རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-12-12 11:12ལ་འགྲུབ།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་པུའུ་རིམ་པས་ཆེད་དུ་བཙུགས་པའི་ལས་ཁུངས་ཤིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་མ་རྩ་འཇོག་མཁན་ལ་འགན་འཁྲི་བསྒྲུབ་བཞིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་འདོམས་ལྟར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀུང་ཟིའི་སྐོར་གྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་མ་རྩ་འཇོག་མཁན་གྱི་འགན་འཁྲི་བསྒྲུབ་རྒྱུ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་དང་བསྐྱར་སྒྲིག་བྱེད་པར་ཁྲིད་སྟོན། ལྟ་སྐུལ་དོ་དམ་ཁེ་ལས་ལ་གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་འཕར་བར་ལྟ་སྐུལ་བྱས་ནས་གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱབ་སྟེ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དེ་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཀུང་ཟིའི་བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ། གཞུང་ལ་དབང་བའི་དཔལ་འབྱོར་གྱི་གྲུབ་ཚུལ་ལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ལོ2018ལོའི་ཟླ3པར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིར་རྩིས་བཤེར་དང་གཞུང་ཁོངས་ཁེ་ལས་ཆེ་གྲས་ཁག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བཅུག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国务院国有资产监督管理委员会
དྲྭ་ཚིགས།
http://www.sasac.gov.cn/
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2018ལོའི་ཟླ3པར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁེ་ལས་ཀྱི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་གྱི་འགན་འཁྲིར་རྩིས་བཤེར་དང་གཞུང་ཁོངས་ཆེ་གྲས་གཙོ་བོའི་ལྟ་ཞིབ་སོགས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བཅུག་ཡོད།

སྤྱི་ལོ2018ལོའི་ཟླ9ཚེས13ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》གཞིར་བཟུང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་དང་། སྒྲིག་གཞི། སྒྲིག་ཁོངས་ལེགས་སྒྲིག་བཅས་ཀྱི་གནས་ཚུལ་སྐོར་གྱི་བརྡ་ཐོ་བཏང་བ་གཤམ་གསལ་ལྟར།

གཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ལ་དབང་བའི་ཁེ་ལས་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་གྱི་འགན་འཁྲི་རྩིས་བཤེར་དང་ལྟ་ཞིབ་ལྷན་ཚོགས་ཀྱི་འགན་འཁྲི་ལོགས་སུ་དབྱེ་རྒྱུ་དང་། ལྟ་སྐུལ་ཅུའུ་དང་པོ(རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལྟ་ཞིབ་ལྷན་ཚོགས་ཀྱི་ལས་སྒྲུབ་གཞུང་ལས་ཁང)སོར་འཇོག་མི་བྱེད་པར། སྲིད་འཛིན་སྒྲིག་ཁོངས26དང་སི་ཅུའུ་རིམ་པའི་འགོ་ཁྲིད་ཀྱི་ལས་གནས་མི་གྲངས3ཞིབ་བཤེར་བྱེད་དགོས་པ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཆེ་གྲས་གཙོ་བོའི་ལྟ་ཞིབ་པའི་ལྷན་ཚོགས་ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འདེམས་རྒྱུ་བཅས་བྱེད་དགོས།

གཉིས། རྒྱལ་ཁབ་ལ་དབང་བའི་གཙོ་གནད་ཁེ་ལས་ཆེ་གྲས་ཀྱི་ལྟ་ཞིབ་ལྷན་ཚོགས་ལ་སྲིད་འཛིན་སྒྲིག་ཁོངས330དང་སི་ཅུའུ་རིམ་པའི་འགོ་ཁྲིད་ཀྱི་གོ་གནས་གྲངས་འབོར་དེ་རྩིས་བཤེར་ཅུའུ་མངག་གཏོང་བྱས་པའི་ནང་བཅུག་ཡོད་ཅིང་། དེའི་ནང་གི་སྒྲིག་ཁོངས28དེ་གནས་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་བེད་སྤྱོད་བཏང་ནས་དེ་སྔའི་ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་དྲུང་ཡིག་ལ་ཆེད་མངག་སྤྱོད་རྒྱུ་དང་། ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྒན་གྲས་དག་ལས་འཁྱུར་བྱས་པ་དང་བསྟུན་ནས་རྒྱུ་ནོར་ལྟ་སྐུལ་དོ་དམ་སྒྲིག་ཁོངས་ལ་ལོ་རེ་བཞིན་རྩིས་བཤེར་བྱས་ཏེ། དྲུང་ཡིག་ལས་དོན་བཀོད་སྒྲིག་གི་གནད་དོན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས།

