ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-12-06 16:10ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པ་བརྒྱུད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གཞིགས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཅུའུ་བཙུགས་ཤིང་། ལས་ཁུངས་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྒྲིག་གཞིར་གྱུར་པ་རེད། གསུམ་ནས་ཇུས་གཞི་དེ་ལ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་འགན་ནུས་འོག་བཀོད་སྒྲིག་དང་། སྒྲིག་གཞི། མི་སྣའི་སྒྲིག་ཁོངས་བཅས་གཏན་འབེབས་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家医疗保障局
བསྡུས་མིང་།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ།
དབྱིན་ཡིག་གི་མིང་།
National Healthcare Security Administration of The People's Republic of China
བཙུགས་དུས།
སྤྱི་ལོ2018ལོའི་ཟླ3པར།
ད་ལྟའི་ཅུའུ་ཀྲང་།
ཧུའུ་ཅིན་ལིན།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

གཅིག་གྱུར་སྒོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་ཆེན་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྨན་བཅོས་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་མ་དངུལ་ལུགས་དང་མཐུན་པར་སྤྱོད་པ་དང་བདེ་འཇགས་ལ་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་དགོས་ཤིང་། སྨན་བཅོས་དང་སྨན་བཅོས་འགན་བཅོལ་བཅས་ལ“སྨན་གསུམ་མཉམ་འགུལ”སྒྱུར་བཅོས་བྱེད་པར་སྤྱི་འདོམས་སྐུལ་འདེད་དང་། ནད་ཐོག་སྨན་བཅོས་ཐུབ་པའི་འགན་ལེན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་ནང་བཏོན་པ་ལྟར། མི་ཤུགས་ཐོན་ཁུངས་དང་གྲོང་ཁྱེར། གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་བུ་བཙའི་འགན་བཅོལ་གྱི་འགན་འཁྲི། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་གྲོང་གསེབ་མཉམ་ལས་སྨན་བཅོས་ཀྱི་འགན་འཁྲི་གསར་བ།  རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་སྨན་རྫས་དང་སྨན་བཅོས་ཞབས་ཞུའི་རིན་གོང་དོ་དམ་གྱི་འགན་འཁྲི། དམངས་སྲིད་པུའུ་ཡི་སྨན་བཅོས་རོགས་སྐྱོར་གྱི་འགན་འཁྲི་བཅས་སྡེབ་སྒྲིག་བྱས་ནས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་བརྩི་དགོས།    སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུའུ་བཙུགས།

གོང་གི་འཕྲོད་བསྟེན་སྡེ་ཚན་དང་མི་ཤུགས་ཐོན་ཁུངས་དང་། སྤྱི་ཚོགས་འགན་སྲུང་སྡེ་ཚན་སོགས་ཀྱིས་སྨན་རྫས་ཉོ་སྒྲུབ་ཀྱི་བྱ་བའི་གནད་དོན་ཐག་བཅད་དེ་སྨན་བཅོས་འགན་ལེན་བྱེད་ཐུབ་པར་ཕྱོགས་ཡོངས་ལ་འབྲེལ་བྱེད་དགོས།

སྤྱི་ལོ2017ལོའི་ཟླ6པའི་ཚེས28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས་དེའི་གལ་ཆེའི་རང་བཞིན་དང་ཛ་དྲག་རང་བཞིན་ནན་བཤད་བྱས་ཏེ་སྨན་བཅོས་འགན་བཅོལ་བྱེད་སྟངས་ཀྱི་སྒྱུར་བཅོས་དེ་མཐོ་ཚད་གསར་བ་ཞིག་ཏུ་སླེབས།  

《མཛུབ་ཁྲིད་བསམ་འཆར》ཞེས་པའི་ནང་བསྟན་དོན། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ལམ་སྲོལ་དང་ཁེ་ཕན་སྙོམས་སྒྲིག་ལམ་སྲོལ་དང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་ལུགས་དང་། ཚད་ལྡན་གྱི་སྨན་བཅོས་སྒྲིག་གཞི། ནད་པའི་སེམས་ཁམས་དང་བསྟུན་ནས་སྨན་བཅོས་ཐོན་ཁུངས་དང་ནད་པར་གོ་རིམ་ལྡན་པའི་སྒོ་ནས་སྨན་བཅོས་ལ་ཁྲིད་སྟོན་བྱེད་རྒྱུ་དང་། རིམ་དབྱེའི་སྨན་བཅོས་བྱེད་སྟངས་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས་རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་གྱི་གཞི་རྩའི་སྨན་བཅོས་ཁེ་དབང་དང་། སྨན་བཅོས་འགན་བཅོལ་ལམ་ལུགས་ཡུན་རིང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད། དེའི་ཐོག་ནས་ད་ཆ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་བཙུགས་པ་དེས་ཡིག་ཆ་དེ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་པ་དང་སྨན་བཅོས་སྒྲིག་གཞི་ལྡན་པ་དང་སྨན་རྫས་ཁེ་ལས་ཚད་ཇེ་མཐོར་སོང་བ་ཤེས་ཐུབ།

