ་ཡིན་པར་ད་ཡོད་ཀྱི་སྐད་ཡིག་ཚད་གཞིའི་རྨང་གཞིའི་ཐོག་སྒྱུ་རྩལ་རང་བཞིན་གྱི་བེད་སྤྱོད་དང་འཕེལ་རྒྱས་བཏང་བ་ཞིག་རེད། དཔེར་ན། ཧོ་ཁེ་སིའི་སྔར་ཡོད་ཀྱི་སྤྲོ་གར་གློག་བརྙན་གྱི་རྨང་གཞིའི་ཐོག་འཕེལ་རྒྱས་བྱུང་བའི“དབང་རྩའི་སྤྲོ་གར་གློག་བརྙན”ལྟ་བུ་ལ་མཚོན་ན། ཕྱོགས་གང་ཐད་ནས་བསམ་ཡུལ་ལས་འདས་པ་ཞིག་ཡོད་པས་མི་རྣམས་ཧང་སངས་སུ་བཅུག་ཡོད། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཨ་རི། གློག་བརྙན། མགྲོན་པོ། རྨི་ལམ།