ལེགས་སྒྲིག་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས19དང་། ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་མི་གྲངས636སི་དང་ཅུའུ་རིམ་པའི་འགོ་ཁྲིད་མི་གྲངས874བཅས་ཡོད།

2 སྒྲིག་གཞིའི་འགན་འཁྲི།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》ལྟར། རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ཆེད་བཙུགས་ལས་ཁུངས་སུ་གཏོགས་པར་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཏང་ཀྲུང་དབྱང་གི་འགན་འཁྲི་བསྒྲུབ་དགོས།

(གཅིག) རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་བསྐུར་བ་ལྟར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་ཟིའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་མ་རྩ་འཇོག་མཁན་གྱི་འགན་འཁྲི་བསྒྲུབ་རྒྱུ་དང་། ཀྲུང་དབྱང་ཁོངས་གཏོགས་ཀྱི་ཁེ་ལས(དངུལ་རྩའི་རིགས་ཀྱི་ཁེ་ལས་ཚུད་མེད)གཞུང་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་དང་། གཞུང་དབང་རྒྱུ་ནོར་དོ་དམ་བྱེད་པའི་བྱ་བར་ཤུགས་སྣོན་རྒྱག་དགོས།

(གཉིས) ལྟ་སྐུལ་དོ་དམ་བྱེད་སའི་ཁེ་ལས་ཀྱི་གཞུང་དབང་རྒྱུ་ནོར་རིན་ཐང་འཕར་བར་ལྟ་སྐུལ་བྱེད་པར་འགན་འཁུར་དགོས་ཤིང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གྱི་རིན་ཐང་འཕར་མ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་ཀྱི་ཚད་གཞི་བཟོ་བ། བསྡོམས་རྩིས་དང་ལྟ་སྐུལ་དོ་དམ་ཁེ་ལས་ཀྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གྱི་རིན་ཐང་འཕར་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་པ། ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་གླ་ཕོགས་བགོ་བཤའ་དོ་དམ་ལས་དོན་ལ་འགན་འཁུར་བ། ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་ཁེ་ལས་ལ་འགན་འཁུར་དགོས།

(གསུམ) གཞུང་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་དང་བསྐྱར་སྒྲིག་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་གཏོང་བ། གཞུང་ལ་དབང་བའི་ཁེ་ལས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཀུང་ཟིའི་བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ། གཞུང་དབང་དཔལ་འབྱོར་གྱི་བཀོད་པ་དང་གྲུབ་ཚུལ་འཐབ་ཇུས་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

(བཞི) ཁྲིམས་བཀོད་གོ་རིམ་བརྒྱུད་དེ་ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་ལ་འགན་འཁུར་པར་བསྐོ་འཐེན་དང་དཔྱད་ཞིབ་བྱ་དགོས་པ་མ་ཟད། དེའི་གཉེར་སྐྱོང་བྱས་པའི་འབྲས་བུར་གཞིགས་ནས་བྱ་དགའ་དང་ཆད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་དེང་རབས་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་དང་མཐུན་པའི་མི་སྣ་འདེམས་པར་སྐུལ་མ་གཏོང་བ་དང་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།

(ལྔ) ལྟ་སྐུལ་དོ་དམ་བྱེད་ཁོངས་ཀྱི་ཁེ་ལས་སྒྲིག་འཛུགས་བྱས་ནས་གཞུང་ཁོངས་མ་རྩའི་ཁེ་འབབ་རག་ཐབས་བྱེད་རྒྱུ་དང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་འབྲེལ་ཡོད་དོ་དམ་ལམ་ལུགས་དང་བྱ་ཐབས་བཟོ་རྒྱུའི་ནང་ཞུགས་ཏེ། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་དང་ངེས་རྩིས་བཟོ་སྒྲིག་དང་ལག་བསྟར་བྱེད་རྒྱུ་སོགས་ཀྱི་བྱ་བའི་འགན་འཁུར་དགོས།

(དྲུག) མ་དངུལ་གཏོང་མཁན་གྱི་འགན་འཁྲི་གཞིར་བཟུང་ནས་ལྟ་སྐུལ་དོ་དམ་བྱ་ཡུལ་བདེ་འཇགས་ཐོན་སྐྱེད་བྱེད་ཕྱོགས་སྲིད་ཇུས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞི་སོགས་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས།

