རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-12-06 16:10ལ་འགྲུབ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་།
སྤྱི་ལོ1990ལོའི་ཟླ2པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་མིང་སྔ་མ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དང་། སྔར་སྣེ་ཁྲིད་བྱས་མྱོང་བའི་རྒྱལ་ཡོངས་བྱིས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་གཞུང་དོན་གྲོས་མོལ་ལས་ཁུངས་སུ་གྱུར། སྤྱི་ལོ1993ལོའི་ཟླ8པའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ཨུ་ཡོན་ལྷན་ཁང་གི་མིང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར་ཞིང་། བསྡུས་མིང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་ཟེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ལས་དོན་ལ་མཐུན་སྦྱོར་གྱི་གྲོས་གཞི་འདོན་པ་དང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་བུད་མེད་དང་བྱིས་པའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་གི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་དང་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国务院妇女儿童工作委员会
ངོ་བོ།
སྲིད་གཞུང་ལས་ཁུངས།
ཁོངས་གཏོགས་ལས་ཁུངས།
33ཡོད།
བཙུགས་དུས།
སྤྱི་ལོ1990ལོའི་ཟླ2ཚེས22ཉིན།
དཀར་ཆག
1   ངོ་སྤྲོད་མདོར་བསྡུས། 
2   གཞི་རྩའི་འགན་ནུས།
3   ཁོངས་གཏོགས་ལས་ཁུངས།
4   བྱ་བའི་གནས་ཚུལ།
5   འགོ་ཁྲིད་མཚམས་སྦྱོར།
6   ལས་ཁུངས།
7   སྡེ་ཁག་གི་འགན་འཁྲི།
7.1 དྲིལ་བསྒྲགས་པུའུ།
7.2 ཕྱི་འབྲེལ་པུའུ།
7.3 སློབ་གསོ་པུའུ།
7.4 ཚན་རིག་ལག་རྩལ་པུའུ།
7.5 སྤྱི་བདེ་པུའུ།
7.6 དམངས་སྲིད་པུའུ།
7.7 སྲིད་ཁྲིམས་པུའུ། 
7.8 ནོར་སྲིད་པུའུ། 
7.9 མི་དོན་པུའུ།
7.10 འཛུགས་སྐྲུན་པུའུ།
7.11 ཆུ་ཤུགས་པུའུ།
7.12 ཞིང་ལས་པུའུ།
7.13 ཚོང་དོན་པུའུ།
7.14 རིག་གནས་པུའུ།
7.15 འཕྲོད་བསྟེན་པུའུ།
7.16 གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་།
7.17 ལུས་རྩལ་སྤྱི་ཁྱབ་ཅུའུ།
7.18 སྡོམ་རྩིས་ཅུའུ།
7.19 ནགས་ལས་ཅུའུ།
7.20 རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས།
7.21 གུང་གཞོན་ཚོགས་པ།
7.22 རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས།
1 ངོ་སྤྲོད་མདོར་བསྡུས། 

སྤྱི་ལོ1990ལོའི་ཟླ2པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ཨུ་ཡོན་ལྷན་ཁང་ཟེར་བ་ནི་མིང་སྔ་མ་ཡིན་ཞིང་། ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དང་། སྔར་སྣེ་ཁྲིད་བྱས་མྱོང་བའི་རྒྱལ་ཡོངས་བྱིས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་གཞུང་དོན་གྲོས་མོལ་ལས་ཁུངས་སུ་གྱུར།

སྤྱི་ལོ1993ལོའི་ཟླ8པའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ཨུ་ཡོན་ལྷན་ཁང་ཞེས་མིང་བསྒྱུར་ཞིང་། བསྡུས་མིང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ཨུ་ཡོན་ལྷན་ཁང་ཟེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་བྱ་བ་གྲོས་མོལ་བྱེད་པའི་ལས་ཁུངས་ཤིག་ཡིན་ལ། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བུད་མེད་དང་བྱིས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པར་མཐུན་སྦྱོར་དང་སྐུལ་འདེད་བྱེད་པར་འགན་ཁུར་ནས། བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་གཏོང་དགོས།

2 གཞི་རྩའི་འགན་ནུས།

སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་དགོས།

སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་བུད་མེད་དང་བྱིས་པའི་བྱ་བ་འཕེལ་རྒྱས་གཏོང་རྒྱུར་རྩ་གནད་བཟོ་བ་དང་ལག་བསྟར་བྱ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་བྱེད་པ།

སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་བུད་མེད་དང་བྱིས་པའི་ལས་དོན་སྤེལ་རྒྱུ་དང་བུད་མེད་དང་བྱིས་པའི་བྱ་གཞག་གོང་འཕེལ་གཏོང་ཆེད་མི་ཤུགས་དང་ནོར་ཤུགས། དངོས་ཤུགས་བཅས་མཁོ་འདོན་བྱེད་པར་སྐུལ་འདེད་གཏོང་བ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སུ་ཡོད་པའི་མི་དམངས་སྲིད་གཞུང་གིས་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་མཛུབ་ཁྲིད་དང་ལྟ་སྐུལ། ཞིབ་བཤེར་བཅས་བྱེད་དགོས།

3 ཁོངས་གཏོགས་ལས་ཁུངས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་འགོད་དགོས།

པུའུ་ཨུ་དང་སྤྱི་ཚོགས་ཚོགས་པ33ཡོད།

རྒྱལ་ཡོངས་སུ་གཞུང་ལས་ཁང་མང་དུ་བཙུགས་ཡོད་པ།

ཁོངས་གཏོགས་ལས་ཁུངས33ཡོད།

རྒྱལ་ཁབ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་ཕྱི་འབྲེལ་པུའུ། སློབ་གསོ་པུའུ། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཁང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་བསྡོམས་རྩིས་ཅུའུ། རྒྱལ་ཁབ་སྤྱི་ཁྱབ་ཁང་། ཁྲིམས་ལུགས་གཞུང་ལས་ཁང་། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཡིན།