སྨན་བཅོས་འགན་བཅོལ་ཅུའུ་དེ་ལ་སྨན་རྫས་ཁེ་ལས་དང་སྨན་བཅོས་ཁེ་ལས་ཀྱིས་དོ་ཁུར་བྱེད་ས་ཞིག་ཏུ་གྱུར་ཡོད་པ་གཤམ་གསལ་ལྟར།

1.ཚོང་རར་ཞུགས་པ། རྒྱལ་ནང་གི་སྨན་བཅོས་ལས་རིགས་ལ་མཚོན་ན་ཚོང་རར་ཞུགས་རྒྱུ་ནི་ཅི་ཞིག་ཡིན་ནམ་ཟེར་ན། དེ་ནི་སྨན་བཅོས་འགན་བཅོལ་ནང་ཞུགས་ཏེ་སྨན་རྫས་ཀྱི་ཆ་ཇེ་མཐོར་བཏང་ནས་སྨན་ཁང་གི་ཚོང་ར་ཡོངས་རྫོགས་མ་ཤོར་བ་བྱེད་པ་ལ་ཟེར་ཞིང་། གཞན་ཡང་སྨན་རྫས་སྨན་བཅོས་འགན་བཅོལ་ནང་ཞུགས་མ་ཐུབ་ཚེ་དེའི་ཁྲོམ་རར་ཤུགས་རྐྱེན་ངན་པ་ཐེབས་སྲིད། འོན་ཀྱང་ད་ཆ་ཁེ་དབང་དེ་གཉིས་སྨན་བཅོས་འགན་ལེན་ཅུའུ་ཡིས་ཐག་གཅོད་བྱེད་བཞིན་ཡོད།

2.སྨན་བསྟེན་པར་ཚོད་འཛིན་ནན་མོ་བྱེད་པ། སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་ཚོད་འཛིན་བྱ་རྒྱུ་ནི་སྤྱི་ལོ2018ལོར་གཏན་ཁེལ་བྱས་ཤིང་། སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་ཚོད་འཛིན་བྱེད་པའི་གནས་ཚུལ་འོག་སྨན་རྫས་ཁེ་ལས་ཀྱི་ངོས་ནས་བརྗོད་ན། དཀར་ཆག་ནི་སྒོ་ཐེམ་ཙམ་ཡིན་པ་དང་། སྨན་ཁང་གི་ཆོག་མཆན་དང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་ནི་ཧ་ཅང་གལ་ཆེ།

སྨན་བཅོས་འགན་ལེན་ཅུའུ་ལ་འགྲོ་གྲོན་ཚོད་འཛིན་བྱེད་པའི་དབང་ཆ་ཡོད་པ་དང་སྨན་རྫས་ལ་རམ་འདེགས། སྨན་སྤྱོད་ཐད་ཀར་ཚོད་འཛིན་བཅས་བྱེད་པའི་དབང་ཆ་ཡོད་པ་རེད། གཞན་ཡང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞིའི་འོག་སྨན་ཁང་གིས་ལུགས་མཐུན་ངང་སྨན་སྤྱོད་པའི་རྨང་གཞིའི་ཐོག་མ་ནས་དམའ་ཤོས་ཀྱི་སྨན་རྫས་སྤྱད་དེ་ནད་པར་སྨན་བཅོས་བྱ་རྒྱུ་དང་། འབྱུང་འགྱུར་སྨན་བཅོས་འགན་བཅོལ་གྱི་ཁོར་ཡུག་ཆེན་པོའི་འོག་ཕྱོགས་ཁག་གི་ཁེ་ཕན་གྱི་ཐབས་ཇུས་ཆེ་རུ་གཏོང་དགོས།

3.སྨན་རིན་ཐད་ཀར་ཐག་གཅོད་བྱེད་པ། སྨན་རྫས་ཀྱི་རིན་གོང་ཐད་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་རིན་གོང་གཏན་འཁེལ་དོ་དམ་བྱེད་དགོས་ཤིང་། སྨན་བཅོས་འགན་བཅོལ་ལ་དོ་དམ་བྱས་ཏེ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་འོས་སྐུལ་བྱས་པ་གཞིར་བཟུང་ནས་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་རྒྱུ་དང་། དངུལ་ལོར་སྤྱོད་སྐབས་དཀའ་ཁག་ཡོད་པ་དག་ལ་མཐར་སྨན་བཅོས་འགན་བཅོལ་གྱི་གནོན་ཤུགས་ཇེ་དམའ་རུ་གཏོང་དགོས།

སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་རྫས་ཉོ་སྒྲུབ་བྱས་པ་ནི་ཕྱོགས་གཅིག་ནས“གྲོན་དངུལ་སྤྲད་དེ་རྩིས་རྒྱག་པ”མཚོན་པ་དང་། ཕྱོགས་གཞན་ཞིག་ནས་དངོས་ཡོད་ཀྱི་སྨན་བཅོས་འགན་བཅོལ་མ་དངུལ་འོག་སྨན་རྫས་ཀྱི་རིན་གོང་དང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་དམ་པོར་བསྡམས་ནས་ཕྱོགས་ཁག་གི་ཁེ་ཕན་མངོན་འགྱུར་བྱ་རྒྱུ་དེ་རེད།

གནས་ཚུལ་འདི་འདྲའི་འོག་ཏུ་སྨན་ཁང་ངམ་ཡང་ན་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ཡིས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་གཞིར་བཟུང་ནས་སྨན་རིན་ལ་གྲོས་མོལ་བྱས་ཆོག་པ་མ་ཟད། ཁོ་ཚོས་ཐ་ན་ཕྱོགས་གསུམ་པའི་སྟེགས་བུ་དང་ས་གནས་སོ་སོའི་སྨན་བཅོས་འགན་སྲུང་ཅུའུ་ལ་མངག་བཅོལ་བྱས་ནས་སྨན་རྫས་གྲོས་མོལ་བྱས་ནས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞིའི་རྨང་གཞིའི་ཐོག་སྨན་རིན་དམའ་རུ་བཏང་ནས་ཁེ་ཕན་མངོན་འགྱུར་ཡོང་བ་བྱེད་དགོས།

སྨན་བཅོས་འགན་བཅོལ་ནི་ཕྱོགས་མང་པོའི་ཐད་ནས་སྨན་རྫས་ཁེ་ལས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཤིང་ཐ་ན་ཁེ་ལས་ཀྱི་ལས་དབང་དང་འབྲེལ་བ་ཡོད་ཅེས་བརྗོད་ཆོག དེའི་ནང་གི་དེད་དཔོན་ནི་སྨན་བཅོས་འགན་སྲུང་ཅུའུ་ཡིན།

ལོ་མང་རིང་སྨན་རྫས་གཅིག་སྡུད་འོས་སྐུལ་ཉོ་སྒྲུབ་ཐད་ཟང་ཟིང་གི་སྣང་ཚུལ་མང་པོ་ཐོན་ནས་ལོ་མང་རིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཀྱི་ཚོགས་འདུ་འཚོགས་པའི་རིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་མི་ཉུང་བ་ཞིག་གིས་ད་ཡོད་ཀྱི་སྨན་རྫས་གཅིག་སྡུད་འོས་སྐུལ་ཉོ་སྒྲུབ་དང་། སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་འབོད་སྐུལ་བྱེད་བཞིན་ཡོད་ཅིང་། གཞུང་བཙུགས་སྨན་ཁང་གི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ལ་དམིགས་ཏེ་ཚོགས་ཆེན་གཉིས་ཀྱིས་བཏོན་པའི་སྨན་རྫས་ལ་ཞིབ་མཆན་དང་སྲུང་སྐྱོབ་བྱེད་དགོས། དེ་ལྟར་ས་ཁོངས་ཀྱིས་བཀག་སྡོམ། སྲིད་འཛིན་སྒེར་སྡེམ། དམིགས་འཛུགས་ཀྱིས་འོས་སྐུལ། ཐ་ན་ཚོང་ལས་ཀྱིས་ལྐོག་རྔན་སྤྲོད་ལེན་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཐོན་བཞིན་ཡོད།

སྨན་བཅོས་འགན་སྲུང་ཅུའུ་ཡིས “འགན་ལེན་གསུམ་གཅིག་ཏུ་སྒྲིལ་བ”དང་། “དབང་བཞི་གཅིག་སྒྲིལ”གྱི་འབོད་སྐུལ་བཏོན་པ་ལྟར། གཙོ་སྐྱོང་སྡེ་ཁག་གསར་བར་དབང་ཆ་ཡོད་ལ་སྒོར་མོ་ཡང་ཡོད་པས་སྨན་བཅོས་ཞབས་ཞུའི་མ་ལག་གི་འཕེལ་རྒྱས་དང་འཕྲོད་བསྟེན་ཐོན་ཁུངས་ཀྱི་བཀོད་སྒྲིག་ཐད་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་གལ་ཆེན་ཐོན་ཡོད་པ་དང་། ལྷག་པར་དུ་སྨན་རྫས་ཉོ་སྒྲུབ་ཐད་ལ་ནུས་པ་ཆེན་པོ་ཐོན།

