ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-03 11:40ལ་འགྲུབ།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང(ChineseAcadmyofSocialSciences,CASSS)ནི་ཀྲུང་གུང་ཀྲུང་དབྱང་གིས་ཐད་ཀར་འགོ་ཁྲིད་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན་ལ། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཆེས་མཐོའི་རིག་གཞུང་ལས་ཁུངས་དང་ཕྱོགས་བསྡུས་ཞིབ་འཇུག་ལྟེ་གནས་ཡིན། དེ་སྔོན་གྱི་ལས་ཁུངས་ནི་སྤྱི་ལོ1955ལོར་བཙུགས་པའི་ཀྲུང་གོའི་ཚན་རིག་ཁང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡིན། སྤྱི་ལོ1977ལོའི་ཟླ5པའི་ཚེས7ཉིན་ཏང་ཀྲུང་དབྱང་གིས་ཆོག་མཆན་ཐོབ་པ་བརྒྱུད་ནས། ཀྲུང་གོའི་ཚན་རིག་ཁང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་རྨང་གཞིའི་སྟེང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དངོས་སུ་བཙུགས། ཏང་ཀྲུང་དབྱང་གིས་ཚན་རིག་ཁང་དེར་བཏོན་པའི་ངེས་གནས་ཆེན་པོ་གསུམ་ནི། མར་ཁེ་སིའི་རིང་ལུགས་ཀྱི་གཡུལ་ས་བརྟན་པོ་དང་། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཆེས་མཐོའི་ཞིབ་འཇུག་ཁང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གལ་ཆེའི་བསམ་བློའི་བང་མཛོད་དང་བློ་འདོན་ཚོགས་པ་བཅས་ཡིན། སྤྱི་ལོ2016ལོའི་ཟླ11པའི་བར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དུ་སློབ་ཁུལ་ཆེན་པོ6དང་། ཞིབ་འཇུག་ཁང40ཙམ་དང་། འགན་ནུས་སྡེ་ཁག10 ཐད་གཏོགས་ལས་ཁུངས8 ཐད་གཏོགས་ཀུང་སི2 དངོས་ཚན་མིན་པའི་ཞིབ་འཇུག་ལྟེ་གནས180ལྷག་ཡོད། རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་ཚོགས་པ105བཅས་གཙོ་གཉེར་བྱས་ཡོད་པར་མ་ཟད། ཀྲུང་གོའི་ས་གནས་ལོ་རྒྱུས་ཀྱི་མཛུབ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚབ་གཉེར་ཡང་བྱས་ཡོད། སློབ་གླིང་ཡོངས་སུ་རིམ་པ་གཉིས་པ་དང་གསུམ་པའི་རིག་ཚན300ཙམ་ཡོད་ལ། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན120ཡོད་པ་རེད། སློབ་གླིང་ཡོངས་ཀྱི་ལས་བྱེད་པའི་མི་གྲངས4200ལྷག་ཙམ་དང་། ཚན་རིག་ཞིབ་འཇུག་ལས་སྒོའི་མི་སྣ3200ལྷག་ཙམ་ཡོད་ལ། དེའི་ཁྲོད་དུ་མཐོ་རིམ་ཆེད་ལས་མི་སྣ1676ཡོད། རིག་གཞུང་ཚན་ཁག་གི་ཨུ་ཡོན61དང་གཟི་བརྗིད་རིག་ཚན་གྱི་ཨུ་ཡོན133ཡོད། ཞིབ་འཇུག་སློབ་མའི་སློབ་གླིང་དུ་སློབ་ཞུགས་སློབ་མ3100ལྷག་ཡོད། ཨ་རིའི་པིན་ཤིས་ཧྥ་ཉི་ཡ་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི《སྤྱི་ལོ2014ལོའི་གོ་ལ་ཧྲིལ་པོའི་རིག་མཛོད་སྙན་ཞུའི》ཁྲོད་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་ཨང20པའི་གྲུབ་འབྲས་བླངས་པ་བརྒྱུད་ནས“གོ་ལ་ཧྲིལ་པོའི་རིག་མཛོད་སྟོབས་ལྡན50”ཡི་ཁྲོད་དུ་ཚུད། སྤྱི་ལོ2015ལོའི་ཟླ་དང་པོར་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས“རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རྩེར་སོན་རིག་མཛོད་ཡིན་པའི་ཀྲུང་གོའི་ལེགས་ཆ་འདོན་སྤེལ་བྱས་ནས། དེ་ཉིད་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་འཛམ་གླིང་གི་གྲགས་ཅན་རིག་མཛོད་ཅིག་ཏུ་འགྱུར་བར་བྱེད་དགོས”ཞེས་བསྟན། སྤྱི་ལོ2017ལོའི་ཟླ12པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་འཇུག་ལྟེ་གནས་ཁང་བཙུགས། སྤྱི་ལོ2019ལོའི་ཟླ9པར་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ནས། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུར་ཐག་བཅད།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།
1_1 ལོ་རྒྱུས་སྐད་ཡིག་ཞིབ་འཇུག་ཁང་གི་དུས་སྐབས།

སྤྱི་ལོ1927ལོའི་ཟླ11པར་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་འཛུགས་གྲབས་བྱས་ཤིང་། སྤྱི་ལོ1928ལོའི་ཟླ5པར་དངོས་སུ་བཙུགས། དེའི་འོག་ཏུ་ཁྲིམས་ལུགས་ཚན་ཆུང་དང་། མི་རིགས་ཚན་ཆུང་། དཔལ་འབྱོར་ཚན་ཆུང་། སྤྱི་ཚོགས་ཚན་ཆུང་བཅས་ཡོད་ལ། ཚན་ཆུང་སྔོན་མ་གཉིས་ནན་ཅིང་དུ་ཡོད་པ་དང་། ཚན་ཆུང་རྗེས་མ་གཉིས་ཧྲང་ཧའེ་རུ་ཡོད།

སྤྱི་ལོ1928ལོའི་ཟླ6པའི་ཚེས9ཉིན། ཧྲང་ཧའེ་རུ་རྒྱལ་བཙུགས་ཀྲུང་དབྱང་ཞིབ་འཇུག་ཁང་བཙུགས་ཤིང(བསྡུས་མིང་ལ་ཀྲུང་དབྱང་ཞིབ་འཇུག་ཁང་ཟེར་ཞིང་། ལ་ཏིང་ཡི་གེའི་བསྒྱུར་མིང་ལ AcamiaSinica)ཟེར། “ཀྲུང་ཧྭ་མིན་གོའི་རྒྱལ་ཁབ་ཀྱི་རིག་གཞུང་ཞིབ་འཇུག་ལས་ཁུངས་མཐོ་ཤོས”ཡིན་པ་དང་། ཀྲུང་གོའི་ལོ་རྒྱུས་ཐོག་གི“ཚན་རིག་ཁང”དང་པོ་དང་། ནན་ཅིང་རྒྱལ་དམངས་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་ཡིན། ཞིབ་འཇུག་ཁང་གི་གླིང་གཙོ་དང་པོ་ཚའེ་ཡོན་ཕེ་ཡིན། ཀྲུང་དབྱང་ཚན་རིག་ཁང་གསར་འཛུགས་བྱས་པའི་ཁོངས་མི་གཙོ་བོ་ནི་ཀྲུང་གོའི་ཚན་རིག་ཧྲེ་ཡི་ཁོངས་མི་ཡིན་པས། ཀྲུང་དབྱང་ཚན་རིག་ཁང་བཙུགས་རྗེས་ཀྲུང་གོའི་ཚན་རིག་ཧྲེ་ཡི་རྒྱལ་སྤྱིའི་ཐོག་ཀྲུང་གོའི་ཚན་རིག་ལས་རིགས་ཀྱི་གཞུང་ཕྱོགས་འཐུས་ཚབ་ཀྱི་གོ་གནས་རྒྱུན་འཛིན་བྱས།

སྤྱི་ལོ1934ལོའི་ཟླ7པར། ཀྲུང་ཧྭ་སློབ་གསོ་རིག་གནས་ཐེབས་རྩའི་ལས་འཛིན་པའི་ལྷན་ཚོགས་ཀྱི་པེ་ཕིང་སྤྱི་ཚོགས་བརྟག་དཔྱད་ཁང་དེ་ཀྲུང་དབྱང་ཞིབ་འཇུག་ཁང་དང་ཟླ་སྒྲིལ་བྱས་ཤིང་། སྤྱི་ལོ1945ལོར་མིང་བསྒྱུར་ནས་སྤྱི་ཚོགས་ཞིབ་འཇུག་ཁང་ཞེས་བཏགས། 