4 བྱ་བའི་གནས་ཚུལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་རྗེས་གཞི་རྩའི་རྒྱལ་ཇུས་དོན་འཁྱོལ་དང“བྱིས་པ་སྔོན་སྐྱེས་པའི”རྩ་དོན་མཐའ་འཁྱོངས་ཡོང་བར་བྱས་ནས་རང་རྒྱལ་གྱི་བུད་མེད་དང་བྱིས་པའི་འཚོ་གནས་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ལ་དམིགས་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གཞོགས་འདེགས་འོག《ཀྲུང་གོའི་བུད་མེད་འཕེལ་རྒྱས་རྩ་གནད(སྤྱི་ལོ1995ལོ་ནས་སྤྱི་ལོ2000ལོའི་བར)》དང་། 《ལོ་རབས་དགུ་བཅུ་པའི་ཀྲུང་གོའི་བྱིས་པའི་འཕེལ་རྒྱས་འཆར་འགོད་རྩ་གནད》 《ཀྲུང་གོའི་བུད་མེད་འཕེལ་རྒྱས་རྩ་གནད(སྤྱི་ལོ2001ལོ་ནས་སྤྱི་ལོ2010ལོའི་བར)》 《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད(སྤྱི་ལོ2001ལོ་ནས་སྤྱི་ལོ2010ལོའི་བར)》བཅས་གཏན་འབེབས་དང་ཁྱབ་བསྒྲགས་བྱས་ཡོད།

སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་འགན་ནུས་ཆེ་རུ་གཏོང་རྒྱུར་མཐུན་སྦྱོར་སྐུལ་འདེད་དང་། བྱེད་ཐབས་གཏན་འབེབས། བུད་མེད་དང་བྱིས་པའི་རྩ་གནད་ལག་བསྟར་བཅས་བྱས་ཏེ་བུད་མེད་དང་བྱིས་པའི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང།

སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི《བུད་མེད་ལ་མཐོང་ཆུང་བྱེད་པའི་རིགས་མཐའ་དག་སེལ་བའི་སྤྱི་ཆིངས》དང་། 《བྱིས་པའི་ཁེ་དབང་སྤྱི་ཆིངས》སོགས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་ནན་ཏན་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

བུད་མེད་དང་བྱིས་པའི་རྩ་གནད་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལམ་སྲོལ་འཛུགས་པ། འཐུས་སྒོ་ཚང་དུ་བཏང་ནས་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་མ་ལག་བཟོས་ཏེ་རྒྱལ་ཁབ་རིམ་པའི་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱས་ཡོད།

རྩ་འཛུགས་ཀྱིས་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྲིད་གཞུང་གི་འགོ་ཁྲིད་ཀྱི་བྱ་བའི་རྩ་གནད་ལག་བསྟར་བྱེད་པར་ནུས་ཤུགས་ཆེ་རུ་གཏོང་དགོས།

ནུབ་རྒྱུད་ཀྱི་ས་ཁུལ་གྱི་དབུལ་བོ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་བྱིས་པའི་སློབ་གསོ་དང་། འཕྲོད་བསྟེན། ཆུ་དང་གསང་སྤྱོད་སྒྱུར་བཀོད་སོགས་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ནུས་ཤུགས་སྒོས་ཐག་གཅོད་བྱས་ཏེ་ནུབ་རྒྱུད་ས་ཁུལ་གྱི་བུད་མེད་དང་བྱིས་པའི་འཚོ་གནས་ཆ་རྐྱེན་ལེགས་སུ་གཏོང་དགོས།

གཞུང་དོན་གྲོས་མོལ་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་འབྲེལ་ཡོད་སྡེ་ཚན་ལ་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་།

ས་གནས། པེ་ཅིང་ཅན་གོ་མོན་ནང་ཁྲོམ་ཆེན་ཨང15པ།

སྦྲག་སྲིད་ཨང་གྲངས། 100730

5 འགོ་ཁྲིད་མཚམས་སྦྱོར།

ཀྲུའུ་རེན། ལིག་ཡན་ཏུང་། (ཙུང་ལི་གཞོན་པ། )

ཀྲུའུ་རེན་གཞོན་པ། ཅང་ཞའོ་ཅུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ།

སུང་ཞིའུ་ཡན། (ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ)

ཝང་ཞའོ་ཐའོ། རྒྱལ་ཁབ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ཁོངས་མི། ཝང་ཧྲི་མིང་། (ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ)

ལི་པའོ་ཏུང་། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ།

ལིའུ་ལི་རྨིན། (སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ)

ཀྲང་ལའེ་ཝུའུ། པུའུ་ཀྲང་གཞོན་པ།

ཧྲང་པིན། (བཟོ་ལས་དང་ཆ་འཕྲིན་པུའུ་ཡི་པུའུ་ཀྲང་གཞོན་པ)

ཁྲེན་ཀེའུ། (རྒྱལ་ཁབ་ཀྱི་ཀྲུའུ་རེན་གཞོན་པ)

ལི་ཝེ། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ།

ཙོའུ་མིང་། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ།

ཀྲང་ཡན་ཀྲེན། པུའུ་ཀྲང་གཞོན་པ།

ཧུའུ་ཅིང་ལིན། (ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ)

དབྱང་ཀྲི་མིང་། མི་ཤུགས་ཐོན་ཁུངས་ཅུའུ་ཡི་པུའུ་ཀྲང་གཞོན་པ།

ཕན་ཡུའེ། ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་གཞོན་པ།

ཝང་ཉིང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གཞོན་པ།

ཝང་ཁྲང་ཧྲུན། (འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གཞོན་པ)

ལི་གོ་ཡིན། པུའུ་ཀྲང་གཞོན་པ།

ཁྲེན་ཞའོ་ཧྭ། ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ།

ཝང་ཧྲོའུ་ཝུན། ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས།

དབྱང་ཀྲི་ཅིན། རིག་གནས་པུའུ་ཡི་པུའུ་ཀྲང་གཞོན་པ།

ཝང་གོ་ཆང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ལིའུ་ཡུས་ཐིང་། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཀྲང་ཆིན་རུང་། (རྒྱལ་ཁབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ)

ཝུའུ་ཧྲང་ཀྲི། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

དབྱང་ཧྲུའུ་ཨན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཅ་ནན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཀྲང་ཡུང་ལི། ཅུའུ་ཀྲང་གཞོན་པ།

ཧུའུ་ཁོ་མིང་། (རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ)

ཚུའེ་ཡུས་དབྱིང་། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ།

ཧུང་ཐེན་ཡུན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།

ཧྥན་ཅི་དབྱིན། (རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ)

ལུའོ་མེ། (གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི)

ཚུའེ་ཡུས། ཀྲུའུ་ཞི་གཞོན་པ།

ཁྲེང་ཁའེ། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།

ཞུས་ཡན་ཧའོ། (ཀྲུང་གོ་ཚན་རིག་མཐུན་ཚོགས་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི)

ལིའུ་ཡ་ཀྲི། (ཀྲུང་གོའི་འགག་སྒོའི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ།

