ཧྲ་ཡན་ཁའེ།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-09 15:58ལ་འགྲུབ།

ཧྲ་ཡན་ཁའེ།

ཧྲ་ཡན་ཁའེ།
ཀྲུང་གོའི་དེང་རབས་ཀྱི་ཁྲིམས་ལུགས་རིག་པ་མཁས་ཅན་དང་། སྤྱི་ཚོགས་བྱ་འགུལ་པ། མུའུ་སི་ལིན་གྱི་སྐད་གྲགས་ཆེ་བའི་མི་སྣ། མིང་གཞན་ལ་ཝུའུ་ཙེང་ཟེར་ཞིང་། པའོ་ཀོང་ཞེས་ཀྱང་འབོད། ཚེ་མཇུག་ཏུ་མིང་ཁོའུ་རུ་བསྒྱུར། ཅང་སུ་ཞིང་ཆེན་དབྱི་ཤིང་གྲོང་ཁྱེར་ཀྲོའུ་ཐིའེ་ཆའོ་ཡི་མི་ཡིན། ཧུའེ་རིགས་ཡིན། ཆིན་ཀོང་ཞུས་དུས་སྐབས་ཀྱི་ཅུས་རེན་ཡིན།
གཞི་རྩའི་གནས་ཚུལ།

中文名
沙彦楷
མིང་གཞན།
ཝུའུ་ཙེང་། པའོ་ཀོང་། ཁོའུ།
མི་རིགས།
ཧུའེ་རིགས།
སྐྱེས་ལོ།
སྤྱི་ལོ1857ལོར་སྐྱེས།
འདས་ལོ།
སྤྱི་ལོ1970ལོར་འདས།
ལས་རིགས།
ཁྲིམས་ལུགས་པ། སྤྱི་ཚོགས་བྱ་འགུལ་པ།
སློབ་གྲྭ།
ཅིན་ཧྲི་བཅའ་ཁྲིམས་སློབ་གྲྭ།
དད་མོས།
མུའུ་སི་ལིན།
1 ​ངོ་སྤྲོད་མདོར་བསྡུས།