སྤྱི་ལོ1928ལོར་ལོ་རྒྱུས་སྐད་ཡིག་ཞིབ་འཇུག་ཁང་བཙུགས་ཤིང་། ལོ་དེའི་ལོ་འགོར་སློབ་གླིང་ཆེན་མོ་དང་ཀྲུང་དབྱང་ཞིབ་འཇུག་ཁང་གི་གྲ་སྒྲིག་ཨུ་ཡོན་ཕུའུ་སི་ཉན་གྱིས་སློབ་གླིང་ཆེན་མོའི་གླིང་གཙོ་ཚའེ་ཡོན་ཕེ་ལ་ལོ་རྒྱུས་སྐད་ཡིག་ཞིབ་འཇུག་ཁང་འཛུགས་རྒྱུའི་གྲོས་འགོ་བཏོན་ལ། ཟླ3པར་ཀྲུང་དབྱང་ཞིབ་འཇུག་ཁང་གིས་ཀོང་ཀྲོའུ་ཀྲུང་ཧྲན་སློབ་ཆེན་དུ་ལོ་རྒྱུས་སྐད་ཡིག་ཞིབ་འཇུག་ཁང་འཛུགས་པའི་གྲ་སྒྲིག་བྱས་ནས། ཕུའུ་སི་ཉན་དང་། ཀུའུ་དབྱི་ཀང་། དབྱང་ཀྲེན་ཧྲེང་བཅས་མི་གསུམ་རྒྱུན་ལས་གྲ་སྒྲིག་པར་གདན་ཞུ་བྱས་ཤིང་། ཟླ7པར་ལོ་རྒྱུས་སྐད་ཡིག་ཞིབ་འཇུག་ཁང་དངོས་སུ་བཙུགས། ཧྥུ་སི་ཉན་གྱིས་འགོ་འཛིན་གྱི་གོ་གནས་ཚབ་འཛིན་བྱས། ཟླ10པའི་ཚེས22ཉིན་ཀོང་ཀྲོའུ་པའོ་ཡོན་དུ་གནས་སྤོ་བྱས་ཤིང་། ཐོག་མར་སྒེར་ཚུགས་ཀྱི་གནས་ཡུལ་ཡོད་པ་དང་། རྗེས་སུ་ཚོགས་འདུ་འཚོགས་ནས་ཉིན་དེ་སྐད་ཡིག་ལོ་རྒྱུས་ཞིབ་འཇུག་ཁང་གི་དྲན་གསོའི་ཉིན་མོར་གཏན་ཁེལ་བྱས། ཐོག་མར་ཀོང་ཀྲོའུ་རུ་ལོ་རྒྱུས་རྒྱུ་ཆ་དང་། རྒྱའི་སྐད་ཡིག། ཡིག་ཚང་ཕྱོགས་སྒྲིག དམངས་ཁྲོད་རིག་རྩལ། རྒྱ་ཡིག གནའ་རྫས་རྟོགས་དཔྱོད། མིའི་རིགས་རིག་པ། དམངས་དངོས་རིག་པ། ཏུན་ཧོང་རྒྱུ་ཆ་ཞིབ་འཇུག་སོགས་ཚན་ཁག་བརྒྱད་བཙུགས།

སྤྱི་ལོ1929ལོར་ཞིབ་འཇུག་ཁང་གི་གནས་ཡུལ་དེ་པེ་ཕིང་དུ་སྤོས་པ་དང་། སྔར་གྱི་ཚན་ཁག་བརྒྱད་དེ་རིག་གཞུང་ཚན་ཁག་གསུམ་དུ་ཟླ་སྒྲིལ་བཏང་ཞིང་། ཚན་ཁག་དང་པོ་ནི་ལོ་རྒྱུས་རིག་པའི་ཚན་ཁག་ཡིན་ལ། ཚན་ཁག་དེའི་ལས་ཀ་གཙོ་བོ་ནི་ལོ་རྒྱུས་རིག་པ་དང་ཡིག་ཚང་ཕྱོགས་སྒྲིག་གི་སྐོར་ཡིན། ཚན་ཁག་གཉིས་པ་ནི་སྐད་བརྡ་རིག་པའི་ཚན་ཁག་ཡིན་ལ། ཚན་ཁག་འདིའི་ལས་ཀ་གཙོ་བོ་ནི་སྐད་བརྡ་རིག་པ་དང་དམངས་ཁྲོད་སྒྱུ་རྩལ་གྱི་ཕྱོགས་ཡིན། ཚན་ཁག་གསུམ་པ་ནི་གནའ་རྫས་རྟོག་ཞིབ་ཚན་ཁག་ཡིན་ལ། ཚན་ཁག་འདིའི་ལས་ཀ་གཙོ་བོ་ནི་གནའ་རྫས་རྟོག་ཞིབ་རིག་པ་དང་། མིའི་རིགས་རིག་པ། དམངས་དངོས་རིག་པ་སོགས་ཀྱི་སྐོར་ཡིན། ཚན་ཁག་དེ་དག་སོ་སོར་ཁྲེན་དབྱིན་ཅི་དང་། ཀྲའོ་ཡོན་རེན། ལི་ཅི་གསུམ་གྱིས་ཚན་ཁག་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཀྲུའུ་རེན་དུ་གདན་འདྲེན་ཞུས། དགུ་གཅིག་བརྒྱད་ཀྱི་དུས་འགྱུར་གྱི(སྤྱི་ལོ1931ལོ)རྗེས་སུ་པེ་ཕིང་ནས་ཧྲང་ཧའེ་རུ་སྤོས།

སྤྱི་ལོ1934ལོར། ཀྲུང་དབྱང་ཞིབ་འཇུག་ཁང་གི་ནན་ཅིང་གི་འཛུགས་སྐྲུན་གཅིག་རྗེས་གཉིས་མཐུད་ཀྱིས་ལེགས་འགྲུབ་བྱུང་པས། ལོ་རྒྱུས་སྐད་ཡིག་ཁང་ཡང་ཧྲང་ཧའེ་ནས་ནན་ཅིང་དུ་སྤར།

ལོ་དེའི་ཟླ5པར་མིའི་རིགས་རིག་པའི་ཚན་ཆུང་གསར་དུ་བཙུགས། ཀྲུང་གོ་དང་འཇར་པན་གྱི་དམག་འཁྲུག་གི་སྐབས་སུ། ལོ་རྒྱུས་སྐད་ཡིག་ཞིབ་འཇུག་ཁང་ཐོག་མར་ཧུའུ་ནན་གྱི་ཁྲང་ཧྲ་རུ་གནས་སྤར་ཞིང་། དེ་ནས་མུ་མཐུད་དུ་ཡུན་ནན་གྱི་ཁུན་མིང་དུ་གནས་སྤར། མཇུག་མཐར་སི་ཁྲོན་ནན་ཞི་རྫོང་གི་ལི་གྲོང་ཚོའི་པན་ལི་ཨའོ་རུ་གཞིས་ཆགས།

སྤྱི་ལོ1946ལོར། ཕྱིར་ནན་ཅིང་དུ་སྤར་ཞིང་། མུ་མཐུད་དུ་ཕྱོགས་སོ་སོའི་ཞིབ་འཇུག་གི་བྱ་བ་གཉེར་ཞིང་། ད་དུང་པེ་ཕིང་རིག་གནས་ཞིབ་འཇུག་ཁང་དང་ཉེ་རབས་ཚན་རིག་དཔེ་མཛོད་ཁང་གི་དཔེ་དེབ་རྩིས་ལེན་བྱས་ཏེ“པེ་ཕིང་གི་དཔེ་དེབ་ལེགས་སྒྲིག་ཁྲུའུ”བཙུགས།

སྤྱི་ལོ1948ལོའི་ཟླ3པར། ལོ་མཇུག་གི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་ཞིབ་འཇུག་ཁང་གིས་སྐབས་དང་པོའི་ཡོན་ཧྲི81འདེམས་བསྐོ་གཏན་ཁེལ་བྱས་ཤིང་། དེའི་ཁྲོད་དུ་སྤྱི་ཚོགས་ཀྱི་རིག་གནས་ཚན་ཆུང་གི་ཡོན་ཧྲི28ཡོད་ལ། དེས་ཡོན་ཧྲི་བསྡོམས་འབོར་གྱི་སུམ་ཆའི་གཅིག་བཟུང་ཡོད།

