ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-12-06 11:42ལ་འགྲུབ།

ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།

ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།
ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནི(བསྡུས་མིང་ལ་ཀྲུང་གོའི་དབང་སྐྱོན་ཅན་ལྷན་ཚོགས)རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་རྩ་འཛུགས་ཤིག་ཡིན་ཞིང་། ཀྲུང་གོའི་རིགས་སོ་སོའི་དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་གྱི་ལས་བྱེད་མི་སྣས་གྲུབ་པའི་རྒྱལ་ཡོངས་རང་བཞིན་གྱི་དབང་བོ་སྐྱོན་ཅན་གྱི་ལས་དོན་ཚོགས་པ་ཞིག་ཡིན། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནི་ཀྲུང་གོའི་འོན་པ་དང་ལོང་བའི་གྲོས་ཚོགས(སྤྱི་ལོ1953ལོར་བཙུགས)ཞིག་སྟེ། ཀྲུང་གོའི་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པའི(སྤྱི་ལོ1984ལོར་བཙུགས)རྨང་གཞིའི་སྟེང་སྤྱི་ལོ1988ལོའི་ཟླ3པའི་ཚེས11ཉིན་པེ་ཅིང་ནས་དངོས་སུ་བཙུགས་པ་ཡིན། སྤྱི་ལོ2018ལོའི་ཟླ5པར་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲ་ཚིགས་ལས་དེའི་ནང་ཁུལ་དུ་པུའུ་ཐིན11དང་། དེའི་འོག་ཐད་གཏོགས་ལས་ཁུངས16 ཐད་གཏོགས་ཚོགས་པ12དང་ཆེད་དོན་གྲོས་ཚོགས5བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国残疾人联合会
ངོ་བོ།
དབང་བོ་སྐྱོན་ཅན་དང་ལས་བྱེད་མི་སྣའི་གྲུབ་པའི་མི་དམངས་ཀྱི་ཚོགས་པ།
དབྱིན་ཡིག་གི་མིང་།
China Disabled Persons’Federation
གཙོ་འགན་ལས་ཁུངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
བསྡུས་མིང་།
ཀྲུང་གོའི་དབང་བོ་སྐྱོན་ཅན།
ད་ལྟའི་འགོ་ཁྲིད།
ཀྲུའུ་ཞི། ཀྲང་ཧའེ་ཏི། ཏང་ཙོའུ་ཧྲུའུ་ཅི། ཀྲོའུ་ཁྲང་ཀོའུ།
བཙུགས་དུས།
སྤྱི་ལོ1988ལོའི་ཟླ3པའི་ཚེས11ཉིན།
རྣམ་པ།
སྤྱི་ཚོགས་ཚོགས་པ།
ས་གནས།
པེ་ཅིང་མཁར་ནུབ་ཁུལ་གྱི་སྒོ་རྟགས་ཨང186པ།
1 འཕེལ་རྒྱས་ཀྱི་བརྒྱུད་རིམ།
1_1 རྒྱབ་ལྗོངས།

ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་ལས་དོན་ནི་ཀྲུང་གོ་དབུ་བརྙེས་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པ་ཞིག་ཡིན། དབང་བོ་སྐྱོན་ཅན་གྱི་གནད་དོན་ནི་མིའི་རིགས་ཀྱི་སྤྱི་ཚོགས་སུ་སྔ་ན་ཡོད་པའི་གནད་དོན་ཞིག་ཡིན། འོན་ཀྱང་། བཅིངས་འགྲོལ་མ་བྱས་པའི་སྔོན་དུ་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན། མ་རྩ་རིང་ལུགས་ཀྱིས་དབང་སྒྱུར་དང་བྲན་དུ་བཀོལ་བས། དཔལ་འབྱོར་དང་རིག་གནས་གང་གི་ཐད་ནས་རྗེས་སུ་ལུས་ཡོད་པས་དབང་བོ་སྐྱོན་ཅན་ནི་སྤྱི་ཚོགས་ཀྱི་དམའ་རིམ་ན་གནས་ཡོད་རྐྱེན། གང་སར་ཟས་སློང་བ་དང་ལྟོ་འགྲང་དཀའ་བའི་ཚུལ་དུ་གནས་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཏང་དང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་རྣམས་ཀྱི་འཚོ་བར་དོ་སྣང་མཛད་དེ་དབང་བོ་སྐྱོན་ཅན་རྣམས་རྩ་འཛུགས་བྱས་ཏེ་ཐོན་སྐྱེད་རང་སྲུང་བྱེད་དུ་བཅུག་པ་དང་ཉིན་རེ་བཞིན་གླེང་བྱའི་ཡུལ་དུ་སྤེལ་ནས་ཐུགས་ཁུར་མཛད། རྒྱལ་ཁབ་བཙུགས་པའི་དུས་མགོ་ནས་ལོ་རབས་དྲུག་ཅུ་བའི་དུས་དཀྱིལ་ནི་དབང་བོ་སྐྱོན་ཅན་གྱི་ལས་དོན་ཚུགས་པའི་ཐོག་མའི་དུས་རིམ་ཡིན་ལ ། ལོ་ངོ་བཅུའི་རིང་གི“རིག་གནས་གསར་བརྗེའི”ཆེན་པོའི་ལས་འགུལ་ལས་དབང་བོ་སྐྱོན་ཅན་གྱི་བྱ་བར་བར་ཆད་ཆེན་པོ་ཐེབས།

1_2 ཐོག་མའི་བརྒྱུད་རིམ།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས་སྤྱི་ཚོགས་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས་བྱུང་བས། དབང་བོ་སྐྱོན་ཅན་རྣམས་སྲིད་གཞུང་གིས་བདག་སྐྱོང་བྱས་ཏེ། ཁོ་ཚོ་ལའང་རྒྱལ་ཡོངས་ཀྱི་མི་དམངས་དང་འདྲ་བར་རྒྱལ་ཁབ་ཀྱི་བདག་པོ་རུ་གྱུར་ནས་ཆབ་སྲིད་ཀྱི་དབང་ཆ་དང་གཞི་རྩའི་འཚོ་བའི་དབང་ཆ་ཡོད་པར་གྱུར།  ཞིང་གྲོང་གི་དབང་བོ་སྐྱོན་ཅན་ལ་ས་ཞིང་དང་ཐོན་སྐྱེད་ལག་ཆ་བགོས་ནས་ཕན་ཚུན་རོགས་འདེགས་ཀྱི་ཚན་ཁག་དང་མཉམ་ལས་ཁང་གི་ནང་དུ་ཞུགས་སུ་བཅུག གྲོང་ཁྱེར་གྱི་དབང་བོ་སྐྱོན་ཅན་རྣམས་སྲིད་གཞུང་གི་རྒྱབ་སྐྱོར་འོག་རྩ་འཛུགས་བྱས་ཏེ་ཐོན་སྐྱེད་རང་སྐྱོབ་དང་བྱ་འགུལ་སྣ་ཚོགས་སྤེལ་ནས་ལག་བཟོ་མཉམ་ལས་ཁང་དང་ཚན་ཁག་ཏུ་ཞུགས། ཕྱིས་སུ་འཕེལ་རྒྱས་བྱུང་བས་ཕན་བདེ་བཟོ་གྲྭ་རུ་གྱུར། རྟེན་ས་ཁེན་ས་མེད་པའི་དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་གྱི་དྭ་ཕྲུག དབང་བོ་སྐྱོན་ཅན་ཡིན་པའི་རྒན་པ་རྣམས་སོ་སོར་བྱིས་སྐྱོང་ཕན་བདེ་གླིང་དང་སྤྱི་ཚོགས་ཕན་བདེ་གླིང་། རྒན་གསོ་ཁང་དུ་བཀོད་སྒྲིག་བྱས། ལོ་རབས50པའི་དུས་དཀྱིལ་དུ་དབང་བོ་སྐྱོན་ཅན་གྱི་ཕན་བདེ་བཟོ་གྲྭ རྨས་སྐྱོན་ཕན་བདེ་གླིང་། གསོ་སྐྱོང་ཁང་། སྨྱོ་ནད་སྨན་ཁང་སོགས་རིམ་གྱིས་བྱུང་། རྒྱ་སྐད་ཀྱི་ལོང་བའི་ཡིག་གེ་དང་ལག་བརྡའི་ཡི་གེའི་བྱ་བ་སྤེལ་འགོ་ཚུགས། ཀྲུང་གོའི་ལོང་བའི་ཡི་གེའི་བྱ་བ་གཉེར་མཁན་ཧོང་ནའེ་ཡིས་ལུའུ་དབྱི•པུའུ་ལེར་ཡི་ལོང་པའི་ཡི་གེ་ལ་ཟུར་ལྟ་བྱས་ཏེ་རྒྱ་ཡིག་གི་ལོང་བའི་ཡི་གེའི་འཆར་འགོད་བཟོས། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་དང་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱས་པ་བརྒྱུད། མིག་ལོང་བའི་ཕུར་མཉེད་སྨན་བཅོས་དང་མིག་ལོང་བ་དང་འོན་པའི་སྨན་གསོ་བྱ་བ། དབང་བོ་སྐྱོན་ཅན་གྱི་རིག་རྩལ་དང་ལུས་རྩལ་གྱི་བྱ་བ་མཐའ་དག་རིམ་གྱིས་སྤྱི་ཚོགས་སུ་སྨྱུ་གུ་བཞིན་འབུས་འགོ་བརྩམས།

སྤྱི་ལོ1953ལོར། མི་དམངས་སྲིད་གཞུང་གི་ཆོག་མཆན་བརྒྱུད་ཀྲུང་གོའི་མིག་ལོང་བའི་ཕན་བདེ་ཚོགས་པ་བཙུགས།

སྤྱི་ལོ1956ལོའི་ཟླ12པར། ཀྲིག་ཨིན་ལའེ་ཡི་ཐུགས་ཁུར་འོག་ཀྲུང་གོའི་འོན་པའི་ཕན་བདེ་ཚོགས་པ་བཙུགས།

