རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-12-04 14:52ལ་འགྲུབ།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་སྤྱི་ཁྱབ་ཅུའུ་འམ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ལ་སྤྱིར་བཏང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་ཁྱབ་ལུས་རྩལ་ཅུའུ་ཟེར་ཞིང་། མིང་སྔ་མ་ནི་སྤྱི་ལོ1952ལོའི་ཟླ11པར་བཙུགས་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ལུས་རྩལ་ཨུ་ཡོན་ལྷན་ཁང་ཡིན་ཞིང་། སྤྱི་ལོ1998ལོའི་ཟླ3པའི་ཚེས24ཉིན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་རུ་བཙུགས་ཡོད་ཅིང་། སྤྱི་ལོ1952ལོའི་ཟླ11པའི་ཚེས15ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས19པའི་ཐོག་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ལུས་རྩལ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་འབྲེལ་ཧོ་ལུང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བསྐོ་གཞག་བྱས། སྤྱི་ལོ1954ལོར“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་ཨུ་ཡོན་ལྷན་ཁང”ཞེས་འབོད་ཀྱི་ཡོད། སྤྱི་ལོ1998ལོར་མིང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་རུ་བསྒྱུར་ཞིང་། ཀྲུང་དབྱང་གི་ལུས་རྩལ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལུས་རྩལ་ཨུ་ཡོན་ལྷན་ཁང་། དེ་རྗེས་ཀྱི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་བཅས་ཚང་མས་ལུས་རྩལ་བྱ་འགུལ་འཕེལ་རྒྱས་གཏོང་བར་གཞོལ་ནས་མི་དམངས་ཀྱི་གཟུགས་གཞི་ཇེ་བདེ་རུ་གཏོང་བ་དང་། མང་ཚོགས་ཀྱི་ལུས་རྩལ་ཁྱབ་གདལ་གཏོང་བ་དང་དུས་མཚུངས་སུ་རྩལ་ནུས་འགྲན་བསྡུར་གྱི་ལུས་རྩལ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རང་རྒྱལ་གྱི་ལུས་རྩལ་ལག་རྩལ་ཆུ་ཚད་མཐོ་རུ་ཆེས་ཆེར་བཏང་བ་མ་ཟད། རང་རྒྱལ་གྱི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་སྐུལ་འདེད་བཏང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家体育总局
དགོངས་དོན།
ལུས་རྩལ་འཕེལ་རྒྱས་སུ་བཏང་ནས་གཟུགས་གཞི་བདེ་ཐང་ཡོང་བར་བྱེད་པ།
བཙུགས་དུས།
1998ལོའི་ཟླ3
དམིགས་ཡུལ།
ཀྲུང་གོ་ལུས་རྩལ་སྟོབས་དང་ལྡན་པར་བསྒྱུར་བ།
མིང་སྔ་མ།
ཀྲུང་དབྱང་མི་དམངས་སྲིད་གཞུང་ལུས་རྩལ་ཨུ་ཡོན་ལྷན་ཁང་།
དྲ་ཚིགས།
http://www.sport.gov.cn/
1 ལུས་རྩལ་ཅུའུ་དབུ་བརྙེས་བ།

སྤྱི་ཁྱབ་ཅུའུ་ཡི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དེ་རྒྱལ་ཁབ་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་བཙུགས་ནས་གྲུབ་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ལས་ཁུངས་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ་དང་། སྒྲིག་གཞིའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་འཛིན་གྱི་ལས་ཆོད་ཆེ་རུ་གཏོང་བ། སྤྱི་ལོ1998ལོའི་ཟླ3པའི་ཚེས24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་གསར་འཛུགས་དང་ལེགས་སྒྲིག་བྱེད་པའི་ལས་ཁུངས་ཀྱི་འཆར་གཞི》ཞེས་པར་གྲོས་བསྡུར་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལུས་རྩལ་སྲིད་འཛིན་སྡེ་ཁག་གི་མིང་དེ“རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ”ཡིན་པར་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་ཀྱི་ལུས་རྩལ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་སྒྲིག་ཁོངས་ཀྱི་རིམ་པ་གསུམ་པས(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཀྱི་ཁོངས་སུ་གཏོགས)སྤྱི་ལོ1998ལོའི་ཟླ4པའི་ཚེས6ཉིན།《རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཐམ་ག་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》ཞེས་པ་བརྒྱུད་སྤེལ་བྱས་པ་མ་ཟད། ཐམ་ག་གསར་པ་བརྒྱབ་པའི་ཉིན་ནས་སྤྱོད་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཉིན་དེའི་སྔ་དྲོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་སྒོ་བྱང་བཀལ་བའི་མཛད་སྒོ་སྤེལ་ཞིང་། དེ་ནས་བཟུང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དངོས་སུ་ལོ་རྒྱུས་ཀྱི་གར་སྟེགས་སུ་བུད་པ་རེད། དེ་དང་ཆབས་ཅིག་ས་གནས་སྲིད་གཞུང་གི་ལུས་རྩལ་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་ཀྱང་འགན་ནུས་ཁག་ཅིག་ལེགས་སྒྲིག་བྱས་ཡོད་པ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ཚད་ལྡན་མ་ཡིན་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལུས་རྩལ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ཏེ་ལུས་རྩལ་ཅུའུ་བཙུགས་པ་རེད།

2 ལས་ཁུངས་ཀྱི་འགན་འཁྲི།

དང་པོ། ལུས་རྩལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞིབ་འཇུག་བྱས་ཏེ། ས་ཁོངས་ཀྱི་རང་བཞིན་ལྡན་པའི་ལུས་རྩལ་འཕེལ་རྒྱས་མཐུན་སྦྱོར་བྱེད་པ་དང་། སྣ་མང་ཅན་གྱི་ལུས་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འགན་ཁུར་ནས་ལུས་རྩལ་སྤྱི་པའི་ཞབས་ཞུ་དང་ལུས་རྩལ་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་སྐུལ་སྤེལ་གཏོང་དགོས།

གཉིས་པ། ལུས་རྩལ་བྱ་གཞག་གོང་སྤེལ་འཆར་འགོད་དང་སྲིད་ཇུས་བཟོ་འགོད་བྱས་ཏེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་འབྲི་རྒྱུ་མ་ཟད་ལག་བསྟར་བྱེད་པར་སྐུལ་འདེད་ཀྱང་གཏོང་དགོས།

གསུམ། མང་ཚོགས་ཀྱི་ལུས་རྩལ་གོང་སྤེལ་འཆར་འགོད་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་དམངས་ཡོངས་ཀྱི་ལུས་རྩལ་འཆར་གཞི་ཁྱབ་སྤེལ་བྱེད་པར་འགན་འཁུར་རྒྱུ་དང་། རྒྱལ་ཁབ་ཀྱི་ལུས་རྩལ་བཙོ་སྦྱང་གི་ཚད་གཞི་ལག་ལེན་བསྟར་རྒྱུར་ལྟ་སྐུལ་དང་། རྒྱལ་དམངས་ཀྱི་གཟུགས་གཞི་ལྟ་ཞིབ་ཚད་ལེན་དང་སྤྱི་ཚོགས་ཀྱི་ལུས་རྩལ་སློབ་སྟོན་ལས་དོན་དཔུང་ཁག་ལམ་ལུགས་འཛུགས་སྐྱོང་བྱེད་པར་སྐུལ་འདེད། སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྲིད་སྟོན་བཅས་བྱས་ཏེ་སྤྱི་པའི་ལུས་རྩལ་སྒྲིག་བཀོད་ལ་ལྟ་སྐུལ་དང་དོ་དམ་བྱེད་པར་འགན་འཁུར་དགོས།

བཞི། ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་བཙུགས་ནས་ལུས་རྩལ་སྦྱོང་བརྡར་དང་ལུས་རྩལ་འགྲན་བསྡུར་མཐུན་སྦྱོར་བྱེད་པར་ཁྲིད་སྟོན་དང་། ལུས་རྩལ་དཔུང་ཁག་འཛུགས་སྐྱོང་བྱེད་པར་མཛུབ་སྟོན་བྱེད་པ། ལུས་རྩལ་པའི་འགན་སྲུང་གི་ཆ་ལ་མཐུན་སྦྱོར་ཡོང་བ་བཅས་བྱེད་དགོས།

ལྔ། ན་གཞོན་དང་ལོ་ཆུང་ལུས་རྩལ་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བཟོས་ཏེ། གཞོན་ནུ་དང་ལོ་ཆུང་གི་ལུས་རྩལ་ལས་ཀར་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས།

དྲུག ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་སྲིད་ཇུས་བཟོ་འགོད་བྱས་ནས་ལུས་རྩལ་ཞབས་ཞུ་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ལུས་རྩལ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་ལུས་རྩལ་རྒྱན་ཤོག་འགྲེམས་སྤེལ་དོ་དམ་བྱེད་པར་འགན་འཁུར་དགོས།

བདུན། ལུས་རྩལ་གྱི་ཕྱི་དོན་དང་འབྲེལ་ཡོད་ལས་དོན་ལ་ཁྲིད་སྟོན་དང་དོ་དམ་བྱས་ཏེ། རྒྱལ་སྤྱིའི་བར་དང་ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་སུ་ལུས་རྩལ་སྤེལ་རེས་དང་མཉམ་ལས་བྱ་རྒྱུའི་སྒྲིག་འཛུགས་བྱ་དགོས།

བརྒྱད། ལུས་རྩལ་ཁྱབ་ཁོངས་ཀྱི་ཚན་རྩལ་ཞིབ་འཇུག་དང་། ལག་རྩལ་འགག་སྒྲོལ་དང་ཁྱབ་སྤེལ་བཅས་བྱེད་དགོས།

དགུ། ལུས་རྩལ་བྱ་འགུལ་ཁྲོད་ཀྱི་ངར་སྐྱེད་སྨན་རྫས་ལ་ངོ་རྒོལ་བྱེད་པའི་བྱ་བ་སྒྲིག་འཛུགས་དང་། མཐུན་སྦྱོར། ལྟ་སྐུལ་བཅས་བྱེད་དགོས།

བཅུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲུབ་རྒྱུར་སྤྲད་པའི་ལས་དོན་གཞན་དག་བསྒྲུབ་པར་འགན་ལེན་བྱེད་དགོས།

3 ལས་ཁུངས་སྒྲིག་གཞི། 

(གཅིག) གཞུང་ལས་ཐིང་།

ཡིག་ཚགས་དོ་དམ་དང་། གསང་བའི་ཡིག་ཆ། ཆ་འཕྲིན་ཕྱོགས་བསྡུས། ཚོགས་འདུ། བྱེད་སྒོ་ཆེ་གྲས་སྣ་ཚོགས་བཅས་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས།

(གཉིས) སྲིད་ཇུས་ཁྲིམས་སྲོལ་སི།

ལུས་རྩལ་ལས་དོན་གྱི་བྱེད་ཕྱོགས་དང་། སྲིད་ཇུས། ཁྲིམས་སྲོལ་བཅས་ལ་ཞིབ་འཇུག་བཟོ་འགོད་བྱ་རྒྱུ་དང་། ལུས་རྩལ་ལས་དོན་དང་སྒྲིག་སྲོལ་བསྒྱུར་བཅོས་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་སྲིད་ཇུས་འདོན་དགོས་པ་མ་ཟད། ལུས་རྩལ་སྐོར་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ལུས་རྩལ་འཕེལ་རྒྱས་གཏོང་བའི་ཞིབ་འཇུག་བྱ་བ་ལ་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་དགོས།

(གསུམ) མང་ཚོགས་ལུས་རྩལ་སི།

མང་ཚོགས་ཀྱི་ལུས་རྩལ་བྱ་བ་གོང་དུ་སྤེལ་བའི་འཆར་གཞི་ཞིབ་འཇུག་འགོད་རྒྱུ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི་ཁྱབ་སྤེལ་དང་། རྒྱལ་ཁབ་ཀྱི་ལུས་རྩལ་སྦྱོང་བརྡར་ཚད་གཞི་ལག་བསྟར་བྱེད་པར་ལྟ་སྐུལ། རྒྱལ་དམངས་ཀྱི་གཟུགས་གཞི་བརྟག་དཔྱད་ཚད་ལེན་བཅས་བྱ་དགོས་ཤིང་། སློབ་གྲྭའི་ལུས་རྩལ་དང་། གྲོང་གསེབ་ཀྱི་ལུས་རྩལ། གྲོང་ཁྱེར་གྱི་ལུས་རྩལ་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་ལུས་རྩལ་གཞན་དག་གོང་དུ་སྤེལ་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས།