1_2 མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་དུས་སྐབས།

སྤྱི་ལོ1949ལོའི་ཟླ9པའི་ཚེས27ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ཞིང་། སྲིད་དོན་ཁང་གི་འོག་ཏུ་ཚན་རིག་ཁང་བཙུགས་ནས་རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་བྱ་གཞག་ལ་དོ་དམ་བྱེད་པའི་སྲིད་གཞུང་གི་སྲིད་འཛིན་འགན་ནུས་ལག་བསྟར་དང་། ཚན་རིག་ཁང་དང་རིག་གནས་པུའུ། སློབ་གསོ་པུའུ། འཕྲོད་བསྟེན་པུའུ། དཔེ་སྐྲུན་སྤྱི་ཁྱབ་ཁང་སོགས་ཀྱིས་རིག་གནས་སློབ་གསོ་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་དང་ལེན་བྱེད་དགོས་པར་བསྟན། ཟླ10བའི་ཚེས19ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྩོམ་རིག་པ་དང་གནའ་རྫས་རྟོག་ཞིབ་པ། ལོ་རྒྱུས་རིག་པ་པ། དེ་སྔའི་ཀྲུང་དབྱང་ཞིབ་འཇུག་ཁང་གི་ཡོན་ཧྲི་ཀུའོ་མོ་རུའོ་ཀྲུང་གོ་ཚན་རིག་ཁང་གི་གླིང་གཙོར་བསྐོས། ཟླ11པའི་ཚེས1ཉིན། ཀྲུང་གོ་ཚན་རིག་ཁང་གིས་པེ་ཅིང་ནས་གཞུང་སྒྲུབ་བྱེད་འགོ་བརྩམས། ཀྲུང་གོ་ཚན་རིག་ཁང་བཙུགས་པའི་དུས་མགོར། ཀྲུང་གོའི་ཚན་རིག་ཁང་ནི་རང་བྱུང་ཚན་རིག་དང་མི་ཆོས་སྤྱི་ཚོགས་ཚན་རིག་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་ལས་ཁུངས་ཤིག་ཡིན།

སྤྱི་ལོ1949ལོའི་ཟླ11པའི་ཚེས5ཉིན། ཀྲུང་གོ་ཚན་རིག་ཁང་གིས་ཧྭ་པེ་མི་དམངས་སྲིད་གཞུང་མཐོ་རིམ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་པེ་ཕིང་ཞིབ་འཇུག་ཁང་གི་ལོ་རྒྱུས་རིག་པའི་ཞིབ་འཇུག་ཁང་དང་། དེ་སྔའི་ཀྲུང་དབྱང་ཞིབ་འཇུག་ཁང་གི་ལོ་རྒྱུས་སྐད་བརྡའི་ཞིབ་འཇུག་ཁང་གིས་པེ་ཅིང་དུ་བཙུགས་པའི་དཔེ་དེབ་ལེགས་སྒྲིག་ཁྲུའུ་རྩིས་ལེན་བདག་སྤྲོད་བྱས་པར་མ་ཟད། དེ་སྔའི་ཀྲུང་དབྱང་ཞིབ་འཇུག་ཁང་གི་ལོ་རྒྱུས་སྐད་བརྡ་ཞིབ་འཇུག་ཁང་གི་ལོ་རྒྱུས་ཚན་ཆུང་དང་གནའ་རྫས་རྟོག་ཞིབ་ཚན་ཆུང་། དེ་བཞིན་དུ་པེ་ཕིང་ཞིབ་འཇུག་ཁང་གི་ལོ་རྒྱུས་རིག་པའི་ཞིབ་འཇུག་ཁང་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་བཙུགས་ཤིང་། དེ་སྔའི་ཀྲུང་དབྱང་ཞིབ་འཇུག་ཁང་གི་ལོ་རྒྱུས་སྐད་བརྡ་ཞིབ་འཇུག་ཁང་གི་སྐད་ཡིག་ཚན་ཆུང་གི་རྨང་གཞིའི་སྟེང་ཀྲུང་གོའི་ཚན་རིག་ཁང་གི་སྐད་ཡིག་ཞིབ་འཇུག་ཁང་བཙུགས།

སྤྱི་ལོ1950ལོའི་ཟླ4པའི་ཚེས6ཉིན། ཀྲུང་གོ་ཚན་རིག་ཁང་གིས་ནན་ཅིན་དུ་ཡོད་པའི་དེ་སྔའི་ཀྲུང་དབྱང་ཞིབ་འཇུག་ཁང་གི་སྤྱི་ཚོགས་ཞིབ་འཇུག་ཁང་རྩིས་ལེན་བྱས་པ་དང་། དེའི་རྨང་གཞིའི་སྟེང་ཀྲུང་གོའི་ཚན་རིག་ཁང་གི་སྤྱི་ཚོགས་ཚན་རིག་ཁང་ཐོག་མར་ནན་ཅིང་དུ་བཙུགས། ཟླ5པར། བཅིངས་འགྲོལ་ས་ཁུལ་ནས་པེ་ཕིང་ལ་སྤོས་པའི་ཧྭ་པེ་སློབ་ཆེན་ཞིབ་འཇུག་པུའུ་ཡི་ལོ་རྒྱུས་ཞིབ་འཇུག་ཁང་ཀྲུང་གོ་ཚན་རིག་ཁང་དུ་བསྡུས་ཤིང་། དེའི་རྨང་གཞིའི་སྟེང་རྒྱ་བསྐྱེད་ནས་ཀྲུང་གོའི་ཚན་རིག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་བཙུགས། གོང་སྨོས་ཀྱི་གནའ་རྫས་རྟོག་ཞིབ་ཁང་དང་། སྐད་བརྡ་ཞིབ་འཇུག་ཁང་། སྤྱི་ཚོགས་ཞིབ་འཇུག་ཁང་། ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་བཅས་ནི་ཀྲུང་གོའི་ཚན་རིག་ཁང་གིས་ཆེས་ཐོག་མར་བཙུགས་པའི་མི་ཆོས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ལས་ཁུངས་ཡིན།

སྤྱི་ལོ1954ལོའི་ཟླ1པའི་ཚེས28ཉིན། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་སྲིད་དོན་ཁང་གི་སྐབས204པའི་ཚོགས་འདུའི་འགོ་འཛིན་བྱས་ནས། ཀྲུང་གོའི་ཚན་རིག་ཁང་གི་རིག་གཞུང་པུའུ་འཛུགས་པ་དང་རིག་གཞུང་ཚན་ཁག་གི་ཨུ་ཡོན་ལམ་ལུགས་ལག་བསྟར་བྱ་རྒྱུར་གཏན་འབེབས་གནང་། ཀྲུང་གོ་ཚན་རིག་ཁང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་དང་། སློབ་གསོ། ཐོན་ལས་ལས་རིགས་བཅས་ཀྱི་མཁས་པ་དང་། ཆེད་མཁས་པ་སྒྲིག་འཛུགས་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་ནས་འོས་སྦྱོར་དང་གདམས་ཐོན་བྱུང་པའི་ཆེས་ཐོག་མའི་ཨུ་ཡོན་གྱི་འོས་མི་བདམས།

