རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-12-06 11:42ལ་འགྲུབ།

རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ།

རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ (NationalRadioandTedvisidAdministratil,PRC)ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན་པ་མ་ཟད། པུའུ་རིམ་པའི་ལས་ཁུངས་ཤིག་ཀྱང་ཡིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གཞིགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་གཏོགས་པར་བྱས། དེའི་འཆར་གཞི་ནི་རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་འགན་ནུས་བཀོད་སྒྲིག་དང་། སྒྲིག་གཞི། མི་སྣའི་སྒྲིག་ཁོངས་བཅས་གཏན་འབེབས་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家广播电视总局
སྤྱི་ཁྱབ་ཅུའུ་ཀྲང་།
ཉེའུ་ཀྲིན་ཞེའུ།
དབྱིན་ཡིག་གི་མིང་།
National Radio and Television Administration of the People's Republic of China
ཅུའུ་ཀྲང་གཞོན་པ།
ཀའོ་ཅན་མིང་། ཧྥན་ཝེ་ཕིན།
ལས་ཁུངས་ཀྱི་བསྡུས་མིང་།
རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ།
ཁོངས་གཏོགས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།
དྲྭ་ཚིགས།
http://www.nrta.gov.cn/
1 ལོ་རྒྱུས་ཀྱི་འཕེལ་རིམ།

གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་བྱ་ཡུལ་གལ་ཆེན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་དང་རླུང་བརྙན་འཕྲིན་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་ནང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུའུ་རླུང་བརྙན་འཕྲིན་བརྙན་དོ་དམ་འགན་འཁྲིའི་རྨང་གཞིའི་ཐོག རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྒྲིག་གཞིར་བརྩི་དགོས་ཞེས་བཏོན་ཡོད་ཅིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཅུའུ་སོར་འཇོག་མི་བྱེད་པ།

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་བཙུགས།

སྤྱི་ལོ2018ལོའི་ཟླ4པའི་ཚེས16ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ལ་སྒོ་བྱང་དངོས་སུ་བཀལ་བ།

ལོ་རབས།

མིང་། འགོ་ཁྲིད་གཙོ་བོ།  གཙོ་སྐྱོང་ལས་ཁུངས།

 སྤྱི་ལོ1949ལོའི་ཟླ6པར།


ཀྲུང་གོའི་རླུང་འཕྲིན་དོ་དམ་ཁྲུའུ།

ཁྲུའུ་ཀྲང་། ལིའོ་ཁྲེང་ཀྲི། ཁྲུའུ་ཀྲང་གཞོན་པ། ལི་ཆང་། དོ་དམ་ཨུ་ཡོན། ལིའོ་ཁྲེང་ཀྲི། ལིཆང་།

 ཞུས་ཅིན། མེ་དབྱི། ཝུན་ཅི་ཙེ། ལི་ཝུའུ་དང་ལུའུ་ཞིན་དབྱི།

ཀྲུང་དབྱང་དྲིལ་བསྒྲགས་པུའུ། 

སྤྱི་ལོ1949ལོའི་ཟླ11པར།

 རྒྱང་སྒྲོག་ལས་དོན་ཅུའུ།

ཅུའུ་ཀྲང་། ལི་ཆང་། ཅུའུ་ཀྲང་གཞོན་པ། མེ་དབྱི་དང་ཞུས་ཅིན།

གསར་འགྱུར་སྤྱི་ཁྱབ་ཁང་།

སྤྱི་ལོ1952ལོ།

ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ།

ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ཞུས་ཅིན་པུའུ་དང་ཝུན་ཅི་ཙེ། ཅུའུ་ཀྲང་། ལི་ཆང་གོ་གནས་འཐེན་པ།

ཨུ་ཡོན་ལྷན་ཁང་།
སྤྱི་ལོ1954ལོ།

རྒྱང་སྒྲོག་ལས་དོན་ཅུའུ།

ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ཞུས་ཀྲང་དང་ཝུན་ཅི་ཙེ།

ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།

སྤྱི་ལོ1955ལོ།    རྒྱང་སྒྲོག་ལས་དོན་ཅུའུ། 

ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ཞུས་ཅིན་ཧྥང་དང་། ཝུན་ཅི་ཙེ། ལིའུ་ཁྲེང་ཡུན།

ཀྲོའུ་ཞིན་ཝུའུ། (འགན་འཛིན་གསུམ་པ། )ཅིན་ཀྲའོ། (འགན་འཛིན་གསུམ་པ། )ལི་ཝུའུ། (འགན་འཛིན་གསུམ་པ། )

ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།

སྤྱི་ལོ1956ལོ།   རྒྱང་སྒྲོག་ལས་དོན་ཅུའུ། 

ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ཞུས་ཀྲང་། ཝུན་ཅི་ཙེ། ལིའུ་ཁྲོང་ཡུན། ཀྲོའུ་ཞིན་ཝུའུ། ཅིན་ཀྲའོ། ལི་ཝུའུ། ཞུས་ཅིན་ཅིན།

ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།

སྤྱི་ལོ1957ལོ།

རྒྱང་སྒྲོག་ལས་དོན་ཅུའུ།


ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ཞུས་ཅིན་ཧྥང་དང་། ཝུན་ཅི་ཙེ། ལིའུ་ཁྲེང་ཡུན། ཀྲོའུ་ཤིན་ཝུའུ། ཅིན་ཀྲའོ། ལི་ཝུའུ་དང་ཝུན་ཅི་ཙེ།

ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།

སྤྱི་ལོ1958ལོ།  རྒྱང་སྒྲོག་ལས་དོན་ཅུའུ། 

ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ཀྲོའུ་ཞིན་ཝུའུ་དང་། ལི་ཝུའུ། ཅིན་ཀྲའོ། ཀུའུ་ཝུན་ཧྭ།ཏུང་ལིན། (འགན་འཛིན་དགུ་པ། )ཙུའོ་མོ་ཡེ། (འགན་འཛིན་དགུ་པ། )

ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།

སྤྱི་ལོ1959ལོ།

རྒྱང་སྒྲོག་ལས་དོན་ཅུའུ།

ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ཀྲོའུ་ཞིན་ཝུའུ་དང་། ལི་ཝུའུ། ཅིན་ཀྲའོ། ཀུའུ་ཝུན་ཧྭ། ཏུང་ལིན། ཙོའི་མོ་ཡིའུ་དང་ལི་ཝུ། ལིག་ཁྲིན་ཡོན།

ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།

སྤྱི་ལོ1960ལོ།

རྒྱང་སྒྲོག་ལས་དོན་ཅུའུ།

ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ལི་ཀྲི་ཧྥུ། ཀྲོའུ་ཞིན་ཝུའུ། ཀུའུ་ཝུན་ཧྭ། ཏུང་ལིན་དང་ཅིན་ཀྲའོ།

ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།

སྤྱི་ལོ1960ལོ།

རྒྱང་སྒྲོག་ལས་དོན་ཅུའུ།

ཏང་ཙུའུ་ཡི་ཧྲུའུ་ཅི། ཏིང་ལའེ་ཕུའུ། ཅུའུ་ཀྲང་། མེ་དབྱི།ཅུའུ་ཀྲང་གཞོན་པ། ཀྲོའུ་ཞིན་ཝུའུ་དང་། ཀུའུ་ཝུན་ཧྭ། ཏུང་ལིན། ཅིན་ཀྲའོ། ལི་ཀྲི་ཧྥུ།

ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།
སྤྱི་ལོ1963ལོ།

རྒྱང་སྒྲོག་ལས་དོན་ཅུའུ།

ཏང་ཙུའུ་ཡི་ཧྲུའུ་ཅི་དང་པོ། ཏིང་ལའེ་ཕུའུ།

ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ཀྲོའུ་ཞིན་ཝུའུ་དང་། ཀུའུ་ཝུན་ཧྭ། ཏུང་ལིན། ཅིན་ཀྲའོ། ལི་ཀྲི་ཧྥུ།

ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།
སྤྱི་ལོ1964ལོ།

རྒྱང་སྒྲོག་ལས་དོན་ཅུའུ།

ཏང་ཙུའི་ཧྲུའུ་ཅི། ཏིང་ལའེ་ཕུའུ། ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ལི་ཀྲི་ཧྥུ་དང་། ཀྲོའུ་ཞིན་ཝུའུ། ཅིན་ཀྲའོ། ཀུའུ་ཝུན་ཧྭ། ཏུང་ལིན།

ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།
སྤྱི་ལོ1966ལོ།   རྒྱང་སྒྲོག་ལས་དོན་ཅུའུ། 

ཏང་ཙུའི་ཧྲུའུ་ཅི། ཏིང་ལའེ་ཕུའུ། ཅུའུ་ཀྲང་། མེ་དབྱི། ཅུའུ་ཀྲང་གཞོན་པ། ལི་ཀྲི་ཧྥུ་དང་། ཀྲོའུ་ཞིན་ཝུའུ། ཅིན་ཀྲའོ། ཀུའུ་ཝུན་ཧྭ། ཏུང་ལིན། ཝང་ཧྲོའུ་རེན།


ལག་རྩལ་དང་སྲིད་འཛིན་ལས་སྒོ་གཞུང་དོན་ཁང་གཉིས་པའི་འགོ་ཁྲིད་དང་། དྲིལ་བསྒྲགས་ལས་སྒོའི་འགོ་ཁྲིད།
 སྤྱི་ལོ1967ལོར།     ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ། 

དམག་དོན་དོ་དམ་ཚོ་ཆུང་གི་འགོ་འཛིན། ལིའུ་ལུའུ་མིང་། དམག་དོན་དོ་དམ་ཚོ་ཆུང་གི་འགོ་འཛིན་གཞོན་པ། ཀྲང་ཙི་ལིའང་། ཏའེ་ཀྲེང་ཡོན། 

 ཀྲུང་དབྱང་ཐད་གཏོགས་སྡེ་ཁག་གྲས་སུ་བཞག 
སྤྱི་ལོ1968ལོ།

ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ།

དམག་དོན་དོ་དམ་ཚོ་ཆུང་གི་འགོ་འཛིན། ཀྲང་ཝུའུ། དམག་དོན་དོ་དམ་ཚོ་ཆུང་གི་འགོ་འཛིན་གཞོན་པ་ནི་ཀྲང་ཙི་ལིའང་དང་ཏའེ་ཀྲེང་ཡོན།

ཀྲུང་དབྱང་ཐད་གཏོགས་སྡེ་ཁག་གྲས་སུ་བཞག 
སྤྱི་ལོ1969ལོ།
 ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ། 

དམག་དོན་དོ་དམ་ཚོ་ཆུང་གི་འགོ་འཛིན་དང་ཅུའུ་ཀྲང་། ལིའུ་ཅན་ཀུང་། ཅུའུ་ཀྲང་གཞོན་པ། ཀྲང་ཙི་ལིའང་དང་། ཏའེ་ཀྲེང་ཡོན། ཀྲང་ཧྲི་ཁྲེང་།

ཀྲུང་དབྱང་ཐད་གཏོགས་སྡེ་ཁག་གྲས་སུ་བཞག 
སྤྱི་ལོ1973ལོ།    ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ། 

ཅུའུ་ཀྲང་། ལིའུ་ཅན་ཀུང་།  ཅུའུ་ཀྲང་གཞོན་པ། ཏའེ་ཀྲེང་ཡོན། མའོ་ཏེ་ཧོ། ཏུང་ལིན།ཝང་ཧྲོའུ་རེན། ཅིན་ཀྲའོ། ཀུའུ་ཝུན་ཧྭ། ལི་ཀྲི་ཧྥུ།

ཀྲུང་དབྱང་ཐད་གཏོགས་སྡེ་ཁག་གྲས་སུ་བཞག 
སྤྱི་ལོ1974ལོ།

ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ།

ཅུའུ་ཀྲང་གི་ལས་ཚབ་ཏེང་ཀང་། ཅུའུ་ཀྲང་གཞོན་པ། ཀྲང་ཀྲེན་ཏུང་། མའོ་ཏེ་ཧའོ། ཏུང་ལིན། ཝང་ཧྲོའུ་རེན། ཅིན་ཀྲའོ་དང་ཀུའུ་ཝུན་ཧྭ། ལི་ཀྲི་ཧྥུ། ཅུའུ་ཀྲང་། ལིའུ་ཅན་ཀུང་གོ་གནས་འཐེན་པ།

ཀྲུང་དབྱང་ཐད་གཏོགས་སྡེ་ཁག་གྲས་སུ་བཞག 
སྤྱི་ལོ1976ལོ།   ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ། 

ཅུའུ་ཀྲང་། ཏེང་ཀང་། ཅུའུ་ཀྲང་གཞོན་པ། ཀྲང་ཀྲེན་ཏུང་དང་། ཝང་ཧྲོའུ་རེན། ཏུང་ལིན། ཀུའུ་ཝུན་ཧྭ། ལི་ཀྲི་ཧྥུ། མའོ་ཏེ་ཧོའུ་དང་ཅིན་ཀྲའོ།

ཀྲུང་དབྱང་ཐད་གཏོགས་སྡེ་ཁག་གྲས་སུ་བཞག 
སྤྱི་ལོ1977ལོ།   ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ། 