(བཞི) རྩལ་འགྲན་ལུས་རྩལ་སི།

རྩལ་འགྲན་ལུས་རྩལ་གོང་དུ་སྤེལ་བའི་འཆར་གཞི་ལ་ཞིབ་འཇུག་བྱས་ཏེ། རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་དང་རྩལ་འགྲན་ལུས་རྩལ་རྣམ་གྲངས་བཀོད་སྒྲིག་དང་གཙོ་གནད་བཀོད་སྒྲིག་ལ་ཞིབ་འཇུག་དང་དོ་མཉམ་ཡོང་བ་བྱེད་དགོས། རྒྱལ་ཡོངས་རང་བཞིན་ལྡན་པའི་ལུས་རྩལ་འགྲན་བསྡུར་ལམ་ལུགས་གཏན་འབེབས་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་གལ་ཆེན་གྱི་འགྲན་བསྡུར་སྒྲིག་འཛུགས་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་པ། རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་དང་གྲོང་ཁྱེར་གྱི་ལུས་རྩལ་འགྲན་ཚོགས་གཙོ་སྒྲུབ་བཅས་བྱེད་དགོས།

(ལྔ) གཞོན་ནུ་ལོ་ཆུང་ལུས་རྩལ་སི།

གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལས་དོན་གྱི་འབྲེལ་ཡོད་སྲིད་ཇུས་དང་། སྒྲིག་སྲོལ། ལམ་ལུགས། འཕེལ་རྒྱས་འཆར་འགོད་བཟོ་དགོས།

སློབ་མའི་ལུས་རྩལ་བདེ་ཐང་ཚད་གཞི་ལག་བསྟར་དང་སློབ་མའི་གཟུགས་གཞི་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ། གཞོན་ནུ་ལོ་ཆུང་གི་ལུས་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་དགོས།

གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལས་དོན་ལ་ཞིབ་བཤེར་ལྟ་སྐུལ་དང་དཔྱད་དཔོག་གཟེངས་བསྟོད་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་། རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ། གཞོན་ནུ་ལོ་ཆུང་གི་ལས་ཞོར་སྦྱོང་བརྡར་དོ་དམ་ལམ་ལུགས་བཟོ་བ་དང་། གཞོན་ནུ་ལོ་ཆུང་གི་ལས་ཞོར་སྦྱོང་བརྡར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཡོངས་ཀྱི་རིམ་པ་ཁག་དང་ལུས་རྩལ་སྦྱོང་བརྡར་སློབ་གྲྭ། ལུས་རྩལ་སྲོལ་རྒྱུན་རྣམ་གྲངས་སློབ་གྲྭ གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྤྲོ་སྐྱིད་ཁང་། ལུས་རྩལ་རྣམ་གྲངས་ཁག་གི་ཤེས་ལྡན་པའི་རྟེན་གཞི་འཛུགས་སྐྲུན། འབྲེལ་ཡོད་སློབ་མའི་རིག་གནས་སློབ་གསོའི་ལས་དོན་བཅས་ལ་མཛུབ་ཁྲིད་བྱེད་དགོས།   

རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་བསྡུར་ལས་དོན་ནང་ཞུགས་ཏེ་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་འགྲན་བསྡུར་འཆར་གཞི་དང་འགྲན་བསྡུར་སྒྲིག་སྲོལ་ཞིབ་བཤེར་གཏན་འབེབས་ནང་ཞུགས་དགོས། གཞན་ད་དུང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་པ་ཐོ་འགོད་དང་ལུས་རྩལ་ལག་རྩལ་རིམ་པའི་དོ་དམ་ནང་དུའང་ཞུགས་དགོས། གལ་ཆེའི་ཕྱོགས་བསྡུས་རང་བཞིན་གྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་བསྡུར་དང་ལུས་རྩལ་སྒྲིག་འཛུགས་མཐུན་སྦྱོར། གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལས་དོན་ལ་ཞིབ་འཇུག་དང་འབྲེལ་ཡོད་གསོ་སྦྱོང་བྱེད་པར་ཁྲིད་སྟོན་བཅས་བྱ་དགོས།

(དྲུག) ལུས་རྩལ་དཔལ་འབྱོར་སི།

ལུས་རྩལ་བྱ་གཞག་ལ་དུས་ཡུན་རིང་པོར་འཆར་གཞི་བཟོས་ཏེ་གོང་སྤེལ་དུ་བཏང་སྟེ། དོ་དམ་སྤྱི་ཁྱབ་ཅུའུ་ལས་ཁུངས་ཀྱི་ནོར་དོན་ལས་དོན་དང་ལྟ་སྐུལ་མཛུབ་ཁྲིད་ཐད་གཏོགས་ཚན་པའི་ནོར་དོན་ལས་དོན་མཐའ་དག་བསྒྲུབ་དགོས།

ལུས་རྩལ་ལུས་སྦྱོང་རོལ་རྩེད་དང་། འགྲན་བསྡུར་འཁྲབ་སྟོན། སྦྱོང་བརྡར་ཞབས་ཞུ། ལག་རྩལ་ཆ་འཕྲིན་སོགས་ལུས་རྩལ་དཔལ་འབྱོར་དང་། གཉེར་སྐྱོང་བྱེད་སྒོ། དེ་བཞིན་ལུས་རྩལ་ཁྲོམ་རའི་དོ་དམ་བཅས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་འཆར་ཟིན་ཞིབ་འཇུག་བྱས་ནས་འཆར་འགོད་བཟོ་དགོས།

(བདུན) མི་དོན་སི།

སྤྱི་ཁྱབ་ཅུའུ་ལས་ཁུངས་དང་ཐད་གཏོགས་བྱ་བའི་སྡེ་ཚན་གྱི་མི་དོན་བྱ་བའི་འགན་འཁུར་རྒྱུ་དང་། རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་མང་ཚོགས་ཀྱི་ལུས་རྩལ་རྩ་འཛུགས་ཐོབ་ཐང་ཞིབ་བཤེར་དང་འགོ་ཁྲིད་མི་སྣའི་འོས་སྦྱོར་བྱ་བ་སྒྲུབ་པར་འགན་འཁུར་དགོས་ཤིང་། ཕྱི་རྒྱལ་དུ་འགྲོ་བའི་མི་སྣའི་ཆབ་སྲིད་ཞིབ་བཤེར་དང་ཕྱི་རྒྱལ་དུ་འགྲོ་བའི་མངག་གཏོང་བྱ་བ་འགན་འཁུར་དགོས།

(བརྒྱད) ཕྱི་ཕྱོགས་འབྲེལ་གཏུག་སི།

རྒྱལ་སྤྱིའི་ལུས་རྩལ་རྩ་འཛུགས་དང་རྒྱལ་ཁབ་ཁག་དང་དེ་བཞིན་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན། ཐའེ་ཝན་ས་ཁུལ་བཅས་ཀྱི་ལུས་རྩལ་གནས་ཚུལ་ལ་ཞིབ་འཇུག་བྱ་རྒྱུ་དང་། ལུས་རྩལ་གྱི་ཕྱི་དོན་ལས་དོན་དང་དེ་བཞིན་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ལུས་རྩལ་འགྲོ་འོང་བྱེད་སྒོ་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་བྱས་ཏེ། ལུས་རྩལ་ཁོངས་གཏོགས་ཀྱི་བྱ་བར་དོ་དམ་བྱེད་དགོས།

(དགུ་པ) ཚན་སློབ་སི།

ལུས་རྩལ་ཁྱབ་ཁོངས་ཀྱི་ཚན་རིག་ལག་རྩལ་གལ་ཆེན་ཞིབ་འཇུག་གི་འགག་གནད་གྲོལ་བ་དང་། ལུས་རྩལ་གྱི་ཚན་རྩལ་གྲུབ་འབྲས་ལ་ཞིབ་བཤེར། གསལ་འབྱེད། ཁྱབ་སྤེལ་བཅས་བྱེད་པའི་སྒྲིག་འཛུགས་དང་། སློབ་གསོ་པུའུ་ཡི་མཛུབ་ཁྲིད་འོག་མཐོ་རིམ་དང་འབྲིང་རིམ་ལུས་རྩལ་སློབ་གསོའི་འཆར་འགོད་བྱེད་པར་འགན་འཁུར་ཏེ། སྤྱི་ཁྱབ་ཅུའུ་ཡི་ཐད་གཏོགས་སློབ་གླིང་དང་སློབ་གྲྭ་དོ་དམ་བྱེད་དགོས།

(བཅུ) དྲིལ་བསྒྲགས་སི།

ལུས་རྩལ་ལས་དོན་དང་དེ་བཞིན་གལ་ཆེའི་ལུས་རྩལ་ཕྱི་ཕྱོགས་དྲིལ་བསྒྲགས་འཕྲིན་སྤེལ་ལ་མཛུབ་ཁྲིད་བྱས་ཏེ་གལ་ཆེའི་གསར་འགྱུར་ཡོངས་བསྒྲགས་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་བྱེད་སྒོ་གལ་ཆེན་ལ་བཅར་འདྲི་དང་སྒྲིག་འཛུགས་དང་མཐུན་སྦྱོར་ཡོང་བ་བྱེད་དགོས།

ཐད་གཏོགས་ལས་ཁུངས།

ལུས་རྩལ་ལྟེ་གནས་སུ་དགུན་ཁའི་དུས་ཀྱི་ལུས་རྩལ། མེ་མདའ་འཕེན་པའི་ལུས་རྩལ། ལྕགས་རྟའི་ལུས་རྩལ། ཆུ་ཐོག་ལུས་རྩལ། སྦེ་ག་རྩལ་ལུས་རྩལ། ཐའེ་ཆོན་རྩལ་གྱི་ལུས་རྩལ། མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ། ཆུ་རྐྱལ་ལུས་རྩལ།  ཕིང་ཕང་སྤོ་ལོའི་ལུས་རྩལ། བྱ་སྒྲོའི་སྤོ་ལོའི་ལུས་རྩལ། ཝང་ཆིའུ་སྤོ་ལོའི་ལུས་རྩལ། སྤོ་ལོ་ཆུང་བའི་ལུས་རྩལ། མཁའ་སྐྱོད་སྐུད་མེད་གློག་གི་དཔེ་དབྱིབས་ལུས་རྩལ། མིག་མངས་ལུས་རྩལ། ལུས་སྦྱོང་རླུང་སྒོམ་ལུས་རྩལ། རི་འཛེག་ལུས་རྩལ། རླངས་འཁོར་དང་སྦག་སྦག་ལུས་རྩལ་སོགས་ཡོད།

ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་ཅུའུ།

པེ་ཅིང་གྲོང་ཁྱེར། ཐེན་ཅིན་གྲོང་ཁྱེར། ཧོ་པེ་ཞིང་ཆེན། ཧོ་པེ་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས།

ཅི་ལེན་ཞིང་ཆེན། ཅི་ལིན་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན།

ཀྲེ་ཅང་ཞིང་ཆེན་དང་ཨན་ཧུའེ་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན། ཧྲན་ཏུང་ཞིང་ཆེན།

ཧོ་ནན་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཀོང་ཏུང་ཞིང་ཆེན།

རིག་གནས་རླུང་བརྙན་འཕྲིན་དཔེ་སྐྲུན་ལུས་རྩལ་ཐིང་། གྲོང་ཁྱེར་དང་། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན།

བོད་རང་སྐྱོང་ལྗོངས་དང་ཧྲན་ཤིས་ཞིང་ཆེན། ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཧུའེ་རིགས་རང་སྐྱོང་ལྗོངས།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧོ་ཏ་ལན་གྲོང་ཁྱེར་ཕུའུ་ཆིང་ཏའོ་གྲོང་ཁྱེར་དབྱི་ཉིང་པོ་གྲོང་ཁྱེར་ཞ་མོན་གྲོང་ཁྱེར།

4 བྱ་བའི་སྒྲིག་སྲོལ།

ལེའུ་དང་པོ། སྤྱིའི་དོན་ཚན། 

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ལས་དོན་ཁག་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་བསྒྱུར་བར་བྱས་ནས་སྲིད་འཛིན་གྱི་ཕན་ནུས་སྔར་བས་ཆེ་རུ་གཏོང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཁྱབ་ཅུའུ་ལ་སྤྲད་པའི་འགན་འཁྲི་ལག་བསྟར་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་བཅའ་ཁྲིམས》 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་སྒྲིག་སྲོལ》བཅས་གཞིར་བཟུང་ནས་སྤྱི་ཁྱབ་ཅུའུ་ཡི་དོན་དངོས་དང་འབྲེལ་ནས་སྒྲིག་སྲོལ་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། སྤྱི་ཁྱབ་ཅུའུ་ཡི་བྱ་བའི་ཚད་གཞི་ནི་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལ་བརྟེན་ནས་འགན་ལེན་བྱ་རྒྱུ་དང་། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་པའི་དོ་དམ་དང་སྤྱི་པའི་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འགན་འཁྲི་ལག་བསྟར་བྱེད་དགོས།