སྤྱི་ལོ1956ལོར། རྒྱལ་ཁབ་ཀྱིས་ལོ12རིང་གི་ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་རྒྱང་རིང་གི་འཆར་འགོད་གཏན་འབེབས་བྱས་པ་དང་དུས་མཉམ་དུ། 《མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་འཆར་འགོད་འཆར་ཟིན(སྤྱི་ལོ1956-སྤྱི་ལོ1967)》གཏན་འབེབས་བྱས་ཏེ། ཞིབ་འཇུག་ཁང་ལ་གཏོགས་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མགྱོགས་མྱུར་ངང་ཞིབ་འཇུག་ཁང་གསར་བ་འགའ་བཙུགས། “རིག་གནས་གསར་བརྗེ་ཆེན་མོའི”སྔོན་བར་དུ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ལ་ཞིབ་འཇུག་ཁང14ཡོད་ལ། དེ་དག་རེ་རེ་ནས་མཚན་ཉིད་རིག་པ་ཞིབ་འཇུག་ཁང་དང་། དཔལ་འབྱོར་རིག་པ་ཞིབ་འཇུག་ཁང་། འཛམ་གླིང་གི་དཔལ་འབྱོར་རིག་པ་ཞིབ་འཇུག་ཁང་། རྩོམ་རིག་ཞིབ་འཇུག་ཁང་། ཕྱི་རྒྱལ་གྱི་རྩོམ་རིག་ཞིབ་འཇུག་ཁང་། སྐད་བརྡ་ཞིབ་འཇུག་ཁང་། ལོ་རྒྱུས་ཞིབ་འཇུག་ཁང་། ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་། གནའ་རྫས་རྟོག་དཔྱོད་ཞིབ་འཇུག་ཁང་། མི་རིགས་རིག་པ་ཞིབ་འཇུག་ཁང་། ཁྲིམས་ལུགས་རིག་པ་ཞིབ་འཇུག་ཁང་། འཛམ་གླིང་གི་ཆོས་ལུགས་ཞིབ་འཇུག་ཁང་། གསང་འཕྲིན་ཞིབ་འཇུག་ཁང་བཅས་ཡིན། སྤྱི་ལོ1957ལོའི་ཟླ6པར། གཡས་ལྷུང་ངོ་རྒོལ་འཐབ་རྩོད་ཀྱི་མགོ་བརྩམས་པ་དང་། ལོ་དེའི་ཟླ7པར་ཞིབ་འཇུག་ཁང་གི་ཏང་ཙུའུ་ཡིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ཆེད་དུ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་རུ་ཏང་ཙུའུ་ཁག་གཅིག་བཙུགས། རིག་གཞུང་བསམ་བློའི་ཐད་ཀྱི་གནད་དོན་ལ་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཐད་ཀར་འགོ་ཁྲིད་བྱེད་དགོས་པར་བསྟན་ལ། ཟླ8པར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ནས་ཆོག་མཆན་ཐོབ་ཏེ་ཡིད་འཐད་བྱུང་། ཆབ་སྲིད་ཀྱི་ལས་འགུལ་རྒྱུན་ཆད་མེད་པར་རིམ་བཞིན་འཕར་བ་དང་བསྟུན་ནས། ཞིབ་འཇུག་ཁང་ཡོངས་ཀྱི་ཚན་རྩལ་སྟོབས་ཤུགས“འགལ་གཉིས་སྐར་གཅིག”སོགས་གལ་ཆེའི་ཚན་རྩལ་འགག་སྒྲོལ་གྱི་སྟེང་བཀོལ་པས། མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པ་ཚན་རིག་པུའུ་རིམ་བཞིན་ཀྲུང་གོ་ཚན་རིག་ཁང་ནས་ལོགས་སུ་ཕྱེས།

སྤྱི་ལོ1960ལོར། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་དེ་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཐད་ཀར་འགོ་ཁྲིད་བྱེད་པའི་ལས་ཁུངས་ཀྱི་ཁོངས་སུ་བསྡུས།

སྤྱི་ལོ1961ལོ་ནས་བཟུང་། ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱི་ཁྲོད་དུ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་ཁོངས་གཏོགས་ཀྱི་ཞིབ་འཇུག་ཁང་མི་གཏོགས་པར་བྱས། འོན་ཀྱང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་དང་དེའི་ཁོངས་གཏོགས་ཀྱི་ལས་ཁུངས་དང་ཀྲུང་གོའི་ཚན་རིག་ཁང་གི་བར་སྔར་བཞིན་འབྲེལ་བ་སྣ་ཚོགས་ཡོད།

སྤྱི་ལོ1966ལོར། རྒྱལ་ཡོངས་ནས“རིག་གནས་གསར་བརྗེ་ཆེན་མོའི”མགོ་བརྩམས་རྗེས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་བྱ་བ་རེ་ཞིག་མཚམས་འཇོག་མི་བྱེད་ཀ་མེད་བྱུང་།

སྤྱི་ལོ1967ལོའི་ཟླ1པོར། རང་བྱུང་ཚན་རིག་གི་སྡེ་ཁག་སོ་སོས་བྱ་བ་གཉེར་མཚམས་མི་འཇོག་ཐབས་མེད་བྱུང་ལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ལའང་གཏོར་བཤིག་ཚབས་ཆེན་ཕོག་ཅིང་། དེ་ཉིད“རིག་གནས་གསར་བརྗེ་ཆེན་མོའི་”གནོད་ཕོག་ཁུལ་ཚབས་ཆེན་དུ་གྱུར། ནང་ཁུལ་གྱི་ཤོག་ཁག་རང་བཞིན་ཚབས་ཆེ་བ་དང་། མ་ཉེས་ཁ་གཡོགས་ཀྱི་གྱོད་གཞི་མང་པོ་བྱུང་པ། གནོད་འཚེ་ཕོག་ནས་ཤི་བའི་དོན་རྐྱེན་མང་པོ་བྱུང་པ་དང་།ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཐོར་ཞིག་ཏུ་སོང་པ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་དུས་ཡུན་རིང་པོར་སྲིད་གཞུང་མེད་པའི་གནས་སུ་གྱར།

སྤྱི་ལོ1969ལོའི་རྗེས་ནས། མི་མང་ཆེ་བ་གྲོང་གསེབ་ཏུ་ངལ་རྩོལ་བྱེད་པར་བཏང་།

སྤྱི་ལོ1972ལོར། ཙུང་ལི་ཀྲོའུ་ཨེན་ལའེ་ཡི་འདྲི་ཞིབ་འོག་སྤྱི་ཚོགས་ཚན་རིག་པུའུ་ཕྱིར་པེ་ཅིང་དུ་ལོག་ནས་རིམ་བཞིན་བྱ་བ་སླར་གསོ་བྱས་པ་དང་། རིག་གཞུང་པུའུ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་རྩལ་སློབ་གསོ་ཁང་ནས་གནས་སྐབས་སུ་དོ་དམ་བྱས།

སྤྱི་ལོ1975ལོར། སྐབས་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བསྡུས་ནས་སློབ་གསོ་པུའུ་སླར་གསོ་བྱས་པ་དང་། རིག་གཞུང་པུའུ་ལ་གནས་སྐབས་སུ་སློབ་གསོ་པུའུ་ཡིས་དོ་དམ་བྱས།

སྤྱི་ལོ1975ལོའི་ལོ་འགོར། ཏེང་ཞའོ་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་གཙོ་འགན་བཞེས་ཤིང་། ཁོང་གིས་ཕྱོགས་ཡོངས་ནས་ཚན་རིག་བྱ་གཞག་ལ་དག་ཐེར་བྱས་པ་མ་ཟད། གཏོར་བཤིག་ཚབས་ཆེན་ཐེབས་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁང་སླར་གསོ་བྱེད་མགོ་བརྩམས། ཏེང་ཞའོ་ཕིང་གིས་གསར་དུ་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆབ་སྲིད་ཞིབ་འཇུག་ཁང་གིས་སྤྱི་ཚོགས་ཚན་རིག་པུའུ་ཡི་བྱ་བར་གནས་སྐབས་སུ་དོ་དམ་བྱེད་རྒྱུར་ཐག་བཅད། སྤྱི་ཚོགས་ཚན་རིག་པུའུ་ཡི་ཆབ་སྲིད་ཀྱི་ལས་དོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆབ་སྲིད་བྱ་བའི་ཚན་ཁག་ནས་འགན་ལེན་རྒྱུ་དང་། སྤྱི་ཚོགས་ཚན་རིག་པུའུ་ཡི་སྲིད་འཛིན་གྱི་ལས་དོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཁང་ནས་འགན་ལེན་རྒྱུ་བྱས། ཟླ7པའི་ཚེས16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚོགས་ཚན་རིག་པུའུ་ཡི་འགོ་ཁྲིད་ལས་ཁུངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀུའོ་མོ་རུའོ་སྔར་བཞིན་སྤྱི་ཚོགས་ཚན་རིག་པུའུ་ཡི་ཀྲུའུ་རིན་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་གནས་སྐབས་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་སྤྱི་ཚོགས་ཚན་རིག་པུའུ་ཡི་ཉིན་རྒྱུན་གྱི་བྱ་བའི་འགན་ཁུར་ཡོད། ཟླ7པའི་ཟླ་སྨད་ནས་བཟུང་སྤྱི་ཚོགས་ཚན་རིག་པུའུ་རུ་མངགས་པའི་དམག་དཔུང་དྲིལ་བསྒྲགས་རུ་ཁག་དང་བཟོ་ལས་དྲིལ་བསྒྲགས་རུ་ཁག་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་འཐེན་བྱས་པ་དང་། སྤྱི་ཚོགས་ཚན་རིག་པུའུ་ཡིས་གྲོང་གསེབ་ལ་མངགས་པའི་ཞིབ་འཇུག་མི་སྣ་རྣམས་ཕྱིར་བསྡུས་ཤིང་། ཞིབ་འཇུག་ཁང་གི་ཚན་རིག་ཞིབ་འཇུག་གི་ལས་སྒོ་རིམ་བཞིན་སླར་གསོ་བྱུང་།