ཅུའུ་ཀྲང་། ཀྲང་ཤང་ཧྲན། ཅུའུ་ཀྲང་གཞོན་པ། ལི་ལན་ཆིང་། ཝང་ཧྲོའུ་རེན། ཏུང་ལིན། ཅིན་ཀྲའོ།ཀྲང་ཀྲེན་ཏུང་དང་། ཀུའུ་ཝུན་ཧྭ། ལི་ཀྲི་ཧྥུ། ཅུའུ་ཀྲང་། ཏེང་ཀང་ཀྲེན་གོ་གནས་འཐེན་པ།

ཀྲུང་དབྱང་ཐད་གཏོགས་སྡེ་ཁག་གྲས་སུ་བཞག 
 སྤྱི་ལོ1978ལོ།   ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ། 

ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲང་ཚི།     ཅུའུ་ཀྲང་། ཀྲང་ཤང་ཧྲན། ཅུའུ་ཀྲང་གཞོན་པ། ལི་ལེན་ཆིང་དང་། ཏུང་ལིན། ཅིན་ཀྲའོ། ཀུའུ་ཝུན་ཧྭ། ལི་ཀྲེ་ཧྥུ། ཀྲོའུ་ཞིན་ཝུའུ།ལི་ཡན་ཅི། ལུའུ་ཁེ་ཆིན། ཙུའོ་མོ་ཡེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་དང་དྲིལ་བསྒྲགས་ལས་སྒོ་འགོ་ཁྲིད་ལ་དབང་།

སྤྱི་ལོ1979ལོ།

 ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ། 

ཅུའུ་ཀྲང་། ཀྲང་ཤང་ཧྲན། ཅུའུ་ཀྲང་གཞོན་པ། ལི་ལེན་ཆིང་དང་། ཅིན་ཀྲའོ། ཏུང་ལིན། ཀུའུ་ཝུན་ཧྭ། ལི་ཀྲེ་ཧྥུ། ཀྲོའུ་ཞིན་ཝུའུ་དང་། ལི་ཡན་ཀོན། ལུའུ་ཁེ་ཆིན། ཙུའོ་མའོ་ཡེ། ཧའོ་ཕིན་ནན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་དང་དྲིལ་བསྒྲགས་ལས་སྒོ་འགོ་ཁྲིད་ལ་དབང་།

སྤྱི་ལོ1980ལོ།

ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ།

ཅུའུ་ཀྲང་། ཀྲང་ཤང་ཧྲན། ཅུའུ་ཀྲང་གཞོན་པ། ལི་ལེན་ཆིང་དང་། ཏུང་ལིན། ཅིན་ཀྲའོ། ཀུའུ་ཝུན་ཧྭ། ལི་ཀྲེ་ཧྥུ། ཀྲོའུ་ཞིན་ཝུའུ། ལུའུ་ཁེ་ཆིན། ཙུའོ་མའོ་ཡེ། ཧའོ་ཕིན་ནན་བཅས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་དང་དྲིལ་བསྒྲགས་ལས་སྒོ་འགོ་ཁྲིད་ལ་དབང་།

སྤྱི་ལོ1981ལོ།

ཀྲུང་དབྱང་རླུང་འཕྲིན་ལས་དོན་ཅུའུ།

ཅུའུ་ཀྲང་། ཀྲང་ཤང་ཧྲན། ཅུའུ་ཀྲང་གཞོན་པ། ལི་ལེན་ཆིང་དང་། ཏུང་ལིན། ཅིན་ཀྲའོ། ཀུའུ་ཝུན་ཧྭ། ལི་ཀྲེ་ཧྥུ། ཀྲོའུ་ཞིན་ཝུའུ། ལུའུ་ཁེ་ཆིན། ཙུའོ་མའོ་ཡེ། ཧའོ་ཕིན་ནན། ཝང་ཧྲོའུ་རེན།

 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་དང་དྲིལ་བསྒྲགས་ལས་སྒོ་འགོ་ཁྲིད་ལ་དབང་། 

སྤྱི་ལོ1982ལོའི་ཟླ5པར།

རྒྱང་སྒྲོག་བརྙན་འཕྲིན་པུའུ།

པུའུ་ཀྲང་། ཝུའུ་ལེང་ཞི། པུའུ་ཀྲང་གཞོན་པ། ཧོ་ཕིང་ནན།མཱ་ཆིང་ཞུང་། ཞུས་ཁྲུང་ཧྭ།

 རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག 

སྤྱི་ལོ1983ལོ།

 རྒྱང་སྒྲོག་བརྙན་འཕྲིན་པུའུ། 

པུའུ་ཡི་འགོ་འཛིན། ཝུའུ་ལེང་ཞི། པུའུ་ཀྲང་གཞོན་པ། ཞེ་ཝུན་ཆིང་། ཧའོ་ཕིང་ནན། མ་ཆིང་ཞུང་། ཞུས་ཁྲུང་ཧྭ།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག 

སྤྱི་ལོ1985ལོ།

རྒྱང་སྒྲོག་གློག་བརྙན་འཕྲིན་པུའུ།

པུའུ་ཀྲང་། ཨའེ་ཀྲི་ཧྲེང་། པུའུ་ཀྲང་གཞོན་པ། ཞེ་ཝུན་ཆིང་། ཧའོ་ཕིང་ནན། མ་ཆིང་ཞུང་། ཞུས་ཁྲུང་ཧྭ།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག

སྤྱི་ལོ1986ལོའི་ཟླ1པོར།

རྒྱང་སྒྲོག་གློག་བརྙན་འཕྲིན་པུའུ།

པུའུ་ཀྲང་། ཨའེ་ཀྲི་ཧྲེང་། པུའུ་ཀྲང་གཞོན་པ། ཞེ་ཝུན་ཆིང་། མ་ཆིང་ཞུང་། ཞུས་ཁྲུང་ཧྭ། ཉེ་ཉོན། 

རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག

སྤྱི་ལོ1987ལོ།

རྒྱང་སྒྲོག་གློག་བརྙན་འཕྲིན་པུའུ།

པུའུ་ཀྲང་། ཨའེ་ཀྲི་ཧྲེང་། པུའུ་ཀྲང་གཞོན་པ། ཉེ་ཀན་དང་། མ་ཆིང་ཞུང་། ཞུས་ཁྲུང་ཧྭ། ཝང་ཧྥེང་། ཁྲེན་ཧའོ་སུའུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག
   སྤྱི་ལོ1990ལོ། 

རྒྱང་སྒྲོག་གློག་བརྙན་འཕྲིན་པུའུ།

པུའུ་ཀྲང་། ཨའེ་ཀྲི་ཧྲེང་། པུའུ་ཀྲང་གཞོན་པ། ཐེན་ཚུང་། མ་ཆིང་ཞུང་། ཞུས་ཁྲུང་ཧྭ། ཝང་ཧྥུང་། པུའུ་ཀྲང་གཞོན་པ། ཁྲེན་ཧའོ་སུའུ། 

རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག

སྤྱི་ལོ1991ལོ།

རྒྱང་སྒྲོག་གློག་བརྙན་འཕྲིན་པུའུ།

པུའུ་ཀྲང་། ཨའེ་ཀྲི་ཧྲེང་། པུའུ་ཀྲང་གཞོན་པ། ཐེན་ཚུང་། མ་ཆིང་ཞུང་། ཞུས་ཁྲུང་ཧྭ། ཝང་ཧྥེང་། ལིའུ་ཞི་ལིའང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག

སྤྱི་ལོ1993ལོ།

    རྒྱང་སྒྲོག་གློག་བརྙན་འཕྲིན་པུའུ།

པུའུ་ཀྲང་། ཨའེ་ཀྲི་ཧྲེང་། པུའུ་ཀྲང་གཞོན་པ། ཐེན་ཚུང་། ཝང་ཧྥེང་། ལིའུ་ཞི་ལིའང་། ཐུང་ཞང་རུང་། ཧི་ཏུང་ཚའེ། པུའུ་ཀྲང་གཞོན་པ། ཞུས་ཁྲུང་ཧྭ། མ་ཆིང་ཞུང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག

སྤྱི་ལོ1994ལོ།

རྒྱང་སྒྲོག་གློག་བརྙན་འཕྲིན་པུའུ།

པུའུ་ཀྲང་། སུན་ཅ་ཀྲེང་།  པུའུ་ཀྲང་གཞོན་པ། ཐེན་ཚུང་། ལིའུ་ཞི་ལིའང་། ཐུང་ཞང་རུང་། ཧོ་ཏུང་ཚའེ། དབྱང་ཝུའེ་ཀོང་། པུའུ་ཀྲང་གཞོན་པ། ཝང་ཧྥེང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག

སྤྱི་ལོ1996ལོ།

རྒྱང་སྒྲོག་གློག་བརྙན་འཕྲིན་པུའུ།

པུའུ་ཀྲང་། སུན་ཅ་ཀྲེང་། པུའུ་ཀྲང་གཞོན་པ། ཐེན་ཚུང་དང་། ལིའུ་ཞི་ལིའང་། ཐུང་ཞང་རུང་། ཧོ་ཏུང་ཚའེ། དབྱང་ཝེ་ཀོང་། ཀྲའོ་ཧྲི། 

རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག

སྤྱི་ལོ1997ལོ།

རྒྱང་སྒྲོག་གློག་བརྙན་འཕྲིན་པུའུ།

པུའུ་ཀྲང་། སུན་ཅ་ཀྲེང་། པུའུ་ཀྲང་གཞོན་པ། ཐེན་ཀྲེན་དང་། ཐུང་ཞང་རུང་། ཀྲའོ་ཧྲི། ཀྲང་ཧའེ་ཐའོ། པུའུ་ཀྲང་གཞོན་པ། ལིའུ་ཞི་ལིའང་དང་། ཧོ་ཏུང་ཚའེ། དབྱང་ཝེ་ཀོང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་སྡེ་ཁག

སྤྱི་ལོ1998ལོའི་ཟླ3པར།

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཐེན་ཚུང་། ཅུའུ་ཀྲང་གཞོན་པ། ལི་ཧྲུའུ་ཝུན། ཅི་པིན་ཞོན། ཐུང་ཞང་རུང་། ཀྲའོ་ཧྲི། ཀྲང་ཧའེ་ཐའོ། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས། 
སྤྱི་ལོ2000ལོའི་ཟླ6པར།  རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཞུས་ཀོང་ཁྲུན།  ཅུའུ་ཀྲང་གཞོན་པ། ལི་ཧྲུའུ་ཝུན་དང་། ཅི་པིང་ཤོན། ཀྲའོ་ཧྲི། ཀྲང་ཧའེ་ཐའོ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས། 
སྤྱི་ལོ2001ལོའི་ཟླ3པར།  རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཞུས་ཀོང་ཁྲུན། ཅུའུ་ཀྲང་གཞོན་པ། ལི་ཧྲུའུ་ཝུན། ཅི་པིན་ཞོན། ཀྲའོ་ཧྲི། ཀྲང་ཧའེ་ཐའོ། ལི་ཏུང་ཧྲེང་།  ལི་ཧྲུའུ་ཝུན། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2003ལོའི་ཟླ8པར།

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཞུས་ཀོང་ཁྲུན། ཅུའུ་ཀྲང་གཞོན་པ། ཀྲའོ་ཧྲི། ཀྲང་ཧའེ་ཐའོ། ཧུའུ་ཀྲན་ཧྥན། ལེ་ཡོན་ལིའང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2004ལོའི་ཟླ8པར།

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཞུས་ཀོང་ཁྲུན། ཅུའུ་ཀྲང་གཞོན་པ། ཀྲའོ་ཧྲི། ཀྲང་ཧའེ་ཐའོ། ཧུའུ་ཀྲན་ཧྥན། ལེ་ཡོན་ལིའང་། ཐེན་ཅིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།
སྤྱི་ལོ2004ལོའི་ཟླ12པར། 

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཝང་ཐའེ་ཧྭ།  ཅུའུ་ཀྲང་གཞོན་པ། ཀྲའོ་ཧྲི་དང་། ཀྲང་ཧའེ་ཐའོ། ཧུའུ་ཀྲན་ཧྥན། ལེ་ཡོན་ལིའང་། ཐེན་ཅིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2009ལོའི་ཟླ6པར།

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཝང་ཐའེ་ཧྭ།ཅུའུ་ཀྲང་གཞོན་པ། ཀྲའོ་ཧྲི། ཀྲང་ཧའེ་ཐའོ། ཧུའུ་ཀྲན་ཧྥན། ཐེན་ཅིན། ཀྲང་ཕི་རྨིན

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2010ལོ།

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཝང་ཐའེ་ཧྭ། ཅུའུ་ཀྲང་གཞོན་པ། ཀྲའོ་ཧྲི། ཀྲང་ཧའེ་ཐའོ། ཐེན་ཅིན། ཀྲང་ཕི་རྨིན། ལི་ཝེ། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས། 

སྤྱི་ལོ2011ལོའི་ཟླ3པར།

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཚའེ་ཅིན་ཁྲའོ། ཅུའུ་ཀྲང་གཞོན་པ། ཀྲང་ཧའེ་ཐའོ། ཐེན་ཅིན། ཀྲང་ཕི་རྨིན། ལི་ཝེ། ཝང་ཐའེ་ཧྭ། ཀྲའོ་ཧྲི། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2012ལོའི་ཟླ10པར།