དོན་ཚན་གསུམ་པ། ཚད་ལྡན་དང་གོ་རིམ་ཡོད་པ། ལས་ཆོད་ཆེ་བ་བཅས་ཀྱི་བྱ་བའི་སྒྲིག་ལམ་འཛུགས་པ་དང་། ཚན་རིག་དང་མཐུན་པའི་དམངས་གཙོའི་ཐབས་ཇུས་མཐའ་འཁྱོངས་ཀྱིས་དམངས་གཙོ་དར་སྤེལ་གང་ལེགས་བཏང་ནས་སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་བ། བྱ་བ་གང་བྱེད་ཚང་མ་དོན་དངོས་ལ་གཞིགས་པ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལྟར་བསྒྲུབ་པ། དུས་བསྟུན་མདུན་སྐྱོད་དང་གསར་གཏོད་སྲོལ་འབྱེད་བཅས་བྱས་ནས་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་གོང་དུ་འཕེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་མ་ཟད། སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དང་། ལྟ་སྐུལ་ལམ་སྲོལ་འཐུས་ཚང་། ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

ལེའུ་གཉིས་པ། འགན་འཁྲིའི་ལས་བགོས།

དོན་ཚན་བཞི་པ། སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གིས་བྱ་བའི་འགན་འཁུར་ལམ་ལུགས་ལག་བསྟར་དང་། ཅུའུ་ཀྲང་འགོ་ཁྲིད་སྤྱི་ཁྱབ་ཅུའུ་ཡི་ཕྱོགས་ཡོངས་ནས་ལས་དོན་ལ་ཅུའུ་ཀྲང་གཞོན་པ་དང་ཅུའུ་ཀྲང་ལས་རོགས་བཅས་ལ་གཞོགས་འདེགས་བྱེད་དགོས།

དོན་ཚན་ལྔ་པ། ཅུའུ་ཀྲང་གཞོན་པ་དང་ཅུའུ་ཀྲང་ལས་རོགས་ཀྱིས་ལས་བགོས་འགན་གཉེར་གྱི་ལས་དོན་ཐག་གཅོད་བྱས་ཏེ། ཅུའུ་ཀྲང་གི་མངག་བཅོལ་ལྟར་བྱ་བ་གཞན་ནམ་ཆེད་དོན་ལ་འགན་འཁུར་དགོས།

དོན་ཚན་དྲུག་པ། ཅུའུ་ཀྲང་པེ་ཅིང་ནས་ཕྱིར་བསྐྱོད་པ(ཕྱི་རྒྱལ)དང་གུང་གསེང་རིང་ཅུའུ་ཀྲང་གི་མོས་མཐུན་ཐོབ་པ་བརྒྱུད་དེ་པེ་ཅིང་དུ་ཡོད་པའི་ཅུའུ་ཀྲང་གཞོན་པས་ལས་དོན་གཙོ་སྐྱོང་གནང་བ་བཅས་ཅུའུ་ཀྲང་གཞོན་པའི་ཚབ་བྱེད་དགོས།

དོན་ཚན་བདུན་པ། སྤྱི་ཁྱབ་ཅུའུ་ཡི་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོས་བྱ་བའི་འགན་འཁྲི་ལྟར་སྡེ་ཚན་དེ་གའི་ལས་དོན་ལ་འགན་འཁུར་རྒྱུ་དང་། སྡེ་ཁག་སོ་སོས་སྡེ་ཁག་དེ་གའི་འགན་འཁྲིའི་ཁྱབ་ཁོངས་ནང་སྒྲིག་སྲོལ་ལམ་ལུགས་བཟོ་འགོད་དང་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས་ཤིང་། སྡེ་ཚན་ཁག་གིས་རང་འགན་རང་འཁུར་དང་། ཁྱོན་ཡོངས་ལ་ལྟ་རྟོག་སྒོས་སྲུང་སྐྱོབ་བཅས་བྱས་ཏེ་སྤྱི་ཁྱབ་ཅུའུ་ཡི་བྱ་བའི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་དགོས།

དོན་ཚན་བརྒྱད་པ། སྤྱི་ཁྱབ་ཅུའུ་ཡི་ཐད་གཏོགས་སྡེ་ཚན་དུ་སྲིད་འཛིན་འགོ་ཁྲིད་ཀྱིས་འགན་འཁུར་བའི་ལམ་ལུགས་ལ་ཏང་ཨུའི་འགོ་ཁྲིད་འོག་ལག་བསྟར་བྱ་རྒྱུ་དང་། ཚན་པ་ཁག་གིས་འགན་འཁྲིའི་ཁྱབ་ཁོངས་ནང་འགན་ནུས་སྤྱོད་པ་དང་འགན་འཁྲི་འཁུར་དགོས་པ་མ་ཟད། སྤྱི་ཁྱབ་ཅུའུ་ཡི་འགན་ནུས་སྡེ་ཚན་ལ་མཛུབ་ཁྲིད་དང་ལྟ་སྐུལ་དང་ལེན་བྱེད་དགོས།

ལེའུ་གསུམ་པ། བྱ་བའི་བླང་བྱ།

.jpgདོན་ཚན་དགུ་བ། གལ་ཆེ་བའི་སྲིད་ཇུས་ཐག་གཅོད་པའི་བྱ་བའི་སྒྲིག་སྲོལ་གོ་རིམ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་ཇུས་ཐག་གཅོད་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དམངས་གཙོས་ཇུས་ཐག་གཅོད་པ་བཅས་ལག་བསྟར་བྱས་ཏེ། སྒྲིག་སྲོལ་དང་ལོ་གཅིག་གི་འཆར་གཞི། ལོ་ལྔའི་འཆར་འགོད། འཕེལ་རྒྱས་འཆར་འགོད། བསྒྱུར་བཅོས་ཀྱི་ཇུས་གཞི་གལ་ཆེན། ལོ་འཁོར་གྱི་སྔོན་རྩིས། རྣམ་གྲངས་གལ་ཆེན་འཛུགས་པ་སོགས་གལ་ཆེའི་དོན་ཚན་གཏན་འབེབས་དང་ཁྱབ་བསྒྲགས་བྱེད་པར་ཐུན་མོང་ཐོག་ཞིབ་འཇུག་དང་གྲོས་བསྡུར་ཐག་གཅོད་བྱ་དགོས་ཤིང་། འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་སྡེ་ཚན་བཅས་ལ་འབྲེལ་བ་ཡོད་ཚེ། སྔོན་ལ་གྲོས་མོལ་གང་ལེགས་བྱ་དགོས་དང་། ས་གནས་དང་འབྲེལ་བ་ཡོད་ཚེ་སྔོན་ལ་བསམ་འཆར་བསྡུ་ལེན་བྱས་ཏེ། སྤྱི་པའི་ཁེ་ཕན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་རིགས་ལ་བསམ་འཆར་དང་གྲོས་འགོ་འདོན་དགོས། རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ཞིབ་འཇུག་དང་འབྲེལ་བ་ཡོད་པའི་བྱ་བ་གལ་ཆེན་གྱི་རིགས་ལ་ཞིབ་འཇུག་དང་། བློ་འདྲི། སྒྲིག་གཞི་སོགས་ཡོད་པའི་རིགས་པས་ཁུངས་སྐྱེལ་བཙལ་དགོས།

དོན་ཚན་བཅུ་བ། བྱ་བའི་འཆར་གཞིའི་རང་བཞིན་དང་མ་ལག་རང་བཞིན། མ་འོངས་སྔོན་མཐོང་རང་བཞིན་བཅས་ཤུགས་ཆེར་བཏང་ནས་ལོ་འཁོར་གྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་མ་ཟད། དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་ཀྱང་བྱེད་དགོས། ལོ་འཁོར་གྱི་བྱ་བའི་འཆར་གཞི་དང་། འགྲན་བསྡུར་ཆེ་གྲས་དང་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོའི་འཆར་གཞི། ཕྱི་དོན་འཆར་གཞི། གྲོས་ཚོགས་ཀྱི་འཆར་གཞི་སོགས་གཞིར་བཟུང་ནས་གྲོན་དངུལ་སྔོན་རྩིས་བྱེད་དགོས།

དོན་ཚན་བཅུ་གཅིག་པ། སྤྱི་ཁྱབ་ཅུའུ་ཡི་སྡེ་ཚན་ཁག་གིས་དགོངས་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་དུས་བཀག་རང་བཞིན་གྱི་བྱ་བའི་འཆར་གཞི་ཕྱོགས་བསྡོམས་སྙན་སེང་ཞུ་དགོས་པ་དང་། བྱ་བའི་ངོ་བོ་དང་གོ་རིམ། དབང་ཚད་བཅས་གཞིར་བཟུང་ནས་རྒྱུན་གཏན་གྱི་ལས་དོན་སྐོར་སྙན་སེང་ཞུ་བའི་བྱ་བ་ཡག་པོ་བསྒྲུབ་དགོས་ཤིང་། གློ་བུར་དུ་བྱུང་བའི་སྤྱི་དོན་ཆ་འཕྲིན་ཞུ་འབུལ་ལག་བསྟར་ནན་པོ་བྱེད་པ་དང་། ཞུ་འགྱངས་དང་། ཆད་ཞུ། གསང་ཞུ། ནོར་ཞུ་བཅས་བྱེད་མི་ཆོག

དོན་ཚན་བཅུ་གཉིས་པ། ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཏང་གི་ལུས་རྩལ་བྱེད་ཕྱོགས་དང་སྲིད་ཇུས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན། དེ་བཞིན་སྤྱི་ཁྱབ་ཅུའུ་ཏང་ཙུའུ་ཡིས་གཏན་འབེབས་བྱས་པའི་ཚོགས་འདུའི་གྲོས་ཆོད། སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱི་མཆན་འགོད་མཛུབ་སྟོན་སོགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་འགན་ལེན་བྱེད་དགོས་ཤིང་། གཞུང་དོན་ཐིང་གིས་སྤྱི་ཁྱབ་ཅུའུ་ཡི་བླང་བྱ་གཞིར་བཟུང་ནས་རྣམ་གྲངས་འཛུགས་པའི་ལས་དོན་གཞོགས་འདེགས་བྱེད་དགོས་པ་དང་། གཙོ་གཉེར་སྡེ་ཚན་གྱིས་སྐུལ་བ་ལྟར་བླང་བྱ་དང་གཏན་འབེབས་ཀྱི་དུས་བཅད་ལྟར་བསྒྲུབ་སྟེ། བླང་བྱ་ལྟར་གཞུང་ལས་ཐིང་ལ་མཇུག་འབྲས་ཕྱིར་ལྡོག་བྱེད་དགོས།

དོན་ཚན་བཅུ་གསུམ་པ། སྲིད་དོན་ཡོངས་བསྒྲགས་དང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཁྱབ་སྤེལ་གཏོང་བ་དང་། སྲིད་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཞབས་ཞུའི་འདུ་ཤེས་འཛིན་སྟངས་ཤུགས་ཆེ་རུ་གཏོང་བ། འགན་འཁྲིའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། དམངས་དོན་དུ་སྲིད་སྐྱོང་བ། སྲིད་བརྩོན་སྤྱོད་གཙང་བཅས་ཀྱི་དར་སྲོལ་གསར་བ་འཛུགས་དགོས།

དོན་ཚན་བཅུ་བཞི་བ། ལུས་རྩལ་སྐོར་གྱི་ཁྲིམས་ལུགས་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལུས་རྩལ་ལས་དོན་གྱི་དོན་དངོས་ལ་གཞིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བཅའ་ཁྲིམས་ཀྱི་གྲོས་གཞི་དང་སྲིད་འཛིན་ཁྲིམས་སྲོལ་དུས་ཐོག་ཏུ་འདོན་པ། སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བ། སྤྱི་ཚོགས་འཕེལ་རྒྱས་དང་ལུས་རྩལ་གྱི་དོན་དངོས་དང་མི་མཐུན་པའི་སྒྲིག་སྲོལ་དང་ཚད་ལྡན་ཅན་གྱི་ཡིག་ཆ་བཟོ་བཅོས་སམ་མེད་པ་བཟོ་བ་བཅས་བྱས་ཏེ་ལུས་རྩལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱས་ཏེ་ཁྲིམས་ངེས་པར་དུ་བརྩི་སྲུང་དང་། ཁྲིམས་འཛིན་ངེས་པར་དུ་གཟབ་ནན། ཁྲིམས་དང་འགལ་ཚེ་ངེས་པར་དུ་ཡོ་བསྲང་བཅས་བྱེད་དགོས།

དོན་ཚན་བཅོ་ལྔ་བ། ལྟ་སྐུལ་དང་ཚོད་འཛིན་བྱེད་པར་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས(ཨུ་ཡོན)ཀྱི་གྲོས་གཞི་དུས་ཐོག་ཏུ་ནན་ཏན་གྱིས་བསྒྲུབ་དགོས་ཤིང་། ཁྲིམས་འཛིན་དང་ལྟ་ཞིབ། རྩིས་བཤེར་སོགས་སྡེ་ཚན་གྱི་ཆེད་དོན་ལྟ་སྐུལ་དང་ལེན་ཞུས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་དང་བཅོས་སྒྲིག་ནན་ཏན་བྱེད་དགོས། སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན། གནས་ཚུལ་སྤེལ་གཏོང་བྱས་པའི་གནས་ཚུལ་དང་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱེད་པ། མི་དམངས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ལ་མཐོང་ཆེན། འགོ་ཁྲིད་ཀྱིས་བསྐུར་ཡིག་གལ་ཆེན་དངོས་སུ་ལྟ་ཀློག་དང་ཆོག་མཆན་འགོད་པ། ཡིག་སྐུར་ངོ་གཏུག་གི་ཐབས་ལམ་སྔར་ལས་བདེ་བགྲོད་ཡོང་བ། ཡིག་སྐུར་ངོ་གཏུག་གི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་བཅས་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱ་དགོས།