སྤྱི་ལོ1954ལོར《ལོང་བའི་ཟླ་རེའི་དུས་དེབ》གཉེར།

སྤྱི་ལོ1957ལོར་ཀྲུང་གོའི་སྐབས་དང་པོའི་ལོང་བའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་གཉེར་བ་དང་། འོན་པའི་མཆོང་རྒྱུག་འཕེན་གསུམ་དང་ཆུ་རྐྱལ་ལུས་རྩལ་འགྲན་ཚོགས། མི་སྟོང་ལྷག་ཙམ་འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་ནས་དབང་པོ་སྐྱོན་ཅན་གྱི་རིག་གནས་ལུས་རྩལ་འཚོ་བ་ཇེ་རྒྱས་སུ་བཏང་།

སྤྱི་ལོ1958ལོར་ལོང་བའི་ལུས་རྩལ་པ་བདམས་ནས་རྒྱལ་སྤྱིའི་ལོང་བའི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་འཕྲིན་གཏོང་འགྲན་བསྡུར་ནང་ཞུགས་པ་དང་། སྐབས་དེར་ལོང་བའི་རྣམ་གྲངས་རེ་ཟུང་རྒྱལ་སྤྱིའི་ཆུ་ཚད་དང་ཉེ་བར་བཅར་ཡོད། 

སྤྱི་ལོ1960ལོར་རྒྱལ་ཡོངས་ཀྱི་ལོང་བ་དང་འོན་ལྐུགས་ཀྱི་འཐུས་མིའི་ཚོགས་འདུ་སྐབས་དང་པོ་འཚོགས་ནས་གོང་དུ་བརྗོད་པའི་ཚོགས་འདུ་གཉིས་ཟླ་སྒྲིལ་བཏང་སྟེ་ཀྲུང་གོའི་ལོང་བ་འོན་ལྐུགས་ཀྱི་མཐུན་ཚོགས་བཙུགས།

སྤྱི་ལོ1960ལོའི་ཟླ5པར། རྒྱལ་ཡོངས་ཀྱི་ལོང་བ་དང་འོན་ལྐུགས་ཀྱི་འཐུས་མིའི་ཚོགས་འདུ་སྐབས་དང་པོ་འཚོག་སྐབས་ཀྲོའུ་ཙུང་ལི་དང་། ཨུ་ཡོན་ཀྲང་ཀྲུའུ་ཏེ། ཏེང་ཞའོ་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཚོགས་འདུར་ཞུགས་མཁན་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བ་དང་འབྲེལ་པར་ཡང་བསྐྱོན་པ་རེད། ཀྲོའུ་ཙུང་ལི་དང་། ཏུང་པི་ཝུའུ། ཅའོ་ཅུའེ་ཙའེ་སོགས་འགོ་ཁྲིད་པ་རྣམས་ཀྱིས་ད་དུང་འོན་ལྐུགས་སློབ་གྲྭ་དང་ཕན་བདེའི་བཟོ་གྲྭར་གཟིགས་ཞིབ་ཐེངས་མང་གནང་། ཀྲུང་གོའི་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱིས་སློབ་སྟོན་བྱེད་ཕྱོགས་ཐད་ནོར་འཁྲུལ་ཚབས་ཆེན་བྱུང་བ་དང་། གསར་བརྗེར་ངོ་རྒོལ་བྱེད་མཁན་ལིན་པིའོ་དང་ཅང་ཆིན་ཚོགས་ཁག་གིས་བར་ཆད་དང་གཏོར་བཤིག་བཏང་བའི་རྐྱེན་གྱིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་བར་མཚམས་ཆད་པ་རེད། 

1_3 གཏན་འཇགས་འཕེལ་རྒྱས།

སྤྱི་ལོ1978ལོར། ཀྲུང་གོའི་ལོང་བ་འོན་ལྐུགས་མཐུན་ཚོགས་ཀྱི་བྱེད་སྒོ་སླར་གསོ་བྱས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ལོང་བ་འོན་ལྐུགས་མཐུན་ཚོགས་དང་དེའི་ཁོངས་གཏོགས་རྩ་འཛུགས་ཀྱིས་ཀྱང་སྔ་རྗེས་སུ་བྱ་བ་སླར་གསོ་བྱས་ཡོད། 

སྤྱི་ལོ1982ལོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་བཟོ་བཅོས་བརྒྱབ་རྗེས་ཀྱི《རྩ་ཁྲིམས》ནང“རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ལོང་བ་དང་འོན་པ། ལྐུགས་པ་བཅས་དང་དབང་པོ་སྐྱོན་ཤོར་བའི་སྤྱི་དམངས་གཞན་དག་གི་ངལ་རྩོལ་དང་། འཚོ་བ། སློབ་གསོ་བཅས་བཀོད་སྒྲིག་བྱ་དགོས་ཞེས་གཏན་འབེབས་ཐེངས་དང་པོ་བྱས།

སྤྱི་ལོ1984ལོའི་ཟླ3པར། ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་ཀུན་ཕན་ཐེབས་རྩ་ཚོགས་པ་བཙུགས།

སྤྱི་ལོ1987ལོའི་ཟླ4པར། རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་དཔེ་འཐེན་བརྟག་དཔྱད་བྱས། 

སྤྱི་ལོ1988ལོའི་ཟླ3པར།  ཀྲུང་གོའི་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོའི་ལོང་བ་དང་འོན་ལྐུགས་མཐུན་ཚོགས་ཀྱི་རྨང་གཞིའི་ཐོག་བསྒྱུར་བཅོས་ཀྱི་སྙིང་སྟོབས་ལ་གཞིགས་ནས་འཐུས་མི་དང་། ཞབས་ཞུ། དོ་དམ་བྱེད་ནུས་བཅས་གཞི་གཅིག་ཏུ་འདུས་པའི་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཙུགས་། 

སྤྱི་ལོ1988ལོའི་ཟླ9པར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི་དབང་བོ་སྐྱོན་ཅན་བྱ་གཞག་གི་ལོ་ལྔའི་ལས་དོན་རྩ་གནད》ཆོག་མཆན་གནང་པ་དང་ལག་བསྟར་བྱས།

སྤྱི་ལོ1990ལོའི་ཟླ12པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་སྐོར་གྱི་བཅའ་ཁྲིམས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། 

སྤྱི་ལོ1991ལོའི་ཟླ12པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་གི་ལོ་ལྔའི་འཆར་གཞི་བརྒྱད་པའི་རྩ་གནད》དང་དེའི་ལག་བསྟར་ཇུས་གཞི16སྤེལ་རྒྱུའི་ཆོག་མཆན་བཀོད་པ་རེད། 

སྤྱི་ལོ1993ལོའི་ཟླ9པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པུའུ་ཨུད32ཀྱི་འགན་འཁུར་བ་ལས་གྲུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་བོ་སྐྱོན་ཅན་ལས་དོན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་བཙུགས་ཡོད། 

2 རྩ་འཛུགས་མ་ལག
2_1 ལས་ཁུངས་སྒྲིག་གཞི།

ཆེས་མཐོ་བའི་དབང་ཆའི་སྒྲིག་གཞི།

ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེས་མཐོའི་དབང་ཆའི་སྒྲིག་གཞི་ནི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཡིན། རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལོ་ལྔ་རེར་ཐེངས་རེ་འཚོག་རྒྱུ་དང་། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པས་སྐོང་འཚོག་བྱ་རྒྱུ། འཐུས་མིའི་ཁྲོད་ཀྱི་དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་གྱི་གཉེན་ཉེའི་མི་གྲངས་ཕྱེད་ཀ་ལས་བརྒལ་དགོས། རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འགན་དབང་ནི།

གཅིག ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་སྙན་ཞུར་གྲོས་ཞིབ་བྱས་ནས་བྱ་བའི་བྱེད་ཕྱོགས་དང་ལས་འགན་གཏན་འཁེལ་བྱས་པ། 

གཉིས། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས།

གསུམ། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པ་འདེམས་བསྐོ། 

ཀྲུའུ་ཞི་ཚོགས་པ།

རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་ལག་ལེན་མཐར་ཕྱིན་དང་རྒྱལ་ཡོངས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་འགོ་ཁྲིད་བྱེད་པར་འགན་འཁུར་དགོས། ཀྲུའུ་ཞིའི་ཚོགས་པའི་འགན་དབང་གཤམ་གསལ་ལྟར།

གཅིག ཀྲུའུ་ཞི་རྒན་གཞོན་འདེམས་བསྐོ་བྱེད་པ།      

གཉིས། ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་འདེམས་སྒྲུག་བྱས་ནས་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་བརྒྱུད་དགོས།

གསུམ། འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་པ།     

བཞི། ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ།      

ལྔ། ཀྲུའུ་ཞིའི་ཚོགས་པའི་ཨུ་ཡོན་བརྗེ་ལེན་དང་ཁ་གསབ་བྱེད་དགོས།   

དྲུག ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་འཆར་འགོད་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་པ། 

བདུན། “མི་ཆོས་དང་སྤྱོད་གཙང་། ཞབས་ཞུ། ལེགས་སྐྱེས་འབུལ་བའི”ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་བྱེད་ཚུལ་ལ་ལྟ་སྐུལ་བྱེད་དགོས།      

བརྒྱད། དོན་དག་གལ་ཆེན་གཞན་དག་གྲོས་ཐག་གཅོད་པ། 

ལག་བསྟར་སྒྲིག་གཞི།

ལག་བསྟར་ལས་འཛིན་ལྷན་ཚོགས་ནི་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དེའི་ཀྲུའུ་ཞི་ཚོགས་པའི་རྒྱུན་བཙུགས་ལག་བསྟར་སྒྲིག་གཞི་ཞིག་ཡིན་ཞིང་། དེ་ནི་མི་གཅིག་དང་། མི་འགའ་ཞིག་བཅས་ལས་གྲུབ་པ་ཞིག་ཡིན། ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་འོག་ཏུ་དོན་གཅོད་ལས་ཁུངས་བཙུགས་ནས་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལྡན་གྱི་བྱ་བ་བསྒྲུབ་པར་འགན་འཁུར་རྒྱུ་དེ་ཡིན།