(བདུན) ཁེ་ལས་ཀྱི་གཞུང་དབང་རྒྱུ་ནོར་དོ་དམ་བྱེད་པར་འགན་འཁུར་རྒྱུ་དང་། གཞུང་དབང་རྒྱུ་ནོར་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་པ་དང་། འབྲེལ་ཡོད་ཀྱི་སྒྲིག་སྲོལ་དང་ལམ་ལུགས་བཟོས་ཏེ་ཁྲིམས་ལྟར་ས་གནས་ཀྱི་གཞུང་དབང་རྒྱུ་ནོར་དོ་དམ་གྱི་བྱ་བ་ལག་བསྟར་བྱེད་དགོས།

(བརྒྱད) རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་བསྒྲུབ་པར་འགན་འཁུར་དགོས།

3 ནང་ཁུལ་སྒྲིག་གཞི།

གཅིག གཞུང་ལས་ཐིན།

ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་རིག་གནས་དང་གློག་འཕྲིན། ཚོགས་འདུ། གསང་གནད། གསང་སྒྲུབ། གསང་དོན། ཆ་འཕྲིན། ཡིག་ཚགས། ཡིག་སྐུར་ངོ་གཏུག ཆ་འཕྲིན་ཅན། སྲིད་དོན་ཡོངས་བསྒྲགས་སོགས་ཀྱི་བྱ་བ་བསྒྲུབ་པར་ལྟ་སྐུལ་བརྟན་ལྷིང་སྲུང་སྐྱོང་ཡོང་བ་བྱེད་དགོས།

གཉིས་པ། སྲིད་ཇུས་བཅའ་ཁྲིམས་ཅུའུ།

རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཟམ་མ་ཆད་པར་སྒྲིག་འགོད་བྱས་ཏེ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་། རང་བཞིན་གྱི་ཟིན་བྲིས་བཅས་འབྲི་རྒྱུའི་སྒྲིག་འཛུགས་དང་ཞིབ་བཤེར་མཐུན་སྦྱོར་གྱི་ལས་དོན་སྒྲུབ་པར་འགན་འཁུར་རྒྱུ་དང་། རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་དང་ལམ་ལུགས་བསྒྱུར་བཅོས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སྲིད་ཇུས་ལ་གྲོས་འགོ་ཞིབ་འཇུག་བྱེད་དགོས།  ལས་ཁུངས་ཀྱི་ཐབས་ཇུས་གལ་ཆེན་ལ་ཁྲིམས་མཐུན་རང་བཞིན་སྒོས་ཞིབ་བཤེར་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་གནད་དོན་ལ་ཞིབ་འཇུག་བྱས་ནས་ལྟ་སྐུལ་དོ་དམ་བྱ་ཡུལ་ཁེ་ལས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་དང་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ། སྲིད་གཞུང་བར་གྱི་ཁེ་ལས་སྐོར་ལ་གྲོས་དོན་གླེང་མོལ་དང་ཕྱི་ཕྱོགས་དང་འབྲེལ་བའི་སྲིད་ཇུས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས།

གསུམ། འཆར་འགོད་འཕེལ་རྒྱས་ཅུའུ།

རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་བཀོད་པ་དང་གྲུབ་ཚུལ་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ལེགས་སྒྲིག་ལྟ་སྐུལ་དོ་དམ་བཀོད་སྒྲིག་བྱས་ཏེ་གྲུབ་ཆ་ལེགས་སྒྲིག་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་འཐབ་ཇུས་དང་འཆར་འགོད་ལ་ཞིབ་བཤེར་བྱས་ནས་ལྟ་སྐུལ་དོ་དམ་བྱེད་པ་དང་། ལྟ་སྐུལ་དོ་དམ་བྱེད་སའི་ཁེ་ལས་རྒྱལ་སྤྱི་ཅན་དུ་སྒྱུར་བར་སྣེ་ཁྲིད་པ་རྩ་འཛུགས་དང་མ་དངུལ་འཇོག་པར་དོ་དམ་བྱེད་དགོས།