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཚའེ་ཁྲེང་ཁྲའོ་ཡིས། ཅུའུ་ཀྲང་གཞོན་པ། ཉེ་ཁྲེན་ཞི། ཐེན་ཅིན། ཀྲང་ཕི་རྨིན།ལི་ཝེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2013ལོའི་ཟླ1པོར།

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཚའེ་ཁྲེང་ཁྲའོ་ཡིས། ཅུའུ་ཀྲང་གཞོན་པ། ཉེ་ཁྲེན་ཞི། ཐེན་ཅིན། ཀྲང་ཕི་རྨིན། ལི་ཝེ། ཐུང་ཀང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས། 

སྤྱི་ལོ2013ལོའི་ཟླ3པར།

  རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུའུ། 

ཅུའུ་ཀྲང་། ཚའེ་ཅིན་ཁྲའོ་ཡིས།  ཅུའུ་ཀྲང་གཞོན་པ། ཅང་ཅན་གོ། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2013ལོའི་ཟླ4པར།

རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུའུ།

ཅུའུ་ཀྲང་། ཚའེ་ཁྲེང་ཁྲའོ་ཡིས། ཅུའུ་ཀྲང་གཞོན་པ། ཅང་ཅན་གོ་དང་། ཉེ་ཁྲེན་ཞི། ཐེན་ཅིན། དབྱི་ཧྲུའུ་ལིན། ཡན་ཞའོ་ཧུང་། སུན་ཧྲོའུ་ཧྲན་དང་། ལི་ཝེ། ཐུང་ཀང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2013ལོའི་ཟླ5པར།

   རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུའུ། 

ཅུའུ་ཀྲང་། ཚའེ་ཁྲེང་ཁྲའོ་ཡིས། ཅུའུ་ཀྲང་གཞོན་པ། ཅང་ཅན་གོ་དང་། ཉེ་ཁྲེན་ཞི། ཐེན་ཅིན། དབྱི་ཧྲུའུ་ལིན། ཡན་ཞའོ་ཧུང་། སུན་ཧྲོའུ་ཧྲན། ཐུང་ཀང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2014ལོའི་ཟླ7པར།

རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུའུ། 

ཅུའུ་ཀྲང་། ཚའེ་ཁྲེང་ཁྲའོ་ཡིས། ཅུའུ་ཀྲང་གཞོན་པ། ཅང་ཅན་གོ་དང་། ཉེ་ཁྲེན་ཞི། ཐེན་ཅིན། ཡན་ཞའོ་ཧུང་། སུན་ཧྲོའུ་ཧྲན། ཐུང་ཀང་། ཝུའུ་ཧྲང་ཀྲི།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས། 

སྤྱི་ལོ2015ལོའི་ཟླ1པོར།

རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུའུ།

ཅུའུ་ཀྲང་། ཚའེ་ཁྲེང་ཁྲའོ་ཡིས། ཅུའུ་ཀྲང་གཞོན་པ། ཉེ་ཁྲེན་ཞི། ཐེན་ཅིན། ཡན་ཞའོ་ཧུང་། སུན་ཧྲོའུ་ཧྲན། ཐུང་ཀང་། ཝུའུ་ཧྲང་ཀྲི།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས། 

སྤྱི་ལོ2016ལོའི་ཟླ10པར།

 རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུའུ། 

ཅུའུ་ཀྲང་། ཉེ་ཁྲེན་ཞི། ཅུའུ་ཀྲང་གཞོན་པ། ཐེན་ཅིན་དང་། ཡན་ཞའོ་ཧུང་། སུན་ཧྲོའུ་ཧྲན། ཐུང་ཀང་། ཝུའུ་ཧྲང་ཀྲི།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2017ལོའི་ཟླ4པར།

རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུའུ། 

ཅུའུ་ཀྲང་། ཉེ་ཁྲེན་ཞི། ཅུའུ་ཀྲང་གཞོན་པ། ཐེན་ཅིན་དང་། ཐུང་ཀང་། ཝུའུ་ཧྲང་ཀྲི། ཀྲོའུ་ཧུའེ་ལིན། ཀྲང་ཧུང་སེན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།

སྤྱི་ལོ2018ལོའི་ཟླ3པར།

རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། 

ཅུའུ་ཀྲང་། ཉེ་ཁྲེན་ཞི། ཅུའུ་ཀྲང་གཞོན་པ། ཀྲོའུ་ཧུའེ་ལིན་དང་ཀྲང་ཧུང་སེན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས། 

སྤྱི་ལོ2018ལོའི་ཟླ5པར།

རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ།

ཅུའུ་ཀྲང་། ཉེ་ཁྲེན་ཞི། ཅུའུ་ཀྲང་གཞོན་པ། ཀའོ་ཅན་མིང་དང་། ཧྥན་ཝུའེ་ཕིང་། ཀྲང་ཧུང་སེན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།
2 འགན་ནུས་གཙོ་བོ།

(གཅིག) ཏང་གི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། རླུང་བརྙན་འཕྲིན་དང་དྲ་རྒྱའི་ལེ་ཚན་ལ་ཞབས་ཞུའི་དོ་དམ་བྱ་ཐབས་བཟོ་བ་དང་། རླུང་བརྙན་འཕྲིན་གྱི་བྱ་བར་ཤུགས་རྒྱབ་སྟེ་ཡང་དག་པའི་གསར་རྩོམ་གྱི་ཁ་ཕྱོགས་ཁོང་དུ་ཆུད་པ་བཅས་བྱེད་དགོས།

(གཉིས) རླུང་བརྙན་འཕྲིན་དང་དྲ་རྒྱའི་ལེ་ཚན་ལ་ཞབས་ཞུའི་འཆར་ཟིན་འགོད་པར་འགན་འཁུར་རྒྱུ་དང་། སྒྲིག་སྲོལ་དང་ལས་རིགས་ཀྱི་ཚད་གཞི་བཟོ་རྒྱུ་མ་ཟད་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་སྒྲིག་འཛུགས་བྱས་ཏེ་རླུང་བརྙན་འཕྲིན་གྱི་ཁྱབ་ཁོངས་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས།

(གསུམ) རླུང་བརྙན་འཕྲིན་ཁྱབ་ཁོངས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་དང་འཆར་འགོད་བཟོ་རྒྱུའི་འགན་འཁུར་རྒྱུ་དང་། སྤྱི་པའི་ཞབས་ཞུའི་གལ་ཆེའི་སྤྱི་ཕན་ལས་གཞི་དང་གལ་ཆེའི་སྤྱི་པའི་ཞབས་ཞུའི་ལས་གཞི་ལག་བསྟར་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ། རླུང་བརྙན་འཕྲིན་གྱི་གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ་དང་། གྲངས་ཉུང་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་རླུང་བརྙན་འཕྲིན་འཛུགས་སྐྲུན་དང་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་དགོས།