ནང་ཁུལ་སྡེ་ཁག

སྤྱི་ལོ2018ལོའི་ཟླ5པར་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་སྟེང་དུ། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་པུའུ་དང་ཐིན11དང་།ཐད་གཏོགས་ཚན་པ16དང་། ཁོངས་གཏོགས་ཚོགས་པ12 ཆེད་དོན་མཐུན་ཚོགས5བཅས་ཡོད་པ་རེད། 

པུའུ་ཐིན། གཞུང་དོན་ཐིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་བོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག)དང་། ཞིབ་འཇུག་ཁང་། ཁེ་དབང་སྲུང་སྐྱོང་པུའུ། རྩ་འཛུགས་འབྲེལ་གཏུག་པུའུ། ལུས་གསོ་པུའུ། སློབ་གསོ་ལས་ཞུགས་པུའུ། དྲིལ་བསྒྲགས་རིག་གནས་པུའུ། ལུས་རྩལ་པུའུ། རྒྱལ་སྤྱིའི་འབྲེལ་གཏུག་པུའུ། འཆར་གཞིའི་ནོར་དོན་པུའུ། མི་དོན་པུའུ་བཅས།

ཐད་གཏོགས་ལས་ཁུངས།  བདེ་ཐང་སླར་གསོའི་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་བདེ་ཐང་སླར་གསོའི་ཚན་རིག་ཁང(ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབང་བོ་སྐྱོན་ཅན་སྔོན་འགོག་དང་ཚོད་འཛིན་ཞིབ་འཇུག་ལྟེ་གནས)དང་། ཀྲུང་གོའི་སྐད་ཡིག་བདེ་ཐང་སླར་གསོའི་ཞིབ་འཇུག་ལྟེ་གནས། ཧྭ་ཞ་དཔེ་སྐྲུན་ཁང་། ཀྲུང་གོ་ལོང་བའི་ཚགས་པར་ཁང་། ཀྲུང་གོ་ལོང་ཡིག་དཔེ་སྐྲུན་ཁང་། ཀྲུང་གོ་མིག་སྒྲིབ་རིག་གནས་ཆ་འཕྲིན་ཞབས་ཞུའི་ལྟེ་གནས། ཀྲུང་གོ་དབང་བོ་སྐྱོན་ཅན་དམིགས་བསལ་སྒྱུ་རྩལ་མཛུབ་ཁྲིད་ལྟེ་གནས(ཀྲུང་གོ་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགུལ་སྐྱོད་ལྟེ་གནས། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཞུགས་ཞབས་ཞུའི་ལྟེ་གནས(ཀྲུང་གོ་ལོང་བའི་འཕུར་མཉེད་མཛུབ་ཁྲིད་ལྟེ་གནས)དང་། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཧྭ་ཞ་རིག་གནས་ཚོགས་པ)ཀྲུང་གོ་དབང་བོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད། པེ་ཅིང་སྨན་ཁང་། ཀྲུང་གོ་དབང་བོ་སྐྱོན་ཅན་གྱི་སྨན་བཅོས་ཁང་། 

2_2 ཁོངས་གཏོགས་ཚོགས་པ། 

ཀྲུང་གོའི་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ལྷན་ཚོགས་དང་། ཀྲུང་གོའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་འོན་པའི་ལུས་རྩལ་མཐུན་ཚོགས། ཀྲུང་གོའི་དམིགས་བསལ་སྒྱུ་རྩལ་མཐུན་ཚོགས། ཀྲུང་གོའི་སེང་གེ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་དབང་བོ་སྐྱོན་ཅན་བྱ་གཞག་གི་གསར་འགྱུར་དྲིལ་བསྒྲགས་དང་། ཀྲུང་གོའི་དབང་བོ་སྐྱོན་ཅན་ལུས་གསོའི་མཐུན་ཚོགས། ཀྲུང་གོའི་ལོང་བའི་འཕུར་མཉེད་སློབ་ཚོགས། ཀྲུང་གོའི་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་དང་བླངས་པའི་མཐུན་ཚོགས། དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཞིབ་འཇུག་ཚོགས་པ། ཁང་དབྱི་གློག་བརྙན་བརྙན་འཕྲིན་འཕེལ་རྒྱས་ལྟེ་གནས་བཅས་ཡིན། 

2_3 ཆེད་དོན་མཐུན་ཚོགས། 

ཀྲུང་གོའི་ལོང་བའི་མཐུན་ཚོགས་དང་། ཀྲུང་གོའི་འོན་པའི་མཐུན་ཚོགས། ཀྲུང་གོའི་ཡན་ལག་དབང་བོ་སྐྱོན་ཅན་མཐུན་ཚོགས། ཀྲུང་གོའི་རིག་སྟོབས་དབང་བོ་སྐྱོན་ཅན་དང་གཉེན་ཉེའི་མཐུན་ཚོགས། ཀྲུང་གོའི་སྨྱོན་པ་དང་གཉེན་ཉེའི་མཐུན་ཚོགས། 

འགན་ནུས་གཙོ་བོ།  

(གཅིག) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་སྐོར་གྱི་བཅའ་ཁྲིམས》དྲིལ་བསྒྲགས་དང་ལག་བསྟར་བྱས་ནས་དབང་བོ་སྐྱོན་ཅན་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཀྱི་ཐད་འདྲ་མཉམ་གྱི་འབྲེལ་བ་ཡོད་པ་དང་། དབང་བོ་སྐྱོན་ཅན་དང་འབྲེལ་བ་དམ་ཟབ་བྱེད་པ། དབང་བོ་སྐྱོན་ཅན་གྱི་བསམ་འཆར་ཉན་པ། དབང་བོ་སྐྱོན་ཅན་གྱི་དགོས་མཁོ་གོང་རིམ་ལ་ཞུ་བ། བློ་གཅིག་སེམས་གཅིག་གིས་དབང་བོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས།     

(གཉིས) དབང་བོ་སྐྱོན་ཅན་གྱི་རང་བཀུར་དང་། རང་ལ་ཡིད་ཆེས། ཁྲིམས་བཀོད་འོས་འགན་སྒྲུབ་པ་བཅས་ལ་མཐུན་སྒྲིལ་དང་བསྔགས་སྐུལ་བྱས་ནས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།    

(གསུམ) སྲིད་གཞུང་དང་། སྤྱི་ཚོགས། དབང་བོ་སྐྱོན་ཅན་བཅས་བར་གྱི་འབྲེལ་བ་མཐུན་སྦྱོར་དང་། དབང་བོ་སྐྱོན་ཅན་གྱི་བྱ་གཞག་དྲིལ་བསྒྲགས། སྤྱི་ཚོགས་ཀྱིས་དབང་བོ་སྐྱོན་ཅན་ལ་འགན་འཁུར་བ་དང་། བརྩི་འཇོག སེམས་ཁུར། རོགས་རམ་བཅས་བྱེད་པར་སྐུལ་མ་བྱས་ཏེ། མཐོང་ཆུང་དང་ཕྱོགས་ལྷུང་། བར་ཆད་བཅས་མེད་པར་བཟོ་དགོས།     

(བཞི) སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་རྩ་གནད་བཟོས་ཏེ་དབང་བོ་སྐྱོན་ཅན་གྱི་ལུས་གསོ་དང་། སློབ་གསོ། དབུལ་སྐྱོར། ཁེ་དབང་སྲུང་སྐྱོང་། རིག་གནས་ལུས་རྩལ། སྤྱི་ཚོགས་འགན་སྲུང་། ཚན་རྩལ་ཆ་འཕྲིན་ཅན་བེད་སྤྱོད། དབང་བོ་སྐྱོན་ཅན་སྔོན་འགོག་སོགས་ཀྱི་ལས་དོན་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་དབང་བོ་སྐྱོན་ཅན་འཚོ་བའི་ནང་ཞུགས་པར་ཁོར་ཡུག་དང་ཆ་རྐྱེན་ལེགས་སུ་གཏོང་དགོས།      

(ལྔ) དབང་བོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ཀྱི་འཆར་འགོད་ཞིབ་འཇུག་དང་། གཏན་འབེབས། ལག་བསྟར་བཅས་བྱེད་པར་ཞུགས་པ་དང་། ཕྱོགས་བསྡུས་མཐུན་སྦྱོར་དང་ནུས་པ་འདོན་སྤེལ་བྱས་ཏེ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་དོན་ལ་དོ་དམ་དང་ཁྲིད་སྟོན་བྱེད་པ།

(དྲུག) སྲིད་གཞུང་གིས་དབང་བོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་གཏན་བྱ་བ་བསྒྲུབ་པར་འགན་འཁུར་དགོས།     

(བདུན) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་གྱི་ལག་ཁྱེར》དོ་དམ་དང་འགྲེམ་གཏོང་བྱེད་པ།    

(བརྒྱད) དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་རྩ་འཛུགས་སྣ་ཚོགས་ལ་དོ་དམ་དང་ཁྲིད་སྟོན་བྱ་དགོས། དབང་པོ་སྐྱོན་ཅན་གྱི་བྱ་བ་བྱེད་མཁན་གསོ་སྐྱོང་། དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་གྱི་རྩ་འཛུགས་སྔར་བས་འཁྲུག་པོ་ཡོང་བར་བྱེད་དགོས།    

(དགུ) མཉམ་ལས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་བློ་འདྲིའི་གནས་བབ་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི《དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྤྱི་ཆིངས》ཀྱི་ཁ་ཆད་ལག་བསྟར་ལས་དོན་ནང་ཞུགས་པ། 