དོན་ཚན་བཅུ་དྲུག་པ། བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་དང་། བདེ་འཇགས་བརྟན་ལྷིང་གི་བྱ་བའི་འགན་འཁྲི་ཆེ་རུ་གཏོང་བ། བདེ་འཇགས་བརྟན་ལྷིང་གི་སློབ་གསོ་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་བརྟན་ལྷིང་གི་བྱ་བ་ལག་བསྟར་ནན་པོ་བཅས་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། འགན་དབང་ཁྱབ་ཁོངས་ནང་ཐག་གཅོད་བྱེད་དགོས་པའི་དོན་གནད་རིགས་ཁྲིམས་ཡོད་པ་དང་གོ་རིམ་ལྡན་པ་བཅས་གཞིར་བཟུང་ནས་ཧུར་བརྩོན་དང་རང་འགུལ་ངང་སྒྲུབ་དགོས། ཇུས་ཐག་གཅོད་པར་ནོར་འཛོལ་ཚབས་ཆེན་བྱུང་བ་དང་། བྱ་བར་འགན་འཛོལ་བྱུང་བ། དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཞན་པ། འགན་དབང་གང་བྱུང་དུ་སྤྱོད་པ། གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད་བྱེད་སྟངས་མ་འགྲིག་པ་སོགས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར། གྱོང་གུན་ཚབས་ཆེན་ནམ་ཤུགས་རྐྱེན་ངན་པ་བཟོས་པ་ཡོད་པ་དག་ལ《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་གཏན་འབེབས》གཞིར་བཟུང་ནས་འགན་འཁྲི་རྩད་གཅོད་དང་། སྒྲིག་ཁྲིམས་ཀྱི་འགན་འཁྲིའི་འབྲེལ་ཡོད་གཏན་འབེབས་ལྟར་ཏང་གི་སྒྲིག་ཁྲིམས་ལྟར་ཆད་པ་གཅོད་དགོས།

དོན་ཚན་བཅུ་དགུ་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་སྟེ་ལུས་རྩལ་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཤིང་། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་འགོག་མཉམ་བསྟར། སྔོན་འགོག་གཙིགས་སུ་འཛིན་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན། རུལ་རྒོལ་གཙང་སྤེལ་གྱིས་སློབ་གསོར་སྐུལ་འདེད། རུལ་རྒོལ་གཙང་སྤེལ་གྱིས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། ལུས་རྩལ་ལས་རིགས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན། འགྲན་སྲོལ་འགྲན་བསྡུར་དང་སྒྲིག་ལམ་ལ་རྒོལ་བ་དང་སྨན་རྫས་ལ་རྒོལ་བའི་བྱ་བ་དམ་འཛིན། ཚུལ་མིན་གྱི་སྤྱོད་པ་ཡོ་བསྲང་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།

ལེའུ་བཞི་བ། གྲོས་ཚོགས་ཀྱི་ལམ་ལུགས།

དོན་ཚན་ཉི་ཤུ་བ། སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཡི་ཚོགས་འདུ་དང་། ཅུའུ་ཀྲང་གཞུང་ལས་ཚོགས་འདུ། ཆེད་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཚོགས་འདུ་དང་ཆེད་ལས་རང་བཞིན་གྱི་ཚོགས་འདུའི་ལམ་ལུགས་བཅས་ལག་བསྟར་བྱེད་པ།

དོན་ཚན་ཉེར་གཅིག་པ། ཏང་ཙུའུ་ཡི་གྲོས་ཚོགས་ནི་ཏང་ཙུའུ་ཡི་ཧྲུའུ་ཅུའུ་སྐོང་ཚོགས་དང་གཙོ་སྐྱོང་བྱ་རྒྱུ་དང་། ཏང་ཙུའུ་ཡི་ཁོངས་མི་རུ་ཞུགས་ཏེ་ཚོགས་འདུ་ཐེངས་རེར་ངེས་པར་དུ་ཏང་ཙུའུ་ཡི་ཁོངས་མིའི་ཕྱེད་ཀ་ཡན་ཞུགས་དགོས། ལས་བྱེད་པའི་ལས་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་པར་ངེས་པར་དུ་གསུམ་ཆ་གཉིས་ཡན་གྱི་ཏང་ཙུའུ་ཡི་ཁོངས་མི་ཞུགས་དགོས། ཏང་ཙུའུ་ཡི་ཚོགས་འདུའི་ཐོག་གནས་ཚུལ་ལ་གཞིགས་ནས་གྲོས་དོན་གཏན་འཁེལ་བྱེད་དགོས།

.jpgཏང་ཙུའུ་ཡི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན་དང་ཡིག་ཆ། གྲོས་ཚོགས་ཀྱི་དགོངས་དོན་དང་། དེ་བཞིན་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་དགོས་ཤིང་། ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་དང་བྱེད་ཐབས་འདོན་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཕུལ་བའི་དགོངས་དོན་གལ་ཆེན་ཞིབ་བཤེར་གཏན་འབེབས་བྱས་ཏེ། ལུས་རྩལ་ལས་དོན་ཁྲོད་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན། བྱ་བའི་བཀོད་སྒྲིག་གལ་ཆེན་བཅས་ལ་གྲོས་བསྡུར་དང་ཐག་བཅད་དེ་བྱ་བའི་ཁྲོད་ཀྱི་གནད་དོན་མངོན་གསལ་ཅན་ལ་ཞིབ་འཇུག ལས་བྱེད་པར་བསྐོ་འཐེན་དང་། ལས་སྒྱུར། བྱ་དགའ་ཆད་གཅོད་བཅས་དང་དེ་བཞིན་རྒྱལ་སྤྱིའི་ལུས་རྩལ་རྩ་འཛུགས་དང་རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་མཐུན་ཚོགས་སུ་ལས་འགན་འཁུར་བ་སོགས་ལས་བྱེད་པའི་གནད་དོན་གྲོས་བསྡུར་ཐག་གཅོད་དགོས་ཤིང་། སྤྱི་ཁྱབ་ཅུའུ་ཡི་སྡེ་ཚན་ཁག་གི་བྱ་བའི་འགན་འཁྲི་དང་། སྒྲིག་གཞི་སྒྲིག་འཛུགས། མི་སྣའི་སྒྲིག་ཁོངས་བཅས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ། སྤྱི་ཁྱབ་ཅུའུ་ཡི་ཁོངས་གཏོགས་སུ་ཏང་འཛུགས་སྐྱོང་དང་། སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་བཅས་ཀྱི་ལས་དོན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་དགོས།

ཏང་ཙུའུ་ཡི་ཚོགས་འདུར་གྲོས་བསྡུར་བྱེད་རྒྱུར་ཕུལ་བའི་གྲོས་གཞི་དེ་ཏང་ཙུའུ་ཡི་ཁོངས་མིས་མཐུན་སྦྱོར་བྱེད་པའམ་ཡང་ན་ཞིབ་བཤེར་བྱས་རྗེས་ཏང་ཙུའུ་ཡི་ཧྲུའུ་ཅིར་སྙན་སེང་ཞུས་ནས་གཏན་འཁེལ་བྱེད་དགོས། ཚོགས་འདུའི་སྒྲིག་འཛུགས་ལས་དོན་དེ་གཞུང་དོན་ཐིང་གིས་འགན་འཁུར་དགོས་པ་དང་ཚོགས་འདུའི་ཐོག་ཏང་ཙུའུ་ཧྲུའུ་ཅིས་ཆོག་མཆན་འགོད་དགོས།

སྤྱི་ཁྱབ་ཅུའུ་ཏང་ཙུའུ་ཡིས་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་སློབ་སྦྱོང་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་ཤིང་། སྤྱི་ཁྱབ་ཅུའུ་ཏང་ཙུའུ་ཧྲུའུ་ཅི་ནི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་སྤྱི་ཁྱབ་ཅུའུ་ཏང་ཙུའུ་ཡི་ཁོངས་མི་ལས་གྲུབ་པ་དང་སློབ་སྦྱོང་གི་ནང་དོན་གཞིར་བཟུང་ནས་སྤྱི་ཁྱབ་ཅུའུ་ཡི་སྡེ་ཚན་ཁག་གི་འགན་ཁུར་བ་གཙོ་བོར་རྒྱ་སྐྱེད་གཏོང་བ་དང་། ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ནང་དོན་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དག་ཡིན་ཞིང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། གཞི་རྩའི་རིགས་པའི་གཞུང་ལུགས་བཅས་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་གལ་ཆེན། དཔལ་འབྱོར་དང་ཆབ་སྲིད། བཅའ་ཁྲིམས་དང་ཚན་རྩལ་བཅས་ཀྱི་ཤེས་བྱ་དྲིལ་བསྒྲགས། སྤྱི་ཁྱབ་ཅུའུ་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་གནས་བབ་དང་། ལས་འགན། རང་ངོས་འཛུགས་སྐྱོང་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལོ་འཁོར་གྱི་སློབ་སྦྱོང་འཆར་གཞི་བཟོ་དགོས་པ་དང་། ལོ་འཁོར་གྱི་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་བྱེད་པའི་དུས་ཚོད་ཉིན12ལས་མི་ཉུང་བ་དང་། དུས་ཚོད་ཞིབ་ཕྲ་ནི་ཆེད་དོན་བཀོད་སྒྲིག་དང་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས།

དོན་ཚན་ཉེར་གཉིས་པ། ཅུའུ་ཀྲང་གི་གཞུང་ལས་ཚོགས་འདུ་དེ་ཅུའུ་ཀྲང་གིས་སྐོང་ཚོགས་དང་གཙོ་སྐྱོང་བྱེད་དགོས་ཤིང་། ཅུའུ་ཀྲང་གཞོན་པ་དང་སྒྲིག་བཤེར་ཙུའུ་ཀྲང་། ཅུའུ་ཀྲང་ལས་རོགས། གཞུང་ལས་ཐིང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཞུགས་དགོས། ཅུའུ་ཀྲང་གི་གཞུང་ལས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་སྤྱི་ཁྱབ་ཅུའུ་ཡིས་འཆར་འགོད་གཏན་འབེབས་བྱས་པའི་སྲིད་ཇུས་དང་སྒྲིག་སྲོལ། འཆར་འགོད་བཅས་གྲོས་བསྡུར་དང་གཏན་འཁེལ་དག་ལ་བསྟུན་དགོས། སྤྱི་ཁྱབ་ཅུའུ་ཡིས་སྐོང་འཚོགས་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་གྲོས་ཚོགས་དང་གྲོས་ཚོགས་གལ་ཆེན་གཞན་དག་གི་ཡིག་ཆར་གྲོས་ཞིབ་དང་། ས་ཁོངས་རང་བཞིན་གྱི་ལུས་རྩལ་གོང་སྤེལ་དང་ལུས་རྩལ་མཉམ་ལས་ཀྱི་བྱ་བ་གལ་ཆེན་གྲོས་བསྡུར་དང་ཞིབ་བཤེར་གཏན་འབེབས་བྱས་ཏེ་སྤྱི་ཁྱབ་ཅུའུ་ཡི་དུས་མཚམས་རང་བཞིན་གྱི་ལས་དོན་དང་། ཞིབ་བཤེར་གཏན་འབེབས་སྤྱི་ཁྱབ་ཅུའུ་ཡིས་གནང་བའི་ལག་རྩལ་གྱི་གོ་གནས་དང་གཟི་བརྗིད་མཚན་སྙན་སོགས་ལ་ཞིབ་བཤེར་གཏན་འབེབས་དང་། ཅུས་ཀྲང་གིས་གཞུང་ལས་ཚོགས་འདུའི་ཐོག་གྲོས་བསྡུར་བྱ་རྒྱུར་ཕུལ་བའི་གྲོས་གཞི་དེ་ཅུས་ཀྲང་དང་། ཅུས་ཀྲང་གཞོན་པ། སྒྲིག་བཤེར་ཙུའུ་ཀྲང་། ཅུས་ཀྲང་ལས་རོགས་བཅས་ཀྱིས་མཐུན་སྦྱོར་བྱེད་པའམ་ཡང་ན་ཞིབ་བཤེར་གཏན་འབེབས་བྱས་རྗེས་ཅུས་ཀྲང་གིས་གཏན་འཁེལ་བྱེད་དགོས། ཚོགས་འདུའི་སྒྲིག་འཛུགས་ལས་དོན་དེ་གཞུང་དོན་ཐིང་གིས་འགན་འཁུར། ཚོགས་འདུའི་ཐོག་ཅུས་ཀྲང་གིས་ཆོག་མཆན་འགོད་དགོས།