6 ལས་ཁུངས།

ས་གནས་དང་སྦྲགས་ཨང་།

དྲིལ་བསྒྲགས་པུའུ། པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཤིས་ཁྲང་ཨན་ཁྲོམ་གཞུང་ཨང5པ།

རྒྱལ་ཁབ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཡོན་ཐན་ལྷོ་ལམ་གྱི་སྒོ་རྟགས38པ།

ཕྱི་འབྲེལ་པུའུ། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་སྒོའི་ལྷོ་ལམ་གྱི་ཨང2པ།

སློབ་གསོ་པུའུ། པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཤིས་ཏན་ཏ་མུའུ་ཚང་གི་སྲང་ལམ་ཨང37པ།

ཚན་རིག་ལག་རྩལ་པུའུ། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་བསྐྱར་དར་ལམ་གྱི་ཨང་རྟགས15པ།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། པེ་ཅིན་གྲོང་ཁྱེར་ནུབ་ཆུས་ཐའེ་ཕིང་ཆའོ་ཁྲོམ་གཞུང་།

སྤྱི་བདེ་པུའུ། པེ་ཅིང་གྲོང་ཁྱེར་ཤར་ཆུས་ཏུང་ཁྲང་ཨན་ཁྲོམ་གཞུང་ཨང14པ།

དམངས་སྲིད་པུའུ། པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་པེ་ཧོ་ཡན་ཁྲོམ་གཞུང་གི་སྒོ་རྟགས147པ།

སྲིད་ཁྲིམས་པུའུ། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་མོན་ལྷོ་ཁྲོམ་ཨང10པ།

ནོར་སྲིད་པུའུ། པེ་ཅིང་གྲོང་ཁྱེར་ནུབ་ཆུས་སན་ལི་ཧོ་སྲང་ལམ་གསུམ་པའི་ཨང3པ།

མི་དོན་པུའུ། པེ་ཅིང་གྲོང་ཁྱེར་ཤར་ཁུལ་གྱི་ཕིང་ལི་ཀྲུང་སྲང་ལམ་ཨང7པ།

འཛུགས་སྐྲུན་པུའུ།  པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་སན་ལི་ཧོ་ལམ་གྱི་སྒོ་རྟགས9པ།

ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ། པེ་ཅིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ཕིང་ལི་ཀྲུང་སྲང་ལམ་ཨང12པ།

ཆུ་ཤུགས་པུའུ། པེ་ཅིང་གྲོང་ཁྱེར་ཞོན་ཝུའུ་མོན་པའེ་ཀོང་ལམ་གྱི་སྒོ་རྟགས2པ།

ཞིང་ལས་པུའུ། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཞིང་ལས་འགྲེམས་ཁང་ནན་ལི་ཨང11པ།

ཚོང་དོན་པུའུ། པེ་ཅིན་གྲོང་ཁྱེར་མཁར་ཤར་ཁུལ་ཏུང་ཁྲང་ཨན་སྲང་ལམ་ཨང2པ།

རིག་གནས་པུའུ། པེ་ཅིན་གྲོང་ཁྱེར་མཁར་ཤར་ཁུལ་ཁྲའོ་དབྱང་མོན་བྱང་ལམ་གྱི་ཨང10པ།

འཕྲོད་བསྟེན་པུའུ། པེ་ཅིན་གྲོང་ཁྱེར་གྲོང་ནུབ་ཆུས་རྗེས་མཚོ་བྱང་རྒྱུད་ཨང44པ།

རྒྱལ་ཁབ་མི་འབོར་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་ཀྲི་ཁྲུན་ལམ་ཨང14པ།

རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ། པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་སན་ལི་ཧོ་ཤར་ལམ་ཨང8པ།

རྒྱལ་ཁབ་ཅུའུ་སྤྱི་ཁྱབ་ཅུའུ། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་མ་ཏན་ཤར་ལམ་ཨང9པ།

རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་སྤྱི་ཁྱབ་ཅུའུ། པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཤིས་ཀྲི་མོན་ལྷོ་ཁྲོམ་ཆུང་བ།

རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་བསྐྱར་དར་སྒོའི་ཕྱི་རོལ་གྱི་ཁྲོམ་གཞུང་ཨང2པ།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ། པེ་ཅིང་གྲོང་ཁྱེར་ཁྲུང་ཝུན་ཆུས་ལུས་རྩལ་ཁང་ཨང5པ།

རྒྱལ་ཁབ་བསྡོམས་རྩིས་ཅུའུ། པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་གཡོད་ཐན་ལྷོ་ལམ་གྱི་སྒོ་རྟགས75པ།

རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་། པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ཤར་བཞི་ལྷོ་ཁྲོམ་གཞུང་གི་སྒོ་རྟགས85པ།

རྒྱལ་ཁབ་ནགས་ལས་ཅུའུ། པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ཕིང་ལི་ཏུང་ཁྲོམ་གཞུང་ཨང18པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་། པེ་ཅིང་ཞེའུ་ཁྲང་ཐོག་ཁང་།

ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་པེ་ཁྲེ་ཙེ་ཁྲོམ་གཞུང་གི་སྒོ་རྟགས44པ།

ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། པེ་ཅིང་གྲོང་ཁྱེར་བསྐྱར་དར་སྒོའི་ཕྱི་རོལ་གྱི་ཁྲོམ་གཞུང་ཨང10པ།

གུང་གཞོན་སྡེ་ཚོགས་པ། པེ་ཅིང་གྲོང་ཁྱེར་གྱི་མདུན་སྒོ་ཤར་གྱི་ཁྲོམ་གཞུང་ཨང10པ།

ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། པེ་ཅིང་གྲོང་ཁྱེར་ཅན་གོ་མོན་ནེ་ཁྲོམ་གཞུང་གི་སྒོ་རྟགས་ཨང15པ།

ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་བསྐྱར་དར་ལམ་ཨང3པ།

གཞུང་ལས་ཁང་།

གཞུང་ལས་ཁང་གི་ཀྲུའུ་རེན། ཧོང་ཆིང་དབྱི།

རྒྱུན་ལས་ཀྲུའུ་རེན་གཞོན་པ། སུའུ་ཧྥེང་ཅེ།

ཀྲུའུ་རེན་གཞོན་པ། ཝན་ཡན།

རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་བྱ་བའི་འགན་འཁྲི།

རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་བཙུགས་དོན་གཅོད་ལས་ཁུངས་ཤིག་ཡིན།