3 གྲུབ་འབྲས།
3_1 ཆེད་དོན་ལས་གཞི།

འབྲི་ཆུའི་ལམ་ཚད་གསར་པའི་འཆར་གཞི།

སྐུ་ཞབས་ལི་ཅཱ་ཁྲེང་གྱིས་སྔ་ཕྱི་བར་གསུམ་དུ་དབང་བོ་སྐྱོན་ཅན་གྱི་དགོས་མཁོ་ལྟར་སྤྱི་ལོ1984ལོ་ནས་བཟུང་ལི་ཅཱ་ཁྲེང་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་ནང་སའི་དབང་བོ་སྐྱོན་ཅན་མི་སྣར་ཞབས་འདེགས་ཞུས་པ་དང་ལོ30ཡི་རིང་རིམ་རྩིས་བྱས་ན་ཤང་ཀང་གི་དངུལ་སྒོར་དུང་ཕྱུར4ལས་བརྒལ་ཡོད། “འབྲི་ཆུའི་ལམ་ཚད་གསར་བའི་འཆར་གཞི”སྤྱི་ལོ2000ལོར་བཏོད་ཅིང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་སྟེང་དཀའ་ངལ་ཆེ་ཤོས་ཡོད་པ་དག་ལ་ཐུགས་ཁུར་དང་རོགས་སྐྱོར་བྱས་ནས་དབང་བོ་སྐྱོན་ཅན་དང་དབུལ་བོ་མང་པོ་དཀའ་ངལ་ལས་ཐར་བར་བྱ་རྒྱུ་དེ་རེད།  སྤྱི་ལོ 2000ལོ་ནས་སྤྱི་ལོ2005ལོ་བར་དང་། སྤྱི་ལོ2007ལོ་ནས་སྤྱི་ལོ2012ལོའི་བར་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ཐེབས་རྩ་ལྷན་ཚོགས་ཀྱིས་ཤང་ཀང་གི་དངུལ་ལོར་སྒོར་དུང་ཕྱུར1སོ་སོར་ཞལ་འདེབས་བརྒྱབ་པ་དང་། རྐང་པ་རྫུས་མ་བཟོ་བ་དང་། སློབ་གསོ་གསོ་སྦྱོང་མཁོ་འདོན་བྱེད་པ། དེ་བཞིན་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ཁྲི26ལ་ཐད་ཀར་ཞབས་འདེགས་ཞུ་བའི་ནང་དབང་བོ་སྐྱོན་ཅན་ཁྲི17ལ་ཡན་ལག་བཏགས་ནས་ཞབས་ཞུ་བྱེད་མཁན་ཁྲི་ལས་བརྒལ་ཡོད་པ་རེད།      དུས་ཐེངས་གསུམ་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཤང་ཀང་གི་དངུལ་ལོར་སྒོར་དུང་ཕྱུར་གཅིག་ཞལ་འདེབས་སུ་ཕུལ་བ་དང་། “རྐང་ལག་རྫུན་མའི་ཞབས་ཞུ”དང་། “ཀླད་པ་སྐྱོན་ཅན་གྱི་བྱིས་པའི་ཁྲིད་སྟོན་རྣམ་པའི་སློབ་གསོ”“ཁྱེད་ལ་སེམས་ཁུར་བྱེད་པའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་མཚེས”བཅས་རྣམ་གྲངས་གསུམ་ལ་རྒྱབ་སྐྱོར་བྱས་པ་དང་། སྔོན་དཔག་བྱས་ན་དབང་བོ་སྐྱོན་ཅན་གྱི་མི་སྣ་ཁྲི10ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་པ་དང་། རྣམ་པ་དང་ཉམས་མྱོང་ལས་རྒྱལ་ཡོངས་ཀྱི་ཞིང་ཆེན33གྱི་རིམ་ཁག་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སྒྲིག་གཞི་དང་དེ་བཞིན་མི་ཚོགས་ཁྲི་བརྒྱ་ཕྲག་ཁ་ཤས་ལ་ཕན་པ་ཐོབ་པ་རེད། 

འགྲིམ་འགྲུལ་དངུལ་ཁང་གིས་དབང་པོ་སྐྱོན་ཅན་གཞོན་ནུ་ལོ་ཆུང་དག་གི་སློབ་མར་སློབ་གསོ་རོགས་འདེགས་འཆར་གཞི།

ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་གཞོན་ནུ་ལོ་ཆུང་ལ་སློབ་གསོ་ཐོབ་རྒྱུར་རོགས་སྐྱོར་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་ཕྱོགས་བསྡུས་བྱང་ཚད་དང་འཚོ་བའི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དབང་བོ་སྐྱོན་ཅན་འདྲ་མཉམ་ངང་སྤྱི་ཚོགས་ཀྱི་འཚོ་བའི་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། འགྲིམ་འགྲུལ་དངུལ་ཁང་གིས་སྤྱི་ལོ2007ལོ་ནས་བཟུང་ལོ10ཡི་ནང་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་མི་དམངས་ཤོག་སྒོར་དུང་ཕྱུར1ཞལ་འདེབས་བརྒྱབ་ནས་འགྲིམ་འགྲུལ་དངུལ་ཁང་གིས་དབང་བོ་སྐྱོན་ཅན་གྱི་གཞོན་ནུ་ལོ་ཆུང་གི་སློབ་ཞུགས་རོགས་སྐྱོར་འཆར་གཞི་ལག་བསྟར་བྱས་པ།

སློབ་ཞུགས་རོགས་སྐྱོར་འཆར་གཞིའི”ལོ10ཡི་དུས་འཁོར་ནང་མ་དངུལ་གཙོ་བོ་སྤྱོད་པ་སྟེ། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་སློབ་མར་སློབ་ཞུགས་རོགས་དངུལ་སྤྲད་དེ་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་མཉམ་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་དང་ལེན་བྱེད་རྒྱུ། སློབ་གྲྭ་དཀྱུས་མར་སློབ་གསོ་སློབ་ཁྲིད་སྒྲིག་ཆས་ཁ་སྣོན་དང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་དམིགས་བསལ་སློབ་གསོའི་སློབ་གྲྭ་གསར་དུ་འཛུགས་རྒྱུར་རོགས་སྐྱོར། དབང་པོ་སྐྱོན་ཅན་འབྲིང་རིམ་ལས་རིགས་སློབ་གྲྭའི་དངོས་སྦྱོང་རྟེན་གཞི་དང་དབང་བོ་སྐྱོན་ཅན་གྱི་ལས་རིགས་སློབ་གསོའི་དགེ་རྒན་གསོ་སྦྱོང་སོགས་ལ་རོགས་དངུལ་སྤྲད།

ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་སྡེ་ཁུལ་གྱི་ལུས་གསོའི་མཉམ་ལས་རྣམ་གྲངས། 

སྤྱི་ལོ 2003ལོའི་ཟླ6པ་ནས་སྤྱི་ལོ2010ལོའི་བར་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཅ་ཡེ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱི་རོགས་དངུལ་འོག་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ13དུ་སྡེ་ཁུལ་གྱི་བདེ་ཐང་སླར་གསོའི་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱས་པ་རེད། ཐེངས་དེའི་རྣམ་གྲངས་ནང་ཅང་སུའུ་ཡི་ཅིང་ནན་ཚུད་པའི་ཀྲུང་གོའི་ཞིང་ཆེན(རང་སྐྱོང་ལྗོངས)18ཀྱི་རྫོང་དབུལ་པོ18ལ་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་བདམས་ཤིང་། དེའི་དམིགས་ཡུལ་ནི་ཆ་ལག་ཚང་བ་དང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས། དར་རྒྱས་འགྲོ་བའི་གྲོང་གསེབ་ས་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་དེང་རབས་སྡེ་ཁུལ་གྱི་ལུས་གསོའི་དྲ་རྒྱ་ཞིག་ཆགས་པ་བྱ་རྒྱུ་དང་། གྲོང་གསེབ་ས་ཁུལ་དུ་ཁྱོན་ཡོངས་དང་། དགོས་མཁོར་དམིགས་པ། འདྲ་མཉམ་ངང་ཞུགས་པ་བཅས་ཀྱི་དབང་བོ་སྐྱོན་ཅན་སྡེ་ཁུལ་གྱི་ལུས་གསོའི་ཞབས་ཞུ་མངོན་པ་བྱ་རྒྱུ་དེ་དབང་བོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་དང་འབྲེལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་དབང་བོ་སྐྱོན་ཅན་གྱི་སྲིད་ཇུས་བཟོ་བའི་ཐད་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། 

རྣམ་གྲངས་དེ་སྤྱི་ལོ2012ལོའི་ཟླ3ཚེས1ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་སྤྱི་ལོ2014ལོའི་ཟླ12ཚེས31ཉིན་བར་མཇུག་བསྒྲིལ་ནས་དུས་ཡུན་ལོ་གསུམ་སོང་ཞིང་། སྤྱི་ཚོགས་དྲིལ་བསྒྲགས་དང་། གཞི་རྩའི་ཁུངས་སྣེ་བརྟག་དཔྱད། བདེ་ཐང་སླར་གསོའི་ཞབས་ཞུ། སློབ་གསོ། རྒྱབ་སྐྱོར། སྤྱི་ཚོགས་མཉམ་འདྲེས། རོགས་སྐྱོར་སོགས་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ལྟེ་གནས་སོགས་ཀྱི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་བྱས་པ་བརྒྱུད་དབང་བོ་སྐྱོན་ཅན་ལ་རོགས་སྐྱོབ་དང་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད། 