དོན་ཚན་ཉེར་གསུམ་པ། སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱིས་ལས་བགོས་ལྟར་ཆེད་དོན་ཚོགས་འདུ་འཚོགས་ཆོག་པའམ་ཡང་ན་སྤྱི་ཁྱབ་ཅུའུ་འགན་ནུས་སྡེ་ཚན་གྱིས་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱི་མངག་བཅོལ་ལྟར་ཆེད་དོན་ཚོགས་འདུ་འཚོགས་ཆོག ཟུར་ཞུགས་མི་སྣ་གྲོས་དོན་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ་དང་། གྲོས་ཚོགས་སུ་ཞུགས་པའི་མི་སྣ་དུས་ལྟར་ཚོགས་འདུར་ཞུགས་དགོས་པ་དང་། རྒྱུ་རྐྱེན་གྱི་དབང་གིས་ཞུགས་མ་ཐུབ་ཚེ་ཚོགས་འདུ་མ་འཚོགས་སྔོན་དུ་གྲོས་ཚོགས་བསྡུ་མཁན་ནམ་རྩ་འཛུགས་གྲོས་ཚོགས་ཀྱི་སྡེ་ཁག་གི་འགོ་ཁྲིད་ལ་གནང་བ་ཞུ་དགོས།

ཚོགས་འདུའི་ལས་འགན་གཙོ་བོ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ཡིག་ཆའི་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ་དང་། ཏང་ཙུའུ་ཡི་ཚོགས་འདུ་དང་ཅུའུ་ཀྲང་གིས་གཞུང་དོན་སྒྲུབ་པའི་ཚོགས་འདུའི་དགོངས་དོན་བརྡ་ཁྱབ་བཏང་ནས་ཆེད་དོན་ལས་དོན་བཀོད་སྒྲིག་བྱས་པ་དང་ལས་སྒོའི་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་དང་མཐུན་སྦྱོར། ཐག་གཅོད་བཅས་བྱ་དགོས།

དོན་ཚན་ཉེར་བཞི་པ། སྤྱི་ཁྱབ་ཅུའུ་ཡི་ལོ་རེར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་གྲོས་ཚོགས་ཐེངས་རེ་འཚོག་རྒྱུ་དང་། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་ཚོགས་འདུ་སྐོང་ཚོགས་བྱེད་པར་ཅུའུ་ཀྲང་གིས་གཞུང་ལས་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས་ཤིང་། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན་གལ་ཆེན་དང་ཡིག་ཆ་གལ་ཆེན། གྲོས་ཚོགས་ཀྱི་དགོངས་དོན་བཅས་དང་དེ་བཞིན་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཏེ། རྒྱལ་ཡོངས་ཀྱི་ལུས་རྩལ་ལས་དོན་ལ་ཕྱོགས་སྡོམ་དང་བཀོད་སྒྲིག་དང་། སྔོན་ཐོན་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ། ཚོགས་འདུའི་སྒྲིག་འཛུགས་ལས་དོན་དེ་གཞུང་དོན་ཐིང་གིས་སྣེ་ཁྲིད་བྱེད་དགོས།

དོན་ཚན་ཉེར་ལྔ་བ། རྒྱལ་ཡོངས་ཀྱི་ཆེད་ལས་རང་བཞིན་གྱི་ཚོགས་འདུའི་སྒྲིག་འཛུགས་ལས་དོན་དེ་འབྲེལ་ཡོད་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་ཚན་པས་འགན་འཁུར་རྒྱུ་དང་། སྤྱི་ཁྱབ་ཅུའུ་ཡི་རྒྱལ་ཡོངས་ཀྱི་ཆེད་ལས་རང་བཞིན་གྱི་གྲོས་ཚོགས་ལ་འཆར་གཞི་ལྟར་དོ་དམ་དང་ཞིབ་མཆན་འགོད་པའི་ལམ་ལུགས་ལག་བསྟར་དང་། སྤྱི་ཁྱབ་ཅུའུ་ཡི་མིང་ཐོག་ནས་འཚོགས་པའི་རྒྱལ་ཡོངས་ཀྱི་ཆེད་ལས་རང་བཞིན་གྱི་ཚོགས་འདུ་ཞིག་ཡིན་ཕྱིན་སྡེ་ཚན་ཁག་གིས་ལོ་རེའི་ལོ་མཇུག་གོང་ལོ་འཁོར་རྗེས་མའི་ཚོགས་འདུའི་འཆར་གཞི་བཏོན་ཏེ་གཞུང་དོན་ཐིང་གིས་ཕྱོགས་བསྡུས་བྱས་ནས་ཐོག་མའི་ཞིབ་བཤེར་གཏན་འབེབས་བྱེད་དགོས། འཆར་གཞིའི་ནང་བཅུག་པའི་ཚོགས་འདུའི་ཐོག་གཙོ་གཉེར་སྡེ་ཚན་ནམ་ཡང་ན་ཚན་པའི་བྱ་བ་ཉིན15ཡི་སྔོན་དུ་ཚོགས་འདུ་སྐོང་ཚོགས་བྱ་རྒྱུའི་དགོངས་དོན་ཞུ་དགོས་པ་དང་། གཞུང་དོན་ཐིང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ལ་ཆོག་མཆན་ཞུས་ནས་གཞུང་དོན་ཐིང་གི་མིང་ཐོག་ནས་ཚོགས་འདུའི་བརྡ་ཐོ་པར་འགྲེམས་བྱེད་དགོས་ཤིང་། ཚོགས་འདུའི་འཆར་གཞིའི་ནང་བཅུག་མེད་པའམ་ཡང་ན་གཏན་འབེབས་ལྟར་དགོངས་དོན་ཞུས་མེད་པ་དག་ལ་རྩ་དོན་ཐོག་བདག་སྤྲོད་མི་བྱེད། བྱ་བའི་དགོས་མཁོའི་དབང་གིས་ངེས་པར་དུ་གནས་སྐབས་སུ་འཚོག་དགོས་པའི་ཚོགས་འདུ་དེ་ངེས་པར་དུ་ཆེད་དོན་ཞུས་ཏེ་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་འཚོག་དགོས།

དོན་ཚན་ཉེར་དྲུག་པ། ཚོགས་འདུ་རིགས་ཁག་གིས་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དོ་དམ་ལག་བསྟར་ནན་པོ་བྱེད་པ་དང་། ཁུ་བསྡུ་དང་དངོས་གཉེར། གྲོན་ཆུང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་ཚོགས་འདུའི་གྲངས་འབོར་ཁུ་བསྡུ། ཚོགས་འདུའི་གཞི་ཁྱོན་ཚོད་འཛིན། ཚོགས་འདུའི་དུས་ཚོད་ཉུང་འཕྲི། ཚོགས་འདུ་ལག་བསྟར་ནན་པོ་བཅས་བྱེད་དགོས།

ལེའུ་ལྔ་བ། གཞུང་ཡིག་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་སྐོར།

དོན་ཚན་ཉེར་བདུན་པ། སྤྱི་ཁྱབ་ཅུའུ་ཡི་སྡེ་ཁག་གིས་ཕུལ་བའི་གཞུང་ཡིག་ཡིན་ཕྱིན《རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་བྱེད་ཐབས》དང《རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་གཞུང་ཡིག་ཐག་གཅོད་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས་པ་དང་། བླང་བྱ་དང་མི་མཐུན་པའི་གཞུང་ཡིག་ཡིན་ཕྱིན། གཞུང་ལས་ཐིང་གིས་འགན་འཁུར་ཏེ་ལས་ཁུངས་ལ་ཕྱིར་སློག་བྱས་ནས་བསྐྱར་དུ་བསྒྲུབ་དགོས། ཞིབ་མཆན་འགོད་རྒྱུར་ཕུལ་བའི་གཞུང་ཡིག་ཡིན་ཕྱིན་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་ཕུད། ཐད་ཀར་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ལ་ཕུལ་མི་ཆོག སྤྱི་ཁྱབ་ཅུའུ་ལ་ཕུལ་བའི་དགོངས་དོན་རང་བཞིན་གྱི་གཞུང་ཡིག་ཡིན་ཚེ། སྡེ་ཚན་བར་བསམ་འཆར་མི་མཐུན་པ་ཡོད་ཚེ། གཙོ་གཉེར་སྡེ་ཁག་གི་འགན་འཁུར་པ་གཙོ་བོས་རང་འགུལ་གྱིས་གྲོས་མོལ་བྱས་ནས་གཅིག་མཐུན་ཡོང་བར་བྱ་དགོས། ཐོབ་མི་ཐུབ་པའི་རིགས་ལ་ཕྱོགས་སོ་སོའི་གནས་ལུགས་དཔང་ཡིག་བཀོད་དེ་གྲོས་གཞི་སྒྲུབ་པའི་གྲོས་འགོ་འདོན་དགོས།

དོན་ཚན་ཉེར་བརྒྱད་པ། སྤྱི་ཁྱབ་ཅུའུ་གཞུང་དོན་ཐིང་གིས་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་གཞུང་ཡིག་གི་མ་ཡིག་ལྟ་ཀློག་མཆན་འགོད་དང་ལས་དོན་ཞུ་འབུལ་བྱེད་པར་འགན་འཁུར་རྒྱུ་དང་། ཏང་ཀྲུང་དབྱང་དང་། བརྒྱུད་སྤེལ་ཡིག་ཆ་གཞན་དག་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱི་ལས་བགོས་ལྟར་ལས་བགོས་འགན་གཉེར་འགོ་ཁྲིད་ལ་སྙན་སེང་ཞུས་ནས་ཆོག་མཆན་སྤྲད་པ་རེད། དགོངས་དོན་རང་བཞིན་གྱི་གཞུང་ཡིག་དེ་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱིས་ལས་བགོས་ལྟར་ཆོག་མཆན་ཐོབ་པ་དང་འབྲེལ་ལས་བགོས་འགན་གཉེར་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གཞིར་བཟུང་ནས་སྤྱི་ཁྱབ་ཅུའུ་གཞན་དག་གི་འགོ་ཁྲིད་ལ་འབུལ་དགོས།

དོན་ཚན་ཉེར་དགུ་པ། སྤྱི་ཁྱབ་ཅུའུ་ཀྱི་མིང་ཐོག་ནས་གཞུང་ཡིག་བཟོ་བ་དང་འགྲེམས་སྤེལ་བྱེད་པར་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱིས་ཆོག་མཆན་བཀོད་ནས་སྤྲོད་རྒྱུ་དང་། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཅུའུ་ཡི་མིང་ཐོག་ནས་བཟོས་པའི་གཞུང་ཡིག་གཞན་དག་ལས་བགོས་ལྟར་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ལ་སྤྲོད་དགོས། དབང་ཆ་སྤྲད་པ་བརྒྱུད་གཞུང་དོན་ཐིང་གི་ཀྲུའུ་རེན་གྱིས་སྤྱིར་བཏང་གི་ལས་དོན་རང་བཞིན་གྱི་གཞུང་ཡིག་ལ་ཆོག་མཆན་བཀོད་ནས་སྤྲད་ཆོག སྡེ་ཚན་གཞན་དག་གི་འགན་འཁུར་བ་གཙོ་བོས་དབང་ཆ་སྤྲད་པ་བརྒྱུད་དེའི་སྡེ་ཚན་གྱི་འགན་འཁྲིའི་ཁྱབ་ཁོངས་ནང《རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་གཞུང་ཡིག་ཐག་གཅོད་བྱེད་ཐབས》ནང་གཏན་འབེབས་བྱས་པའི་སྤྱིར་བཏང་གི་ལས་དོན་རང་བཞིན་གྱི་གཞུང་ཡིག་དང་མཐུན་དགོས།