སྤྱི་ལོ1975ལོའི་ཟླ9བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་དོན་ཚན་འགའི་བརྡ་ཐོ》(རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤེལ། སྤྱི་ལོ1975ལོའི་གཞུང་ཡིག་ཨང་རྟགས142པ)ཞེས་པ་ཁྱབ་བསྒྲགས་བྱས་ཤིང་། བརྡ་ཐོའི་ནང་དུ་ཀྲུང་གོའི་ཚན་རིག་ཁང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡིས“ཐད་ཀར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་དང་ལེན་བྱེད་དགོས་པ་དང་། དེའི་གོ་གནས་ཚན་རིག་ཁང་དང་འདྲ་མཉམ་ཡིན་ལ། པུའུ་ཨུ་ཡི་རིམ་པ་དང་པོའི་ལས་ཁུངས་དང་འདྲ་མཉམ་ཡིན”ཞེས་གཏན་འབེབས་བྱས་ཡོད། 《བརྡ་ཐོ》དེའི་ནང་དུ་སྒེར་ཚུགས་ཀྱི་སྤྱི་ཚོགས་ཚན་རིག་ཁང་འཛུགས་རྒྱུའི་འཆར་གཞི་དངོས་སུ་བཏོན་པ་རེད། དེར་བརྟེན་སྤྱི་ཚོགས་ཚན་རིག་པུའུ་ཡི་སྲིད་འཛིན་རིམ་པ་ཇེ་མཐོར་ཕྱིན་ནའང་། ལས་ཁུངས་ཀྱི་མིང་བསྒྱུར་མེད་པ་དང་འབྲེལ་ཡོད་ཞིབ་འཇུག་ཁང་སོ་སོའང་མིང་ཐོག་ནས་སྔར་བཞིན་ཀྲུང་གོ་ཚན་རིག་ཁང་དུ་སོར་འཇོག་བྱས། ཟླ10པའི་ཚེས4ཉིན། ཏེང་ཞའོ་ཕིང་གིས་ཧུའུ་ཡོ་པང“ཏང་གི་དཀྱིལ་སྙིང་འགོ་ཁྲིད་ཚན་ཆུང”གི་ཙུའུ་ཀྲང་གཞོན་པར་བསྐོས་རྗེས། ཁོང་གིས་སྣེ་ཁྲིད་དེ་ཀྲུང་གོ་ཚན་རིག་ཁང་དག་ཐེར་གྱི་འཆར་འགོད་བཟོ་ཞོར་དུ། སྒེར་ཚུགས་ཀྱི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་འཛུགས་རྒྱུའི་འཆར་འགོད་བཟོ་མགོ་བརྩམས། ཟླ10བའི་ཚེས25ཉིན། ཏེང་ཞའོ་ཕིང་ལ་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་སྟེང་སྐྱོན་བརྗོད་བྱས་ཤིང་། “གཡས་ལྷུང་ལ་རྡུང་རྡེག་དང་གྱོད་གཞི་བསྐྱར་ཞིབ”ཅེས་པའི་ལས་འགུལ་ཁྲོད་དུ། སྲིད་ཇུས་ཞིབ་འཇུག་ཁང་ལའང་ཉེན་ཁ་ཆེན་པོ་བྱུང་།

སྤྱི་ལོ1976ལོའི་ཟླ1པའི་ཚེས17ཉིན། ཏེང་ཞའོ་ཕིང་ལ་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་སྟེང་སྐྱོན་བརྗོད་བྱས་ནས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་བྱ་བར་འགོ་ཁྲིད་བྱས་མི་ཆོག་པར་ཁྱབ་བསྒྲགས་བྱས་ཤིང་། སྤྱི་ཚོགས་ཚན་རིག་པུའུ་འཛུགས་སྐྲུན་གྱི་འཆར་གཞི་དེའང་མཚམས་མི་འཇོག་ཀ་མེད་བྱུང་།

སྤྱི་ལོ1976ལོའི་སྟོན་ཁར། “མི་བཞི་ཤོག་ཁག”རྡུལ་དུ་བརླགས་རྗེས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་གནས་བྱ་གཞག་རིམ་གྱིས་སླར་གསོ་བྱུང་།

སྤྱི་ལོ1976ལོའི་ཟླ4པའི་ཚེས5ཉིན་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡིས་ཀྲུང་དབྱང་ལ《མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་མིང་བསྒྱུར་པའི་སྐོར་གྱི་སྙན་ཞུ》ཕུལ་བ་དང་། ཟླ5པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གིས་སྙན་ཞུ་དེར་ཆོག་མཆན་བཀོད་དེ། ཀྲུང་གོ་ཚན་རིག་ཁང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ“ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང”ཞེས་པར་བསྒྱུར། དེའི་གོ་གནས་ཀྲུང་གོ་ཚན་རིག་ཁང་དང་གཅིག་མཚུངས་ཡིན་ལ། པུའུ་ཨུ་རིམ་པ་དང་པོ་དང་འདྲ་མཚུངས་ཡིན། སྤྱི་ཚོགས་ཚན་རིག་པུའུ་ཡི་དུས་སྐབས་ཀྱི་ཞིབ་འཇུག་ཁང14ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་འོག་ཏུ་བསྡུས་ཤིང་། སྐབས་དེར་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་དངོས་སུ་ཀྲུང་གོ་ཚན་རིག་ཁང་གི་ཁོངས་ནས་བུད་དེ་སྒེར་དུ་བཙུགས། ཟླ11པའི་ཚེས24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་པའི“ཀྲུང་གོའི་ཚན་རིག་ཁང”གི་ཐམ་ཀ་དངོས་སུ་བཀོལ་སྤྱོད་བྱས། དེའི་རྗེས་སུ་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་འཆད་པ་པོ་དང་། སྲིད་དོན་དཔྱད་བརྗོད་པ། སྤྱི་ཚོགས་ཚན་རིག་པ། ཀྲུང་གོའི་ཚན་རིག་ཁང་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ། རིག་གཞུང་པུའུ་ཡི་ཨུ་ཡོན་ཧུའུ་ཆའོ་མུའུ་ཡིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་དང་པོ་དང་ཏང་ཙུའུ་ཧྲུའུ་ཅི་ཡི་འགན་གཅིག་ལྕོགས་སུ་བཞེས།        