1.རྒྱལ་ཁབ་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཀྱི་དུས་ཡུན་རིང་པོར་འཆར་འགོད་བཟོ་བ་དང་འབྲེལ་ལག་བསྟར་དང་ལྟ་ཞིབ་ཚད་ལེན་སྒྲིག་འཛུགས་བྱེད་པ།

2.རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་ཁུངས33གྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཡག་པོ་དང་བུད་མེད་དང་བྱིས་པའི་འཕེལ་རྒྱས་རྩ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་དགོས།

3.བརྟག་དཔྱད་ཞིབ་འཇུག་སྤེལ་ནས་ཨུ་ཡོན་ལྷན་ཁང་གིས་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་ཐག་གཅོད་པར་གཞི་འཛིན་ས་མཁོ་འདོན་བྱེད་པ།

4.རྒྱལ་ཡོངས་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་ཆེད་དོན་ཚོགས་འདུ་དང་གཟེངས་བསྟོད་ལས་དོན་བསྒྲུབ་དགོས།

5.ཞིང་ཆེན་རིམ་པའི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ལས་དོན་ལ་མཛུབ་ཁྲིད་བྱེད་པ།

6.རྒྱུན་ལྡན་གྱི་སྲིད་འཛིན་ལས་དོན་ལ་འགན་འཁུར་རྒྱུ་དང་ཡིག་ཆ་སྣ་ཚོགས་འགྲེམས་སྤེལ་བྱེད་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་ལས་དོན་གཞན་དག་ལེགས་པར་བསྒྲུབ་དགོས།

7.མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་མཐུན་ཚོགས་དང་མཉམ་ལས་བྱས་ཏེ་ལས་གཞི་སྣ་མང་བསྒྲུབ་དགོས།

7 སྡེ་ཁག་གི་འགན་འཁྲི།
7_1 དྲིལ་བསྒྲགས་པུའུ།

ས་གནས་ཀྱི་དྲིལ་བསྒྲགས་སྒྲིག་གཞི་དང་གསར་འགྱུར་སྨྱན་སྦྱོར་ལ་མཐུན་སྦྱོར་དང་མཛུབ་ཁྲིད་བྱས་ཏེ་ཆ་འཕྲིན་གྱི་བྱ་ཐབས་སྤྱད་དེ་གཞི་རྩའི་རྒྱལ་ཇུས་དང་བྱིས་པ་སྔོན་ལ་སྐྱེས་པའི་རྩ་དོན་དྲིལ་བསྒྲགས་དང་། 《ཀྲུང་གོའི་བུད་མེད་འཕེལ་རྒྱས་རྩ་གནད》དང《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད》དྲིལ་བསྒྲགས་བྱེད་དགོས།

སྨྱན་སྦྱོར་སྣ་ཚོགས་ཀྱིས་བུད་མེད་འཕེལ་རྒྱས་དང་བྱིས་པ་འཚར་ལོངས་ཡོང་བར་ཕན་པའི་སྤྱི་ཚོགས་དང་རིག་གནས་ཆ་འཕྲིན་ཁྱབ་སྤེལ་བྱེད་པར་ཁྲིད་སྟོན་བྱ་དགོས།

རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་།

བུད་མེད་དང་བྱིས་པའི་བྱ་གཞག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་དུས་ཡུན་རིང་བའི་འཆར་གཞིའི་ནང་འཇུག་དགོས།

འཆར་འགོད་བཟོ་བ་དང་སྲིད་ཇུས་བཟོ་བའི་བརྒྱུད་རིམ་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ཀྱི་འབྲེལ་བ་མཐུན་སྦྱོར་བྱ་རྒྱུར་སྣང་ཆེན་བྱས་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པ། བུད་མེད་དང་བྱིས་པའི་བྱ་གཞག་ཐད་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

7_2 ཕྱི་འབྲེལ་པུའུ།

རྒྱལ་སྤྱིའི་ཐོག་བུད་མེད་དང་བྱིས་པའི་ཁྱབ་ཁོངས་སུ་རང་རྒྱལ་ལ་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་ས་གནས་ཁག་དང་སྡེ་ཚན་ཁག་གི་བུད་མེད་དང་བྱིས་པའི་རྒྱལ་སྤྱིའི་ལས་དོན་ནང་ཞུགས་རྒྱུར་གཞོགས་འདེགས་བྱེད་དགོས།

7_3 སློབ་གསོ་པུའུ།

བྱིས་པ་ཡོངས་ཀྱི་སློབ་གསོ་མྱོང་བའི་ཁེ་དབང་འགན་སྲུང་བྱ་དགོས།

རིམ་ཁག་དང་རིགས་ཁག་གི་སློབ་གྲྭས་སློབ་མ་བསྡུ་བ་དང་འབྲིང་རིམ་ཡན་གྱི་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ཁྲོད་རྩ་དོན་མཐའ་འཁྱོངས་བྱེད་པ།

ཁྱིམ་ཚང་གི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་དང་། དམིགས་བསལ་སློབ་གསོ་དང་། བུད་མེད་ཀྱི་སློབ་གསོ་དང་ལས་རིགས་ལག་རྩལ་སློབ་གསོ། སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་བཅས་འཕེལ་རྒྱས་སུ་བཏང་ནས་བུད་མེད་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། བུད་མེད་དགེ་རྒན་ལ་བརྩི་འཇོག་དང་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སེམས་ཁུར་དང་འགན་སྲུང་བྱ་དགོས།

7_4 ཚན་རིག་ལག་རྩལ་པུའུ།

བུད་མེད་དང་བྱིས་པའི་ལུས་སེམས་བདེ་ཐང་སོགས་ཀྱི་ཐད་ལ་ཚན་རིག་ལག་རྩལ་ཞིབ་འཇུག་དང་དེའི་གྲུབ་འབྲས་ཁྱབ་གདལ་དང་བེད་སྤྱོད་བྱེད་དགོས།

བུད་མེད་ཚན་རྩལ་ལས་དོན་པའི་ཁྲིམས་མཐུན་ཁེ་དབང་ལ་སེམས་ཁུར་དང་འགན་སྲུང་བྱས་ནས་ཚན་རྩལ་འཕེལ་རྒྱས་ཁྲོད་ཀྱི་བུད་མེད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་ཆ་རྐྱེན་བསྐྲུན་དགོས།

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།

གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་བུད་མེད་དང་བྱིས་པའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་སྐུལ་འདེད་གཏོང་དགོས།

གྲངས་ཉུང་མི་རིགས་ཀྱི་བུད་མེད་དང་བྱིས་པ་སྲུང་སྐྱོབ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཀྱང་ལག་བསྟར་བྱེད་དགོས།

འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་གྲངས་ཉུང་མི་རིགས་ཀྱི་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་འགན་སྲུང་བྱེད་པ།

7_5 སྤྱི་བདེ་པུའུ།

བུད་མེད་དང་བྱིས་པ། བུད་མེད་དང་བྱིས་པའི་ལུས་ཁམས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། བུད་མེད་དང་བྱིས་པ་སྐྱོབ་པ། སྨད་འཚོང་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་དགོས།

7_6 དམངས་སྲིད་པུའུ།

སྤྱི་ཚོགས་ཀྱི་རྒུད་སྐྱོབ་བྱ་ཡུལ་དུ་གཏོགས་པའི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་དང་འཚོ་བའི་སྐྱོབ་རོགས་དོ་དམ་བྱ་བར་འགན་འཁུར་དགོས།

དྭ་ཕྲུག་དང་བསྐྱུར་ཕྲུག་ཉར་གསོ་དང་། སྨན་བཅོས། ལུས་གསོ། སློབ་གསོ་བཅས་ཀྱི་ལས་དོན་དང་བྱིས་པ་འཁྱམ་པོ། དེ་བཞིན་དམིགས་བསལ་དཀའ་ངལ་ཡོད་པའི་ཕྲུ་གུ་ལ་རོགས་སྐྱོབ་དང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས།

“མེད་པ་གསུམ”(གསོ་སྐྱོང་མི་སྣ་དང་། ངལ་རྩོལ་ནུས་པ་མེད་པ། འཚོ་བའི་ཡོང་ཁུངས་མེད་པ)དང་། “ལྔ་སྦྱོར”བུད་མེད་རྒན་རྒོན་བཅས་ཀྱི་འཚོ་སྐྱོང་བྱ་བ་ལེགས་པར་བསྒྲུབ་དགོས།

བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

བུད་མེད་ཉེས་ཅན་དང་ངལ་རྩོལ་སློབ་གཅུན་བྱེད་མཁན། ལོ་ན་མ་སོན་པའི་ཉེས་ཅན་དང་སློབ་སྐྱོང་མི་སྣ་བཅས་ལ་སློབ་གསོ་དང་བསྒྱུར་བཀོད་བྱེད་པའི་ལས་ཀ་ལེགས་པར་བསྒྲུབ་དགོས།

7_7 སྲིད་ཁྲིམས་པུའུ། 

བཅའ་ཁྲིམས་རོགས་སྐྱོར་མ་ལག་བཙུགས་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་བཅའ་ཁྲིམས་ཀྱི་ཞབས་ཞུའི་མཁོ་འདོན་བསྒྲུབ་དགོས།

7_8 ནོར་སྲིད་པུའུ། 

བུད་མེད་དང་བྱིས་པའི་འཕེལ་རྒྱས་ལ་རྒྱལ་ཁབ་ཀྱིས་རོགས་དངུལ་མང་དུ་བཏང་སྟེ། རོགས་དངུལ་བཅས་ལ་ཞིབ་བཤེར་བྱེད་པར་འགན་འཁུར་དགོས།

7_9 མི་དོན་པུའུ།

བུད་མེད་ཤེས་ལྡན་མི་སྣ་སྣ་ཚོགས་འཚར་ལོངས་བྱུང་བར་སྐུལ་འདེད་དང་གཞུང་ཞབས་པ་རྒྱུགས་སྤྲོད་བསྡུ་ལེན། ཆེད་ལས་ལག་རྩལ་གྱི་གོ་གནས་དཔྱད་བསྡུར་གདན་ཞུ། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཞུགས་བཅས་བྱེད་པའི་རིང་རྩ་དོན་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས།

ལས་ཞུགས་པ་གསོ་སྦྱོང་དང་ངལ་རྩོལ་གྱི་ཐོབ་ཆ། དེ་བཞིན་ལག་རྩལ་བཟོ་བའི་སློབ་གྲྭའི་སློབ་མ་བསྡུ་བ་སོགས་ཀྱི་ཐད་བུད་མེད་ཀྱི་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་འགན་སྲུང་བྱེད་དགོས།

བུད་མེད་ལས་བཟོ་པའི་ཁྲིམས་སྲོལ་དང་སྲིད་ཇུས་དོན་འཁྱོལ་ཡོང་བར་འགན་སྲུང་བྱ་དགོས།

ལས་ཤོར་ལས་བཟོའི་ལས་རིགས་ལག་རྩལ་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་བུད་མེད་ཀྱི་ལས་ཞུགས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ།

བུ་བཙའི་འགན་བཅོལ་ལམ་ལུགས་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

7_10 འཛུགས་སྐྲུན་པུའུ།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་བྱ་གཞག་འཆར་འགོད། དེ་བཞིན་ལས་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་ཚད་ལྡན་བཟོ་བའི་ལས་དོན་ནང་བུད་མེད་དང་བྱིས་པའི་ཁེ་དབང་འགན་ལེན་བྱ་རྒྱུར་དོ་སྣང་བྱས་ཏེ་བུད་མེད་དང་བྱིས་པའི་འཚོ་གནས་དང་འཕེལ་རྒྱས་ལ་ཁོར་ཡུག་འོས་འཚམ་ཞིག་སྤྲོད་དགོས།

7_11 ཆུ་ཤུགས་པུའུ།

ཡུལ་ཚོ་དང་གྲོང་རྡལ་གྱི་ཆུ་བེད་འཛུགས་སྐྲུན་ཧུར་ཐག་སྒོས་བསྒྲུབ་ནས་ཆུ་དཀོན་པའི་ས་ཁུལ་གྱི་གྲོང་གསེབ་ཀྱི་མི་འབོར་གྱི་འཐུང་ཆུའི་དཀའ་ངལ་སེལ་དགོས་ཤིང་། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་དང་གྲོང་ཚོ་དང་གྲོང་རྡལ་ལ་ཆུ་མཁོ་འདོན་བྱེད་པའི་ལས་རིགས་དོ་དམ་ལ་ཤུགས་སྣོན་རྒྱབ་སྟེ། གྲོང་ཚོ་དང་གྲོང་རྡལ་གྱི་གྲོང་མིའི་འཐུང་ཆུའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས།