དོན་ཚན་སུམ་ཅུ་པ། སྤྱི་ཁྱབ་ཅུའུ་གཞུང་ལས་ཐིང་གི་མིང་ཐོག་ནས་བཟོས་པའི་གཞུང་ཡིག་ཡིན་ཕྱིན་རྩ་དོན་ཐོག་གཞུང་ལས་ཐིང་གི་འགོ་ཁྲིད་ཀྱིས་ཆོག་མཆན་བཀོད་ནས་སྤྲོད་རྒྱུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་དེ་བཞིན་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས་ཁག ཐད་སྐྱོང་གྲོང་ཁྱེར། གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་སྐུར་བའི་གཞུང་ཡིག་དང་། དབང་ཆ་སྤྲོད་པ་དང་དཔལ་འབྱོར་མཉམ་ལས། རྒྱུ་ནོར་བརྗེ་སྒྱུར་བཅས་དང་འབྲེལ་བ་ཡོད་པའི་གཞུང་ཡིག་དང་། དེ་བཞིན་གལ་ཆེའི་དོན་གནད་གཞན་དག་གི་གཞུང་ཡིག་བཅས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཞིབ་བཤེར་གཏན་འབེབས་བྱེད་དགོས་པ་དང་། གཞུང་དོན་ཐིང་གི་འགོ་ཁྲིད་ཀྱིས་ཆོག་མཆན་བཀོད་ནས་སྤྲོད་དགོས་ཤིང་། དགོས་ངེས་ཀྱི་སྐབས་སུ་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱིས་ཞིབ་བཤེར་གཏན་འབེབས་དང་ཆོག་མཆན་བཀོད་ནས་སྤྲོད་པ་དང་། སྡེ་ཚན་ཁག་གི་འགན་འཁྲིའི་ཁྱབ་ཁོངས་ནང《རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་གཞུང་ཡིག་ཐག་གཅོད་བྱེད་ཐབས》ནང་གཏན་འབེབས་བྱས་པའི་སྤྱིར་བཏང་གི་ལས་དོན་རང་བཞིན་གྱི་གཞུང་ཡིག་དང་མཐུན་ཚེ་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོས་ཆོག་མཆན་བཀོད་ནས་སྤྲད་ཆོག

དོན་ཚན་སོ་གཅིག་པ། གཞུང་ཡིག་ལ་ཞིབ་མཆན་འགོད་སྐབས་རུས་མིང་དང་། དུས་ཚོད། བསམ་འཆར་གསལ་པོ་བཅས་འགོད་དགོས་ཤིང་། སྤྱིར་བཏང་གི་སྙན་ཞུར་གཟིགས་སྐོར་བྱས་ནས“གཟིགས་ཞིབ་བྱས་ཟིན་པ”དང་། དགོངས་ཞུའི་དོན་ཚན་ཞིབ་ཕྲ་ཡོད་པའི་གཞུང་ཡིག་ཡིན་ཕྱིན་གཟིགས་རྟགས་བརྒྱབ་སྟེ“མོས་མཐུན”གྱི་དགོངས་དོན་ཞུ་བའི་དོན་ཚན་མཚོན་པ་རེད།

དོན་ཚན་སོ་གཉིས་པ། དུས་བཀག་ཁ་གསལ་ཡོད་པའི་ཡིག་ཆ་དང་གློག་འཕྲིན་ཡིན་ཕྱིན་ཡིག་ཆ་བསྒྲུབ་པའི་དུས་ཚོད་འདང་ངེས་སྤྱད་དེ་དུས་བཀག་ནན་པོ་སྲུང་དགོས་ཤིང་། འོག་རིམ་ལས་ཁུངས་ཀྱིས་དགོངས་དོན་ཞུ་བའི་གནད་དོན་ལ་དུས་ཐོག་ཏུ་ལན་འདེབས་དགོས།

“ཛ་དྲག་ཆེ་བའི་འཕྲིན་ཆས”ལ་མིང་རྟགས་ལྷན་འགོད་དང་ངེས་པར་དུ་གཏན་འབེབས་ཀྱི་དུས་བཀག་བཟོ་དགོས། “མྱུར་སྐྱེལ་འཕྲིན་ཡིག”མྱུར་དུ་སྒྲུབ་གཉེར་བྱེད་དགོས་པ་དང་། མིང་རྟགས་འགོད་པ་དང་སྒྲུབ་གཉེར་ཚན་པ་ཚང་མས་སྒྲུབ་གཉེར་བྱེད་པའི་དུས་ཚོད་དེ་ཞག1ལས་བརྒལ་མི་རུང་། སྤྱིར་བཏང་རང་བཞིན་གྱི་ཡིག་ཆ་གང་མགྱོགས་གཉེར་དགོས་པ་དང་མིང་རྟགས་འགོད་པའི་སྡེ་ཚན་གྱིས་སྒྲུབ་གཉེར་དུས་ཚོད་ཉིན2ལས་བརྒལ་མི་རུང་བ་དང་། གནས་ཚུལ་རྙོག་འཛིང་ཆེ་བ་དག་གཏན་འབེབས་བྱས་པའི་དུས་ཚོད་ནང་གནས་ཚུལ་གསལ་བཤད་བྱེད་དགོས།

དོན་ཚན་སོ་གསུམ་པ། ཆ་འཕྲིན་སྙན་འབུལ་ཞུ་བའི་ལམ་ལུགས་ནན་མོ་བཟོ་དགོས་ཤིང་། སྤྱི་ཁྱབ་ཅུའུ་ཡི་ཏང་ཀྲུང་དབྱང་དང་། སྤྱི་ཁྱབ་ཅུའུ་ཡི་སྡེ་ཚན་ཁག་གིས་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་སྤྱི་ཁྱབ་ཅུའུ་ལ་བརྡ་འཕྲིན་འབུལ་དགོས་ཤིང་། ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་དེ་སྡེ་ཚན་འགན་འཁུར་ལ་ཞིབ་བཤེར་དང་འགག་སྒོ་ནན་མོ་སྲུང་དགོས། སྤྱི་ཡོངས་དང་སྲིད་ཇུས་རང་བཞིན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་རིགས་ལ་སྤྱི་ཁྱབ་ཅུའུ་ཡིས་ཞིབ་མཆན་བཀོད་རྗེས་སྐྱེལ་བའམ་ཡང་ན་ཁྱབ་བསྒྲགས་བྱེད་དགོས།

ལེའུ་དྲུག་པ། འགོ་ཁྲིད་བྱེད་སྒོར་ཞུགས་པའི་གཏན་འབེབས།

དོན་ཚན་སོ་བཞི་པ། སྤྱི་ཁྱབ་ཅུའུ་ཡི་བླང་བྱ་གཞིར་བཟུང་ནས་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱིས་གཉེར་བའི་ཚོགས་འདུ་དང་བྱེད་སྒོར་ཞུགས་པ་དང་། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤེལ་བའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་འདུར་ཞུགས་པའམ་ཡང་ན་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཞུགས་པའི་ཞིབ་ཕྲའི་དོན་གནད་ཀྱི་ཚོགས་འདུ་དང་བྱེད་སྒོར་ཞུགས་དགོས་ཤིང་། ལས་དོན་གལ་ཆེན་དང་ཕྱི་རྒྱལ་དུ་འགྲོ་བ་སོགས་ཀྱི་དབང་གིས་ཚོགས་འདུར་ཞུགས་མ་ཐུབ་ཚེ། བྱ་བ་གཙོ་སྐྱོང་བྱེད་མཁན་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཚོགས་འདུར་ཞུགས་དགོས་པ་མ་ཟད། གཉེར་སྐྱོང་སྡེ་ཚན་ལ་གནས་ཚུལ་གསལ་བཤད་བྱེད་དགོས་པ་དང་། ལས་བགོས་འགན་གཉེར་འགོ་ཁྲིད་ཚོགས་འདུར་ཞུགས་དགོས་པའི་བླང་བྱ་བཏོན་ཚེ་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་ཅུའུ་ཀྲང་ལ་སྙན་སེང་ཞུ་དགོས་པ་དང་ཅུའུ་ཀྲང་གིས་དབང་ཆ་སྤྲད་པ་ལྟར། གཞུང་དོན་ཐིང་གིས་སྤྱི་ཁྱབ་ཅུའུ་གཞན་དག་གི་འགོ་ཁྲིད་མཐུན་སྦྱོར་བྱས་ནས་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གཉེར་བའི་སྤྱིར་བཏང་རང་བཞིན་གྱི་ཚོགས་འདུ་དང་བྱེད་སྒོ་དེ་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱིས་རྩ་དོན་ལྟར་ཐག་གཅོད་བྱེད་པ་དང་། བྱ་བ་གལ་ཆེན་དང་པེ་ཅིང་ནས་གཞུང་དོན་དུ་བསྐྱོད་དེ་ཚོགས་འདུར་ཞུགས་མ་ཐུབ་ཚེ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཞུགས་རྒྱུའི་མངགས་བཅོལ་བྱེད་པ་དང་། སྤྱི་ཁྱབ་ཅུའུ་ཡི་འབྲེལ་ཡོད་སྡེ་ཚན་གྱིས་ཚན་པར་གནས་ཚུལ་གསལ་བཤད་བྱེད་དགོས།

དོན་ཚན་སོ་ལྔ་བ། སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱིས་རྟག་ཏུ་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གནས་ཚུལ་ཤེས་རྟོགས་དང་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་དགོས། གཞུང་དོན་དུ་ཕྱི་རོལ་དུ་སྐྱོད་སྐབས་ཕེབས་རོགས་མི་སྣ་ཉུང་དུ་བཏང་ནས་སྣེ་ལེན་གུས་སྲོལ་སྟབས་བདེ་རུ་གཏོང་བ་དང་དངོས་ཕན་དོན་གཉེར་བྱེད་དགོས།

དོན་ཚན་སོ་དྲུག་པ། སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་བྱེད་སྒོར་ཞུགས་སྐབས་བྱ་བ་གལ་ཆེན་དག་ལ་ཁག་བགོས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཤིང་། སྤྱི་ཁྱབ་ཅུའུ་ཡི་མིང་ཐོག་ནས་གཙོ་གཉེར་བྱས་པའམ་ཡང་ན་གཉེར་འགན་འཁུར་བའི་རྒྱལ་སྤྱི་རྒྱལ་ནང་གི་འགྲན་བསྡུར་དང་བྱེད་སྒོ་ཆེ་གྲས་ལ་སྤྱི་ཁྱབ་ཅུའུ་ཡིས་གཙོ་གཉེར་བྱེད་དགོས། ཚོགས་འདུ་གལ་ཆེན་དང་འགྲན་བསྡུར་གལ་ཆེན། བྱེད་སྒོ་གལ་ཆེན་བཅས་ལ་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཚོགས་འདུར་ཞུགས་དགོས་པས་སྤྱི་ཁྱབ་ཅུའུ་ཡི་ལོ་གཅིག་གི་བྱ་བའི་འཆར་གཞིའི་ནང་འཇུག་པ་དང་། སྡེ་ཚན་ཁག་གིས་ལོ་རེའི་ལོ་མཇུག་གོང་ལོ་འཁོར་རྗེས་མའི་དགོས་མཁོ་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་འགྲན་བསྡུར་བྱེད་སྒོར་ཞུགས་རྒྱུའི་འཆར་གཞི་བཏོན་ཏེ་གཞུང་དོན་ཐིང་གིས་ཕྱོགས་བསྡུས་བྱས་ནས་ཐོག་མའི་ཞིབ་བཤེར་བྱས་ཏེ་ཅུའུ་ཀྲང་གཞུང་དོན་ཚོགས་འདུའི་ཐོག་ཞིབ་བཤེར་གཏན་འབེབས་བྱེད་དགོས་ཤིང་། འཆར་གཞིའི་ནང་བཅུག་ཚེ་གཙོ་གཉེར་སྡེ་ཚན་ནམ་ཡང་ན་ཚན་པའི་བྱ་བར་ཉིན10ཡི་སྔོན་དུ་དགོངས་དོན་སྙན་སེང་ཞུས་པ་དང་གཞུང་དོན་ཐིང་གིས་ཞིབ་བཤེར་བྱས་རྗེས་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ལ་ཞིབ་མཆན་འགོད་རྒྱུར་འབུལ་དགོས་པ་མ་ཟད། འཆར་གཞིའི་ནང་བཅུག་མེད་པའམ་གཏན་འབེབས་ལྟར་སྔོན་ལ་དགོངས་དོན་ཞུས་མེད་པའི་རིགས་རྩ་དོན་ཐོག་བདག་སྤྲོད་མི་བྱེད། སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་གནས་སྐབས་ཚོགས་འདུར་ཞུགས་པའི་བྱེད་སྒོར་ངེས་པར་དུ་དོན་དེའི་ཆེད་དོན་སྙན་སེང་འབུལ་དགོས་ཤིང་།  སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་སྤྱིར་བཏང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། གྲོང་ཁྱེར་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་ཚོགས་འདུ་དང་། ལུས་རྩལ་འགྲན་ཚོགས། རྟེན་འབྲེལ་མཛད་སྒོ་སོགས་ཀྱི་བྱེད་སྒོར་ཞུགས་མ་ཐུབ་ཚེ། རྟེན་འབྲེལ་འཕྲིན་ཡིག་དང་རྟེན་འབྲེལ་གློག་འཕྲིན་སོགས་ཡོངས་བསྒྲགས་མི་བྱེད།

དོན་ཚན་སོ་བདུན་པ། སྤྱི་ཁྱབ་ཅུའུ་ཡི་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་གདན་དྲངས་ནས་ལུས་རྩལ་བྱེད་སྒོ་ཆེ་གྲས་ཁྲོད་ལས་འགན་འཁུར་བ་དང་ཚོགས་ཞུགས་བྱེད་སྒོར་མིང་འདོན་པའམ་ཡང་ན་ཐད་ཀར་གདན་ཞུ་བྱེད་མི་ཆོག རྩ་དོན་ཐོག་བྱེད་སྒོ་སྤེལ་ཐེངས་གཅིག་ལ་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་གཅིག་མ་གཏོགས་གདན་དྲངས་མེད་པ་དང་། བྱེད་སྒོ་གཅིག་ལ་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཐེངས་གཅིག་མ་གཏོགས་ཞུགས་མེད།