བཞི། ནོར་དོན་ལྟ་སྐུལ་དོ་དམ་ཅུའུ།

ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་ཀྱི་ནོར་དོན་སྔོན་རྩིས་དང་ངེས་རྩིས་ཀྱི་བྱ་བ་བསྒྲུབ་པར་འགན་འཁུར་རྒྱུ་དང་། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་དང་ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་འཁོར་སྐྱོད་བྱེད་ཚུལ་ལ་ཕྱོགས་བསྡུས་ཀྱིས་ཞིབ་འཇུག་དང་། ལྟ་སྐུལ་དོ་དམ་བྱ་ཡུལ་ཁེ་ལས་ཀྱི་འགན་འཁུར་བ་ལས་གནས་དང་མ་བྲལ་བ་བྱས་ནས་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་ལས་དོན་སྒྲིག་འཛུགས་སྤེལ་དགོས། ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་ཀྱི་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་རྩིས་དང་རྒྱུ་ནོར་གྱི་གྱོང་གུན་རྩིས་བཤེར། ལྟ་སྐུལ་དོ་དམ་ཁང་གི་ཁེ་ལས་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན་ལ་མཛུབ་ཁྲིད་བཅས་བྱེད་དགོས་པ་མ་ཟད། སྤྱི་ཁྱབ་རྩིས་པ་ཆེ་མོར་ཁེ་ལས་ཀྱི་གཉེར་སྐྱོང་བྱ་བ་གལ་ཆེན་དང་ཉེན་ཁ་གལ་ཆེན་སྙན་ཞུ་བྱ་རྒྱུར་ལྟ་སྐུལ་བྱས་ནས་ཐག་གཅོད་པར་བསམ་འཆར་གྱི་གྲོས་གཞི་འདོན་དགོས།

ལྔ། རྒྱུ་ནོར་བདག་དབང་དོ་དམ་ཅུའུ།

རྒྱལ་ཁབ་ལ་དབང་བའི་ཐོན་དབང་དོ་དམ་འཐུས་ཚང་དུ་གཏོང་བའི་བསམ་འཆར་ལ་ཞིབ་འཇུག་བྱས་ཏེ། ཁེ་ལས་རྒྱལ་ཁབ་ལ་དབང་བའི་ཐོན་དབང་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་དང་དོ་དམ་བྱེད་ཐབས་གཏན་འབེབས་བྱ་དགོས། ལྟ་སྐུལ་དོ་དམ་བྱ་ཡུལ་ཁེ་ལས་ལ་བདག་དབང་ཐོ་འགོད་དང་། ཐག་གཅོད་སོགས་ཀྱི་ལས་དོན་སྒྲུབ་པར་འགན་འཁུར་རྒྱུ་དང་། ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་ཀྱི་རྒྱུ་ནོར་དཔྱད་དཔོག་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་ཐོ་འགོད་སྙན་སེང་གི་བྱ་བ་བཅས་སྒྲུབ་དགོས། ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་ཁེ་ལས་མ་དངུལ་འགྱུར་ལྡོག་དང་། མ་རྐང་དོ་དམ། བུན་གཏོང་བཅས་ཀྱི་ཇུས་གཞིར་ཞིབ་བཤེར་བྱས་ནས་ཁེ་ལས་ཚད་ལྡན་དུ་གཏོང་དགོས།

དྲུག ཁེ་ལས་བཅོས་བསྒྱུར་ཅུའུ།

གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་སྲིད་ཇུས་གྲོས་འགོ་ཞིབ་འཇུག་བྱས་ནས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་དེང་རབས་ཁེ་ལས་ལམ་ལུགས་འཛུགས་སྐྱོང་དང་བྱ་བར་མཛུབ་སྟོན། ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་ཟླ་སྒྲིལ་གཏོང་བ་དང་། མ་རྐང་ལམ་ལུགས་བསྒྱུར་བཀོད། མ་རྩ་མཉམ་དུ་འཇོག་པ་བཅས་བྱས་ཏེ་འཆར་གཞི་བཟོ་དགོས། མ་དངུལ་འཇོག་པར་རྒྱལ་ཁབ་ལ་དབང་བའི་སྒྲིག་ཡིག་ལྟར་ལག་བསྟར་དང་མཛུབ་སྟོན་སྐུལ་འདེད་གཏོང་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ལས་བཟོ་པའི་འགན་འཁྲི་ལེགས་པར་བསྒྲུབ་དགོས།

