ཝུ་སིབ་ཁུ་ནགསྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2019-12-02 15:29ལ་འགྲུབ།

ཝུ་སིབ་ཁུ་ནག

ཝུ་སིབ་ཁུ་ནག
ཝུ་སིབ་ཁུ་ནག་ནི་དུས་རབས19པའི་ལོ་རབས90པར་བྱུང་ཞིང་། ཨ་རིའི་བྱང་རྒྱུད་ཀྱི་ཁཱ་ལོ་ལའེ་ནཱ་མངའ་སྡེ་ཡི་སྨན་གཉེར་དཀའ་བཅུ་པ་པུའུ་ལའེ་ཏུ་ཧན་མུའུ་ཡིས་བཟོས་ཤིང་། ཐཱན་སྐྱུར་ཆུ་དང་ཀ་ར། དྲི་ཞིམ་རྩྭ། སྣུམ་རྗེན། ཕོ་བའི་སྤྲི་དཀར་འཇུ་རྫས། ཁུ་ལི་ཀུའོ(可乐果)སོགས་ཀྱིས་གྲུབ་པ་དང་། འདི་ནི་ཐོག་མར་ཕོ་བའི་ནད་རིགས་བཅོ་བྱེད་ཀྱི་སྨན་རྫས་ཤིག་ཡིན་མོད། རྗེས་སུ་ཝུ་སིབ་ཁུ་ནག་ཏུ་མིང་བསྒྱུར་ཏེ་སྤྱི་ལོ1903ལོའི་ཟླ6པའི་ཚེ16ཉིན་ཚོང་རྟགས་ཐོ་འགོད་བྱས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཝུ་སིབ་ཁུ་ནག
རྒྱ་ཡིག་གི་མིང་།
百事可乐
ཕྱི་ཡིག་གི་མིང་།
Pepsi Cola
ཐོ་འགོད་དུས་ཚོད།
སྤྱི་ལོ1903ལོའི་ཟླ6པའི་ཚེས16ཉིན།
གསར་གཏོད་པ།
པུའུ་ལའེ་ཏུ་ཧན་མུའུ།
རྒྱུ་ཆ་གཙོ་བོ།
ཐཱན་སྐྱུར་ཆུ་དང་ཀ་ར། དྲི་ཞིམ་རྩྭ། སྣུམ་རྗེན། ཕོ་བའི་སྤྲི་དཀར་འཇུ་རྫས། ཁུ་ལི་ཀུའོ།
འགྲན་ཡ།
ཁུ་ཁོལ་ཁུ་ནག
1 ​ངོ་སྤྲོད།

ཝུ་སིབ་ཁུ་ནག་ནི་དུས་རབས19པའི་ལོ་རབས90པར་བྱུང་ཞིང་། ཨ་རིའི་བྱང་རྒྱུད་ཀྱི་ཁཱ་ལོ་ལའེ་ནཱ་མངའ་སྡེ་ཡི་སྨན་གཉེར་དཀའ་བཅུ་པ་པུའུ་ལའེ་ཏུ་ཧན་མུའུ་ཡིས་བཟོས་ཤིང་། ཐཱན་སྐྱུར་ཆུ་དང་ཀ་ར། དྲི་ཞིམ་རྩྭ། སྣུམ་རྗེན། ཕོ་བའི་སྤྲི་དཀར་འཇུ་རྫས། ཁུ་ལི་ཀུའོ(可乐果)སོགས་ཀྱིས་གྲུབ་པ་དང་། འདི་ནི་ཐོག་མར་ཕོ་བའི་ནད་རིགས་བཅོ་བྱེད་ཀྱི་སྨན་རྫས་ཤིག་ཡིན་མོད། རྗེས་སུ་ཝུ་སིབ་ཁུ་ནག་ཏུ་མིང་བསྒྱུར་ཏེ་སྤྱི་ལོ1903ལོའི་ཟླ6པའི་ཚེ16ཉིན་ཚོང་རྟགས་ཐོ་འགོད་བྱས།