དོན་ཚན་སོ་བརྒྱད་པ། སྤྱི་ཁྱབ་ཅུའུ་ཡི་ཚན་པ་ཁག་གིས་ཡིད་མཐུན་རོགས་རམ་འོག་གན་རྒྱ་འཇོག་སྐབས་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་གུས་སྲོལ་རང་བཞིན་གྱི་བྱེད་སྒོར་ཞུགས་རྒྱུ་དེ་ཁ་ཆད་ལག་བསྟར་བྱེད་པའི་ཆ་རྐྱེན་དུ་བརྩི་མི་ཆོག་པ་དང་འབྲེལ་ཡིད་མཐུན་རོགས་སྐྱོར་ཚོང་པས་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་དག་གི་ཕྱག་བྲིས་ཕྱག་བསྟར་མ་དང་མཉམ་པར་སོགས་ཚོང་ལས་བྱེད་སྒོ་དང་བརྡ་ཁྱབ་དྲིལ་བསྒྲགས་སོགས་ལ་སྤྱོད་མི་ཆོག

དོན་ཚན་སོ་དགུ་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། གྲོང་ཁྱེར་བཅས་ཀྱི་འགོ་ཁྲིད་བློ་མཐུན་སྤྱི་ཁྱབ་ཅུའུ་རུ་བྱ་བ་གྲོས་མོལ་བྱེད་པར་ཡོང་བ་དང་། འདྲ་མཚུངས་ཀྱི་རྩ་དོན་ལྟར་སྤྱི་ཁྱབ་ཅུའུ་འགོ་ཁྲིད་ལ་སྣེ་ལེན་ཞུ་བ། འབྲེལ་ཡོད་སྡེ་ཁག་ཏུ་ཞུགས་པ། གཞུང་དོན་ཐིང་གིས་གཅིག་གྱུར་གྱིས་བཀོད་སྒྲིག་བཅས་བྱ་དགོས།

དོན་ཚན་བཞི་བཅུ་བ། སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱིས་ཚན་པ་ཁག་གི་བྱ་བ་བསྒྲུབ་པར་ཞུགས་མ་ཐུབ་ཚེ། བྱ་བའི་དགོས་མཁོའི་དབང་གིས་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཚོགས་འདུར་གདན་ཞུ་བྱེད་དགོས་པ་དང་། ངེས་པར་དུ་སྤྱི་ཁྱབ་ཅུའུ་ལ་ཡིག་ཐོག་ནས་དགོངས་དོན་ཞུས་ཏེ་ཕྱི་ཕྱོགས་འབྲེལ་གཏུག་གཏན་འབེབས་ལྟར་བསྒྲུབ་དགོས།

དོན་ཚན་ཞེ་གཅིག་པ། ལུས་རྩལ་ཚོགས་པ་ཕྱི་རྒྱལ་དུ་ལོག་པའམ་ཡང་ན་རྒྱལ་ནང་དུ་ལོག་སྐབས་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་ཀྱིས་རྩ་དོན་ཐོག་གནམ་གྲུ་ཐང་དུ་བསུ་བ་ཞུ་ཐུབ་མེད་པ་དང་། འཛམ་གླིང་གི་འགྲན་བསྡུར་གལ་ཆེན་ཁྲོད་གྲུབ་འབྲས་ཆེན་པོ་ཐོབ་པ་དང་ཤུགས་རྐྱེན་ཆེ་ཙམ་ལྡན་པའི་ལུས་རྩལ་ཚོགས་པ་རྒྱལ་ནང་དུ་ལོག་སྐབས་སྤྱི་ཁྱབ་ཅུའུ་ཡིས་བསུ་བ་ཞུ་ཆོག་པ་དང་། ཨོ་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སོགས་ཕྱོགས་བསྡུས་རང་བཞིན་གྱི་འགྲན་བསྡུར་ནང་ཞུགས་རྒྱུ་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པས་སྣེ་ལེན་ཚོགས་ཆུང་བཙུགས་ནས་ཞིབ་ཕྲའི་སྒྲིག་འཛུགས་བྱེད་དགོས།

ལེའུ་བདུན་པ། སྒྲིག་ཁྲིམས་ཀྱི་བླང་བྱ།

དོན་ཚན་ཞེ་གཉིས་པ། རིམ་པ་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་གཙང་སྐྱོང་གི་ཚད་གཞི་འགའ་ཞིག》གི་བླང་བྱ་ཁག་ལག་བསྟར་ནན་ཏན་བྱས་ཏེ། བྱ་བ་ནན་མོ་བསྒྲུབ་པ་དང་། རང་ལུས་རང་གཅེས། རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། 《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་གཙང་སྐྱོང་གི་ཚད་གཞི་འགའ་ཞིག》དང་འགལ་བའི་བྱ་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས།

དོན་ཚན་ཞེ་གསུམ་པ། དགོངས་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་ཤིང་། ཅིང་ཅིང་ནས་ཞལ་གྱེས་ཏེ་གཞུང་དོན་སྒྲུབ་པར་ཕེབས་བ་དག་ལ་གཞུང་དོན་ཐིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལ་སྙན་སེང་ཞུ་རྒྱུ་མ་ཟད། པེ་ཅིང་དུ་ལས་དོན་གཙོ་སྐྱོང་བྱེད་མཁན་གྱི་སྤྱི་ཁྱབ་ཅུའུ་འགོ་ཁྲིད་མིང་ཐོར་འབུལ་བ་དང་། སྤྱི་ཁྱབ་ཅུའུ་གཞན་དག་གི་འགོ་ཁྲིད་པེ་ཅིང་ནས་ཕྱིར་བསྐྱོད་པ་ལ་ཅུའུ་ཀྲང་ལ་སྙན་སེང་ཞུ་བ་དང་འབྲེལ་གཞུང་དོན་ཐིང་གིས་སྤྱི་ཁྱབ་ཅུའུ་གཞན་དག་གི་འགོ་ཁྲིད་ལ་བརྡ་ཁྱབ་གཏོང་དགོས་ཤིང་། སྤྱི་ཁྱབ་ཅུའུ་ཡི་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོ་པེ་ཅིང་ནས་ཕྱིར་སྐྱོད་སྐབས་ངེས་པར་དུ་སྤྱི་ཁྱབ་ཅུའུ་ལས་བགོས་འགན་གཉེར་འགོ་ཁྲིད་ལ་དགོངས་སྐོར་ཞུ་དགོས་པ་མ་ཟད། ཕར་འགྲོ་ཚུར་འོང་གི་དུས་ཚོད་དང་། ས་གནས། བྱ་བའི་ནང་དོན། འབྲེལ་གཏུག་བྱེད་སྟངས་བཅས་དང་དེ་བཞིན་པེ་ཅིང་དུ་རྒྱུན་གཏན་གྱི་ལས་དོན་གཙོ་སྐྱོང་བྱེད་མཁན་གྱི་འགན་ཁུར་བའི་མིང་ཐོ་གཞུང་དོན་ཐིང་ལ་སྙན་ཐོ་འབུལ་རྒྱུ་དང་། པེ་ཅིང་དུ་ལོག་རྗེས་དུས་ཐོག་ཏུ་སྤྱི་ཁྱབ་ཅུའུ་ཡི་ལས་བགོས་འགན་གཉེར་འགོ་ཁྲིད་ལ་དགོངས་པ་ཞུ་དགོས།

5 སྒྲིག་ཁྲིམས།

བཅའ་ཁྲིམས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་བཅའ་ཁྲིམས། སྤྱི་ལོ2008ལོའི་ཟླ5པའི་ཚེས7ཉིན།

སྲིད་འཛིན་ཁྲིམས་སྲོལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་། དམངས་སྲིད་པུའུ། སྤྱི་བདེ་པུའུ་བཅས་ཀྱི་ལུས་སྦྱོང་བྱེད་སྒོར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བསམ་འཆར་གྱི་བརྡ་ཐོ། སྤྱི་ལོ2010ལོའི་ཟླ2པའི་ཚེས2ཉིན།

《དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག》སྤྱི་ལོ2009ལོའི་ཟླ9པའི་ཚེས7ཉིན།

སློབ་གྲྭའི་ལུས་རྩལ་ལས་དོན་སྲོལ་ཡིག སྤྱི་ལོ2008ལོའི་ཟླ5པའི་ཚེས7ཉིན།

རྒྱལ་ཁབ་ལུས་རྩལ་སྦྱོང་བརྡར་ཚད་གཞི་ལག་བསྟར་བྱེད་ཐབས། སྤྱི་ལོ2008ལོའི་ཟླ5པའི་ཚེས7ཉིན།

སྨན་རྫས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག སྤྱི་ལོ2008ལོའི་ཟླ5པའི་ཚེས4ཉིན།

ཀྲུང་གོའི་རི་འཛེག་དོ་དམ་བྱེད་ཐབས། སྤྱི་ལོ2007ལོའི་ཟླ11པའི་ཚེས14ཉིན།

སྤྱི་པའི་རིག་གནས་ལུས་རྩལ་སྒྲིག་བཀོད་སྲོལ་ཡིག སྤྱི་ལོ2004ལོའི་ཟླ8པའི་ཚེས20ཉིན།

མཚོན་རྟགས་སྲུང་སྐྱོབ་སྲོལ་ཡིག སྤྱི་ལོ2003ལོའི་ཟླ9པའི་ཚེས17ཉིན།

ཀྲུང་དབྱང་ཡིག་ཆ།

གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལ་ཤུགས་སྣོན་བརྒྱབ་ནས་གཞོན་ནུ་ལོ་ཆུང་གི་གཟུགས་གཞི་བདེ་ཐང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར། སྤྱི་ལོ2008ལོའི་ཟླ5པའི་ཚེས8ཉིན།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་། དམངས་སྲིད་པུའུ། སྤྱི་ཁྱབ་འབྲེལ་གཏུག་པུའུ་བཅས་ཀྱི་ལུས་སྦྱོང་བྱེད་སྒོའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བསམ་འཆར། སྤྱི་ལོ2008ལོའི་ཟླ5པའི་ཚེས8ཉིན།

སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རྫོང་རིམ་པའི་ལུས་རྩལ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་བསམ་འཆར། སྤྱི་ལོ2008ལོའི་ཟླ5པའི་ཚེས8ཉིན།

དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞིའི་རྩ་གནད། སྤྱི་ལོ2008ལོའི་ཟླ5པའི་ཚེས8ཉིན།

དུས་སྐབས་གསར་པའི་ལུས་རྩལ་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར།

སྒྲིག་སྲོལ།

《འབྲིང་རིམ་ལུས་རྩལ་སློབ་གྲྭའི་སྒྲིག་བཀོད་ཚད་གཞི》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ། སྤྱི་ལོ2012ལོའི་ཟླ1པའི་ཚེས11ཉིན།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་བཀའ་རྒྱ་ཨང15པ《ལོ་ཆུང་བྱིས་པའི་ལུས་རྩལ་སློབ་གྲྭར་དོ་དམ་བྱེད་ཐབས》སྤྱི་ལོ2012ལོའི་ཟླ1པའི་ཚེས11ཉིན།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཨང14པ《འབྲིང་རིམ་ལུས་རྩལ་སློབ་གྲྭའི་དོ་དམ་བྱེད་ཐབས》སྤྱི་ལོ2012ལོའི་ཟླ1པོའི་ཚེས11ཉིན།

ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད། སྤྱི་ལོ2011ལོའི་ཟླ4པའི་ཚེས1ཉིན།

སྒུལ་ཤུགས་ཉི་གདུགས་ལུས་རྩལ་དོ་དམ་བྱེད་ཐབས།  སྤྱི་ལོ2010ལོའི་ཟླ5པའི་ཚེས27ཉིན།

ལུས་རྩལ་བྱ་གཞག་གི“ལོ་ལྔ་ཚན་བཅུ་གཅིག་པའི”འཆར་འགོད། སྤྱི་ལོ2010ལོའི་ཟླ2པའི་ཚེས5ཉིན།

སྒྲིག་སྲོལ་དང་ཚད་ལྡན་ཅན་གྱི་ཡིག་ཆ་ཁག་གཅིག་མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས། སྤྱི་ལོ2010ལོའི་ཟླ2པའི་ཚེས4ཉིན།

ལུས་རྩལ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར། སྤྱི་ལོ2010ལོའི་ཟླ2པའི་ཚེས4ཉིན།

ལུས་རྩལ་ལྟེ་གནས་ལས་དོན་ཚད་ལྡན་ཅན་གྱི་འབྲེལ་ཡོད་གནད་དོན་སྐོར་གྱི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་བརྡ་ཐོ། སྤྱི་ལོ2010ལོའི་ཟླ2པའི་ཚེས4ཉིན།