ཧྲ་ཡན་ཁའེ(སྤྱི་ལོ1875~སྤྱི་ལོ1970)ནི་སྤྱི་ལོ1910ལོར་ཅིན་ཧྲི་བཅའ་ཁྲིམས་སློབ་གྲྭ་ནས་མཐར་ཕྱིན། སྔ་རྗེས་སུ་ཅང་སུའུ་མཐོ་རིམ་འདྲི་གཅོད་ཡན་ལག་ཁང་དང་པོའི་འདྲི་གཅོད་མཁན་དང་དམངས་དོན་ཐིང་གི་ཐིང་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་པ་དང་། པེ་ཅིང་ས་གནས་འདྲི་གཅོད་ཐིང་གི་འདྲི་གཅོད་མཁན་དང་དམངས་དོན་ཐིང་གི་ཐིང་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས། སྤྱི་ལོ1918ལོར་ཅིན་ཧྲིའི་མཐོ་རིམ་འདྲི་གཅོད་ཐིང་གི་འདྲི་གཅོད་མཁན་དང་ཐིང་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས། སྤྱི་ལོ1920ལོར་རྒྱལ་ཚོགས་ཀྱི་གྲོས་མི་བྱས། རྗེས་སུ་ཚའོ་ཁུན་གྱི་རྔན་བསླུས་འདེམས་བསྐོ་ལ་ངོ་རྒོལ་བྱས་ཏེ་གོ་གནས་བླངས་རྗེས་ཧྲང་ཧེ་རུ་ཡོང་། སྤྱི་ལོ1925ལོར་ཧྲེན་ཅུན་རུའུ་དང་མཉམ་ལས་བྱས་ཏེ་ཧྲང་ཧེ་ཁྲིམས་རྩོད་པའི་ལས་གཉེར་ཁང་བཙུགས་ནས་ཁྲིམས་རྩོད་པའི་བྱ་བ་གཉེར། སྤྱི་ལོ1936ལོར་ཅང་ཅེ་ཧྲིས་ཧྲེན་ཅུན་རུའུ་དང་ཙོའུ་ཐའོ་ཧྥུན། ལི་ཀུང་ཕུའུ་སོགས་མི་བདུན་འཛིན་བཟུང་བྱ་རྒྱུའི་བཀའ་ཕབ་རྗེས། ཧྲ་ཡན་ཁའེ་གཏུམ་དྲག་ལ་མ་སྐྲག་པར་དངོས་སུ་བཙོན་ཁང་དུ་འདྲི་ཞིབ་བྱེད་པར་སོང་ནས་བཙོན་ཁང་ནས་སྐྱོབ་པའི་ལས་འགུལ་ལ་ཞུགས། ཧྲང་ཧེ་དགྲ་ལག་ཏུ་ཤོར་རྗེས། འཇར་པན་གྱི་དཔོན་རིགས་རྫུས་མའི་ཕོགས་ཐོབ་ལ་སེམས་མ་ཤོར་པར། སེམས་ཐག་གཙང་བཅད་ཀྱིས་ཕ་ཡུལ་དུ་ལོག་ནས། གསར་རྩོམ་གྱི་ལས་ལ་ཞུགས། སྤྱི་ལོ1945ལོར་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཨེན་ལའེ་དང་ཐུག་འཕྲད་ཐེངས་མང་བྱས་ཤིང་། དེ་ནས་བཟུང་རྒྱལ་གཅེས་དམངས་གཙོའི་ལས་འགུལ་ལ་ཞུགས་ནས། དམངས་གཙོ་སྤྱི་ཚོགས་ཏང་གསར་སྒྱུར་ཨུ་ཡོན་ལྷན་ཁང་བཙུགས་ཏེ་སྔ་རྗེས་སུ་ཀྲུའུ་ཞི་གཞོན་པ་དང་ཀྲུའུ་ཞིའི་འགན་བཞེས། རྗེས་སུ“ཀྲུང་གོའི་དམངས་གཙོ་སྲིད་ཚོགས་མནའ་འབྲེལ”(ཀྲུང་གོའི་དམངས་གཙོ་མནའ་འབྲེལ་གྱི་མིང་སྔོན་མ་ཡིན)དུ་ཞུགས་པ་དང་། དམངས་གཙོའི་མནའ་མཐུན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་གྱི་འགན་བཞེས། སྤྱི་ལོ1949ལོའི་ཟླ9པར་སྐབས་དང་པོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་ལ་ཞུགས་ཤིང་། སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཧྲ་ཡན་ཁའེ་ཡིས་ཁྲིམས་འཛིན་དང་། མི་རིགས། དབྱི་སི་ལན་ཆོས་ལུགས་བཅས་ཀྱི་ལས་དོན་ལ་ཞུགས་ཤིང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བློ་འདོན་པ་དང་། ཨུ་ཡོན། ཧྭ་ཤར་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་ཧུའེ་རིགས་རིག་གནས་མཐུན་ཚོགས་ཀྱི་ཀྲུའུ་རེན། ཧྲང་ཧེ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཧྲང་ཧ་གྲོང་ཁྱེར་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། སྤྱི་ལོ1959ལོའི་ཟླ4པར་ཁོང་གིས་ལོ་མང་ལ་ཉར་ཚགས་བྱས་པའི་མིང་རྒྱལ་རབས་སྐབས་ཀྱི་མིས་བཟོས་ཆུ་ཐོག་སྐྱེལ་འདྲེན་གྱི་ས་ཁྲ་བམ་པོ1རྒྱལ་ཁབ་ལ་ཞལ་འདེབས་སུ་ཕུལ་བ་དང་། ཀྲུང་དབྱང་འགྲིམ་འགྲུལ་པུའུ་ཡིས་བྱ་དགའ་གནང་། 

2 བརྩམས་ཆོས། 

ཆུ་བེད་ཞིབ་འཇུག་གི་ཆེད་བརྗོད། 《གཙང་གསུམ་གྱི་དཔྱད་ཞིབ་བཞི་བ》དང་། 《ནན་ཅིང་ཐའེ་ཧུའུ་མཚེའུ་རུ་བསྐྱོད་པའི་ལོ་རྒྱུས་དཔྱད་ཞིབ》རིག་གནས་དང་ལོ་རྒྱུས་ཞིབ་འཇུག་གི་བརྩམས་ཆོས། 《ཐའོ་ཡོན་མིང་གི་མཆན་འགྲེལ་ཁ་གསབ་དཔང་ཡིག》 《ཧུང་ལིའང་ཅི་ཡི་རྣམ་ཐར》 《ཚའོ་ཁུན་རྔན་བསླུས་འདེམས་བསྐོ》སོགས་ཡོད།

དཔྱད་གཞིའི་ཡིག་ཆ།