2 འཕེལ་རྒྱས།

རྗེས་ནས་རིམ་བཞིན་འཕེལ་རྒྱས་སུ་སོང་སྟེ་ཨ་རིས་པའེ་ཧྲི་ཀུང་ཟི་འདོན་སྤྲོད་བྱས་པའི་ཐཱན་སྐྱུར་བཏུང་བྱ་དང་། ཨ་རིའི་ཁུ་ཁོལ་ཁུ་ནག་ཀུང་ཟིའི་འགྲན་ཡ་གཙོ་བོར་ཀྱང་གྱུར་པ་རེད། སྤྱི་ལོ2016ལོའི་ཟླ6པའི་ཚེས8ཉིན། 《2016ལོའི་འཛམ་གླིང་ཡོངས་ཀྱི་ཆེས་རིན་ཐང་ལྡན་པའི་ཚོང་རྟགས་གྲགས་ཅན་བརྒྱ》ཞེས་པ་ཁྱབ་བསྒྲགས་བྱས་ཤིང་། ཝུ་སོབ་ཁུ་ནག་ནི་ཨང86པ་དང་། 《2017ལོའི་འཛམ་གླིང་ཡོངས་ཀྱི་ཆེས་རིན་ཐང་ལྡན་པའི་ཚོང་རྟགས་གྲགས་ཅན་བརྒྱ》ཞེས་པར་ཨང84པ་རེད། འདི་ནི་རིགས་གནས་ཤིག་གི་འཕེལ་ཕྱོགས་ཡིན་པའི་ཆ་ནས་ཝུ་སིབ་ཁུ་ནག་གིས་དུས་དང་རྣམ་པ་ཀུན་ཏུ་གཞོན་སྐྱེས་མང་ཚོགས་ཀྱི་རེ་བའི་སྐོམ་པ་སེལ་བཞིན་ཡོད།

3 འགྱུར་ལྡོག།

པའེ་ཧྲི་ཀུང་ཟིའི་ཐོག་མའི་ཀུང་ཟི་ཝུ་སིབ་ཁུ་ནག་ཀུང་ཟི་ནི་སྤྱི་ལོ1898ལོར་གསར་གཏོད་བྱས་ཤིང་། སྤྱི་ལོ1965ལོར་ཝུ་སིབ་ཁུ་ནག་ཀུང་ཟི་ནི་འཛམ་གླིང་གི་ཆེས་ཆེ་བའི་ཞོར་ཟས་བཟོ་སྐྲུན་དང་ཧྥེ་ཏུའོ་ལེ་ཕྱིར་འཚོང་ཀུང་ཟི་གཉིས་ཕྱོགས་བསྡུས་བྱས་ཏེ་པའེ་ཧྲི་ཀུང་ཟི་གྲུབ་པ་ཡིན། སྔར་ལས་ལྷག་པའི་སྒོ་ནས་ཐོན་སྐྱེད་སྒྲིག་གཞིའི་དགེ་མཚན་འདོན་སྤེལ་བྱེད་ཆེད་ཚོང་རའི་ལས་གཉེར་ལྟེ་བ་ཚོང་རྟགས་གཙོ་བོའི་སྟེང་ཕྱོགས་ཏེ། སྤྱི་ལོ1997ལོའི་ཟླ10པར་ལེགས་སྒྲིག་གཏིང་ཟབ་བྱས་ནས་པུས་ཧྲིན་ཁུག་དང་ཁུན་ཏིག་ཆི་སོགས་གསོལ་ཁང་དག་ཀུང་ཟི་ལས་ལོགས་སུ་བཀར་ཏེ་སྒེར་ཚུགས་ཀྱི་ཚོང་རའི་ཀུང་ཟི་སྟེ། འཛམ་གླིང་ལས་རྒྱལ་བའི་ཀུང་ཟི་གྲུབ། འདི་ནི་ནུས་ཤུགས་ཡོད་དགུ་བཏོན་ཏེ་ཚོང་རྟགས་འཛུགས་སྐྲུན་དང་ཚོང་རྟགས་ལས་གཉེར་ལ་ཁ་ཕྱོགས་པ་ཞིག་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཝུ་སིབ་ཁུ་ནག བཏུང་བྱ། འཕེལ་རྒྱས།