1_3 ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་དུས་སྐབས།

སྤྱི་ལོ1977ལོ་ནས1981ལོའི་བར་དུ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་སྔ་རྗེས་སུ་བཟོ་ལས་དཔལ་འབྱོར་ཞིབ་འཇུག་ཁང་དང་། ཞིང་ལས་འཕེལ་རྒྱས་ཞིབ་འཇུག་ཁང་། ནོར་སྲིད་ཚོང་དོན་དཔལ་འབྱོར་ཞིབ་འཇུག་ཁང་། (ད་ལྟའི་ནོར་སྲིད་ཚོང་དོན་འཐབ་ཇུས་ཞིབ་འཇུག་ཁང) གསར་འགྱུར་ཞིབ་འཇུག་ཁང་། (ད་ལྟའི་གསར་འགྱུར་དང་བརྒྱུད་སྒྲོག་ཞིབ་འཇུག་ཁང)མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་བསམ་བློ་ཞིབ་འཇུག་ཁང་། (ད་ལྟའི་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཁང)སྤྱི་ཚོགས་རིག་པ་ཞིབ་འཇུག་ཁང་། མི་གྲངས་ཞིབ་འཇུག་ཁང་། (ད་ལྟའི་མི་གྲངས་དང་ངལ་རྩོལ་དཔལ་འབྱོར་ཞིབ་འཇུག་ཁང)གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཞིབ་འཇུག་ཁང་། (ད་ལྟའི་མི་རིགས་རྩོམ་རིག་ཞིབ་འཇུག་ཁང) འཛམ་གླིང་ཆབ་སྲིད་ཞིབ་འཇུག་ཁང་། (རྗེས་སུ་འཛམ་གླིང་དཔལ་འབྱོར་ཞིབ་འཇུག་ཁང་དང་ཟླ་སྒྲིལ་བཏང་ནས་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་ཁང་བཙུགས) ཨ་རི་ཞིབ་འཇུག་ཁང་། འཇར་པན་ཞིབ་འཇུག་ཁང་། ཡོ་རོབ་ནུབ་མ་ཞིབ་འཇུག་ཁང་། (ད་ལྟའི་ཡོ་རོབ་གླིང་ཞིབ་འཇུག་ཁང)དེ་བཞིན་དུ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་དུས་དེབ་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་སློབ་མའི་སློབ་གླིང་། ཀུའོ་མོ་རུའོ་ཡི་གསུང་རྩོམ་རྩོམ་སྒྲིག་དཔེ་སྐྲུན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་སོགས་ཞིབ་འཇུག་ཁང་དང་དཔེ་སྐྲུན་སྡེ་ཁག16བཙུགས། གཞན་ཡང་། སུའུ་ལེན་ཡོ་རོབ་ཤར་མའི་ཞིབ་འཇུག་ཁང(ད་ལྟའི་ཨུ་རུ་སུའི་ཡོ་རོབ་ཤར་མའི་ཨེ་ཤ་ཡ་དབུས་མའི་ཞིབ་འཇུག་ཁང)དང་། ཨེ་ཤེ་ཡ་ནུབ་མའི་ཨ་ཧྥེ་རི་ཁ་ཞིབ་འཇུག་ཁང་། ལ་ཏིང་མེ་གླིང་ཞིབ་འཇུག་ཁང་བཅས་ཀྱང་དུས་སྐབས་འདིར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཁོངས་སུ་བསྡུས་པ་ཡིན།

སྤྱི་ལོ2004ལོའི་ཟླ1པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གིས《མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྔར་བས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

སྤྱི་ལོ2005ལོའི་ཟླ12པའི་ཚེས26ཉིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་ཞིབ་འཇུག་ཁང་གི་རྨང་གཞིའི་སྟེང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཁང་བཙུགས།

སྤྱི་ལོ2006ལོའི་ཟླ8པའི་ཚེས3ཉིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་པུའུ་དབུ་ཚུགས། གླིང་གི་ལས་དོན་ཚོགས་འདུའི་འགོ་ཁྲིད་འོག་གི་རིག་གཞུང་མཛུབ་ཁྲིད་དང་། རིག་གཞུང་བློ་འདྲི། ཚན་རིག་ཞིབ་འཇུག་མཐུན་སྦྱོར་བཅས་ཀྱི་ལས་ཁུངས་ཤིག་ཡིན་པའི་ཆ་ནས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་པུའུ་ཡིས་རྩོམ་རིག་ལོ་རྒྱུས་མཚན་ཉིད་རིག་པའི་རིག་གཞུང་པུའུ(ཕྱིས་སུ་རྩོམ་རིག་མཚན་ཉིད་རིག་པའི་རིག་གཞུང་པུའུ་དང་ལོ་རྒྱུས་རིག་པའི་རིག་གཞུང་པུའུ་གཉིས་སུ་ཕྱེས)དང་། དཔལ་འབྱོར་རིག་པའི་རིག་གཞུང་པུའུ། སྤྱི་ཚོགས་སྲིད་ཁྲིམས་རིག་པའི་རིག་གཞུང་པུའུ། རྒྱལ་སྤྱི་ཞིབ་འཇུག་རིག་པའི་རིག་གཞུང་པུའུ། མར་ཁེ་སི་རིང་ལུགས་ཞིབ་འཇུག་རིག་པའི་རིག་གཞུང་པུའུ་བཅས་བཙུགས་ནས་སྐབས་དང་པོའི་རིག་གཞུང་པུའུ་ཡི་ཨུ་ཡོན་མི47དང་རིག་གཞུང་པུའུ་ཡི་གཟི་བརྗིད་ཨུ་ཡོན་མི95བདམས་ཐོན་བྱུང་།

སྤྱི་ལོ2007ལོའི་ཟླ5པར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན།

སྤྱི་ལོ2011ལོའི་ཟླ3པར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས“མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གསར་གཏོད་ཀྱི་རྣམ་གྲངས”དངོས་སུ་མགོ་བརྩམས། ཟླ11པའི་ཚེས30ཉིན། གསར་གཏོད་རྣམ་གྲངས་མགོ་བརྩམས་ནས་ལག་བསྟར་བྱས་རྗེས་ཐོག་མར་རིག་ཚན་ལས་བརྒལ་བ་དང་། ཕྱོགས་བསྡུས་རང་བཞིན། གསར་གཏོད་རང་བཞིན་བཅས་ཀྱི་རིག་གཞུང་བསམ་བློ་ཁང་དང་རྣམ་པ་གསར་པའི་ཞིབ་འཇུག་གི་སྒྲིག་གཞི། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ནོར་སྲིད་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་ཁང་། ཀྲུང་གོའི་ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོ་ཆེན་མོ་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་། ནོར་སྲིད་དང་ཚོང་དོན་དཔལ་འབྱོར་ཞིབ་འཇུག་ཁང་།  ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞིབ་འཇུག་ཁང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ཁང་གི་རྨང་གཞིའི་ཐོག་བཙུགས་པ་ཡིན།

སྤྱི་ལོ2012ལོའི་ཟླ4པའི་ཚེས26ཉིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་སློབ་མའི་སློབ་གླིང་གི་སློབ་ཁུལ་གསར་པ་པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཁུལ་ཀྱི་ལེའང་ཤང་མཐོ་རིམ་སློབ་གསོའི་གླིང་དུ་དངོས་སུ་བཙུགས།

སྤྱི་ལོ2015ལོའི་ཟླ1པོར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས“ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དེ་ཉིད་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རྩེར་སོན་རིག་མཛོད་ཡིན་པའི་ལེགས་ཆ་འདོན་སྤེལ་བྱས་ནས། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་འཛམ་གླིང་གི་གྲགས་ཅན་རིག་མཛོད་ཅིག་ཏུ་འགྱུར་བ་བྱེད་དགོས”ཞེས་བཏོན།

སྤྱི་ལོ2016ལོའི་ཟླ11པའི་ཚེས26ཉིན་ནས་ཚེས29ཉིན་བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་དང་རིག་གཞུང་པུའུ་ཡི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་ཝང་ཝུའེ་ཀོང་གིས་སློབ་གླིང་གི་རིག་གཞུང་བརྟག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་ཆིང་ཏའོ་རུ་བསྐྱོད་ནས། ཆིང་ཏའོ་གྲོང་ཁྱེར་གྱི་སྲིད་གཞུང་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་མཉམ་དུ་འཐབ་ཇུས་མཉམ་ལས་ཀྱི་འདོད་འདུན་ཡི་གེར་མིང་རྟགས་བཀོད།  

སྤྱི་ལོ2017ལོའི་ཟླ1པོའི་ཚེས7ཉིན། ཆིང་ཏའོ་གྲོང་ཁྱེར་གྱི་སྲིད་གཞུང་གིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་མཉམ་དུ་པེ་ཅིང་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད། གྲོས་ཡིག་གཞིར་བཟུང་ནས། ཕྱོགས་གཉིས་པོས་ཐུན་མོང་ཐོག་མཐོ་རིམ་སློབ་གླིང་འཛུགས་སྐྲུན་དང་། ཆིང་ཏའོ་ཞིབ་འཇུག་ཁང་མཉམ་དུ་བསྐྲུན་ཏེ། མཉམ་འབྲེལ་བྱས་ནས་ཆིང་ཏའོ་རུ་རྒྱལ་སྤྱིའི་རང་བཞིན་གྱི་མཐོ་རིམ་གླེང་སྟེགས་གཉེར་ནས་ཆིང་ཏའོ་གྲོང་ཁྱེར་གྱི་ཐབས་ཇུས་གལ་ཆེན་དང་འཕེལ་རྒྱས་འཐབ་ཇུས་ལ་བློ་འདྲི་ཡུལ་མཁོ་འདོན་བྱས་ནས། ཤེས་ལྡན་མི་སྣའི་བགྲོ་གླེང་དང་གསོ་སྐྱོང་ཐད་ཕྱོགས་ཡོངས་ནས་མཉམ་ལས་བྱ་རྒྱུར་ཐག་བཅད།