བདུན། དཔྱད་ཞིབ་བགོ་བཤའ་ཅུའུ།

ཁེ་ལས་རྒྱལ་སྤྱི་ལ་ཁ་གཏད་དེ་ལས་རིགས་ཀྱི་ཁ་གཏད་མ་ལག་འཐུས་ཚང་དུ་བཏང་སྟེ། ལྟ་སྐུལ་དོ་དམ་ཁེ་ལས་ཀྱི་འགན་འཁུར་བའི་གཉེར་སྐྱོང་གྲུབ་འབྲས་དཔྱད་ཞིབ་ལམ་ལུགས་རིགས་དབྱེ་འཐུས་ཚང་དུ་གཏོང་བ་དང་འགན་འཛིན་ཡུན་ཚད་དཔྱད་ཞིབ། འགན་འཁུར་མཁན་ལ་བྱེད་ཐབས་སྣ་མང་བཏོན་ནས་འབྲེལ་ཡོད་ལས་སྒོ་ལག་བསྟར་སྒྲིག་འཛུགས་དང་། ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་ཁེ་ལས་རྣམ་པ་འཐུས་ཚང་དང་ལས་སྒོའི་གཏོང་སྒོ། ལས་བཟོ་པའི་ཕན་བདེ་འགན་སྲུང་བཅས་ཚད་ལྡན་དུ་གཏོང་བར་བསྒྱུར་བཅོས་མཛུབ་སྟོན་བསམ་འཆར་འདོན་དགོས།

བརྒྱད། མ་རྩ་གཉེར་སྐྱོང་དང་ཡོང་འབབ་དོ་དམ་ཅུའུ།

གཞུང་ཁོངས་མ་རྩའི་འཁོར་རྒྱུག་ལམ་ལུགས་འཛུགས་རྒྱུར་ཞིབ་འཇུག་བྱས་ནས་གཞུང་ཁོངས་མ་རྩ་གཉེར་སྐྱོང་བྱ་རྒྱུར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་གཞུང་ཁོངས་མ་རྩའི་རིན་ཐང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་དངུལ་རྩའི་ལས་སྒོར་དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་ལ་མ་དངུལ་འཇོག་པའི་ཐེབས་རྩ་འཛུགས་པ་དང་འཁོར་སྐྱོད་བྱེད་པར་ཁྲིད་སྟོན་དང་སྒྲིག་འཛུགས་བྱེད་པ། ཁོངས་གཏོགས་དོ་དམ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྣ་མང་མ་རྩ་འཇོག་པའི་བྱ་བར་དོ་དམ་བྱས་ཏེ། ལྟ་སྐུལ་དོ་དམ་ཁེ་ལས་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ལ་དབང་བའི་མ་རྩའི་ཁེ་ཕན། གཞུང་དབང་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་འབྲེལ་ཡོད་ལམ་ལུགས་བཟོ་འགོད་བྱེད་པར་སྔོན་རྩིས་བྱེད་དགོས།

དགུ། ཕྱོགས་བསྡུས་ཅུའུ།

ཕྱོགས་བསྡུས་ཁོངས་སྒྲིལ་གྱིས་ས་གནས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ། དོ་དམ་སུའོ་ཡི་ཁེ་ལས་དང་ས་གནས་བར་མཉམ་ལས་བྱེད་པར་ཤུགས་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་དང་མཐུན་སྦྱོར་ཡོང་བ་བྱེད་དགོས། ལྟ་སྐུལ་དོ་དམ་བྱ་ཡུལ་ལ་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་མཛུབ་ཁྲིད་བཅས་བྱས་ཏེ། ལྟ་སྐུལ་དོ་དམ་ཁང་གི་བདེ་འཇགས་ཐོན་སྐྱེད། ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ། དེ་བཞིན་ཤིན་ཅང་དང་བོད་ལྗོངས། མཚོ་སྔོན་ལ་རོགས་སྐྱོར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་དགོས།

བཅུ། ལྟ་སྐུལ་ཅུའུ་གཉིས་པ།

བཅུ་གཅིག་པ། ལྟ་སྐུལ་ཅུའུ་གསུམ་པ།

གོང་གསལ་ཅུའུ་གཉིས་ཀྱི་འགན་ནུས་ནི། འབྲེལ་ཡོད་ལྟ་སྐུལ་གྲུབ་འབྲས་ཨུ་ཡོན་ལྷན་ཁང་ནང་ཁུལ་དང་ཐིང་། ཅུའུ་དང་ལྟ་སྐུལ་དོ་དམ་བྱ་ཡུལ་ཁེ་ལས་སུ་བེད་སྤྱོད་གཏོང་བའི་ལས་དོན་ལ་འགན་འཁུར་རྒྱུ་དང་། ལྟ་སྐུལ་ཞིབ་བཤེར་དང་རྩིས་སྤྲོད་བྱས་པའི་གནད་དོན་རིགས་དབྱེ་ཐག་གཅོད། ལྟ་སྐུལ་ཞིབ་བཤེར་བཅས་གཏིང་ཟབ་ཏུ་བཏང་ནས་ ཐུན་མོང་རང་བཞིན་གྱི་གནད་དོན་ལ་ཆེད་དོན་ཞིབ་བཤེར་སྒྲིག་འཛུགས་དང་། གཞུང་ཁོངས་རྒྱུ་ནོར་གྱོང་གུན་ཚབས་ཆེན་ལ་བརྟག་དཔྱད་སྒྲིག་འཛུགས་འབྲེལ་ཡོད་འགན་འཁྲི་ཐད་བསམ་འཆར་དང་གྲོས་འགོ་བཅས་འདོན་དགོས།