སྤྱི་ལོ2014ལོའི་རྣམ་གྲངས་མཇུག་བསྒྲིལ་སྐབས་རྫོང་དབང་བོ་སྐྱོན་ཅན་གྱི་ལུས་གསོའི་ལྟེ་གནས་དེ་ཐོན་ཁུངས་ལྟེ་གནས་དང་། ལག་རྩལ་ཞབས་ཞུ་ལྟེ་གནས། དཔེ་སྟོན་སྐར་ཁུང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་དབང་བོ་སྐྱོན་ཅན་གྱི་ལུས་གསོའི་རྟེན་གཞི་ཞིག་ཏུ་བསྐྲུན་རྒྱུ་མ་ཟད། བདེ་ཐང་སླར་གསོའི་ལྟེ་གནས་གཞི་རྟེན་དུ་བྱས་ཏེ་ཞབས་ཞུའི་ལྟེ་གནས་དང་། ཤང་གྲོང་འཕྲོད་བསྟེན་ཁང་། གྲོང་ཚོ་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ནས་སྤྱི་ཚོགས་ཅན་གྱི་དབང་བོ་སྐྱོན་ཅན་གྱི་ལུས་གསོའི་ཞབས་ཞུའི་མ་ལག་ཅིག་ཀྱང་གཏོད་རྒྱུ། དེ་དང་ཆབས་ཅིག་དབང་བོ་སྐྱོན་ཅན་ལ་ཚད་ལྡན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུའི་ཡིག་ཚགས་བཟོས་ནས་རྫོང་དེ་ཡོངས་ཀྱི་བདེ་ཐང་སླར་གསོའི་དགོས་མཁོ་ཡོད་པའི་དབང་བོ་སྐྱོན་ཅན་ཡོངས་ཁྱབ་ངང་ལོངས་སྤྱོད་ཐུབ་པ་དང་། སྟབས་བདེ་། ཕན་ནུས་ཆེ་བའི་ལུས་གསོའི་ཞབས་ཞུ་བཅས་ཡིན།

3_2 སྤྱི་ཕན་ཞབས་ཞུ།

སླར་གསོའི་བྱ་བ། 

བདེ་ཐང་སླར་གསོའི་བྱ་བའི་ཁྱབ་ཁོངས་དེ་སྨྱོ་ནད་ཕྱོགས་བསྡུས་འགོག་བཅོས་དང་། རིག་སྟོབས་དབང་བོ་སྐྱོན་ཅན་སྔོན་འགོག མིག་དབང་དམའ་བ་སླར་གསོ་བྱ་རྒྱུ་བཅས་ཡིན། སྤྱི་ལོ2018ལོའི་ཟླ5པར་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་གསལ་པར་གཞིགས་ན། རྒྱལ་ཡོངས་སུ་གྲོང་ཁྱེར30དང་རྫོང30ཡིས་སྤྱི་ཚོགས་ཅན་དང་། སྒོ་དབྱེའི་རྣམ་པ། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་བྱ་ཐབས་སྤྱད་དེ་བསམ་པའི་དབང་བོ་སྐྱོན་ཅན་ཁྲི70ལྷག་ཙམ་ལ་ལུས་གསོའི་ཚོད་ལྟ་བྱས་པ་དང་། མིག་དབང་ཞན་པའི་བདེ་ཐང་སླར་གསོའི་ས་ཚིགས་བརྒྱ་ཙམ་བཙུགས་ནས་མིག་དབང་ཞན་པའི་དབང་བོ་སྐྱོན་ཅན་ལ་ལྟ་རོགས་ཡོ་བྱད་སྤྱད་དེ་ལོང་བའི་འཚོ་བའི་རྣམ་པ་དང་ཁ་བྲལ་དུ་བཅུག་པ་དང་། རིག་སྟོབས་སྐྱོན་ཅན་གྱི་རྒྱུད་འདེད་དང་ཏེན་མི་འདང་བའི་རྒྱུ་རྐྱེན་ཆེན་པོ་གཉིས་ལ་དམིགས་ནས། ཞིང་ཆེན6དང་རྫོང14ཡིས་རྒྱུད་འདེད་རང་བཞིན་གྱི་རིག་སྟོབས་སྐྱོན་ཅན་ཚོད་འཛིན་བྱེད་པའི་གཏན་འབེབས་བཟོས་པ་རེད།

ལུས་གསོ་རྨང་གཞིའི་རང་བཞིན་ཅན་གྱི་བྱ་བ།

སྤྱི་ལོ2018ལོའི་ཟླ5པར་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་གསལ་པར་གཞིགས་ན། སྤྱི་ལོ1988ལོར་བསྐྲུན་པའི་ཀྲུང་གོའི་དེང་རབས་ཅན་གྱི་ལུས་གསོའི་ཞིབ་འཇུག་ལྟེ་གནས་དང་པོས་ལུས་གསོའི་སྨན་བཅོས་དང་། ཚན་ཞིབ། ཤེས་ལྡན་མི་སྣ་གསོ་སྦྱོང་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། རྒྱལ་ཡོངས་སུ་ཞིང་ཆེན་རིམ་པའི་བྱིས་པ་འོན་པའི་བདེ་ཐང་སླར་གསོའི་ལྟེ་གནས29དང་བྱིས་པ་འོན་པའི་སྐད་བརྡའི་སྦྱོང་བརྡར་པུའུ600ལྷག་ཙམ་བཙུགས།

སྤྱི་ལོ2018ལོའི་ཟླ5པར་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་གསལ་པར་གཞིགས་ན། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྡེ་ཁུལ་དྲག་སྐྱེད་ས་ཚིགས1200ལྷག་ཙམ་དང་དམིགས་བསལ་མཁོ་ཆས་ཀྱི་ཞོར་འདེགས་ཡོ་ཆས300ལྷག་ཙམ་མཁོ་འདོན་བྱས་ནས་དབང་བོ་སྐྱོན་ཅན་གྱི་ཁ་གསབ་དང་སྦྱོང་བརྡར་ནུས་པར་རོགས་རམ་བྱས་ཏེ་འཚོ་བའི་རང་མགོ་འཁྱོངས་ནུས་པ་དང་སྤྱི་ཚོགས་ནང་ཞུགས་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། སྲང་ལམ་དང་ཕན་བདེ་བཟོ་གྲྭར་སྨྱོ་ནད་ཅན་དང་རིག་སྟོབས་དབང་བོ་སྐྱོན་ཅན་གྱི་སྨན་བཅོས་ས་ཚིགས་མང་པོ་བཙུགས་ཡོད། རྐང་འཛིན་ལུས་གསོའི་སྒྲིག་གཞི་རིམ་བཞིན་འཕེལ་རྒྱས་བཏང་བ་དང་། ཕྱོགས་བསྡུས་སྨན་ཁང་རིམ་པ་གསུམ་པར་ཡོངས་ཁྱབ་ཏུ་ལུས་གསོའི་ཚན་ཁག(ཁང)བཙུགས་པ་དང་། གསོ་རིག་སློབ་གྲྭ6གིས་ལུས་གསོའི་གསོ་རིག་ཆེད་ལས་བཙུགས་ཏེ་ལག་རྩལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཡོད། 

ངལ་རྩོལ་དང་ལས་ཞུགས།

རྒྱལ་ཁབ་ཀྱིས་གཅིག་སྡུད་དང་ཟུང་འབྲེལ་བྱེད་པའི་བྱེད་ཕྱོགས་ལག་ལེན་བསྟར་ནས་བསྡུར་ཚད་ལྟར་ལས་ཞུགས་དང་དཔྱ་ཁྲལ་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དང་དེ་བཞིན་རོགས་སྐྱོར་དང་སྲུང་སྐྱོང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཐབས་ལམ་མང་པོ་དང་། རིམ་པ་མང་པོ། རྣམ་པ་འདྲ་མིན་སྣ་ཚོགས་བཅས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་བཀོད་སྒྲིག་བྱ་རྒྱུ། 

སྤྱི་ལོ1993ལོའི་ལོ་མཇུག་བར་གཅིག་སྡུད་བཀོད་སྒྲིག་བྱས་པའི་དབང་བོ་སྐྱོན་ཅན་གྱི་ཕན་བདེའི་ཁེ་ལས་ཁྲི5.6ཟིན་པ་དང་། དབང་བོ་སྐྱོན་ཅན་ཁྲི84དེའི་ནང་ལས་ཞུགས་ཐུབ་པ། སྤྱི་ལོ1993ལོར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར890ཟིན་པ་བཅས་ཀྱི་ནང་ཕྱིར་གཏོང་དངུལ་བརྗེས་ཀྱི་ཐོན་རྫས་མི་ཉུང་བ་ཞིག་ཡོད་པ་རེད། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་བཅས་སུ་བསྡུར་ཚད་གཞིར་བཟུང་ལས་ཞུགས་བཀོད་སྒྲིག་བྱེད་པར་གསར་འབྱེད་རང་བཞིན་གྱི་གོམ་སྟབས་ཤིག་སྤོས་པ་སྟེ། དབང་བོ་སྐྱོན་ཅན་ཁྲི140ལྷག་ཙམ་ཚན་པ་ཁག་ཏུ་ལས་ཞུགས་ཐུབ་ནས་རྒྱལ་ཡོངས་ཀྱི་ལས་བཟོའི་བསྡོམས་འབོར་གྱི0.93%བཟུང་ཡོད་པ་རེད། དེའི་ཐོག་རྒྱལ་ཡོངས་སུ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས11དང་གྲོང་ཁྱེར་ཆེ་གྲས་9ཡིས་དབང་པོ་སྐྱོན་ཅན་གྱི་གཏན་འབེབས་གཞིར་བཟུང་ཚོད་ལྟ་བྱས་ཏེ1.5%ནས་2%བར་གྱི་བསྡུར་ཚད་ལྟར་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱས་ཡོད། སྒེར་གཉེར་བྱེད་པའི་དབང་བོ་སྐྱོན་ཅན་ཁྲི་ལྷག་ཟིན་ཡོད།

ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཔེ་འདེམས་བརྟག་དཔྱད་བྱས་པར་གཞིགས་ན། སྤྱི་ལོ1993ལོའི་ལོ་མཇུག་བར་ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དབང་བོ་སྐྱོན་ཅན་ལས་ཞུགས་ཐུབ་ཚད50%དང་གྲོང་གསེབ་ཀྱི་དབང་བོ་སྐྱོན་ཅན་ལས་ཞུགས་ཐུབ་ཚད60%ཙམ་ཟིན་ཡོད་པ་རེད། རྒྱལ་ཡོངས་སུ་དབང་བོ་སྐྱོན་ཅན་གྱི་ངལ་རྩོལ་ཞབས་ཞུའི་སྒྲིག་གཞི435བཙུགས་ནས་ལས་སྒུག་ཐོ་འགོད་དང་། ནུས་པར་དཔྱད་འཇོག ལས་རིགས་གསོ་སྦྱོང་། ལས་ཞུགས་ངོ་སྤྲོད། མཛུབ་ཁྲིད་བཅས་ལག་བསྟར་བྱས་པའི་དབང་བོ་སྐྱོན་ཅན་གྱི་ངལ་རྩོལ་རིམ་བཞིན་ཆགས་ཡོད། གྲོང་གསེབ་ཏུ་རྫོང་དང་ཞང(གྲོང་རྡལ)གི་སྲིད་གཞུང་དང་གཞི་རིམ་རྩ་འཛུགས་ཀྱིས་དབང་བོ་སྐྱོན་ཅན་གྱིས་འདེབས་འཛུགས་ལས་རིགས། གསོ་སྤེལ་ལས་རིགས། ལག་ཤེས་བཟོ་ལས། ཐོན་སྐྱེད་ངལ་རྩོལ་གཞན་དག་བཅས་ལ་རོགས་སྐྱོར་བྱས། དབང་བོ་སྐྱོན་ཅན་དབུལ་པོའི་མི་འབོར་གྱིས་རྒྱལ་ཡོངས་ཀྱི་མི་འབོར་དབུལ་པོའི་ཕྱེད་ཀ་ཙམ་ཟིན་པའི་གནས་ཚུལ་ལ་དམིགས་ཏེ་རྒྱལ་ཁབ་ཀྱིས་སྤྱི་ལོ1990ལོར“ལུས་གསོའི་དབུལ་སྐྱོར”གྱི་ཆེད་དོན་སྐྱེད་གསབ་དངུལ་བུན་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་དང་ཁག་དང་པོའི་དངུལ་བུན་སྒོར་དུང་ཕྱུར་གཅིག་རྫོང500ལ་བཏང་སྟེ་དབང་བོ་སྐྱོན་ཅན་དུད་ཚང40ལ་སྔ་རྗེས་སུ་དྲག་སྐྱེད་དང་ལས་རིགས་གསོ་སྦྱོང་བྱེད་རོགས་བྱས་ནས་ཐོན་སྐྱེད་ངལ་རྩོལ་ནང་ཞུགས་ཡོད། བྱ་ཐབས་དེར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས“སྔོན་ལ་སྨན་བཅོས་དང་། རྗེས་སུ་དབུལ་བཅོས། ལག་རྩལ་སློབ་སྦྱོང་། ཐོན་སྐྱེད་དམ་འཛིན”བཅས་བྱས་ནས་དབང་བོ་སྐྱོན་ཅན་མི་ཉུང་བ་ཞིག་དབུལ་སྒྲོལ་རགས་ཙམ་བྱས་པ་རེད།  སྤྱི་ལོ1991ལོར་རྒྱལ་ཁབ་དང་ས་ཁུལ83གྱི་དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་གསུམ་པའི་ནང་ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་འགྲེམས་སྟོན་ཚོགས་པར་གསེར་གྱི་རྟགས་མ15དང་། དངུལ་གྱི་རྟགས་མ10ཟངས་ཀྱི་རྟགས་མ10བཅས་ཐོབ་པ་དང་། བྱ་དགའི་རྟགས་མ་སྣ་ཚོགས་དང་སྤྱིའི་སྐར་གྲངས་ཨང་དང་པོ་བླངས་པ་རེད།

སྡེ་ཁུལ་བྱེད་སྒོ།

རྒྱལ་ཁབ་ཀྱིས《དབང་བོ་སྐྱོན་ཅན་ལ་སྟབས་བདེ་བསྐྲུན་རྒྱུའི་གྲོང་ཁྱེར་གྱི་འགྲོ་ལམ་དང་ཨར་སྐྲུན་དངོས་པོའི་ཇུས་འགོད་ཚད་གཞི》ཁྱབ་བསྒྲགས་བྱས་ནས་པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན། ཀོང་ཀྲོའུ། ཧྲེན་དབྱང་སོགས་གྲོང་ཁྱེར་གྱི་འགྲོ་ལམ་གཙོ་བོ་དང་། ཁྲོམ་ལམ་དང་ཚོང་ར། ཟློས་གར་ཁང་། ཚོགས་འདུའི་ལྟེ་གནས། ཐང་ཆེན་སོགས་ལ་རིམ་བཞིན་བྱ་ཐབས་སྤྱད་ཡོད། གྲོང་ཁྱེར་དུ་ལོང་བར་རིན་མི་དགོས་པར་རླངས་འཁོར་ལ་སྡོད་པ་དང་ལོང་བའི་སྐུར་དངོས་ལ་རིན་མི་དགོས་པར་ཉོ་བ་སོགས་ལག་བསྟར་བྱ་རྒྱུ། དེ་དག་གིས་དབང་བོ་སྐྱོན་ཅན་འདྲ་མཉམ་ངང་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་པའི་ཆ་རྐྱེན་བསྐྲུན་ཡོད། སྤྱི་དམངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང་དབང་བོ་སྐྱོན་ཅན་ཁྱབ་བསྒྲགས་བྱས་རྗེས་ཀྱི་ལོ་གསུམ་རིང་ཁག་སོ་སོར“དྲིལ་བསྒྲགས”དང“དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་ཚང་མ”དང“རོགས་སྐྱོར་དང་མཉམ་སྐྱོང”བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི”བྱེད་སྒོ་ཐེངས་གསུམ་སྤེལ་ནས་ཀྲུང་དབྱང་ནས་རྫོང་དང་ཤང་ས་གནས་ཀྱི་འགོ་ཁྲིད་བར།  གྲོང་ཚོ་དང་གྲོང་གསེབ་ཏུ་བསྐྱོད་དེ་དབང་བོ་སྐྱོན་ཅན་ལ་གཟིགས་པ་དང་། ཀྲུང་གོའི་ལོ་འཁོར་རེ་རེའི“དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོར”མི་ཁྲི་སྟོང་མང་པོས་དབང་པོ་སྐྱོན་ཅན་ལ་བྱ་བ་དངོས་སྒྲུབ་པ་དང་དྲོ་སྐྱིད་སྦྱིན་པ་རེད། སྤྱི་ལོ1993ལོའི་ལོ་མཇུག་བར་ཀྲུང་གོའི་ལོ་ཆུང་རུ་མི་བྱེ་བ་ལྔ་ཙམ་སྔ་རྗེས་སུ་ལོ8རིང་གི“སྐེ་རས་དམར་པོས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི”བྱེད་སྒོར་ཞུགས་པ་རེད། དབང་བོ་སྐྱོན་ཅན་རྩ་འཛུགས་ཀྱིས“དབང་བོ་སྐྱོན་ཅན་གྱི་ཁྱིམ་གཞིས”དང“དབང་བོ་སྐྱོན་ཅན་གྱི་གྲོགས་པོ”བྱེད་སྒོ་སྤེལ་ནས་མཐུན་སྒྲིལ་དང་། “རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་དང་། མི་སྒེར་དཔེ་བཟང་མི་སྣ་”སྐོང་ཚོགས་བྱས་ནས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན193དང་། མི་སྒེར། དབང་བོ་སྐྱོན་ཅན75བཅས་ཀྱི་ཁྱིམ་ཚང་དང་རྒྱལ་ཡོངས་ཀྱི་རང་འབད་བྱེད་མཁན194ལ་གཟེངས་བསྟོད་བྱས་པ་དང་། དབང་བོ་སྐྱོན་ཅན་ལ་དབང་བོ་སྐྱོན་ཤོར་ཞིང་བློ་སྟོབས་ཆེ་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་བྱས་རྗེས་དང་སྙིང་སྟོབས་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱིས་དབང་བོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་འཇོགསེམས་ཁུར། རོགས་རམ་བཅས་བྱེད་པའི་དར་སྲོལ་འཛུགས་པར་སྐུལ་འདེད་བཏང་ཡོད། 

3_3 རྒྱལ་སྤྱིའི་ཕྱི་འབྲེལ།

སྤྱི་ལོ2018ལོའི་ཟླ5པར་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་སྤེལ་བ་ལྟར། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་བོ་སྐྱོན་ཅན་སྤྱི་ལོ1983ལོ་ནས་སྤྱི་ལོ1992བར་དང་། སྤྱི་ལོ1993ལོ་ནས་སྤྱི་ལོ2002བར་གྱི་བྱ་སྤྱོད་ནང་ཧུར་ཐག་སྒོས་ཞུགས་ནས་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་དང་ས་ཁུལ50ལྷག་ཙམ་ལ་མཉམ་ལས་བྱས་ཏེ་རྒྱལ་སྤྱིའི་ཚོགས་འདུ་གལ་ཆེན12གཉེར་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་དྲུང་ཆེའི་གདན་ཞུས་ལྟར་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏེང་ཕུའུ་ཧྥང་གིས་ཀྲུང་གོའི་འཐུས་མི་ཚོགས་པའི་དམིགས་བསལ་བློ་འདྲིའི་ཐོབ་ཐང་ཐོག་ནས་སྐབས47པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ཞིང་། ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་ཚུལ་དང་བྱེད་ཕྱོགས་ཀྱི་རྩ་དོན་རྒྱས་བཤད་གནང་བ་དང་འབྲེལ་གྲོས་འགོ་བཏོན་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་དང་། ཀྲུང་གོའི་དབང་བོ་སྐྱོན་ཅན་བྱ་གཞག་གི་གཞི་རྩའི་བྱེད་སྟངས་དང་འཕེལ་རྒྱས་ཧ་ཅང་ཆེན་ལ། རྒྱ་ཁྱབ་རང་བཞིན་དང་། དོན་དངོས་རང་བཞིན། དྲང་གཞག་རང་བཞིན་བཅས་གང་ལེགས་མངོན་ཡོད། དབང་བོ་སྐྱོན་ཅན་བྱ་གཞག་སྐོར་ལ་འདུ་ཤེས་དང་། ཁྲིམས་སྲོལ། སྲིད་ཇུས། བྱེད་ཕྱོགས། བྱ་ཐབས་བཅས་རིམ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྡུ་ལེན་དང་ཁས་ལེན་བྱས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ནས་ཐོན་པའི་འབྲེལ་ཡོད་དབང་པོ་སྐྱོན་ཅན་གྱི་ཡིག་ཆའི་ནང་མངོན་པར་བྱས་ཤིང་། ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་མཐོང་ཆེན་བྱས།