སྨན་རྫས་ཁེ་ལས་ཀྱིས་བྱང་བུ་བཟོས་པ་དང་བསྟུན་ནས་འོས་སྐུལ་དང་། སྨན་བཅོས་འགན་བཅོལ། སྨན་རིན། ལྟ་སྐུལ་དོ་དམ། ཁྲིམས་ལུགས་གཏན་འཁེལ་ཡོད་པའི་སྒོ་ནས་སྨན་བཅོས་འགན་བཅོལ་ཅུའུ་ཆེན་པོ་བཞི་ལ་སྤྱི་འདོམས་དོ་དམ་བྱས་ཤིང་། སྨན་བཅོས་སྒྱུར་བཅོས་ཀྱི་འཕེལ་རིམ་ཁྲོད་དུའང་ནུས་པ་ཆེན་པོ་འདོན་པར་དུས་རབས་གསར་བ་དང་མཐུན་པའི་འཆར་གཞི་བཟོ་དགོས།

ཐོག་མར་བསྒྱུར་བཅོས་ཀྱི་དམིགས་འབེན་གྱི་ལས་འགན་སྟེང་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྩ་འཛུགས་རིམ་པར་ཇུས་གཞི་འགོད་དགོས་ཤིང་། ཁྱོན་ཡོངས་རང་བཞིན་ལ་དམིགས་ཚད་གསར་བ་དང་། ལས་འགན་གསར་བ། འགན་ནུས་གསར་བ་བཅས་ཀྱི་གནས་བབ་བསྐྱར་དུ་གཏན་འཁེལ་བྱས་ཏེ “འགན་སྲུང”ནན་བཤད་བྱེད་དགོས། སྨན་བཅོས་ཞབས་ཞུའི་ཕྱོགས་གསུམ་པའི་གཏོང་སྤྲོད་དོ་དམ་ཞིག་ཡིན་ཕྱིན་མི་དམངས་ལ་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་མཉམ་སྡེབ་འགན་ལེན་ཞིག་ཀྱང་ཡིན། དེས“སྤྱི་ཚོགས་འགན་བཅོལ”གྱི་འགན་འཁྲི་ལེགས་པོར་སྒྲུབ་དགོས་ལ“སྨན་བཅོས་རོགས་སྐྱོར”གྱི་ནུས་པ་ཡང་ལེགས་པོར་སྒྲུབ་དགོས། སྒྱུར་བཅོས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དེ་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་མཁན་ཞིག་ཏུ་གྱུར་ནས་སྨན་བཅོས་འགན་སྲུང་ཅུའུ་ཡི་འཐུས་མིར་དགོས་མཁོ་ཡོད་མཁན་དང་གཏོང་སྤྲོད་བྱེད་མཁན་ཞིག་ཡིན་ཞིང་། མཁོ་སྤྲོད་བྱེད་མཁན་དང་དགོས་མཁོའི་ཕྱོགས་ཀྱི་ཤུགས་རྒྱག་ས་དེ་རིམས་ནད་པ་དང་ཐ་ན་ཁྲོམ་ར་ཧྲིལ་པོར་ཕན་པ་ཡོད་པ་ཞིག་རེད། གཞན་ཡང་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་རྫས་དང་། སྨན་བཅོས་ཡོ་བྱད། སྨན་བཅོས་ཞབས་ཞུ་བཅས་ལ་རིན་གོང་གཏན་འཁེལ་བྱེད་དབང་ཡོད་པ་དང་། དངུལ་ཡོད་ལ་དབང་ཆའང་ཡོད་པས་སྨན་བཅོས་འགན་སྲུང་ཅུའུ་ལ་གྲོན་དངུལ་ཚོད་འཛིན་བྱེད་ཐུབ་པའི་དགེ་མཚན་ལྡན།

གཅིག རྩ་འཛུགས་མ་ལག་གི་གྲུབ་ཆའི་ཐོག་ནས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ནི་རང་ཚུགས་ཀྱི་འགན་འཁྲི་བསྡུ་སྒྲིལ་བྱས་རྗེས་ཀྱི་སྒྲིག་གཞི་ཞིག་ཡིན་པས། སྒྱུར་བཅོས་དེ་སྨན་བཅོས་འགན་བཅོལ་ཅུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་རིམ་པ་དང་འདྲ་མཉམ་ཡིན་ཞིང་། ཚད་གཞི་མཐོ་བའི་སྲིད་འཛིན་སྒྲིག་བཀོད་ཀྱི་ཚན་པའི་དབར་ཕན་ཚུན་དོ་སྙོམས་ཡོང་བར་ཆ་རྐྱེན་མཁོ་འདོན་བྱས་ཡོད་ཅིང་། སྲིད་ཇུས་ཀྱི་དམིགས་འབེན་དང་ལས་འགན། འགན་འཁྲི་བཅས་ཡོད་པ་ཕུད། ད་དུང་དེའི་དམིགས་བསལ་གྱི་དོ་དམ་འཁོར་སྐྱོད་དང་བཅོས་སྐྱོང་བྱེད་སྟངས་ལ་ལམ་སྲོལ་ཡོད་པ་ནི་རྒྱང་རིང་གི་དམིགས་འབེན་ཞིག་ཡིན་པ་དང་། སྒྲིག་སྲོལ་བསྒྱུར་བཅོས་དང་བཅོས་སྐྱོང་བྱེད་པའི་ལམ་སྲོལ་གཞིར་བཟུང་ནས་ཐག་གཅོད་ཀྱི་བྱེད་ཐབས་གསར་བ་འདོན་དགོས།   