བཅུ་གཉིས། ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་དོ་དམ་ཅུའུ་དང་པོ།

བཅུ་གསུམ། ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་དོ་དམ་ཅུའུ་གཉིས་པ།

གོང་གསལ་ཅུའུ་གཉིས་ཀྱི་འགན་ནུས་ནི་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་གཏན་འབེབས་བྱ་རྒྱུ་དང་། ལྟ་སྐུལ་དོ་དམ་བྱ་ཡུལ་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་འགོ་ཁྲིད་མི་སྣའི་དོ་དམ་ལས་དོན་ལ་འགན་འཁུར་ཡོད་པ་བྱས་ཏེ། ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་དང་སློབ་གསོའི་གསོ་སྦྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

བཅུ་བཞི། ཏང་འཛུགས་སྐྱོང་ལས་དོན་ཅུའུ།

ལྟ་སྐུལ་དོ་དམ་སུའོ་ཡི་ཁེ་ལས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་བསམ་འཆར་དང་གྲོས་འགོ་ཞིབ་འཇུག་བྱས་ནས། ལྟ་སྐུལ་དོ་དམ་བྱ་ཡུལ་ཁེ་ལས་ཀྱི་ཏང་གི་རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལས་དོན་ལ་འགན་འཁུར་རྒྱུ། ལྟ་སྐུལ་དོ་དམ་སུའོ་ཡི་ཁེ་ལས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་བྱེད་འགན་འཁུར་ཏེ། ལྟ་སྐུལ་དོ་དམ་བྱེད་སའི་ཁེ་ལས་ཀྱི་བཟོ་ཚོགས་དང་། གཞོན་ནུ། བུད་མེད་བཅས་ཀྱི་བྱ་བར་མཐུན་སྦྱོར་བྱ་རྒྱུ་དང་། ཀྲུང་དབྱང་ཁེ་ལས་ཀྱི་གུང་གཞོན་ཚོགས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་བྱ་བ་སྒྲུབ་པར་འགན་འཁུར་དགོས།

བཅོ་ལྔ། དྲིལ་བསྒྲགས་ལས་དོན་ཅུའུ།

ལྟ་སྐུལ་དོ་དམ་ཁེ་ལས་ཀྱི་ཏང་གི་བསམ་བློ་འཛུགས་སྐྱོང་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་། དྲིལ་བསྒྲགས་ལས་དོན་བཅས་ཀྱི་འགན་འཁུར་ཏེ། ཁེ་ལས་དོ་དམ་གྱི་བསམ་བློའི་ཆབ་སྲིད་ལས་དོན་དང་ཁེ་ལས་ཀྱི་རིག་གནས་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་དགོས་པ་དང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཕྱི་ཕྱོགས་དྲིལ་བསྒྲགས་དང་གསར་འགྱུར་ལས་དོན་ལ་འགན་འཁུར་དགོས།

བཅུ་དྲུག ཞིབ་འཇུག་ཅུའུ།

རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱ་དགོས་པ་མ་ཟད། ཡིག་ཆ་དང་སྙན་ཞུ་གལ་ཆེན་འཆར་ཟིན་འགོད་དགོས།

བཅུ་བདུན། རྒྱལ་སྤྱིའི་མཉམ་ལས་ཅུའུ།

ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་ཕྱི་དོན་ལས་དོན་གྱི་འགན་འཁུར་རྒྱུ་དང་། ལྟ་སྐུལ་དོ་དམ་བྱེད་སའི་ཁེ་ལས་རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང་བྱེད་པའི་ཕྱི་དོན་ལས་དོན་ལ་འགན་འཁུར་རྒྱུ་དང་། མངའ་ཁོངས་ཕྱིའི་ཐོལ་བྱུང་དོན་རྐྱེན་དང་ཉམས་ཉེན་ཐག་གཅོད་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།