4 འཇོན་མི་གསོ་སྐྱོང་།
4_1 སློབ་གསོ་ཁྱབ་བསྒྲགས།

དབང་བོ་སྐྱོན་ཅན་གྱི་སློབ་གསོ་སྤེལ་བར་ཁྱབ་གདལ་དང་མཐོར་འདེགས་ཟུང་འབྲེལ། ཁྱབ་གདལ་གཏོང་རྒྱུ་གཙོ་གནད་དུ་འཛིན་པའི་བྱེད་ཕྱོགས་ལག་བསྟར་དང་། འོས་འགན་སློབ་གསོ་དང་ལས་རིགས་ལག་རྩལ་གྱི་སློབ་གསོ་གཙིགས་སུ་འཛིན་པ། སློབ་ལོ་མ་སོན་གོང་གི་སློབ་གསོ་ཧུར་ཐག་གིས་སྤེལ་བ། རིམ་བཞིན་མཐོ་རིམ་སློབ་འབྲིང་ཡན་གྱི་སློབ་གསོ་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས།  སྤྱི་ལོ1993ལོའི་ལོ་མཇུག་བར་དམིགས་བསལ་སློབ་གསོའི་སློབ་གྲྭ1108བར་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་བཙུགས་གོང་ལས་ལྡབ25འཕར་བ་དེ་ལོ་ལས་ལྡབ4འཕར་བ་དང་ཆ་སྙོམས་ལོ་རེར20%འཕར་བ་དང་། སློབ་གྲྭ་དཀྱུས་མའི་ནང་དམིགས་བསལ་སློབ་གསོའི་འཛིན་གྲྭ3568ཟུར་འཛུགས་བྱས་པ་དེ་ནི་ལོ་རབས80པར་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་དང་། རིམ་བཞིན་འོས་འགན་སློབ་གསོའི་བྱེད་པོ་གཙོ་བོར་གྱུར་ཡོད། དམིགས་བསལ་ཆོས་ལུགས་སློབ་གྲྭ་དང་དམིགས་བསལ་ཆོས་ལུགས་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་པའི་བྱིས་པ་ལོང་བ་དང་འོན་པ་དང་དབང་བོ་ཞན་པ་ཁྲི37ལྷག་ཙམ་ཟིན་པ་དེ་རྒྱལ་ཁབ་མ་བཙུགས་གོང་གི་སློབ་གྲྭར་ཡོད་པའི་སློབ་མ་ཉིས་སྟོང་གི་ལྡབ185དང་མཚུངས།

སྤྱི་ལོ1988ལོ་ནས་སྤྱི་ལོ1993ལོའི་ལོ་ལྔའི་བར་རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་ལག་རྩལ་སློབ་གྲྭ་དཀྱུས་མ་དང་འབྲིང་རིམ་ཆེད་ལས་སློབ་གྲྭས་ཁྱོན་བསྡོམས་དབང་བོ་སྐྱོན་ཅན་སློབ་མ4300བསྡུས་ཡོད། དབང་བོ་སྐྱོན་ཅན་གྱི་ལས་རིགས་མཐོ་རིམ་སློབ་འབྲིང89དང་། ལག་རྩལ་བཟོ་པའི་སློབ་གྲྭ9དང་། འབྲིང་རིམ་སློབ་གྲྭ15དང་། དེ་བཞིན་གསོ་སྦྱོང་སྒྲིག་གཞི268བཅས་བཙུགས་ནས་དུས་ཡུན་འབྲིང་ཐུང་གི་ལས་རིགས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་ནས་ཁྱོན་དབང་བོ་སྐྱོན་ཅན་ཁྲི13ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད། མཐོ་རིམ་སློབ་འབྲིང་ཡན་གྱི་སློབ་གསོར་ཐོག་མའི་ཕན་འབྲས་ཐོན་པ། སློབ་ཆེན་དཀྱུས་མས་སྤྱི་ལོ1988ལོ་ནས་སྤྱི་ལོ1993ལོའི་བར་དབང་བོ་སྐྱོན་ཅན་ཡིན་པའི་སློབ་མའི་བསྡུ་ཚད་རིམ་རྩིས་བྱས་ན3859བསྡུས་ཡོད། དེ་ནས་ཁྲང་ཁྲུན་སློབ་གྲྭ་ཆེན་མོའི་དམིགས་བསལ་སློབ་གླིང་བཙུགས། ཧྲན་ཏུང་པིན་ཀྲོའུ་ཡི་གསོ་རིག་ཚན་ཁག་གཉིས་པ(རྐང་ལག་དབང་པོ་སྐྱོན་ཅན་གྱི་སློབ་མ་ཆེད་མངགས་བསྡུ་བ)དང་ཐེན་ཅིན་ཀན་སློབ་གླིང་གི་འོན་པའི་འཕྲུལ་གློག་ཆེད་ལས་ཀྱིས་ཆིང་ཏའོ་ལོང་བའི་མཐོ་རིམ་སློབ་འབྲིང་དང་ནན་ཅིང་གི་འོན་པའི་མཐོ་རིམ་སློབ་འབྲིང་ཚོད་ལྟའི་ངང་གཉེར་བ་དང་ཤིན་ཅང་དང་ནན་ཅིང་གི་ཀྲུང་དབྱིས་ལོང་བའི་འཕུར་མཉེད་སྨན་བཅོས་ཆེད་ལས་བཙུགས་པ་རེད། ལོང་ཡིག་བསྒྱུར་བཅོས་དང་འོན་པའི་ལག་བརྡའི་ཁྱབ་གདལ་ལ་གྲུབ་འབྲས་ཐོབ། 《རྒྱ་སྐད་ཀྱི་སྒྲ་སྦྱོར་གཉིས་ཀྱི་ལོང་ཡིག་ཇུས་གཞི》དང་། ལོང་བའི་རྩིས་དངོས་རིག་པ་དང་། མི་རིགས་ཀྱི་རོལ་ཆའི་མཚོན་རྟགས་བཅས་བཟོས་ནས་ཚད་ལྡན་དུ་གྱུར་བའི《ཀྲུང་གོའི་ལག་བརྡ》དང་ལོང་བའི་འཛམ་གླིང་གི་ས་རིས་ཕྱོགས་བསྒྲིགས་པར་སྐྲུན་བྱས་ཡོད། 