གཉིས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི་འགན་འཁྲི་དང་འགན་ནུས་གཏན་འཁེལ་བྱས་པའི་ཐོག་ནས་བལྟས་ན། དེ་སྔའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། བུ་བཙའི་འགན་བཅོལ། རྒྱལ་ཁབ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་སྨན་རྫས་དང་སྨན་བཅོས་ཞབས་ཞུའི་རིན་གོང་དོ་དམ་སོགས་བྱེད་དགོས།

གསུམ། འགན་འཁྲི་དང་དབང་ཆ་བསྡུ་སྒྲིལ་བྱས་རྗེས་སྨན་བཅོས་འགན་སྲུང་ཅུའུ་ནི་སྨན་བཅོས་ཞབས་ཞུའི་རྣམ་པ་འདོན་སྤྲོད་བྱེད་མཁན་གཙོ་བོ་ཞིག་ཏུ་གྱུར་པ་དང་། དེའི་ཐོག་ཞབས་ཞུའི་རིན་གོང་གཏན་འཁེལ་བྱེད་དབང་ཡོད་པ་ཞིག་ཡིན་ཞིང་། སྒྲིག་གཞི་གསར་བར་དབང་ཆ་ཡོད་ལ་དངུལ་ཡོད་པས་སྨན་བཅོས་ཞབས་ཞུའི་མ་ལག་གི་འཕེལ་རྒྱས་དང་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་ཐད་ཐག་གཅོད་རང་བཞིན་གྱི་ནུས་པ་གལ་ཆེན་འདོན་པར་འགན་འཁུར་དགོས།

བཞི། བཅོས་སྐྱོང་དང་དོ་དམ་གསར་གཏོད་བྱས་ཏེ་མ་དངུལ་གསོག་འཇོག་དང་གཏོང་སྤྲོད། ལྟ་སྐུལ་དོ་དམ་སོགས་ནང་ཁུལ་གྱི་དོ་དམ་ལམ་སྲོལ་དང་འབྲེལ་བ་ཡོད་པའི་སྟེང་ནས་རྒྱལ་དམངས་ཀྱི་སྨན་བཅོས་འགན་ལེན་ཞབས་ཞུ་མཁོ་འདོན་བྱེད་པ་དང་། དྲང་གཞག་ལ་གཞིགས་ནས་བསམ་བློ་གཏོང་རྒྱུར་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ཏེ་སྨན་བཅོས་འགན་ལེན་ཅུའུ་ཡི་བཅོས་སྒྲིག་དང་དོ་དམ་ཐད་འགྲན་སློང་གསར་པ་འདོན་དགོས་པ་མ་ཟད། ཆེད་ལས་ཀྱི་དམིགས་ཚད་མཐོ་བའི་སྒོ་ནས་སྔར་ལས་ལྷག་པའི་སྤུས་ཚད་མཐོ་རུ་གཏོང་དགོས།    བཞི་ནི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞི་གཞན་དག་དང་ལེན་དང་རོགས་རམ་འོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་སྡེ་ཚན། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱ་གྲམ་དམར་པོ་ཚོགས་པ་སོགས་སྲིད་གཞུང་དང་དམངས་ཁྲོད་ཀྱི་སྒྲིག་གཞི་ལྡན་པའི་སྡེ་ཚན་དག་དང་མཐུན་སྦྱོར་ཡོང་བ་བྱེད་དགོས།

མདོར་ན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་བཙུགས་པ་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་ཀར་དོ་དམ་བྱེད་པའི་ཁོངས་སུ་གཏོགས་པར་བྱས་ཤིང་། ཀྲུང་གོའི་སྨན་བཅོས་འགན་སྲུང་ལམ་ལུགས་འཛུགས་སྐྱོང་དང་འཕེལ་རྒྱས་ལ་མཚོན་ན། གོ་སྐབས་དང་འགྲན་སློང་ཡང་འདོན་དགོས་ལ་ལོ་རྒྱུས་ལ་བསམ་གཞིགས་ཀྱང་བྱེད་དགོས། དེ་ལྟར་ཆོས་ཉིད་ལ་བརྩི་སྲུང་དང་ཚན་རིག་དང་མཐུན་པའི་ཇུས་འགོད། ཐབས་ཇུས་གཏན་འཁེལ་བཅས་བྱས་ཏེ་མཐར་རྒྱལ་ཁབ་གཅིག་གྱུར་གྱི་དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་མངོན་འགྱུར་ཡོང་ཆེད་དེའི་འགན་འཁྲི་དང་ལས་འགན་སྔར་བས་ལེགས་པར་བསྒྲུབ་དགོས།