བཅོ་བརྒྱད། མི་དོན་ཅུའུ།

ལས་ཁུངས་དང་ཐད་གཏོགས་ཚན་པའི་མི་དོན་དོ་དམ་ལས་དོན་ལ་འགན་འཁུར་དགོས།

བཅུ་དགུ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཅུའུ(ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ལས་དོན་ཅུའུ)ཡི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་འབྲེལ་ཡོད་འཆར་འགོད་དང་། ལམ་ལུགས། བྱེད་ཐབས་བཅས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས་པ་དང་། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་འགན་འཁུར་བའི་འོས་མི་ཞིབ་བཤེར་གཏན་འབེབས་བྱས་ཏེ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཏང་རྩ་འཛུགས་ཕྱི་དོན་ལ་འབྲེལ་བ་ཡོད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་དགོས་པ་མ་ཟད། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ལ་ལྟ་ཞིབ་པར་མངག་གཏོང་དང་དོ་དམ་བྱེད་པར་འགན་འཁུར་དགོས།

ཉི་ཤུ། ལས་ཁུངས་ཞབས་ཞུ་དོ་དམ་ཅུའུ(ལས་བྲལ་དང་ལས་འཁྱུར་ལས་བྱེད་དོ་དམ་ཅུའུ)

ཁོངས་གཏོགས་ཀྱི་ལས་འཁྱུར་ངལ་གསོ་ལས་བྱེད་པའི་བྱ་བའི་སྒྲིག་གཞི་དང་ལས་ཁུངས་ཞབས་ཞུའི་ལྟེ་གནས་ཀྱི་དོ་དམ་ལས་དོན་ཁག་ལ་འགན་འཁུར་རྒྱུ་དང་། ཁོངས་གཏོགས་སྡེ་ཚན་གྱི་གཞུང་ཁོངས་རྒྱུ་ནོར་དང་ནོར་དོན་སོགས་སྲིད་འཛིན་དོ་དམ་ལས་དོན་གྱི་བྱ་བ་བསྒྲུབ་པར་ཁྲིད་སྟོན་དང་ལྟ་སྐུལ་དོ་དམ་བྱེད་དགོས།

ཉེར་གཅིག ལས་ཁུངས་ཏང་ཨུ།

ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་པེ་ཅིང་གི་ཐད་གཏོགས་ལས་ཁུངས་ཀྱི་ཏང་དང་མང་ཚོགས་ཀྱི་བྱ་བར་འགན་འཁུར་དགོས།

ཏང་ཨུའི་སྐོར་ཞིབ་ལས་དོན་གཞུང་ལས་ཁང་།

གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་གཙོ་དག་བསྐོ་འཐེན་དང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ཚན་པ། ཏང་རྩ་འཛུགས་ཀྱི་ཁོངས་གཏོགས་ལ་འབྲེལ་བ་ཡོད་པའི་ལས་རིགས་མཐུན་ཚོགས་བཅས་ལ་སྐོར་གཟིགས་ལྟ་སྐུལ་བྱེད་པར་ཤུགས་ཆེ་རུ་གཏོང་དགོས།

4 ད་ལྟའི་འགོ་ཁྲིད།
4_1 འགོ་ཁྲིད་ལས་བྱེད་པ།

ཧའོ་ཕུང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུ་ཧྲུའུ་ཅི་དང་ཀྲུའུ་རེན།

ཁྲེན་ཁྲའོ་དབྱིང་། ཨུ་ཡོན་ལྷན་ཁང་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་དང་ཏང་ཨུ་ཧྲུའུ་ཅི།

ཝུང་ཅེ་མིང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

མོང་ཅན་རྨིན། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ཀྲའོ་ཨའེ་མིང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

རེན་ཧུང་པིན། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ཀྲོའུ་གོ་ཕིང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ།

ཕེང་ཧྭ་ཀང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ།

4_2 ལས་བྱེད་པ་གཞོན་པ།

ཕན་ལིའང་། ལི་ཀྲི་ཆུན། ལི་ཧྥེང་ཐའོ། ལི་པིན། ཞུང་ཝེ་ཕིན། ལི་ཁེ་མིང་། ཀྲའོ་ཧྭ་ལིན། ལུའོ་ཡུས་ལིན།

4_3 སྤྱིའི་རྩིས་གཉེར་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་རྩིས་པ་ཆེན་མོ། པའེ་དབྱིང་ཙེ།

4_4 དྲུང་ཡིག་ཆེན་མོ་གཞོན་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། དཔྱད་ཞིབ་བགོ་བཤའ། ཀྲའོ་ཧྲི་ཐང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཀྲོང་ཧྲུའུ་ཞིན།