2 རྩ་འཛུགས་མ་ལག
2_1 ལས་ཁུངས་ངོ་སྤྲོད་མདོར་བསྡུས།

སྤྱི་ལོ2016ལོའི་ཟླ12པར་གཞུང་ཕྱོགས་དྲ་ཚིགས་ཀྱི་ཆ་འཕྲིན་ལས་མངོན་པར་གཞིགས་ན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་པུའུ་ལ་རིག་གཞུང་པུའུ་ཆེན་པོ6དང་། ཞིབ་འཇུག་ཁང40ཙམ་དང་། འགན་ནུས་སྡེ་ཁག10 ཐད་གཏོགས་ལས་ཁུངས8 ཐད་གཏོགས་ཀུང་ཟི2 དངོས་ཚན་མིན་པའི་ཞིབ་འཇུག་ལྟེ་གནས180ལྷག་ཙམ། རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་ཚོགས་པ104གཙོ་སྐྱོང་བྱས་ཡོད་པ་མ་ཟད། ཀྲུང་གོའི་ས་གནས་ལོ་རྒྱུས་མཛུབ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚབ་གཉེར་ཡང་བྱས་ཡོད།

2_2 མི་སྣའི་སྒྲིག་ཁོངས།

ཀྲུང་གོའི་ཚན་རིག་པུའུ་ཡི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་རིག་གཞུང་པུའུ་ཡི་ཨུ་ཡོན།

སྤྱི་ལོ1955ལོར། 

ཨའེ་སེ་ཆི། པའོ་འར་ཧན། ཁྲེན་པོ་ཏ། ཁྲེན་ཧན་ཀྲེན། ཁྲེན་ཝང་ཏའོ། ཁྲེན་དབྱིན་ཅི། ཁྲེན་ཡོན། ཏེང་ཐའོ། ཏི་ཁྲའོ་པེ། ཏིང་ཧྲེང་ཧྲུའུ། ཏུའུ་གོ་ཡེ། ཧྥན་ཝུན་ལན། ཧྥེང་ཏིང་། ཧྥེང་ཡིའུ་ལན། ཧྥེང་ཀྲི། ཀུའོ་ཏ་ལི། ཀུའོ་མོ་རུའོ། ཧོ་ཆི་ཧྥང་། ཧོའུ་ཝེ་ལུའུ། ཧུའུ་ཆའོ་མུའུ། ཧུའུ་ཧྲེང་། ཧོང་སུང་ལིན། མ་ཞུས་ལུན། མ་དབྱིན་ཁྲུའུ། ཅི་ཞན་ལིན། ཅན་པོ་ཙན། ཅིན་ཡུའེ་ལིན། ལི་ཅིན་ཞི། ལི་ཏ། ལི་ཡ་ནུང་། ལི་ཏ་ཉན། ལིའུ་ཏ་ཉན། ལུའོ་ཁྲང་ཕེ། ལུའོ་ཀེང་མུའུ། ལུའི་ཧྲུའུ་ཞང་། ལུའི་ཀྲེན་ཡུས། མའོ་ཏུང་། ཕན་ཙི་ཉན། ཆན་ཅ་ཅུས། ཆན་ཅུན་རུའེ། ཧྲེན་ཀྲི་ཡོན། ཐང་ཡུང་ཐུང་། ཐའོ་མེང་ཧོ། ཝང་ལི། ཝང་ཞུའེ་ཝུན། ཝང་ཡ་ནན། ཝེ་ཅན་ཀུང་། ཝུའུ་ཧན། ཝུའུ་ཡུས་ཀྲང་། ཞ་ནའེ། ཞིང་ཏ། ཞུས་ཏི་ཞིན། ཞུའེ་མུའུ་ཆའོ། དབྱང་ཧྲུའུ་ཏ། དབྱང་ཞན་ཀྲེན། ཡུས་ཀོང་ཡོན། ཀྲང་ཅ་ཧྥུ། ཀྲང་རུའུ་ཞིན། ཀྲེང་ཀྲེན་ཏུའོ། ཀྲོའུ་དབྱང་།

 

སྤྱི་ལོ1957ལོར།

ཅི་ཝུན་ཧྥུ།   ལུའུ་ཀྲི་ཝེ། ལུའེ་ཡེ།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཨུ་ཡོན།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཨུ་ཡོན་དང་མཚན་སྙན་རིག་གཞུང་པུའུ་ཡི་ཨུ་ཡོན་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་གི་མཚན་སྙན་མཐོ་ཤོས་ཡིན་ལ། མི་ཚེ་གང་གི་གཟི་བརྗིད་ཡིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ལས་ཐོག་ཆེད་མཁས་པ། འོས་སྦྱོར་བྱས་ནས་རིག་གཞུང་པུའུ་ཡི་ཨུ་ཡོན་དུ་བདམས་ཆོག རིག་གཞུང་པུའུ་ཡི་ཨུ་ཡོན་གྱི་ཆ་རྐྱེན་དང་མཐུན་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ཆེད་མཁས་པ་རྒན་གྲས་དང་ལས་ཐོག་ཆེད་མཁས་པའི་ཁྲོད་ལོ80ལོན་པ་དང་སྲིད་འཛིན་གྱི་གོ་གནས་འཁུར་མི་དགོས་མཁན་ལ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་གཟི་བརྗིད་རིག་གཞུང་ཨུ་ཡོན་གྱི་མཚན་སྙན་སྤྲད་ཆོག ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཨུ་ཡོན་ནི་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པའི་ཀྲུང་གོའི་ཚན་རིག་ཁང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་རིག་གཞུང་པུའུ་ཡི་ཨུ་ཡོན་གྱི་མཚན་སྙན་གྱི་རྒྱུན་མཐུད་མིན། མཁས་དབང་ལ་ལས་མིག་སྔར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཧྲིའི་ལམ་ལུགས་འཛུགས་པའི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་ཡོད་མོད། འོན་ཀྱང་གལ་ཏེ་མྱུར་དུ་ཡོན་ཧྲིའི་ལམ་ལུགས་འཛུགས་པར་ད་དུང་དཀའ་ངལ་ཁ་ཤས་ཡོད་པས། སྔོན་ལ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཨུ་ཡོན་གྱི་ལམ་ལུགས་སླར་གསོ་བྱས་ཏེ། ཕྱིན་ཆད་ཡོན་ཧྲིའི་ལམ་ལུགས་སུ་བར་བརྒལ་བྱེད་པར་རྨང་གཞི་འདིང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

སྤྱི་ལོ2006ལོར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་སྐབས་དང་པོའི་རིག་གཞུང་པུའུ་ཡི་ཨུ་ཡོན་མི47དང་། གཟི་བརྗིད་རིག་གཞུང་པུའུ་ཡི་ཨུ་ཡོན་མི95དངོས་སུ་བདམས་ཐོན་བྱུང་། སྤྱི་ལོ2011ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་རིག་གཞུང་པུའུ་ཡི་ཨུ་ཡོན་ཚོགས་ཆེན་འཚོགས་ནས་རིག་གཞུང་པུའུ་ཡི་ཨུ་ཡོན་མི10དང་། གཟི་བརྗིད་རིག་གཞུང་པུའུ་ཡི་ཨུ་ཡོན་མི38བསྐོ་འདེམས་བྱས། སྤྱི་ལོ2014ལོའི་ཟླ7པའི་ཚེས16ཉིན། སྐབས་གསུམ་པའི་རིག་གཞུང་པུའུ་ཡི་ཨུ་ཡོན་མི4བདམས། སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན་གསར་དུ་བདམས་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཨུ་ཡོན་མི12ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེ་དག་ནི་ལིའུ་དབྱིང་དང་། ཁྲེན་ཀྲུང་དབྱི། ཀྲའོ་ཐིང་དབྱང་། ཧྥེང་ཧྲི། ཁྲེན་ཤིན་ཚན། ཕེང་ཝེ། ཞེ་ཕུའུ་ཀྲན། ཕན་ཅ་ཧྭ། སུན་ཤན་ཀྲུང་། ཁྲེན་ཧྥང་ཁྲེང་། ཀྲང་ཡུས་ཡན་བཅས་ཡིན།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཨུ་ཡོན་མི61