(བཞི) རླུང་བརྙན་འཕྲིན་ཁྱབ་ཁོངས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུར་མཛུབ་ཁྲིད་དང་། མཐུན་སྦྱོར། སྐུལ་འདེད་བཅས་བཏང་སྟེ་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་ཐོན་ལས་སྲིད་ཇུས་བཟོ་རྒྱུ་མ་ཟད་སྒྲིག་འཛུགས་ལག་བསྟར་བྱེད་དགོས།

(ལྔ) རླུང་བརྙན་འཕྲིན་ལས་ཁུངས་ཁག་ལ་ལས་སྒོའི་མཛུབ་ཁྲིད་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་བྱེད་པར་འགན་འཁུར་རྒྱུ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དྲ་རྒྱའི་ལེ་ཚན་ཞབས་ཞུའི་ལས་ཁུངས་ལ་དོ་དམ་དང་། ཁྲིམས་ལྟར་གཏན་འབེབས་བྱས་པའི་སྲིད་འཛིན་བཀའ་ཁྲིམས་ལག་བསྟར། ཁྲིམས་འགལ་ཚབས་ཆེན་དག་ལ་རྩད་ཞིབ་དང་ཐག་གཅོད་བྱེད་དགོས།

(དྲུག) བརྙན་འཕྲིན་ཟློས་གར་ལས་རིགས་ཀྱི་འཕེལ་རྒྱས་དང་བརྙན་འཕྲིན་ཟློས་གར་གསར་རྩོམ་དང་ཐོན་སྐྱེད་ལ་མཛུབ་ཁྲིད་བྱེད་དགོས་ཤིང་། རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དང་དྲ་ཐོག་ལེ་ཚན་གྱི་ནང་དོན་དང་སྤུས་ཀར་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་བྱས་ཏེ། རླུང་འཕྲིན་དང་བརྙན་འཕྲིན་གྱི་མཚམས་སྦྱོར་བརྡ་ཁྱབ་ལ་ཁྲིད་སྟོན་དང་ལྟ་སྐུལ་དོ་དམ་བྱེད་དགོས།

(བདུན) རླུང་འཕྲིན་དང་བརྙན་འཕྲིན་གྱི་རྒྱལ་ཡོངས་རང་བཞིན་གྱི་དྲིལ་བསྒྲགས་བྱེད་སྒོ་གལ་ཆེན་ལ་ཁྲིད་སྟོན་དང་མཐུན་སྦྱོར་བྱ་རྒྱུ་དང་། རླུང་འཕྲིན་དང་བརྙན་འཕྲིན་གྱི་ལེ་ཚན་གདེང་འཇོག་བྱ་བར་མཛུབ་སྟོན་དང་ལག་བསྟར་བྱེད་པ།

(བརྒྱད) རླུང་བརྙན་འཕྲིན་དང་། སྨྱན་སྦྱོར་གསར་བ། ལག་རྩལ་གསར་བ། རྣམ་པ་གསར་བ་བཅས་མཉམ་འདྲེས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུར་འགན་འཁུར་དགོས་པ་དང་། རླུང་བརྙན་འཕྲིན་དང་། དྲ་རྒྱ། དྲ་སྦྲེལ་བཅས་དྲ་གསུམ་མཉམ་འདྲེས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

(དགུ) རླུང་བརྙན་འཕྲིན་གྱི་ཚན་རྩལ་གོང་སྤེལ་འཆར་འགོད་དང་། སྲིད་ཇུས། ལས་རིགས་ཀྱི་ལག་རྩལ་ཚད་གཞི་བཅས་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱ་དགོས་པ་མ་ཟད་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། རྒྱང་སྒྲོག་དང་བརྙན་འཕྲིན་ལེ་ཚན་བརྒྱུད་གཏོང་བྱེད་པའི་ཚད་ཇེ་མཐོར་གཏོང་བ་དང་། ལྟ་ཞིབ་ཚད་ལེན། བདེ་འཇགས་ངང་དོ་དམ་བྱེད་པར་འགན་འཁུར་རྒྱུ་དང་། རྒྱལ་ཁབ་ཀྱི་རྒྱང་སྒྲོག་མ་ལག་འཛུགས་སྐྱོང་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས།

(བཅུ) རླུང་བརྙན་འཕྲིན་དང་མཉམ་ལས་བྱས་ཏེ་བརྙན་འཕྲིན་ཁྱབ་ཁོངས་ཕྱིར་བསྐྱོད་རྒྱུར་མཐུན་སྦྱོར་སྐུལ་འདེད་དང་། རླུང་བརྙན་འཕྲིན་ལེ་ཚན་ནང་འདྲེན་དང་བསྡུ་ལེན། དོ་དམ་བཅས་བྱེད་པར་འགན་འཁུར་དགོས།

(བཅུ་གཅིག) རླུང་བརྙན་འཕྲིན་དང་དྲ་རྒྱའི་ལས་རིགས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་དགོས།

(བཅུ་གཉིས) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་པར་བསྒྲུབ་དགོས།

3 ནང་ཁུལ་སྒྲིག་གཞི།

(གཅིག) གཞུང་ལས་ཐིང་། ཡིག་ཆ་དང་གློག་འཕྲིན། ཚོགས་འདུ། གསང་གནད། ཡིག་ཚགས། ལྟ་སྐུལ་ཞིབ་བཤེར་སོགས་ལས་ཁུངས་ཀྱི་རྒྱུན་གཏན་གྱི་འཁོར་རྒྱུག་ལས་དོན་ལ་འགན་འཁུར་རྒྱུ་དང་། སྲིད་དོན་ཡོངས་བསྒྲགས་དང་། གསར་འགྱུར་ཡོངས་བསྒྲགས། གསང་སྲུང་། ཡིག་སྐུར་ངོ་གཏུག ལས་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་། གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར། ལས་ཁུངས་ཀྱི་ནོར་དོན་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་ལས་ཁུངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

(གཉིས) སྲིད་ཇུས་ཁྲིམས་སྲོལ་སི། རླུང་བརྙན་འཕྲིན་དང་དྲ་རྒྱའི་ལེ་ཚན་གྱི་ཞབས་ཞུའི་དོ་དམ་གྱི་སྲིད་ཇུས་གལ་ཆེན་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན། སྒྲིག་སྲོལ་བཅས་ཞིབ་འཇུག་དང་འཆར་ཟིན་བཀོད་དེ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་ལས་དོན་སྒྲུབ་པར་འགན་འཁུར་དགོས་ཤིང་། སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་ཞུ་ལན། ཕྱི་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་ལས་དོན། བཅའ་ཁྲིམས་དྲིལ་བསྒྲགས་སོགས་ཀྱི་བྱ་བ་བསྒྲུབ་པར་འགན་ཁུར་ཏེ། སྲིད་འཛིན་ཞིབ་མཆན་འགོད་པའི་བྱ་བ་སྒྲིག་འཛུགས་དང་མཐུན་སྦྱོར་ཡོང་བ་བྱེད་དགོས།

