སི་ཏིས་ཝེན་སི་ཕོལ་བྷོར་གྷི་ནི(Steven Allan Spielbergསྤྱི་ལོ1946)ནི་ཨ་རི་ནས་འཁྲུངས་པའི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན། ལྷོ་ཅཱ་གླིང་སློབ་ཆེན་དང་ཅཱ་གླིང་གླིང་བཙུགས་སློབ་ཆེན་བཅས་སུ་བསླབ་པ་སློབ་གཉེར་གནང་།
སྤྱི་ལོ1985ལོར་གཉེན་སྒྲིག
སྤྱི་ལོ1989ལོར་གཉེན་འཐོར།
སྤྱི་ལོ1990ལོར་ཁེལ་ཐྲི་ཁ་ཕུའུ་ཤོ་དང་གཉེན་སྒྲིག
སྤྱི་ལོ2018ལོའི་ཟླ3པའི་ཚེས19ཉིན་སི་ཏིས་ཝེན་སི་ཕོལ་བྷོར་གྷི་ལ་དབྱིན་ཇིའི་བཙན་རྒྱལ་གློག་བརྙན་གཟེངས་རྟགས་ཚེ་གང་གྲུབ་འབྲས་ཀྱི་གཟེངས་རྟགས་ཐོབ་པ་དང་། ཟླ3པའི་ཚེས26ཉིན་བརྙན་ཕབ་བྱས་པའི་ཚན་རྟོག་ཉེན་མཆོང་གློག་བརྙན《རོལ་རྩེད་མཁན་པོ》ཞེས་པ་ལུའོ་ཧྲན་ཅིར་ཐོག་མར་བསྟན་པ་དང་གློག་བརྙན་དེ་ཐའེ་དབྱི་ཞེ་ལི་ཏན་དང་། ཨའོ་ལི་ཝེ་ཡ་ཁུའུ་ཁེ། ཤིས་མོང་ཕེ་ཅི་སོགས་ཀྱིས་མཉམ་དུ་འཁྲབ་སྟོན་བྱས་པ་དང་། ཟླ6པའི་ཚེས12ཉིན་གློག་བརྙན་བཟོ་མཁན་གྱི་ཚན་རྟོག་ཉེན་མཆོང་གློག་བརྙན《ཀྲུའུ་ལུའོ་དུས་རབས་ཀྱི་འཛམ་གླིང་ཁག2པ》ཞེས་པ་ཐོག་མར་བསྟན་པ་དང་། ཟླ12པའི་ཟླ་དཀྱིལ་དུ《ཧྥུ་པུའུ་སི》ཞེས་པའི་དུས་དེབ་ཐོག་ཨ་རིའི་གྲགས་ཅན་མི་སྣའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་སི་ཏིས་ཝེན་སི་ཕོལ་བྷོར་གྷི་ཨ་སྒོར་དུང་ཕྱུར37གྱི་བདག་པོར་གྱུར་ཡོད་པས་ཨ་རིའི་བསོད་ནམས་ཅན་གྱི་མི་བོ་ཆེ་ཨང་གཉིས་པར་སླེབས། ཟླ12པའི་ཚེས20ཉིན་གློག་བརྙན་བཟོ་མཁན་གྱི་ཚན་རྩལ་རྟོག་བཟོའི་གློག་བརྙན《གསེར་སྦྲང་ཆེན་པོ》སྟོན་པ་རེད། སྤྱི་ལོ2019ལོའི་ཟླ10བའི་ཚེས3ཉིན་སི་ཏིས་ཝེན་སི་ཕོལ་བྷོར་གྷིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ནུབ་ཁུལ་གྱི་གཏམ་རྒྱུད》བདེ་བླག་ངང་ཕབ་སྐྲུན་མཇུག་གྲུབ་པ་དང་། ལོ་དེར་ཧྥུ་པུའུ་སི་གོ་ལ་ཧྲིལ་པོའི་བསོད་ནམས་ཅན་གྱི་ཕྱུག་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། སི་ཏིས་ཝེན་སི་ཕོལ་བྷོར་གྷི་ཨ་སྒོར་དུང་ཕྱུར37གྱི་ནོར་བདག་ཡིན་པས་བསོད་ནམས་ཅན་ལས་ཨང་རིམ568ལ་སླེབས་ཡོད།
སི་ཏིས་ཝེན་སི་ཕོལ་བྷོར་གྷི་གླེང་ཡོང་ན། ཁོང་ནི་ཀུན་ཕན་གྱི་ལས་ཀར་ཡང་གཅིག་ལྕོགས་སུ་འཇུ་བའི་སྤྱི་ཚོགས་བྱེད་སྒོ་མཁན་ཞིག་ཀྱང་ཡིན་ཏེ། སྤྱི་ལོ1991ལོར་སི་ཏིས་ཝེན་སི་ཕོལ་བྷོར་གྷི་དངPeterSamuelsonགཉིས་ནས་མཉམ་འབྲེལ་སྒོས་Starbrightཐེབས་རྩ་ལྷན་ཚོགས་བཙུགས་ནས་རོལ་རྩེད་དང་སློབ་གསོའི་ཐད་ཀྱི་ལག་རྩལ་ལས་གཞི་ལ་བརྟེན་ཏེ་བྱིས་པ་ནད་པ་མང་པོའི་འཚོ་བ་ཇེ་ལེགས་སུ་བཏང་བ་རེད། ད་དུང་ཁོང་གི་སྣང་བརྙན་ལེ་ཀའོ་ཡི་གློག་བརྙན་གྱི་རོལ་རྩེད་སྒྲིག་ཆས་ཆ་ཚང་གི་ཚོང་རྟགས་སུ་སྤྱད་པ་དང་ཡོང་འབབ་ཆ་ཚངStarbrightཐེབས་རྩ་ལྷན་ཚོགས་ཀྱིས་སྤྱོད་ཀྱི་ཡོད།
སྤྱི་ལོ2016ལོའི་ཟླ7པར་སི་ཏིས་ཝེན་སི་ཕོལ་བྷོར་གྷི“མི་སྣ་གྲགས་ཅན་གྱི་ཕུགས་འདུན་བུམ་པ”ཡི་ཇུས་འགོད་ནང་ཞུགས་ནས་ཕུགས་འདུན་དེ་ཉིད་ཤེལ་བུམ་ཆེན་པོའི་ནང་བཅུག་ཅིང“ཕུགས་འདུན་བུམ་པ”ལ་བརྟེན་ནས་ཐོབ་པའི་གཟེངས་དངུལ་ཡོད་དོ་ཅོག་འཛམ་གླིང་ས་གནས་ཁག་ན་གཅེས་སྐྱོང་དང་རོགས་སྐྱོར་བྱེད་དུ་གྱུར་བའི་དཀའ་ངལ་ཅན་གྱི་བྱིས་པར་རོགས་རམ་བྱེད་པའི་ཕྱོགས་སུ་བཏང་བ་རེད།
《འཛམ་གླིང་འཁྲུག་ཆེན》
《བདེ་སྐྱིད་ཀྱི་མཇུག་མཐའི་འབབ་ཚིགས》
《ལྭ་ནག་ཅན》