རིག་གནས་དྲིལ་བསྒྲགས།

སྤྱི་ཚོགས་ཐོག་ཁྱབ་སྤེལ་སྨྱན་སྦྱོར་དང་སྤྱི་དམངས་རིག་གནས་སྡེ་ཚན་གྱིས་འབད་བརྩོན་ཆེན་པོས་དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་གྱི་བྱ་གཞག་ལ་ཞབས་འདེགས་ཞུས་པ་དང་། སྤྱི་ལོ1992ལོར་བཙུགས་པའི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་བྱ་གཞག་གི་དྲིལ་བསྒྲགས་གསར་འགྱུར་དེ་ཀྲུང་དབྱང་དང་ས་གནས་ཀྱི་གསར་འགྱུར་ཚན་པའི་འབྲེལ་གཏུག་ལྟེ་གནས་སུ་གྱུར་ནས་ལོ་ལྟར་ཀྲུང་དབྱང་གི་ཚགས་པར་དང་དུས་དེབ་དང་། བརྙན་འཕྲིན་ལས་ཁུངས། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་སུ་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དང་འབྲེལ་བ་ཡོད་པའི་རྩོམ་ཡིག་སྟོང་ཕྲག་ཁ་ཤས་འགོད་རྒྱུ་དང་། ཚོགས་འདུ་གལ་ཆེན་དང་། བྱེད་སྒོ་གལ་ཆེན། དཔེ་མཚོན་གལ་ཆེན་བཅས་དུས་ཐོག་ཏུ་སྤེལ་གཏོང་བྱེད་པར་བརྟེན་དྲིལ་བསྒྲགས། འོན་ལྐུགས་ཀྱི་དགོས་མཁོ་དང་འཚམ་པར་བརྙན་འཕྲིན་ལག་བརྡའི་ལེ་ཚན་གཉེར་བ་མ་ཟད། ལེ་ཚན་ཁ་ཤས་སུ་ཡིག་བརྙན་ཁ་སྣོན་བྱས། སྤྱི་ལོ1993ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱིས《སྐར་མ་སྨིན་དྲུག》སོགས་གློག་བརྙན་0ལྷག་ཙམ་དང་བརྙན་འཕྲིན་འཁྲབ་ཚན་0ལྷག་ཙམ་པར་ལེན་བཟོ་སྐྲུན་བྱས་པ་རེད། དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་མཁན་ཧྭ་ཞ་དཔེ་སྐྲུན་ཁང་དང་ཀྲུང་གོ་དབང་བོ་སྐྱོན་ཅན་དུས་དེབ་ཁང་སོགས་ཚན་པར་ལོང་བ་དང་། འོན་པ། རིག་སྟོབས་ཞན་པ་བཅས་ཀྱི་ཀློག་དེབ་དང་དབང་པོ་སྐྱོན་ཅན་གྱི་སློབ་གསོ་དང་། ལུས་གསོ། ལས་ཞུགས་སོགས་ཀྱི་དཔེ་དེབ་སྣ་ཁ1200ལྷག་ཙམ་དང་དེབ་སྟོང་ཕྲག་ཁ་ཤས་ཡོད་པ་རེད། རྒྱལ་ཡོངས་སུ་དབང་བོ་སྐྱོན་ཅན་གྱི་བྱེད་སྒོ་སྤེལ་ཡུལ2100ལྷག་ཙམ་དང་ལོང་བའི་སྒྲ་ལྡན་ཀློག་དེབ་དཔེ་མཛོད་ཁང51བཏོད། སྤྱི་ལོ1987ལོ་དང་སྤྱི་ལོ1990ལོར་སྔ་རྗེས་སུ་སྐབས་གཉིས་ཀྱི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་མཉམ་འཁྲབ་བྱས་ཤིང་། དབང་བོ་སྐྱོན་ཅན་ཁྲི་གཉིས་ལྷག་ཙམ་ས་གནས་ཁག་གི་འཁྲབ་སྟོན་ནང་ཞུགས་པ་དང་ཁྱོན་འཁྲབ་སྟོན་ཐེངས་ཁྲི་ལྷག་ཙམ་བྱས་ནས་འཇོན་ཐང་མངོན་པ་དང་སྤྱི་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་ལས་ཞོར་དེ་ཀྲུང་གོའི་རྒྱལ་ནང་དུ་འཁྲབ་སྟོན་བྱས་པ་མ་ཟད། ད་དུང་ཡོ་རོབ་དང་། ཡོ་རོབ། ཨ་ཤེ་ཡ་བཅས་རྒྱལ་ཁབ་དང་ཤང་ཀང་དུ་སྐད་གྲགས་ཆོད་ནས་ཨ་རི་དང་མཛའ་གྲོགས་ཀྱི་འབྲེལ་བ་ཆགས་ཡོད། སྤྱི་ལོ1985ལོ་དང་། སྤྱི་ལོ1989ལོ། སྤྱི་ལོ1992ལོ་བཅས་སུ་སྔ་རྗེས་སུ་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་འཚོགས་ཤིང་། དབང་བོ་སྐྱོན་ཅན་ཁྲི14རྫོང་རིམ་པ་ཡན་གྱི་འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་ནས་གཞི་རིམ་གྱི་ལུས་རྩལ་བྱེད་སྒོར་སྐུལ་འདེད་བཏང་བ་མ་ཟད་གསར་གཏོད་ཀྱང་བྱས་ཡོད། རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་ཁོ་ནར་རྒྱལ་ཡོངས་ཀྱི་ཟིན་ཐོ་ཁག238དང་འཛམ་གླིང་གི་ཟིན་ཐོ་ཁག10ལྷག་ཙམ་ཡོད་པ་རེད། ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་ལས་ཞོར་ལུས་རྩལ་འཐུས་མི་ཚོགས་པས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་སོགས་རྒྱལ་སྤྱིའི་འགྲན་བསྡུར་ཆེ་གྲས་ཐེངས10ལྷག་ཙམ་ལ་སྔ་རྗེས་སུ་ཞུགས་པ་དང་། གསེར་གྱི་རྟགས་མ133དང་། དངུལ་གྱི་རྟགས་མ62ཟངས་ཀྱི་རྟགས་མ29བཅས་ཐོབ་པ། དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་ཐོག་བྱ་དགའ་ཨང་དང་པོ་ཐོབ་ནས་རྒྱལ་ཁབ་ལ་གཟི་བརྗིད་ཨང་དང་པོ་བརྩོན་ལེན་བྱས་པ། 

5 རིག་གནས།
5_1 ཚོགས་རྟགས།

གཅིག ཚོགས་རྟགས་ཀྱི་ལྟེ་བའི་རིས་དབྱིབས་དེ་“དབང་པོ་སྐྱོན་ཅན”ཞེས་པའི་ཡིག་འབྲུ་གསུམ་གྱི་རྒྱ་སྐད་ཀྱི་སྒྲ་སྦྱོར་བསྡུས་འབྲིCJRཡིས་གྲུབ་ཅིང་། དེས་དབང་བོ་སྐྱོན་ཅན་དང་རྒྱལ་སྤྱིའི་ཐོག་ཐུན་མོང་དུ་སྤྱོད་པའི་དབང་བོ་སྐྱོན་ཅན་གྱི་མཚོན་རྟགས་ཤིག་ཡིན་པ་མཚོན་ཞིང་། མི་རྣམས་ཀྱིས་བལྟས་པ་ཙམ་གྱིས་དབང་པོ་སྐྱོན་ཅན་གྱི་ཚབ་བྱེད་ཀྱི་ཡོད་པ་ཤེས་ཐུབ། 

གཉིས། ཚོགས་རྟགས་ཀྱི་ཕྱི་དབྱིབས་ནི་ཀྲུང་གོའི་མི་དམངས་ཀྱིས་དགའ་མགུ་བྱེད་པའི་དཔྱིད་འགོའི་མེ་ཏོག་ཅིག་ཡིན་ཞིང་། དེར་མི་རིགས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། དབང་བོ་སྐྱོན་ཅན་གྱི་གཤིས་རྒྱུད་དང་རང་བཀུར་དང་། རང་ལ་ཡིད་ཆེས། རང་འབད་དང་ཡར་ཐོན་བཅས་ཀྱི་ཡར་བརྩོན་སྙིང་སྟོབས་མཚོན་ཡོད། མཐིང་མདོག་གིས་ཞུམ་མེད་ཀྱི་གསོན་ཤུགས་མཚོན་པ་དང་། དཔྱིད་འགོའི་མེ་ཏོག་གིས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་དཔྱིད་ཀྱི་དཔལ་ཡོན་བཞིན་རྒྱས་བཞིན་པ་དང་། ཀྲུང་གོའི་དབང་བོ་སྐྱོན་ཅན་དང་དེའི་གཉེན་ཉེའི་རེ་བ་བཅས་མཚོན་ཡོད།

.jpg

གསུམ། དཔྱིད་འགོའི་མེ་ཏོག་ནི་ཕན་ཚུན་འབྲེལ་མཐུད་བྱེད་མཁན་ལྔ་ལས་གྲུབ་པའི་དབང་བོ་སྐྱོན་ཅན་རྣམས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ནས་འཚོ་བ་མཚོན་པ་དང་། བསམ་ཤེས་དང་བརྩི་འཇོག་ཐོབ་པ།རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་མི་ཆོས་རིང་ལུགས་ཀྱི་དར་ཆ་བསྒྲེངས་དང་། དབང་བོ་སྐྱོན་ཅན་དང་མཉམ་དུ་གྲུབ་པའི་མཛའ་གཅུགས་ཀྱི་འབྲེལ་བ་མཚོན་པ་ཡིན།

བཞི། ཚོགས་རྟགས་ཀྱི་ལྟེ་བའི་དཔེ་རིས་དང་མཐའ་ཐིག་ནི་གསེར་མདོག་ཅན་ཡིན་པ་དང་། དབང་བོ་སྐྱོན་ཅན་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་དུ་འཚོ་བ་དང་། ཏང་གི་ཉི་འོད་ལ་རོལ་བ། ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་བཅས་མཚོན་གྱི་ཡོད། 

ལྔ། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་རྟགས་ཀྱི་མདུན་ངོས་སུ་ཚོགས་རྟགས་ཀྱི་དཔེ་རིས་སྤྱད་དེ་“ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས”ཞེས་པའི་ཡིག་འབྲུ་བཀོད་ཡོད།

5_2 རིག་གནས་སྙིང་སྟོབས།

མི་ཆོས་རིང་ལུགས་ཀྱི་བསམ་བློ་དར་སྤེལ་དང་། དབང་བོ་སྐྱོན་ཅན་གྱི་བྱ་གཞག་གོང་སྤེལ། དབང་བོ་སྐྱོན་ཅན་འདྲ་མཉམ་དང་སྤྱི་ཚོགས་ཀྱི་འཚོ་བའི་ནང་གང་ལེགས་ཞུགས་པར་སྐུལ་འདེད། སྤྱི་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་བྱ་རྒྱུ་དེ་ཡིན།

6 ད་ལྟའི་འགོ་ཁྲིད།

          ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སྐབས་བདུན་པའི་ཀྲུའུ་ཞི་ཚོགས་པའི་འགོ་ཁྲིད།

གོ་གནས། རུས་མིང་།
མཚན་འཛིན་ཀྲུའུ་ཞི།

ཏེང་ཕུའུ་ཧྥང་།

ཀྲུའུ་ཞི། ཀྲང་ཧའེ་ཏི། མོ།
ཀྲུའུ་ཞི་གཞོན་པ།  ཀྲོའུ་ཁྲང་ཁུའེ། ལུའི་ཧྲི་མིང་། ཁྲེང་ཁའེ། ལིའུ་ཙའེ་ཅུན། ཧོའུ་ཅིན་ཅིན། (མོ) ཁྲེན་གོ་རྨིན། ཧོང་ཡུའེ་ཆིན། (མོ) ཧྲ་མ་ཡིའུ་ཀུའུ།

         ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སྐབས་བདུན་པའི་ལག་བསྟར་ལས་འཛིན་ལྷན་ཚོགས།

གོ་གནས། རུས་མིང་།
ཧྲུའུ་ཀྲང་།

ཀྲོའུ་ཁྲང་ཁུའེ།

ཧྲུའུ་ཀྲང་གཞོན་པ། ཁྲེང་ཁའེ་དང་། ཅ་ཡུང་། ཝང་མེ་མེ། (མོ) ཞང་ཙི་ཁྲེང་།
ལེའུ་ཧྲུའུ།

ལི་ཆིན་ཀྲུང་། དབྱང་དབྱང་། (མོ)


དཔྱད་གཞིའི་ཡིག་ཆ།