(གསུམ) དྲིལ་བསྒྲགས་སི། ཀུན་ཁྱབ་རླུང་འཕྲིན་དང་བརྙན་འཕྲིན་གྱི་རྒྱལ་ཡོངས་རང་བཞིན་དྲིལ་བསྒྲགས་བྱེད་སྒོ་གལ་ཆེན་དང་ཐོལ་བྱུང་དོན་རྐྱེན་གལ་ཆེན་སྤེལ་གཏོང་བྱེད་པར་མཛུབ་སྟོན་དང་མཐུན་སྦྱོར་བྱས་ཏེ། རྒྱལ་ཡོངས་ཀྱི་རིགས་པའི་གཞུང་ལུགས་གློག་བརྙན་དང་། དངོས་ཡོད་གློག་བརྙན། བརྙན་འཕྲིན་བཅས་གལ་ཆེན་བ་དང་གསར་རྩོམ་དག་བསྐྱར་གཏོང་བྱེད་པར་འགན་འཁུར་ཏེ་སྐུལ་འདེད་དང་མཛུབ་ཁྲིད་བྱེད་དགོས།

(བཞི) བརྙན་འཕྲིན་ཟློས་གར་སི། བརྙན་འཕྲིན་འཁྲབ་ཚན་སྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱས་ཏེ་རང་རྒྱལ་ནས་ཐོན་པའི་བརྙན་འཕྲིན་འཁྲབ་ཚན་དང་། བརྙན་འཕྲིན་ཟློས་གར། ཕྱི་ཕྱོགས་དང་མཉམ་དུ་བརྙན་འཕྲིན་འཁྲབ་ཚན་བཅས་ཀྱི་ནང་དོན་ལ་ཞིབ་བཤེར་བྱ་བྱེད་དགོས།

(ལྔ) སྨྱན་སྦྱོར་ལས་ཁུངས་དོ་དམ་སི། རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་སྒྲུབ་མཁན་གྱི་ལས་ཁུངས་དང་ལས་སྒོ། རླུང་བརྙན་འཕྲིན་ལེ་ཚན་སྒྲུབ་མཁན་གྱི་ལས་ཁུངས། རླུང་བརྙན་འཕྲིན་ལེ་ཚན་སྐྱེལ་འདྲེན། སྐུད་ཡོད་བརྙན་འཕྲིན་རིན་དངུལ་སྤྲོད་པའི་འཕྲིན་ལམ། བརྙན་འཕྲིན་ལས་སྒོ་བཅས་ལ་ལྟ་སྐུལ་དང་དོ་དམ་བྱེད་པར་འགན་ཁུར་ཏེ། རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་ལ་གདེང་འཇོག་སྲིད་ཇུས་བཟོ་འགོད་དང་ལག་བསྟར་སྒྲིག་འཛུགས་བྱེད་པར་མཚམས་སྦྱོར་གྱི་བརྡ་ཁྱབ་གཏོང་དགོས།

(དྲུག) དྲ་རྒྱའི་ལེ་ཚན་དོ་དམ་སི། དྲ་རྒྱའི་ལེ་ཚན་ཞབས་ཞུ་འཕེལ་རྒྱས་དང་དྲིལ་བསྒྲགས་བྱེད་པར་མཛུབ་སྟོན་བྱས་ཏེ། ཆ་འཕྲིན་དྲ་རྒྱ་དང་སྤྱི་པའི་གཞི་རྟེན་ཁྱབ་སྤེལ་གཏོང་བའི་ལེ་ཚན་ལ་ལྟ་སྐུལ་དོ་དམ་བྱེད་དགོས་ཤིང་། དེའི་ནང་དོན་དང་སྤུས་ཚད་ལ་ཞིབ་བཤེར་བྱས་ནས་ལེ་ཚན་ལ་ཐག་གཅོད་བྱེད་པའི་འགན་འཁུར་དགོས་པ་མ་ཟད། དྲ་རྒྱའི་ལེ་ཚན་ལ་ལྟ་སྐུལ་ཞབས་ཞུའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་དགོས།

(བདུན) སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སི། རླུང་འཕྲིན་དང་བརྙན་འཕྲིན་གྱི་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་བཟོ་འགོད་བྱས་ནས་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ། དྲ་གསུམ་མཉམ་འདྲེས་ཡོང་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རླུང་འཕྲིན་བརྙན་འཕྲིན་དང་སྨྱན་སྦྱོར་གསར་བའི་ལག་རྩལ་གསར་བ་དང་རྣམ་པ་གསར་བ་བཅས་གསར་གཏོད་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱ་དགོས། ཆ་འཕྲིན་དྲ་རྒྱ་ཁྱབ་སྤེལ་གཏོང་བའི་ལེ་ཚན་ལག་ཁྱེར་དོ་དམ་དང་འབྲེལ་འགྲེམ་གཏོང་བྱེད་དགོས།

(བརྒྱད) ཚན་རྩལ་སི། རླུང་བརྙན་འཕྲིན་དང་དྲ་ཐོག་ཚན་རྩལ་གོང་དུ་སྤེལ་བའི་སྲིད་ཇུས་འཆར་འགོད་དང་། ལས་རིགས་ཀྱི་ཚད་གཞི་བཅས་བཟོ་འགོད་བྱ་རྒྱུ་མ་ཟད་ལག་ལེན་བྱེད་དགོས་ཤིང་།  རླུང་འཕྲིན་དང་བརྙན་འཕྲིན་གྱི་ཚན་རྩལ་གསར་གཏོད་དང་ཚན་རྩལ་ལས་གྲྭའི་རྣམ་གྲངས་གལ་ཆེན་འགག་སྒྲོལ་བྱ་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་དང་། རླུང་འཕྲིན་དང་བརྙན་འཕྲིན་གྱི་ལག་རྩལ་སྤུས་ཚད་ལ་ལྟ་སྐུལ་བྱེད་པར་འགན་ཁུར་ཏེ། རླུང་འཕྲིན་དང་བརྙན་འཕྲིན་གྱི་ལག་རྩལ་ཚད་འཇལ་ཞིབ་དཔྱད་ཚད་ལེན་དང་ལག་རྩལ་གྲུབ་འབྲས་ཉེར་སྤྱོད་གཞན་སྒྱུར་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