རྒྱལ་ཡོངས་ཀྱི་རླངས་འཁོར་འགུལ་སྐྱོད་དོ་དམ་གཏན་འབེབས། སྤྱི་ལོ2010ལོའི་ཟླ2པའི་ཚེས4ཉིན།

རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་སྤྱི་ཚོགས་ཚོགས་པས་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས། སྤྱི་ལོ2010ལོའི་ཟླ2པའི་ཚེས3ཉིན།

2001ལོ་ནས2010ལོའི་བར་ལུས་རྩལ་བསྒྱུར་བཅོས་དང་གོང་སྤེལ་རྩ་གནད། སྤྱི་ལོ2010ལོའི་ཟླ2པའི་ཚེས3ཉིན།

ཤུད་ལྡིང་ལུས་རྩལ་དོ་དམ་བྱེད་ཐབས། སྤྱི་ལོ2010ལོའི་ཟླ2པའི་ཚེས3ཉིན།

ལུས་རྩལ་སྤྲོ་སྐྱིད་ཁང་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ལུས་རྩལ་སྤྲོ་སྐྱིད་ཁང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར། སྤྱི་ལོ2010ལོའི་ཟླ2པའི་ཚེས3ཉིན།

རྒྱལ་ཁབ་ལུས་རྩལ་ཨུ་ཡོན་ལྷན་ཁང་ལུས་རྩལ་ལྟེ་གནས་ཀྱི་ལས་དོན་ཚད་ལྡན་དུ་གཏོང་བའི་གནས་སྐབས་ལག་བསྟར་གཏན་འབེབས། སྤྱི་ལོ2010ལོའི་ཟླ2པའི་ཚེས3ཉིན།

ལུས་རྩལ་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས། སྤྱི་ལོ2010ལོའི་ཟླ2པའི་ཚེས3ཉིན།

རྒྱལ་ཡོངས་ལུས་རྩལ་འགྲན་བསྡུར་གྱི་འགྲན་ཁུལ་ཡག་ཤོས་དང་ཕུལ་བྱུང་འགྲན་ཁུལ་གྱི་དཔྱད་འདེམས་ལག་བསྟར་བྱེད་ཐབས། སྤྱི་ལོ2008ལོའི་ཟླ5པའི་ཚེས9ཉིན།

ལུས་རྩལ་བྱ་འགུལ་ཁྲོད་སྨན་རྫས་བཀོལ་བ་གཏན་འགོག་ནན་མོ་བྱེད་པའི་སྐོར་གྱི་གཏན་འབེབས། སྤྱི་ལོ2008ལོའི་ཟླ5པའི་ཚེས9ཉིན།

སྨན་བཤེར་ལས་དོན་མི་སྣའི་དོ་དམ་གནས་སྐབས་ལག་བསྟར་བྱེད་ཐབས། སྤྱི་ལོ2008ལོའི་ཟླ5པའི་ཚེས9ཉིན།

ལུས་རྩལ་རྒྱན་ཤོག་སྤྱི་ཕན་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས། སྤྱི་ལོ2008ལོའི་ཟླ5པའི་ཚེས8ཉིན།

ལུས་རྩལ་བྱེད་སྒོའི་བདེ་འཇགས་སྲུང་སྐྱོབ་ལས་དོན་སྤེལ་རྒྱུའི་གཏན་འབེབས། སྤྱི་ལོ2008ལོའི་ཟླ5པའི་ཚེས8ཉིན།

ལུས་རྩལ་པའི་རྩལ་ཁྲིད་པར་བྱ་དགའ་སྤྲོད་པའི་ལག་བསྟར་བྱེད་ཐབས། སྤྱི་ལོ2008ལོའི་ཟླ5པའི་ཚེས8ཉིན།

ལུས་རྩལ་པས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་ཕོགས་སྣོན་ལག་བསྟར་བྱེད་ཐབས། སྤྱི་ལོ2008ལོའི་ཟླ5པའི་ཚེས8ཉིན།

སྤྱི་ཚོགས་ལུས་རྩལ་ཁྲིད་སྟོན་པའི་ལག་རྩལ་རིམ་པའི་ལམ་ལུགས། སྤྱི་ལོ2008ལོའི་ཟླ5པའི་ཚེས8ཉིན།

ལུས་རྩལ་བསྡོམས་རྩིས་ལས་དོན་དོ་དམ་བྱེད་ཐབས། སྤྱི་ལོ2008ལོའི་ཟླ5པའི་ཚེས8ཉིན།

ཕུལ་བྱུང་ལུས་རྩལ་པ་དང་རྩལ་འཁྲིད་ལུས་རྩལ་འགུལ་སྐྱོད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས། སྤྱི་ལོ2007ལོའི་ཟླ12པའི་ཚེས3ཉིན།

སྒྲིག་སྲོལ་དང་ཚད་ལྡན་ཅན་གྱི་ཡིག་ཆ་ཁག་ཅིག་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན། སྤྱི་ལོ2007ལོའི་ཟླ11པའི་ཚེས29ཉིན།

ལུས་སྦྱོང་དོ་དམ་བྱེད་ཐབས། སྤྱི་ལོ2007ལོའི་ཟླ11པའི་ཚས14ཉིན།

ལོ་ཆུང་བྱིས་པའི་ལུས་རྩལ་སློབ་གྲྭའི་དོ་དམ་བྱེད་ཐབས། སྤྱི་ལོ2007ལོའི་ཟླ11པའི་ཚེས14ཉིན།

སྤྱི་ཁྱབ་ཅུའུ་ཡི་སྲིད་འཛིན་ཆོག་མཆན་འགོད་པའི་ཆ་རྐྱེན་དང་གོ་རིམ་སྐོར་གྱི་བརྡ་ཐོ། སྤྱི་ལོ2007ལོའི་ཟླ4པའི་ཚེས23ཉིན།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་སྒྲིག་སྲོལ་གཏན་འབེབས་ཀྱི་གོ་རིམ། སྤྱི་ལོ2005ལོའི་ཟླ10པའི་ཚེས25ཉིན།

སྤྱི་ཚོགས་ཀྱིས་ལུས་རྩལ་པ་དང་། རྩལ་འཁྲིད་པའི་བྱ་དགའ། བྱ་དགའི་དངོས་རྫས་དོ་དམ་བཅས་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས། སྤྱི་ལོ2005ལོའི་ཟླ6པའི་ཚེས3ཉིན།   

རང་རྒྱལ་གྱི་ལུས་རྩལ་བསྡོམས་རྩིས་འཛམ་གླིང་གི་ཨང་དང་པོ་དང་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དོ་དམ་བྱེད་ཐབས་སྐོར། སྤྱི་ལོ2005ལོའི་ཟླ6པའི་ཚེས2ཉིན།

ལུས་རྩལ་འགྲན་བསྡུར་གྱི་ཤན་འབྱེད་པ་དོ་དམ་བྱེད་ཐབས། སྤྱི་ལོ2005ལོའི་ཟླ6པའི་ཚེས6ཉིན།

རྒྱལ་ནང་གི་རི་འཛེག་དོ་དམ་བྱེད་ཐབས། སྤྱི་ལོ2004ལོའི་ཟླ6པའི་ཚེས8ཉིན།

ལུས་རྩལ་འགྲན་ཚོགས་ཆེ་གྲས་ཀྱི་ཡིག་ཚགས་དོ་དམ་བྱེད་ཐབས། སྤྱི་ལོ2003ལོའི་ཟླ5པའི་ཚེས8ཉིན།

རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་ལས་དོན་མི་སྣའི་སྒྲིག་ཁྲིམས་ཀྱི་གཏན་འབེབས།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཐད་གཏོགས་ཚན་པའི་རྩིས་གཉེར་གཅིག་སྡུད་ཞིབ་རྩིས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས། སྤྱི་ལོ2003ལོའི་ཟླ9པའི་ཚེས18ཉིན།

ལུས་རྩལ་རྒྱན་ཤོག་གི་གནས་སྐབས་ལག་བསྟར་གཏན་འབེབས། སྤྱི་ལོ2003ལོའི་ཟླ9པའི་ཚེས18ཉིན།

6 འཆར་ཟིན་དག་ཐེར་ལེགས་བཅོས།

སྤྱི་ལོ2015ལོའི་ཟླ2པའི་ཚེས6ཉིན་ལས་དོན་མི་སྣའི་ནོར་འཛོལ་གྱི་དབང་གིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་སྲིད་གཞུང་གི་དྲ་ཚིགས་ཐོག་གཏན་འཁེལ་བྱས་མེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་སྒྲིག་སྲོལ་བཀོད་པ་དེའི་ནང་འཐུས་མི་ཚོགས་པའི་གྲུབ་འབྲས་ཀྱི་ཨང་རིམ་དང་། དེ་བཞིན་རྣམ་གྲངས་འོག་གི་འགྲེལ་བཤད་ནང་དོན་དང《ཀྲུང་གུང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཏང་ཙུའི་སྐོར་གཟིགས་དག་ཐེར་གནས་ཚུལ་སྐོར་གྱི་བརྡ་ཐོ》དང་འགལ་བའི་དོན་གནད་ཁྱབ་བསྒྲགས་བྱ་རྒྱུ་དང་འབྲེལ་བ་ཡོད་དེ། ལུས་རྩལ་སྤྱི་ཁྱབ་ཅུའུ་ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་དག་ཐེར་བྱེད་དགོས་པའི་བཀའ་གནང་བ་རེད། དེར་བརྟེན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སོགས་འགྲན་བསྡུར་གྱི་གྲུབ་འབྲས་མིང་ཐོ་ཁོ་ན་ཁྱབ་བསྒྲགས་བྱེད་དགོས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་གསེར་གྱི་རྟགས་མ་དང་བྱ་དགའི་རྟགས་མ། སྤྱིའི་སྐར་གྲངས་བཅས་ཁག་སོ་སོར་ཡོངས་བསྒྲགས་བྱ་རྒྱུའི་ཞིབ་ཕྲའི་བླང་བྱ་དང་ནང་དོན་ལ་འགྱུར་ལྡོག་གང་ཡང་བྱུང་མེད་ཅེས་བསྐྱར་བཤད་བྱས་པ་རེད།

7 ད་ལྟའི་འགོ་ཁྲིད།

ཅུའུ་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། ཀུའུ་ཀྲུང་ཝུན།

ཅུའུ་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ཀའོ་ཀྲི་ཏན།

ཅུའུ་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། དབྱང་ཉིང་།

ཅུའུ་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ལི་དབྱིན་ཁྲོན།

ཅུའུ་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ལི་ཅན་མིང་།

ཅུའུ་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ཏུའུ་ཀྲའོ་ཚའེ།

8 ཅུའུ་ཀྲང་རིམ་བྱོན།

 རུས་མིང་། འགན་འཛིན་ཡུན་ཚད། 
ལས་ཐོག་དང་པོ།

ཧོ་ལུང་།

སྤྱི་ལོ1952ལོའི་ཟླ11-སྤྱི་ལོ1969ལོའི་ཟླ6 
ལས་ཐོག་གཉིས་པ།

ཝང་མོང་།

སྤྱི་ལོ1971ལོའི་ཟླ7-སྤྱི་ལོ1971ལོའི་ཟླ2
ལས་ཐོག་གསུམ་པ། ཀྲོང་ཙེ་གདོང་།

སྤྱི་ལོ1977ལོའི་ཟླ2-སྤྱི་ལོ1976ལོའི་ཟླ10

ལས་ཐོག་བཞི་བ། ཝང་མོང་།

སྤྱི་ལོ1977ལོའི་ཟླ2-སྤྱི་ལོ1981ལོའི་ཟླ8

ལས་ཐོག་ལྔ་བ།

ལི་མེང་ཧྭ།

སྤྱི་ལོ1981ལོའི་ཟླ8- སྤྱི་ལོ1988ལོའི་ཟླ12 
ལས་ཐོག་དྲུག་པ། ཝེའུ་ཧྲོ་ཙོའུ།

སྤྱི་ལོ1988ལོའི་ཟླ12-སྤྱི་ལོ1998ལོའི་ཟླ3  སྤྱི་ལོ1998ལོའི་ཟླ3-སྤྱི་ལོ2000ལོའི་ཟླ4

ལས་ཐོག་བརྒྱད་པ།  ཡོན་ཝེ་རྨིན།   སྤྱི་ལོ2000ལོའི་ཟླ4-སྤྱི་ལོ2004ལོའི་ཟླ12 
ལས་ཐོག་དགུ་བ།

ལིའུ་ཕེང་།

 སྤྱི་ལོ2004ལོའི་ཟླ12-སྤྱི་ལོ2016ལོའི་ཟླ10 
ལས་ཐོག་བཅུ་བ།

ཀོ་ཀྲུང་ཝུན།

སྤྱི་ལོ2016.11-ད་ལྟའི་བར།


དཔྱད་གཞིའི་ཡིག་ཆ།