2 འགན་ནུས་གཙོ་བོ།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་འགན་སྲུང་ལས་དོན་སྐོར་ལ་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ནང་ཏང་གི་སྨན་བཅོས་འགན་སྲུང་ལས་དོན་ལ་གཅིག་སྡུད་སྒོས་ཤུགས་སྣོན་རྒྱག་དགོས་པ་ནི་གཤམ་གསལ་ལྟར།

(གཅིག) སྨན་བཅོས་འགན་བཅོལ་དང་། བུ་བཙའི་འགན་བཅོལ། སྨན་བཅོས་རོགས་སྐྱོར་སོགས་སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འཆར་ཟིན་དང་། སྲིད་ཇུས། འཆར་འགོད། ཚད་གཞི་བཅས་བཟོ་འགོད་བཅས་བྱས་ཏེ་སྒྲིག་སྲོལ་ལག་བསྟར་བྱེད་དགོས།

(གཉིས) སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱེད་པའི་སྒྲིག་འཛུགས་གཞིར་བཟུང་ནས་སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་སྔོན་འགོག་དང་འཐུས་ཚང་དུ་བཏང་སྟེ། སྨན་བཅོས་འགན་སྲུང་ཐེབས་རྩའི་གཏོང་སྤྲོད་བྱེད་སྟངས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས།

(གསུམ) སྨན་བཅོས་འགན་སྲུང་གི་མ་དངུལ་གསོག་འཇོག་དང་ཐོབ་ཐང་སྲིད་ཇུས་གཏན་འབེབས་བྱེད་རྒྱུར་སྒྲིག་འཛུགས་བྱེད་པ་དང་། ལེགས་སྒྲིག་དང་ས་ཁོངས་སྙོམས་སྒྲིག་གི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ཚད་གཞི་གཅིག་གྱུར་འཆར་འགོད་དགོས་པ་མ་ཟད། མ་དངུལ་གསོག་འཇོག་གི་ཆུ་ཚད་དང་འཚམ་པའི་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་བཙུགས་ཏེ། ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་ལ་སྒྱུར་བཅོས་ཀྱི་ཇུས་གཞི་བཟོ་བ་དང་ལག་བསྟར་བྱེད་དགོས།

(བཞི) གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་སྨན་རྫས་དང་། སྨན་བཅོས་ལ་མཁོ་བའི་རྒྱུ་ཆ། སྨན་བཅོས་ཞབས་ཞུའི་རྣམ་གྲངས། སྨན་བཅོས་ཞབས་ཞུའི་སྒྲིག་བཀོད་སོགས་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་དང་གཏོང་སྤྲོད་ཚད་གཞི་གཏན་འབེབས་བྱེད་པའི་སྒྲིག་འཛུགས་བྱེད་པ་དང་། ལེགས་སྒྲིག་ལམ་སྲོལ་འཛུགས་པ། སྨན་བཅོས་འགན་བཅོལ་གྲོས་མོལ་ལམ་སྲོལ་བཟོ་དགོས།

(ལྔ) སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆའི་རིན་གོང་དང་། སྨན་བཅོས་ཞབས་ཞུའི་རྣམ་གྲངས། སྨན་བཅོས་ཞབས་ཞུའི་སྒྲིག་བཀོད་ཀྱི་གླ་རིན་བསྡུ་བ་སོགས་ཀྱི་སྲིད་ཇུས་གཏན་འབེབས་བྱེད་རྒྱུ་སྒྲིག་འཛུགས་བྱེད་པ་དང་། སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་སྨན་དང་སྨན་བཅོས་ཞབས་ཞུའི་རིན་གོང་ལུགས་མཐུན་གཏན་འཁེལ་དང་། ཁྲོམ་རས་གཙོ་ཁྲིད་བྱེད་པའི་སྤྱི་ཚོགས་ཀྱི་སྨན་དང་སྨན་བཅོས་ཞབས་ཞུའི་རིན་གོང་ཆགས་པའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། རིན་གོང་ཆ་འཕྲིན་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་འཛུགས་པ་བཅས་བྱེད་དགོས།

(དྲུག)སྨན་རྫས་དང་སྨན་བཅོས་ལ་མཁོ་བའི་རྒྱུ་ཆ་འོས་འགུགས་ཀྱིས་ཉོ་སྒྲུབ་བྱ་རྒྱུའི་སྲིད་ཇུས་གཏན་འབེབས་བྱ་རྒྱུ་དང་འབྲེལ་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་རྒྱུ་དང་། སྨན་རྫས་དང་སྨན་བཅོས་ལ་མཁོ་བའི་རྒྱུ་ཆ་འོས་འགུགས་ཀྱིས་ཉོ་སྒྲུབ་བྱེད་པའི་ལས་སྟེགས་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱེད་དགོས།

