མཚོ་ཆུ་དྭངས་མ་བཙན་གྱི་བྲགསྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2019-12-04 08:42ལ་འགྲུབ།

མཚོ་ཆུ་དྭངས་མ་བཙན་གྱི་བྲག

མཚོ་ཆུ་དྭངས་མ་བཙན་གྱི་བྲག་ཅེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་གི་ཁོངས་སུ་ཡོད་པའི་རི་བོ་ཞིག་ཡིན་པ་དང་། རི་བོ་དེ་ནི་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་གི་རྒྱ་ར་གྲོང་ཚོའི་བྱང་ངོས་ཕྱོགས་སུ་ཡོད་པ་དང་། ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་ནས་བར་ཐག་སྤྱི་ལེ71ལྷག་ཙམ་གྱི་སར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
措曲当玛赞神山
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་།
ཆགས་ཡུལ།
ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་གི་རྒྱ་ར་གྲོང་ཚོའི་བྱང་ངོས་ཕྱོགས་སུ་ཡོད།
མཚོ་འཕགས།
སྨི4200
1 ​ངོ་སྤྲོད།

མཚོ་ཆུ་དྭངས་མ་བཙན་གྱི་བྲག་ཅེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་གི་ཁོངས་སུ་ཡོད་པའི་རི་བོ་ཞིག་ཡིན་པ་དང་། རི་བོ་དེ་ནི་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་གི་རྒྱ་ར་གྲོང་ཚོའི་བྱང་ངོས་ཕྱོགས་སུ་ཡོད་པ་དང་། ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་ནས་བར་ཐག་སྤྱི་ལེ71ལྷག་ཙམ་གྱི་སར་ཡོད་པ་རེད། གྲོང་རྡལ་སྲིད་གཞུང་ནས་བར་ཐག་ལ་སྤྱི་ལེ26ལྷག་ཙམ་ཡོད། རི་བོ་དེའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4200ལྷག་ཙམ་ཡོད་པ་རེད། 

མཚོ་ཆུ་དྭངས་མ་བཙན་གྱི་བྲག་ཅེས་པའི་མིང་གི་ཐོགས་ཚུལ་ནི། རི་བོ་དེ་མཚོ་ཆུ་དྭངས་མའི་འགྲམ་ངོགས་སུ་ཆགས་ཡོད་པ་ཡིན་པར་བརྟེན། མིང་ལའང་དེ་ལྟར་དུ་འབོད་པར་གྲགས། རི་དེ་ནི་འཇམ་དཔལ་དབྱངས་ཀྱི་སྒྲུབ་གནས་དང་བྲག་གསུམ་གནས་ཡ་གྱལ་ཡང་ཡིན།