(དགུ) བདེ་འཇགས་འགན་སྲུང་སི་བཅས་སོ། ཀུན་ཁྱབ་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་གཏོང་དྲ་བ། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་དྲ་བ་བཟོ་འགོད། གློག་བརྙན་འཕྲིན་སྐུད་ཡོད་དང་། སྐུད་མེད། སྲུང་སྐར་སོགས་བརྒྱུད་གཏོང་ཁེབས་པའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། རླུང་བརྙན་འཕྲིན་ལེ་ཚན་གྱི་བརྒྱུད་གཏོང་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱས་ཏེ། རྒྱལ་ཁབ་ཀྱི་རླུང་འཕྲིན་མ་ལག་འཛུགས་སྐྱོང་ལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་རླུང་འཕྲིན་དང་བརྙན་འཕྲིན་གྱི་འབྲེལ་ཡོད་བདེ་འཇགས་ལམ་ལུགས་དང་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་དགོས་པ་མ་ཟད། རྒྱལ་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་སྐུད་ཡོད་དང་སྐུད་མེད་སོགས་ཀྱི་སྒྲིག་ཆས་དང་། རླུང་འཕྲིན་ཁང་། བརྙན་འཕྲིན་ཁང་སོགས་གཙོ་གནད་སྡེ་ཚན་གྱི་བདེ་འཇགས་སྲུང་སྐྱོབ་བྱ་བར་མཛུབ་སྟོན་བྱེད་པ།

(བཅུ) ནོར་དོན་སི་འཆར་འགོད་བྱེད་པ། རླུང་འཕྲིན་དང་བརྙན་འཕྲིན་གྱི་བྱ་གཞག་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད་ཞིབ་འཇུག་དང་བཟོ་འགོད་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས། སྲིད་འཛིན་ཚན་པ་དང་ཐད་གཏོགས་ཚན་པའི་བྱ་བར་འགན་འཁུར་རྒྱུ་དང་། སྔོན་རྩིས་དང་ངེས་རྩིས། གཞུང་ཁོངས་རྒྱུ་ནོར་དོ་དམ། གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི། སྲིད་གཞུང་གི་ཉོ་སྒྲུབ་དང་དེ་བཞིན་ནང་ཁུལ་གྱི་རྩིས་བཤེར་ལས་དོན་བཅས་ལ་འགན་འཁུར་དགོས།

(བཅུ་གཅིག) སྤྱི་པའི་ཞབས་ཞུ་སི། རླུང་འཕྲིན་དང་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་དང་ཆ་སྙོམས་ཅན་དུ་བསྒྱུར་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་པ་མ་ཟད་ལྟ་སྐུལ་ཡང་བྱ་དགོས། རླུང་འཕྲིན་དང་བརྙན་འཕྲིན“ཤར་གཏོང”བྱེད་པ་དང་། མཐའ་མཚམས་སུ་ཡོད་པའི་གྲངས་ཉུང་མི་རིགས་སོགས་ས་ཁུལ་གྱི་རླུང་འཕྲིན་དང་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལེ་ཚན་སྒྱུར་བཟོ་སོགས་ལས་གྲྭ་གལ་ཆེན་དག་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས།

(བཅུ་གཉིས) རྒྱལ་སྤྱིའི་མཉམ་ལས་སི། (ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གཞུང་ལས་ཁང) རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་ཕྱི་ཕྱོགས་དང་། དེ་བཞིན་ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་བར་མཉམ་ལས་སྤེལ་རེས་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་རླུང་འཕྲིན་དང་བརྙན་འཕྲིན་གྱི་ཁྱབ་ཁོངས་ནང་ལས་དོན་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་སྟེ། རྒྱང་སྒྲོག་དང་བརྙན་འཕྲིན་ལེ་ཚན་ནང་འདྲེན། བསྡུ་ལེན། དོ་དམ་བཅས་ཀྱི་བྱ་བ་བསྒྲུབ་པར་འགན་འཁུར་དགོས།

(བཅུ་གསུམ) མི་དོན་སི། ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་ལས་བྱེད་པའི་མི་དོན་དོ་དམ་བྱེད་པར་འགན་འཁུར་རྒྱུ། རྒྱལ་ཡོངས་ཀྱི་རླུང་བརྙན་འཕྲིན་རྩོམ་སྒྲིག་པ་དང་གསར་འགོད་བྱེད་པ། རྒྱང་སྒྲོག་པ་དང་གཙོ་སྐྱོང་པ། དྲ་ཐོག་ལས་གཉེར་མི་སྣ་བཅས་ལ་དོ་དམ་བྱེད་པར་འགན་འཁུར་དགོས།

ལས་ཁུངས་ཏང་ཨུད་དང་འགན་འཁུར་ལས་ཁུངས།  དེ་མིན་པེ་ཅིང་དུ་ཡོད་པའི་ཐད་གཏོགས་ལས་ཁུངས་སོགས་ཀྱི་ཏང་དང་མང་ཚོགས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་འགན་འཁུར་དགོས།

ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་ཅུའུ། ལས་ཁུངས་ཀྱིས་ལས་བྲལ་དང་ལས་འཁྱུར་ལས་བྱེད་པའི་བྱ་བར་འགན་ཁུར་ཏེ། ཐད་གཏོགས་ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ལས་བྱེད་ཀྱི་བྱ་བར་མཛུབ་སྟོན་བྱེད་དགོས།

4 མི་སྣའི་སྒྲིག་ཁོངས།

རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས263བཅས་ཡོད་ཅིང་། ཅུའུ་ཀྲང1དང་ཅུའུ་ཀྲང་གཞོན་པ4 སི་ཅུའུ་རིམ་པའི་འགོ་ཁྲིད་ཀྱི་གོ་གནས་ཡོད་པ46ཡོད། དེའི་ནང་སྤྱི་ཁྱབ་བཟོ་སྐྲུན་དགེ་རྒན1དང་། ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1དང་། ལས་ཁུངས་སྒྲིག་ཨུད་ཀྱི་འགོ་ཁྲིད་གོ་གནས་ཡོད་པ1དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་ལས་བྱེད་ཅུའུ་ཡི་འགོ་ཁྲིད་ཀྱི་གོ་གནས་ཡོད་པ3བཅས་ཚུད་ཡོད།

5 ད་ལྟའི་འགོ་ཁྲིད། 

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་དང་ཏང་ཙུའི་ཧྲུའུ་ཅི། ཉེ་ཁྲེན་ཞི།

རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཀའོ་ཅན་མིང་། ཧྥན་ཝུའེ་ཕིང་།

དཔྱད་གཞིའི་ཡིག་ཆ།