བྱིས་པའི་སེམས་ཁམས།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-12-05 11:44ལ་འགྲུབ།

བྱིས་པའི་སེམས་ཁམས།

བྱིས་པའི་སེམས་ཁམས།
བྱིས་པའི་སེམས་ཁམས་ནི་སྤྱི་ཚོགས་ངེས་ཅན་དང་སློབ་གསོའི་ཆ་རྐྱེན་འོག་བྱིས་པ་འཕེལ་རྒྱས་འགྲོ་བའི་ལོ་ཚད་མི་འདྲ་བའི་ནང་གྲུབ་པའི་དཔེར་མཚོན་དང་ངོ་བོའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
儿童心理
ངོ་བོ།
སེམས་ཁམས་རིག་པ།
1 ​བྱིས་པའི་སེམས་ཁམས་འཕེལ་རིམ།

བྱིས་པ་སྐྱེས་པ་ནས་འདབ་ལག་རྒྱས་པའི་བར་ཕལ་ཆེར་འོ་འཐུང་གི་དུས། ཁྱིའུ་ཡི་དུས་སམ་ཡང་ན་སློབ་ལོ་སྔོན་གྱི་དུས། བྱིས་པའི་དུས་སམ་སློབ་རན་ཐོག་མའི་དུས། གཞོན་ནུའི་དུས་སམ་སློབ་རན་འབྲིང་མའི་དུས། ནར་སོན་མ་ཐག་པའི་དུས་སམ་སློབ་རན་མཇུག་མའི་དུས་བཅས་དུས་སྐབས་ཆེན་པོ་དྲུག་རྒྱུད་པ་རེད། དུས་སྐབས་འདི་དག་ནི་ལོ་ཚོད་མི་འདྲ་བའི་བར་ཚད་ཡིན་ལ། ཁོ་ཚོར་ཕན་ཚུན་འབྲེལ་བ་ཡོད་པ་དང་ལྷན་ཕན་ཚུན་དབྱེ་བ་ཡང་ཡོད། དུས་སྐབས་གཅིག་ལ་དུས་སྐབས་གཅིག་མཐུད་དེ་མདུན་བསྐྱོད་བྱེད་མི་ཐུབ་ལ་ཕྱིར་སྣུར་ཡང་བྱེད་མི་ཐུབ། དུས་སྐབས་འདི་དག་དང་བར་ཚད་འདི་དག་གི་གོ་རིམ་ནི་འགྱུར་མེད་ཀྱི་དུས་ཁྱད་པར་ཅན་ཞིག་ཡིན། སྤྱིར་བཏང་གི་སེམས་ཁམས་འཕེལ་ཚུལ་ཞེས་པ་ནི་དངོས་ཡོད་དང་སོ་སོ་མང་པོའི་དོན་དངོས་ཁྲོད་སྤྱི་སྡོམ་བྱས་པའི་ཁྱད་ཆོས་ཤིག་ཡིན།

2 དཔེ་སྒོ་ནས་བརྗོད་པ།

སློབ་ལོ་རན་པའི་བྱིས་པའི་བསམ་གཞིགས་ནི་དངོས་ཡོད་གཟུགས་འགོད་ཀྱི་བསམ་གཞིགས་ཡིན། དོན་དངོས་སྟེང་ལོ་འདིའི་སྐབས་ཀྱི་བྱིས་པའི་བསམ་གཞིགས་ལ་ད་དུང་བྱ་ཡུལ་རང་བཞིན་ཅན་དང་སྤྱོད་ལམ་རང་བཞིན་ཅན་སོགས་ཀྱི་ཁྱད་ཆོས་ཡོད་མོད། འོན་ཀྱང་དངོས་ཡོད་ཀྱི་གཟུགས་འདི་་ནི་ལོ་ཚད་རིམ་པ་འདིའི་ནང་བྱིས་པ་རེ་རེར་ཡོད་པའི་སྤྱིར་བཏང་གི་ཁྱད་ཆོས་ཤིག་ཡིན། དཔེར་མཚོན་རང་བཞིན་ཞེས་པ་ནི་སེམས་ཁམས་ཀྱི་ཕྱོགས་ཡོངས་ལ་བསྟན་པ་མིན་པར་ཆེས་འཐུས་ཚབ་རང་བཞིན་གྱི་ཁྱད་ཆོས་འཚོལ་རྒྱུ་དེ་ཡིན། གོང་གི་དཔེར་བརྗོད་དེ་ཡང་དཔེར་མཚོན་རང་བཞིན་གྱི་སེམས་ཁམས་ཁྱད་ཆོས་ཀྱི་ཞིབ་འབྲི་ཞིག་ཡིན་ལ། ངོ་བོ་ཞེས་པ་ནི་འཐུས་ཚབ་ཀྱི་ལོ་ཚད་ཀྱི་ངོ་བོའི་ཁྱད་ཆོས་དང་ཡང་ན་གོང་འོག་ལོ་ཚོད་སོ་སོའི་ཁྱད་ཆོས་དེ་དག་ལ་ཟེར། གོང་གི་དཔེར་བརྗོད་དེ་དག་དང་ལྷན་ལོ་ཚད་འདིའི་ངོ་བོའི་ཁྱད་ཆོས་མཚོན། འོན་ཀྱང་སེམས་ཁམས་ནི་མུ་མཐུད་དུ་འཕེལ་རྒྱས་བྱུང་བཞིན་ཡོད་ལ་དེའི་རྐྱེན་གྱིས་ལོ་ཚད་ཞིག་གི་དུས་རིམ་ཐོག་མ་ལ་དུས་རིམ་སྔོན་མ་ཞིག་གི་ལོ་ཚད་ཀྱི་ཁྱད་ཆོས་མང་པོ་ཞིག་གསོག་འཇོག་བྱས་ཡོད་སྲིད། དུས་རིམ་འདིའི་མཇུག་ཏུ་དུས་རིམ་རྗེས་མའི་ལོ་ཚད་ཀྱི་ཁྱད་པར་འབྱུང་ཡང་སྲིད། དེ་ལས་བྱིས་པའི་ལོ་ཚད་ཀྱི་སེམས་ཁམས་ཁྱད་ཆོས་ནི་དུས་རིམ་ཞིག་གི་སྤྱིར་བཏང་གི་ཁྱད་ཆོས་ཀྱང་ཡིན་ལ་དེ་ནི་དཔེར་མཚོན་གྱི་ཁྱད་ཆོས་དང་ངོ་བོའི་ཁྱད་ཆོས་ལ་ཟེར། སྐད་ཆ་བཤད་ཐེངས་གཅིག་གིས་རང་བཞིན་ཁོ་ནའི་སྤྱིར་བཏང་གི་རང་བཞིན་ཁས་ལེན་མི་རུང་ལ། སྣ་མང་རང་བཞིན་གྱིས་དཔེར་མཚོན་རང་བཞིན་ཡང་ཐག་གཅོད་བྱེད་མི་ཐུབ།

བརྡ་འགྲེལ་གདོང་འཛར།

བྱིས་པའི་སེམས་ཁམས། འཕེལ་རིམ།