བསྐྱར་སྦྱང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-12-05 16:57ལ་འགྲུབ།

བསྐྱར་སྦྱང་།

བསྐྱར་སྦྱང་།
སྐྱར་སྦྱང་ནི་ཤེས་བྱ་ཡིད་ལ་འཛིན་པ་དང་གོ་བ་ལེན་པའི་གཞི་རྩའི་བྱེད་ཐབས་ཤིག་ཡིན་ཞིང་། སློབ་མ་ལ་ལས་སློབ་སྦྱོང་དུ་མྱུར་ཚད་བརྩོན་ལེན་བྱེད་པས་སློབ་ཚན་སྔོན་མ་བསྐྱར་སྦྱང་བྱེད་པ་དུས་ཚོད་ཟད་གྲོན་དང་སློབ་སྦྱོང་གི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་པར་དོགས་པའི་བསམ་ཚུལ་དེ་ནི་མི་འགྲིག་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
复习
ངོ་བོ།
སློབ་སྦྱོང་བྱ་ཐབས།
1 ​རྒྱས་འགྲེལ།

བསྐྱར་སྦྱང་དེས་བསླབས་ཟིན་པའི་ཤེས་ཡོན་ཇེ་བརྟན་པར་བྱེད་པ་དང་དེ་ཅིའི་ཕྱིར་བློར་ངེས་པར་བྱེད་དགོས་པ་ཤེས་སུ་འཇུག་རྒྱུ་དང་། ཡུན་རིང་བོར་ངེས་རྟོགས་བྱེད་པའི་ལས་འགན་འདོན་མཁས་པར་བྱེད་དགོས་པ་མ་ཟད། རིམ་བཞིན་རང་རྟོགས་ཀྱིས་རང་ཉིད་ཀྱི་ངེས་རྟོགས་ཀྱི་ཕན་འབྲས་ཞིབ་བཤེར་བྱེད་པའི་ནུས་པ་ཤེས་སུ་འཇུག་དགོས་ཤིང་། དེ་ལྟར་སློབ་ཆུང་གི་སློབ་མས་བདེ་བླག་ངང་ངེས་རྟོགས་བྱེད་པར་འགན་ལེན་ཐུབ་པ་ཙམ་དུ་མ་ཟད་ཁོ་ཚོའི་དམིགས་ཡུལ་ལྡན་པའི་ངང་ཤེས་བཞིན་པའི་ངེས་རྟོགས་འཕེལ་བའི་ཐབས་ཤེས་གལ་ཆེན་པོ་ཡང་ཡིན། སློབ་མའི་དོན་སྙིང་ངེས་རྟོགས་བྱེད་པ་གཙོ་བོ་དང་ཐབས་སྡུག་རྐྱང་མའི་ངེས་རྟོགས་གཞོགས་འདེགས་བྱེད་པའི་ངེས་རྟོགས་ཀྱི་ནུས་ཤུགས་སྐྱེད་བསྲིང་བྱེད་པ། གོ་བ་ལོན་རྗེས་བློར་ངེས་པ་ནི་རིག་སྟོབས་དང་བཅས་དགེ་མཚན་ལྡན་པའི་དྲན་པའི་འགུལ་སྐྱོད་ཡིན་པས་དེའི་ངེས་རྟོགས་བྱེད་པའི་ཕན་འབྲས་ཧ་ཅང་བཟང་། སློབ་ཁྲིད་དུ་སློབ་མར་གང་ཐུབ་ཅི་ཐུབ་ཀྱིས་གོ་བ་ལོན་པའི་རྨང་གཞིའི་སྟེང་དུ་བློར་ངེས་པ་དེ་འདོན་སྤེལ་བྱེད་དུ་འཇུག་དགོས། སློབ་མར་དོན་སྙིང་ངེས་རྟོགས་ཀྱི་བྱེད་ཐབས་ཁ་ཤས་ཤེས་སུ་འཇུག་དགོས་ཤིང་། སློབ་མར་སློབ་གཞི་ངེས་རྟོགས་བྱེད་པའི་སྐབས་སུ་ཐོག་མར་སློབ་གཞིའི་དབྱེ་ཞིབ་བྱེད་དགོས་པར་བརྟེན། དེའི་གཞི་རྩའི་དགོངས་དོན་དང་རྗོད་ཚུལ། གཞི་འཛིན་ས། གཏན་ཚིགས་རིག་པའི་སྒྲིག་གཞི་བཅས་བཙལ་བར་མ་ཟད་རང་ཉིད་ཀྱི་སྐད་ཆས་དེ་དག་སྙིང་བསྡུས་བྱས་ཤིང་ནོར་བ་མེད་པར་བཤད་ཐུབ་པར་བླང་བྱ་འདོན་དགོས། དཔེར་ན། སྐད་ཡིག་སློབ་ཚན་དུ་སློབ་ཚན་ལ་དབྱེ་ཞིབ་བྱེད་པ་བརྒྱུད་དེ་གནད་བསྡུས་བཀོད་ནས་བློར་ངེས་དགོས་པ་ལྟ་བུ། དེ་ལྟ་བུའི་དྲན་པ་ནི་གོ་བ་ལོན་པའི་རྨང་གཞའི་སྟེང་གི་དྲན་པ་ཡིན་པས། དྲན་པའི་ཕན་འབྲས་བཟང་བར་མ་ཟད། དོན་སྙིང་ངེས་རྟོགས་བྱེད་པའི་ནུས་ཤུགས་འཕེལ་བ་ལའང་ཕན། སློབ་མར་སློབ་སྦྱོང་བྱེད་སྐབས་སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆར་གོ་བ་ལོན་དགོས་ལ་དཔྱད་གཞིའི་ཡིག་ཆའི་ཁྱད་ཆོས་དང་གོ་བ་ཡང་ཇེ་ཟབ་ཏུ་གཏོང་ཐུབ་པར་མ་ཟད། ཤེས་ཡོན་གསར་པ་སློབ་པར་ཕན་པ་ཡོད། རྙིང་བ་སྦྱངས་ན་གསར་པ་ཤེས་ཟེར་བ་ནི་གནས་ལུགས་ཤིག་ཡིན་ཞིང་། བསྐྱང་སྦྱང་གི་དུས་ཚོད་ཉིན་གསུམ་དུ་བགོས་ནས་ཉིན་རེར་དཔྱད་གཞིའི་ཡིག་ཆ་ཡོངས་རྫོགས་ཐེངས་གཅིག་བཀླགས་ན་མཐར་གཅིག་སྡུད་བསྐྱར་སྦྱང་གིས་ཧ་ལམ་དུས་ཡུན་སྐར15བཀོལ་ན་བློར་ངེས་ཐུབ་པ་དེ་ཐར་ཐོར་གྱིས་བསྐྱར་སྦྱང་བྱས་ནས་དུས་ཡུན་སྐར8མ་གཏོགས་མི་དགོས།


བརྡ་འགྲེལ་གདོང་འཛར།

བསྐྱར་སྦྱང་། རྒྱས་འགྲེལ།