7_12 ཞིང་ལས་པུའུ།

གྲོང་གསེབ་བུད་མེད་ཀྱི་ཞིང་ལས་ལག་རྩལ་གསོ་སྦྱོང་ལས་དོན་ཡག་པོ་བསྒྲུབ་ནས་གྲོང་གསེབ་བུད་མེད་ཀྱི་ངལ་རྩོལ་ནུས་པ་མཐོ་རུ་གཏོང་བ།

བུད་མེད་ཀྱི་སྐྱེ་ཁམས་ཞིང་ལས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་སླར་ཆགས་ཐུབ་པའི་ནུས་ཁུངས་ཕྱོགས་བསྡུས་ཀྱིས་གསར་སྤེལ་དང་བེད་སྤྱོད་གཏོང་བ་སོགས་ཀྱི་བྱ་གཞག་འཛུགས་གཉེར་དང་། དེར་ཞུགས་པར་རྒྱབ་སྐྱོར་དང་འོས་སྐུལ་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།

7_13 ཚོང་དོན་པུའུ།

རྒྱལ་སྤྱིའི་རོགས་སྐྱོར་ལ་བརྟེན་ནས་བུད་མེད་དང་བྱིས་པའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་།  མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་དང་དེ་བཞིན་ཕྱོགས་གཉིས་པོའི་རྒྱལ་ཁབ་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་དང་ལྷག་པར་དུ《ཀྲུང་གོའི་བུད་མེད་འཕེལ་རྒྱས་རྩ་གནད》དང《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད》ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་རྒྱལ་སྤྱིའི་འགྲོ་འོང་རྒྱ་ཆེར་གཏོང་ཆེད་ཆ་རྐྱེན་བསྐྲུན་ཡོད།

7_14 རིག་གནས་པུའུ།

བུད་མེད་དང་བྱིས་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་བུད་མེད་དང་བྱིས་པའི་རིག་གནས་སྒྱུ་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། བུད་མེད་ཀྱིས་དཔལ་ཡོན་འཛུགས་སྤེལ་ཆེད་ནུས་པ་གལ་ཆེན་བཏོན་ནས་བྱས་རྗེས་ཡོད་མཁན་དག་དྲིལ་བསྒྲགས་དང་། དེང་རབས་ཅན་གྱི་བུད་མེད་ཉམས་འགྱུར་ཐོན་པར་འབད་པ་བྱེད་དགོས།

7_15 འཕྲོད་བསྟེན་པུའུ།

འཕྲོད་བསྟེན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བསྟར་བ་དང་། 《ཀྲུང་གོའི་བུད་མེད་འཕེལ་རྒྱས་གཏོང་རྒྱུའི་རྩ་གནད》དང《ཀྲུང་གོའི་བྱིས་པ་འཕེལ་རྒྱས་གཏོང་རྒྱུའི་རྩ་གནད》ཀྱི་འབྲེལ་ཡོད་འཕྲོད་བསྟེན་དམིགས་ཚད་དོན་འཁྱོལ་ཡོང་བ་བྱེད་དགོས།   

བདེ་སྲུང་ཞབས་ཞུའི་སྒྲིག་བཀོད་དང་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ།

བུད་མེད་དང་བྱིས་པའི་ལུས་ཁམས་བདེ་སྲུང་གི་ཞབས་ཞུ་ཁྲིམས་ལྟར་མཁོ་འདོན་བྱས་ནས་སྦྲུམ་མ་ཤི་ཚད་དམའ་རུ་གཏོང་བ།

དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་སྐྱེ་ཚད་དམའ་རུ་བཏང་ནས་གསར་སྐྱེས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་དགོས།

རྒྱལ་ཁབ་མི་འབོར་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་།

བུད་མེད་ཀྱི་འཆར་ཡོད་བུ་བཙའི་ཁེ་དབང་སྲུབ་སྐྱོང་བྱས་ཏེ། མི་འབོར་དང་འཆར་ལྡན་བུ་བཙའི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་གཉེན་སྒྲིག་ཕྱི་འགྱངས་དང་། བུ་བཙའ་ཕྱི་འགྱངས་དང་། སྦྲུམ་འགོག་བུ་བཙའ། བདེ་ཐང་བཅས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་དགོས་ཤིང་།    འཆར་ལྡན་བུ་བཙའ་དང་འཕྲོད་སྦྱོར་ཞབས་ཞུ་སྤེལ་ནས་སྐྱེ་རན་པའི་བུད་མེད་ཀྱི་ལུས་སེམས་བདེ་ཐང་སྲུང་སྐྱོབ་དང་།  བུད་མེད་ཕྲུ་གུ་དང་དེ་བཞིན་ཕྲུ་གུ་ལ་བུ་མོ་བཙའ་བའི་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་དགོས།

དབུལ་བོའི་ཨ་མར་རོགས་སྐྱོབ་བྱེད་པའི་བྱེད་སྒོ་དང“བུ་མོར་གཅེས་སྐྱོང་བྱེད་པའི་བྱ་སྤྱོད”སྤེལ་བ།

གཞི་རིམ་གྱི་འཆར་ལྡན་བུ་བཙའི་དྲ་སྦྲེལ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་དང་། ཕྲུ་གུ་སྐྱེ་ཚད་དམའ་བའི་ཆུ་ཚད་བརྟན་པོ་ཡོང་བར་འབད་བརྩོན་བྱས་ནས་གསར་སྐྱེས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་དགོས།

བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུའུ།

ཁྲིམས་ལྟར་བུད་མེད་ཀྱིས་དཔལ་འབྱོར་བྱེད་སྒོ་སྤེལ་བར་སྲུང་སྐྱོབ་བྱེད་པ།

འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཚོང་ཟོག(ཞབས་ཞུ་ཚུད)སྤུས་ཚད་ལ་ཁྲིམས་ལྟར་ལྟ་སྐུལ་བྱས་ནས་འཛད་སྤྱོད་བྱེད་མཁན་དང་ལྷག་པར་དུ་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་པ།

ཁྲིམས་ལྟར་མཚམས་སྦྱོར་བརྡ་ཁྱབ་ལ་ལྟ་སྐུལ་དོ་དམ་བྱས་ཏེ་བུད་མེད་དང་བྱིས་པ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།

སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུའུ།

བུད་མེད་དང་བྱིས་པའི་མཁོ་ཆས་དང་བཟའ་བཅའི་སྤུས་ཚད། བདེ་འཇགས་ཚད་ལྡན་གྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ཚད་གཞི་དང་། སྲིད་འཛིན་སྒྲིག་སྲོལ། བདེ་འཇགས་ལག་རྩལ་གྱི་ཚད་གཞི། བཙན་ཤེད་རང་བཞིན་གྱི་ཚད་གཞི་བཅས་བཟོ་དགོས།