(བདུན) སྨན་བཅོས་སྒྲིག་གཞིའི་གྲོས་མཐུན་དང་གཏོང་སྤྲོད་དོ་དམ་བྱ་ཐབས་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱས་ཏེ་སྨན་བཅོས་འགན་སྲུང་གི་ཡིད་རྟོན་གདེང་འཇོག་མ་ལག་དང་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ནང་བཅུག་པའི་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་དང་སྨན་རིན་ལ་ལྟ་སྐུལ་དོ་དམ་བྱེད་པ། སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ལ་ལྟ་སྐུལ་དོ་དམ་བྱེད་པ།

(བརྒྱད) སྨན་བཅོས་འགན་སྲུང་གི་གཉེར་སྒྲུབ་དོ་དམ་དང་། སྤྱི་པའི་ཞབས་ཞུའི་མ་ལག་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་འགན་འཁུར་ཏེ། ཡུལ་གཞན་དུ་སྨན་བཅོས་དོ་དམ་དང་འགྲོ་གྲོན་བསྡོམས་རྩིས་རྒྱག་པའི་སྲིད་ཇུས་གཏན་འབེབས་དང་འཐུས་ཚང་དུ་གཏོང་བའི་སྒྲིག་འཛུགས་བྱ་དགོས། སྨན་བཅོས་འགན་སྲུང་འབྲེལ་བ་འཐུས་ཚང་དུ་བཏང་ནས་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ནང་རྒྱལ་སྤྱིའི་མཉམ་ལས་བརྗེ་རེས་སྤེལ་དགོས།

(དགུ) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་པར་བསྒྲུབ་དགོས།

(བཅུ) འགན་ནུས་བསྒྱུར་བ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་ཆེན་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དམངས་ཡོངས་ལ་ཁྱབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱི་རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འགན་སྲུང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྨན་བཅོས་འགན་བཅོལ་གྱི་མ་དངུལ་ལུགས་མཐུན་ངང་སྤྱོད་པ་དང་བདེ་འཇགས་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་པ། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་བཅོས་བཅས“སྨན་གསུམ་མཉམ་འགུལ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་དགོས།

(བཅུ་གཅིག) རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁྲིའི་ལས་བགོས་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་སོགས་སྡེ་ཚན་གྱིས་སྨན་བཅོས་བྱེད་དགོས་པ་མ་ཟད། སྨན་བཅོས་འགན་བཅོལ། སྨན་དང་སྨན་བཅོས་སོགས་ཀྱི་ཐད་ལམ་ལུགས་དང་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་མཐུད་གྲོས་མོལ་ལམ་སྲོལ་འཛུགས་པ། མཐུན་སྦྱོར་ངང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྨན་བཅོས་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་དང་སྨན་བཅོས་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

3 ནང་ཁུལ་སྒྲིག་གཞི།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྒྲིག་གཞི་བཙུགས་པ་གཤམ་གསལ་ལྟར།

(གཅིག) གཞུང་ལས་ཁང་། འགན་འཁུར་ལས་ཁུངས་ཀྱི་རྒྱུན་ལྡན་འཁོར་སྐྱོད་དང་། བདེ་འཇགས་དང་། གསང་སྲུང་། ཡིག་སྐུར་ངོ་གཏུག སྲིད་དོན་ཡོངས་བསྒྲགས། རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་སོགས་ཀྱི་བྱ་བ་བསྒྲུབ་པར་འགན་འཁུར་དགོས།

(གཉིས) འཆར་འགོད་ནོར་དོན་དང་ཁྲིམས་སྲོལ་སི། སྨན་བཅོས་འགན་སྲུང་ལས་དོན་གྱི་འཆར་གཞི་བཟོ་འགོད་སྒྲིག་འཛུགས་བྱས་ཏེ། ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་སྔོན་རྩིས་དང་ངེས་རྩིས། ལས་ཁུངས་ཀྱི་ནོར་དོན། རྒྱུ་ནོར་དོ་དམ། ནང་ཁུལ་གྱི་རྩིས་བཤེར་ལས་དོན་བཅས་སྒྲུབ་པར་འགན་འཁུར་རྒྱུ་དང་། སྨན་བཅོས་འགན་སྲུང་ཆ་འཕྲིན་ཅན་དུ་སྒྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན། སྒྲིག་སྲོལ། ཚད་གཞི་བཅས་འཆར་ཟིན་འགོད་རྒྱུ་སྒྲིག་འཛུགས་བྱེད་པ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱ་བ་བསྒྲུབ་པར་འགན་འཁུར་དགོས།

(གསུམ) ཐོབ་ཐང་འགན་སྲུང་སི་བཅས་ཀྱིས་སྨན་བཅོས་འགན་སྲུང་གི་མ་དངུལ་གྲབས་གསོག་དང་ཐོབ་ཐང་སྲིད་ཇུས་བཟོ་འགོད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ཚད་གཞི་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས་པ་དང་། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད། སྨན་བཅོས་འགན་སྲུང་འབྲེལ་བའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ཀྱི་ཇུས་གཞི་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་དགོས།