5 བཅའ་ཁྲིམས་དང་ཁྲིམས་སྲོལ།
5_1 བཅའ་ཁྲིམས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་སྤྱི་ལ་དབང་བའི་ཁེ་ལས།

5_2 སྒྲིག་སྲོལ།

ཀྲུང་དབྱང་ཁེ་ལས་ནོར་དོན་སྔོན་རྩིས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས། སྤྱི་ལོ2007ལོའི་ཟླ5ཚེས25ཉིན།

རྒྱལ་དབང་མ་རྐང་འཇོག་མཁན་གྱི་ཀུང་སིའི་མ་རྐང་དོ་དམ་ལག་བསྟར་བྱེད་ཐབས་དེ་སྤྱི་ལོ2007ལོའི་ཟླ6ཚེས30ཉིན།

6 སྒྲིག་གཞིའི་མཚོན་རྟགས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་གཞུང་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་བཙུགས་ལས་ཁུངས་ཤིག་ཡིན་ཞིང་། དབང་ཆ་བསྐུར་བ་ལྟར་རྒྱལ་ཁབ་ཀྱི་ཚབ་ཏུ་མ་རྩ་འཇོག་མཁན་གྱི་འགན་འཁྲི་བསྒྲུབ་རྒྱུ་དང་། ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་ཀྱི་གཞུང་དབང་རྒྱུ་ནོར་གྱི་རིན་ཐང་འཕར་ཚུལ་ལ་ལྟ་སྐུལ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དབྱིན་ཡིག་གི་མིང་ནི་State-ownedAsssasSupervisidandAdministratirCdmissiuoftheStatecolདེའི་བསྡུས་མིང་ལSASAC ཟེར།

.jpgརྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་གཞུང་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་མཚོན་རྟགས་ནི་གཙོ་བོ་ཁག་གཉིས་ལས་གྲུབ།

གཅིག རྒྱ་ཡིག་ཁྲོད་ཀྱི“རྒྱལ་ཁབ”ཅེས་པའི་ཡི་གེ་དེ་དབྱིབས་རྩིས་གྲུ་བཞི་དམར་པོའི་རྣམ་པ་ལྟར་མིང་མདོར་བསྡུས་བྱས་ཡོད་ཅིང་། དེའི་མཚོན་དོན་ནི“རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར”ཞེས་པ་དེ་ཡིན་ཞིང་། མདོག་དམར་པོའི་དབྱིབས་རྩིས་ཀྱི་གྲུ་བཞིའི་ནང་དུ་བདེན་རྫུན་སོགས་མཐའ་གཉིས་སུ་བགོས་ཡོད་པ་དང་། དེ་མིན་ད་དུང“མི”ཞེས་པ་གྲུབ་པ་དེས“མ་རྩ་གཏོང་མཁན”མཚོན། མིའི་གཡས་གཡོན་དུ་དམར་པོར་གྱུར་བའི་ཤུགས་བསྟན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་རིན་རིང་འཕར་ཚད་ལ་དོ་དམ་བྱེད་པར་སྟོན། དེ་ལྟར་རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་རྡོ་ལྟ་བུ་ཡིན་པས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།

གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིབསྡུས་མིང་ལSAACལྟར་འབྲི་ཞིང་། དབྱིན་ཡིག་གི་ཐ་སྙདAdministratiratནི་དོ་དམ་གྱི་ནང་དོན་ཐོན་པ་ལྟར་དབྱངས་གསལ་ཐོག་མ་ནིAཡིན་པས། SASACཁྲོད་ཀྱི་ཡིག་འབྲི་ཆེ་བའི་གསལ་བྱེདAགཉིས་རི་མོའི་སྟོད་ཀྱི་ཟོལ་སྦྱོར་དང་དངོས་པོ་གཉིས་ལས་གྲུབ་པ་ལྟར“A”“AA”མཚོན་པ་དང་། དེའི་ཤུགས་བསྟན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་དོ་དམ་ཟུང་འབྲེལ་བྱེད་པར་མཚོན་ཞིང་། དེ་བཞིན་དུ་དེའི་ཤུགས་བསྟན་གྱི་གོ་དོན་གཉིས་པ་ནི་ཀྲུང་དབྱང་ཁེ་ལས་ལ་བློ་སེམས་དཀར་བའི་རྣམ་པ་མཚོན་པས “AAA”ཞེས་པའི་མཚན་སྙན་ཡོད།

དཔྱད་གཞིའི་ཡིག་ཆ།