བུད་མེད་དང་བྱིས་པའི་ཚད་ལྡན་ཅན་གྱི་འབྲེལ་ཡོད་ལས་དོན་ལ་གཅིག་གྱུར་དོ་དམ་བྱས་ནས་ཁྲོམ་རའི་འཇུག་འཐུས་དང་། ཞིབ་བཤེར་ཚད་ལེན། ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་ལམ་ལུགས་ནན་པོ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཐོན་རྫས་ལ་རྡུང་རྡེག་བཏང་ནས་འབྲེལ་ཡོད་སྤུས་ཚད་ལྟ་སྐུལ་དང་། ཞིབ་བཤེར། ནད་ཡམས་བརྟག་དཔྱད་བཅས་ཐད་ཀྱི་ཆ་འཕྲིན་མཛུབ་ཁྲིད་དང་མཁོ་འདོན་བྱས་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱས་ཡོད།

ཁོར་ཡུག་སྲུང་སྐྱོང་སྤྱི་ཁྱབ་ཅུའུ།

ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་བུད་མེད་དང་བྱིས་པའི་ཁོར་ཡུག་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ།

བུད་མེད་དང་བྱིས་པ་རྣམས་ཡུལ་ཁམས་སྲུང་སྐྱོབ་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་དང་འབྲེལ་ཡོད་བྱེད་སྒོ་གཞན་དག་ལ་ཞུགས་པར་རྒྱབ་སྐྱོར་དང་བསྔགས་བསྐུལ་བྱས་ནས་ཡུལ་ཁམས་སྲུང་སྐྱོབ་བྱེད་པའི་རིང་བུད་མེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

རྒྱང་སྒྲོག་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ།

བུད་མེད་དང་བྱིས་པའི་ལས་དོན་དྲིལ་བསྒྲགས་དང་དེ་བཞིན་རྒྱ་ཆེའི་བུད་མེད་ཀྱིས་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ལེགས་སྐྱེས་འབུལ་དགོས།

བུད་མེད་དང་བྱིས་པར་ཕུལ་བྱུང་གི་རླུང་འཕྲིན་བརྩམས་ཆོས་མཁོ་འདོན་བྱས་ནས་རླུང་བརྙན་འཕྲིན་ཁྲོད་བུད་མེད་དང་བྱིས་པའི་གཟུགས་བརྙན་ལ་བརྙས་བཅོས་བྱེད་པའི་རང་བཞིན་དྲིལ་བསྒྲགས་བྱེད་མི་ཆོག

7_16 གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་།

རང་བཀུར་དང་རང་ལ་ཡིད་ཆེས། རང་སྟོབས་རང་སྤེལ་བྱེད་མཁན་གྱི་བུད་མེད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ལོ་ཆུང་བྱིས་པའི་དཔེ་དེབ་དང་། ཚགས་པར་དུས་དེབ། སྒྲ་བརྙན་གློག་རྡུལ་ཀློག་དེབ་བཅས་ཀྱི་དཔེ་སྐྲུན་ལས་དོན་ཡག་པོ་བསྒྲུབ་ནས་བུད་མེད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་ལོ་ཆུང་བྱིས་པའི་ལུས་སེམས་བདེ་ཐང་ཡོང་བར་སྐུལ་འདེད་གཏོང་ཆེད་ཕུལ་བྱུང་ཀློག་དེབ་དཔེ་སྐྲུན་བྱེད་དགོས།

7_17 ལུས་རྩལ་སྤྱི་ཁྱབ་ཅུའུ།

བུད་མེད་དང་བྱིས་པའི་ལུས་རྩལ་དང་འཚམ་པའི་མང་ཚོགས་ལུས་རྩལ་འཕེལ་རྒྱས་གཏོང་བ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མ《རྒྱལ་ཁབ་ཀྱི་ལུས་རྩལ་སྦྱོང་བརྡར་ཚད་གཞི》ལག་བསྟར་དོན་འཁྱོལ་བྱས་ནས་བུད་མེད་དང་བྱིས་པའི་གཟུགས་གཞིའི་བདེ་ཐང་ལ་དོ་སྣང་བྱེད་དགོས།

7_18 སྡོམ་རྩིས་ཅུའུ།

《ཀྲུང་གོའི་བུད་མེད་འཕེལ་རྒྱས་རྩ་གནད》དང་《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད》ཀྱི་ལྟ་ཞིབ་ཚད་ལེན་བསྡོམས་རྩིས་བྱེད་པའི་ལས་དོན་ལ་འགན་འཁུར་ནས་བུད་མེད་དང་བྱིས་པའི་བསྡོམས་རྩིས་གྲངས་གཞི་མཁོ་འདོན་བྱེད་པ།

7_19 ནགས་ལས་ཅུའུ།

བུད་མེད་རྣམས“གསུམ་བརྒྱད་ལྗང་མདོག་བྱེད་སྒོ”སོགས་ནགས་ལས་འཛུགས་སྐྲུན་བྱེད་སྒོར་ཞུགས་པར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱས་ནས་ཚན་རྩལ་དང་། སྲིད་ཇུས། ཆ་འཕྲིན་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་།

བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་དང་བུད་མེད་དང་བྱིས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཧུར་ཐག་སྒོས་བསྒྲུབ་དགོས།

ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།

དབང་པོ་སྐྱོན་ཤོར་བའི་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་དང་། དབང་པོ་སྐྱོན་ཅན་གྱི་བུད་མེད་དང་བྱིས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་བཅས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཤིང་། དབང་པོ་སྐྱོན་ཅན་གྱི་བུད་མེད་དང་བྱིས་པའི་ལུས་གསོ་དང་། སློབ་གསོ། འཕེལ་རྒྱས་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།

7_20 རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས།

ཁྲིམས་ལྟར་བུད་མེད་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ།

7_21 གུང་གཞོན་ཚོགས་པ།

ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བར་འགོ་ཁྲིད་བྱེད་པར་ཤུགས་ཆེ་རུ་བཏང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་རིམ་པ་ཁག་གི་བཟོ་བའི་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།

7_22 རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས།

བུད་མེད་རྣམས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་། བུད་མེད་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་འདེད་དང་། བུད་མེད་རྣམས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་དུ་སྤེལ་ཆེད་ལེགས་སྐྱེས་འབུལ་རྒྱུར་སྐུལ་འདེད་གཏོང་བ།