(བཞི) སྨན་བཅོས་ཞབས་ཞུ་དོ་དམ་སི་བཅས་ཀྱིས་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་དང་གཏོང་སྤྲོད་ཚད་གཞི་བཟོ་འགོད་དང་། ལེགས་སྒྲིག་ལམ་སྲོལ་འཛུགས་པ། སྨན་བཅོས་འགན་བཅོལ་གྱི་གྲོས་མོལ་ལམ་སྲོལ་གཏན་འབེབས་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་དགོས། གནས་གཏན་འཁེལ་གྱི་སྨན་རྫས་ལས་ཁུངས་ལ་སྨན་བཅོས་འགན་བཅོལ་གྲོས་མཐུན་དང་གཏོང་སྤྲོད་དོ་དམ། ས་ཆ་གཞན་དུ་སྨན་བཅོས་དོ་དམ་བྱེད་ཐབས། བསྡོམས་རྩིས་སྲིད་ཇུས་བཅས་བཟོ་འགོད་དང་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་བསྒྱུར་བཅོས་བྱེད་པར་སྒྲིག་འཛུགས་དང་སྐུལ་འདེད་གཏོང་དགོས།

(ལྔ) སྨན་རྫས་རིན་གོང་ཉོ་སྒྲུབ་སི་བཅས་ཀྱིས་སྨན་རྫས་དང་། སྨན་སྤྱོད་ཟད་གྲོན་རྒྱུ་ཆའི་རིན་གོང་དང་། སྨན་བཅོས་ཞབས་ཞུའི་རྣམ་གྲངས། སྨན་བཅོས་ཞབས་ཞུའི་སྒྲིག་བཀོད་ཀྱི་རིན་དངུལ་བསྡུ་བ་སོགས་ཀྱི་སྲིད་ཇུས་བཟོ་འགོད་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱས་ཏེ་རིན་གོང་ཆ་འཕྲིན་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་འཛུགས་དགོས། སྨན་རྫས་དང་སྨན་བཅོས་ལ་མཁོ་བའི་དངོས་རྫས་ཀྱི་འོས་སྐུལ་ཉོ་སྒྲུབ་དང་། བསྡོམས་རྩིས་དོ་དམ་བཅས་ཀྱི་སྲིད་ཇུས་བཟོ་བ་དང་འབྲེལ་ལག་བསྟར་ལ་ལྟ་སྐུལ་བྱས་ནས་འོས་སྐུལ་ཉོ་སྒྲུབ་ལ་སྐུལ་འདེད་གཏོང་དགོས།

(དྲུག) ཐེབས་རྩ་ལྟ་སྐུལ་དོ་དམ་སི་བཅས་ཀྱིས་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་བྱེད་ཐབས་བཟོ་འགོད་བྱས་ཏེ། སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་སྔོན་འགོག་ཚད་འཛིན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། གཞན་སྨན་བཅོས་འགན་སྲུང་གི་ཡིད་རྟོན་གདེང་འཇོག་མ་ལག་དང་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པའི་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་དང་སྨན་བཅོས་འགྲོ་གྲོན་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་། སྨན་བཅོས་འགན་བཅོལ་གྱི་ལས་སྒོ་ཚད་ལྡན་དུ་གཏོང་བ། སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་ཁྲིམས་འགལ་བྱེད་པར་ལྟ་སྐུལ་དོ་དམ་བྱེད་དགོས།

ལས་ཁུངས་ཏང་ཨུ། (མི་དོན་སི) ལས་ཁུངས་དང་པེ་ཅིང་དུ་ཡོད་པའི་ཐད་གཏོགས་སྡེ་ཚན་གྱི་ཏང་དང་མང་ཚོགས་སྐོར་ལ་བྱ་བ་བསྒྲུབ་པར་འགན་འཁུར་རྒྱུ་དང་། སྒྲིག་ཁུངས་རྫུན་མ། སློབ་གསོ་དང་གསོ་སྦྱོང་། དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་བྱ་བ་བསྒྲུབ་པར་འགན་འཁུར་དགོས།

4 མི་སྣའི་སྒྲིག་ཁོངས།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་ནང་མི་གྲངས80ཡོད་པ་དང་། ཅུའུ་ཀྲང1དང་། ཅུའུ་ཀྲང་གཞོན་པ། སི་ཀྲང་གཞོན་པ21(ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1ཚུད་པ)བཀོད་སྒྲིག་བྱས་ཡོད་པ་རེད།

5 ད་ལྟའི་འགོ་ཁྲིད།

ཅུའུ་ཀྲང་། ཧུའུ་ཅིང་ལིན།

ཅུའུ་ཀྲང་གཞོན་པ། ཧྲི་ཙི་ཧའེ་དང་། ཁྲེན་ཅིན་ཕུའུ། ལི་ཐའོ།

དཔྱད་གཞིའི་ཡིག་ཆ།