བུད་མེད་ཀྱིས་རང་ངོས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་རང་ངོས་ཡར་ཐོན་དང་འཕེལ་རྒྱས་ཡོང་བ་བྱེད་དགོས་པ།

《ཀྲུང་གོའི་བུད་མེད་འཕེལ་རྒྱས་རྩ་གནད》དང《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད》ལག་བསྟར་དོན་འཁྱོལ་བྱེད་པར་ཞུགས་པ།

བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་བྱ་བ་བསྒྲུབ་པར་འགན་འཁུར་ཏེ། རྒྱལ་ཁབ་ཕྱི་ནང་གི་བུད་མེད་བར་གྱི་འགྲོ་འོང་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཤིང་། བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྤྱི་ཚོགས་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།   

ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས།

བུད་མེད་དང་བྱིས་པའི་རིག་སྟོབས་གསར་སྤེལ་ལ་སྐུལ་འདེད་གཏོང་དགོས།

བུད་མེད་དང་བྱིས་པའི་ཚན་རྩལ་ཁྱབ་གདལ་སློབ་གསོའི་བྱེད་སྒོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུད་མེད་ལ་དངོས་སྤྱོད་ལག་རྩལ་གསོ་སྦྱོང་སྒྲིག་འཛུགས་བྱེད་པ།

བུད་མེད་དང་བྱིས་པའི་ཚན་རྩལ་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་བུད་མེད་ཚན་རྩལ་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས།

“མཛེས་སྡུག་གི་སྦྲུམ་མ། བདེ་ཐང་གི་ཀྲུང་གོ”

ཀྲུང་གོའི་བུད་མེད་ཚགས་པར་དང་ཀྲུང་གོའི་བུད་མེད་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ8པའི་ཚེས24ཉིན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་མི་འབོར་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་དྲ་རྒྱ་གཉེར་བྱས་པའི“མཛེས་སྡུག་གི་སྦྲུམ་མ། བདེ་ཐང་གི་ཀྲུང་གོ”ཟེར་བའི་སྤྱི་ཕན་དཔྱད་འདེམས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་དེའི་དམིགས་ཡུལ་ནི་སྤྱི་ཕན་དཔྱད་འདེམས་བྱེད་སྒོ་བརྒྱུད་ཚན་རིག་དང་མཐུན་ལ་བདེ་ཐང་ཡིན་པའི་ཕྲུ་གུ་སྦྲུམ་མའི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། སྦྲུམ་མའི་བརྒྱུད་རིམ་ཁྲོད་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་མཉམ་སྤྱོད། སྲིད་ཇུས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་མི་འབོར་ཐོན་ཁུངས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་འབུལ་བར་རེ་བ་འདོན་དགོས། ཚོགས་འདུའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་མི་འབོར་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཕུང་ཝུན་གྱིས་རྒྱལ་ཁབ་ཀྱི་ཕྲུ་གུའི་དྲ་བ་དེ་སྲིད་གཞུང་གི་རྒྱབ་ལྗོངས་ལྡན་པའི་ལས་ཁུངས་ཤིག་ཡིན་ཞིང་། འཐུས་སྒོ་ཚང་བའི་ཁ་དན་ཚིག་གནས་ཀྱི་མ་ལག་བཙུགས་ཏེ་ཚན་རིག་ཁྱབ་གདལ་གྱི་སློབ་གསོའི་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཁྱིམ་ཚང་དང་། མང་ཚོགས། སྦྲུམ་མའི་ལས་རིགས་དང་འབྲེལ་བ་ཡོད་པའི་ལས་རིགས་དང་ཐོན་ལས་བཅས་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ཞེས་གསུངས་ཤིང་། རྒྱལ་ཁབ་ཀྱི་སྦྲུམ་བུའི་དྲ་བའི་ཀྲུའུ་རེན་ཀྲའོ་མིང་ཝུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་སྦྲུམ་བུའི་དྲ་བ་ནི་སྦྲུམ་མས་བཙས་པ་དང་ཕྲུ་གུ་གསོ་བ་གཞི་གཅིག་ཏུ་འདུས་པའི་ཞབས་ཞུའི་མ་ལག་དང་ཆ་འཕྲིན་གྱི་སྟེགས་བུ་ཞིག་ཡིན་ཞིང་། རྒྱལ་ཁབ་རིམ་པའི་སྦྲུམ་བུའི་ལས་རིགས་དྲ་ཚིགས་ཡིན་པའི་ངོས་ནས་དབང་གྲགས་ལྡན་པའི་ཆ་འཕྲིན་ཡོངས་བསྒྲགས་དང་། ཚན་རྩལ་ཁྱབ་གདལ་སློབ་གསོ། ཡིད་རྟོན་མ་ལག་བཅས་འཛུགས་རྒྱུར་གཞོལ་དགོས་པ་དང་། ཚན་རྩལ་ཁྱབ་གདལ་ཤེས་བྱ་དང་རྒྱལ་ནང་གི་རིགས་གཅིག་མཁས་ཅན་གྱི་མཉམ་འགུལ་དྲི་བ་དྲིས་ལན། བརྙན་ལམ་ཐད་སྟོན། ཐོན་རྫས་ཀྱི་ལས་སྟེགས་དང་རིམས་ནད་མ་ལག་སོགས་ནང་དོན་སྤུས་ལེགས་མང་པོ་ཡོད་ཅིང་། “གྲངས་གཞི་ཆེན་པོ་མཉམ་སྤྱོད+ ཕྲུ་གུ་སྦྲུམ་མའི་མ་ལག”ཟེར་བའི་ཞབས་ཞུའི་རྣམ་པ་བརྒྱུད་དེ་སྦྲུམ་མར་ཞབས་འདེགས་ཞུ་དགོས།

ད་ཐེངས་ཀྱི་བྱེད་སྒོ་འགོ་ཚུགས་པ་དང་བསྟུན་ནས་རྒྱལ་ཡོངས་ཀྱི་སྦྲུམ་མར་གཅེས་སྐྱོང་བྱེད་པའི་སྤྱི་ཚོགས་དངོས་སུ་འགོ་ཚུགས་པ་རེད། རྗེས་ཀྱི་ཟླ་བ་གཉིས་ནང་རྒྱལ་ཡོངས་ཀྱི་སྦྲུམ་མ་དག་གིས་མ་མའི་དྲ་བ་དངAPPབརྒྱུད་དེ་རང་ཉིད་མངལ་སྦྲུམ་པའི་དུས་ཚོད་དག་བཀའ་འདྲི་བྱས་ཆོག།

དཔྱད་གཞིའི་ཡིག་ཆ།