ཁྲེན་ཅ་ཀུའེ། ཅང་ལན་ཧྲེང་། ལིའུ་གོ་ཀོང་། ཅང་ལིའུ། ལེང་རུང་། རུའུ་ཞིན། ཝང་ཝེ་ཀོང་། ཚའེ་ཧྥང་། ཅིན་ཧུའེ་མིང་། ལི་ཁྲུང་ཧྥུ། ཁྲེང་ཨེན་ཧྥུ། དབྱང་དབྱི། ཁྲའོ་ཀེ་ཅིན། ལི་ཅིན་ཡོན། ཡེ་ཞིའུ་ཧྲན། ཧྲེན་ཅ་ཞོན། ཝེ་ཏའོ་རུའུ། ཧོང་པའོ་ཧྲེང་། ལིའུ་ཆིན་ཀྲུའུ། ཝང་ཝེ། ཀེང་ཡུན་ཀྲི། ཀྲང་ཧའེ་ཕེང་། ཁྲེན་ཙུའུ་ཝུའུ། ལིན་ཀན་ཆོན། ཁྲེན་ཀའོ་ཧྭ། སུང་ཀྲེན་ཧའོ། ཝང་ཀྲེན་ཀྲུང་། ལིའོ་ཞུའེ་ཧྲེང་། ལིའུ་ཧྲུའུ་ཁྲེང་། ཀྲང་ཀྲུའོ་ཡོན། ཀྲུའུ་ལིན། ལུའི་ཀྲེང་། ཀྲོའུ་ཧྲུའུ་ལེན། ཅིན་དབྱང་། ལི་ཀང་། ཀྲང་ཞའོ་ཧྲན། ལི་ཅིང་ཝུན། ཝང་ཐུང་སན། དབྱང་ཧྲེང་མིང་། ཀའོ་ཕེ་ཡུང་། ཐེན་ཞུའེ་ཁུའེ། ཅིན་ཕེ་ལིན། ལི་ཕེ་ལིན། ཀྲེང་ཁྲེང་སི། ཝང་ཅ་ཧྥུ། ལིའང་ཧུའེ་ཞིན། ཝང་ཧྲུའུ་ཝུན། ཝང་ཧྲུའུ་ཝུན། ལི་ལིན། ཧའོ་ཧྲི་ཡོན། ཧྲི་ཅིན་པོ། ཧོ་ཞིན་ལིའང་། ཀྲང་དབྱིན་ལིན། སུའུ་ཞིན་ཞིན། ཡུས་ཡུང་ཏིང་། ལི་ཅིན་ཅེ། ཆིའུ་ཡོན་ལུན། ཀྲོའུ་ཧུང་། ཧོང་ཁྲང་ཀོན། ཧྥང་ཁེ་ལི།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གཟི་བརྗིད་མཚན་སྙན་ཐོབ་པའི་རིག་གཞུང་པུའུ་ཡི་ཨུ་ཡོན་མི133

སྐབས་དང་པོར་བདམས་ཐོན་བྱུང་པའི་མི95 

ཏིང་ཝེ་ཀྲི། ཏིང་ཧྲོའུ་ཧོ། ཡུས་ཀོང་ཡོན། ཡུས་ཙུའུ་ཡའོ། ཙུའོ་ཧྲི་ཧྭ། ཁུང་ཧྥན། ཝང་ཀྲུང་ཡེན། ཝང་ཆིང་ཁྲེང་། ཝང་ཀུའེ་ཁྲེན། ཝང་ཀེང་ཅིན། ཏེང་ཧྲའོ་ཅི། ལིའུ་ཧྲི་ཉན། ལིའུ་ཧའེ། ལིའུ་ཆི་ཧུའེ། ལིའུ་ནན་ལའེ། ལིའུ་ཁུའེ་ལི། ལུའི་ཏ་ཅི། ཀྲུའུ་ཏ་ཝེ། ཀྲུའུ་ཏ་ཝེ། ཀྲུའུ་ཧྲའོ་ཝུན། ཧོ་ཧྲའོ་ཝུན། ཧོ་ཧྥང་། ཧོ་ནའེ་ཝེ། ཧོ་ཀྲེན་དབྱི། ཧོ་ལིན་ཞིའུ། ཡུས་ཀྲི་ཝུའུ། ཡུས་ཏུན་ཁང་། ཐུང་ཀྲུའུ་ཁྲེན། ཝུའུ་ཡོན་མའེ། ཝུའུ་ཙུང་ཅི། ཝུའུ་ཁྲེང་མིང་། ཝུའུ་ཅ་མིན། ཀྲང་ཅུང་། ཀྲང་ཧྲོའུ་དབྱི། ཀྲང་ཙེ་ཚྭ། ཀྲང་ཀྲེན་ཞུན། ཀྲང་ཀྲེན་ཞུན། ཀྲང་ཀྲེན་ཉན། ལི་རུང་། ལི་ཆི། (བུད་མེད )ལི་པུའུ་ཡུན། ལི་ཏའོ་ཁུན། ཏུའུ་རུང་ཁུན། ཏུའུ་ཅི་ཝུན། དབྱང་ཐེན་ཧྲི། དབྱང་ཅི་ཁང་། (བུད་མེད) དབྱང་ཙེང་ཝུན། ཝང་ཧའེ་པོ། ཝང་ཅིན་ཡུས། ཀུའུ་ཡོན་དབྱང་། ཧྲའོ་རུང་ཧྥུན། ལུའུ་ཞུའེ་དབྱི། ཁྲེན་མིན། ཁྲེན་ཀྲི་རྨིན། ཁྲེན་ལེ་རྨིན། ཁྲེན་ཆི་ནེན། ཁྲེན་པའོ་སེན། ཁྲེན་ཏུང་ཧྲེང་། ཁྲེན་ཆོན་ཆོན། ཀྲོའུ་ཏིང་དབྱི། ཝུའུ་པའེ་ཧུའེ། ཅིན་དབྱི་ཅིའུ། ལིའུ་མིང་ཅུས། ཧུའུ་ཆིང་ཅུན། ཀྲའོ་རེན་ཝེ། ཀྲའོ་ཧྥེང་ཞུས། ཅེ་ཧོའུ། ལུའོ་ཀེང་མུའུ། ཞུས་ཁུའེ། ཞུས་ཕིན་ཧྥང་། ཞུས་ཁྲུང་ཝུན། ཕུའུ་ཧྲོའུ་ཁྲང་། ཐུའུ་ཅི་ལིའང་། ཅ་ཀྲི། ཙི་ཀྲུང་ཅིན། ཀུའོ་སུང་དབྱི། ཆན་རྒྱ་ཡིགཀའོ་ཧེང་། ཀའོ་མང་། ཀའོ་ཏི་ཁྲེན། ལིའང་ཚུན་ཞིའུ། ཧོང་ཞིན་ཁྲོན། ཧོང་ཧྲའོ་ཞང་། (བུད་མེད)ཏུང་ཧེང་། ཏའོ་པུའུ། ཀྲའོ་སི་ཐུའུ། ཚའེ་མེ་པིའོ། ཧྥན་ཁང་། (བུད་མེད)ཧྥན་ཅུན། ཏའེ་ཡོན་ཁྲེན། ཆུས་ཐུང་ཙུའུ།

སྐབས་གཉིས་པར་བདམས་ཐོན་བྱུང་པའི་མི38  

མ་ཞི་ཧྲ་དང་། རེན་ཆིན་ཏོར་ཅི། ཝུའུ་ཡུན་ཀུའེ། ལི་ཝུན་ཅུན། ལི་ཧུའེ་གོ། ཁྲེན་ཐིའེ་རྨིན། ལུའོ་ཞི་ཝུན། ལང་དབྱིན། ཧོའུ་ཅིང་དབྱི། ཀུའོ་ཧུང་ཨན། ཝང་ཙེང་ཡུས། ལུའུ་ཀྲུང་ཧྥེང་། རེན་ཅན་ནན། ལུའི་དབྱི་ལའེ། ཡུས་ཐའེ་ཧྲན། ཀྲང་ཞན་ཆིན། ཀྲང་ཧའེ་ཐའོ། ལི་ཧུའུ། ཧོང་ཀྲན་ཡུའེ། ཝང་སུང་ཡུས། ལིའུ་ཝུན་ཞུན། སུན་ཧྲི་ཀྲེང་། ཐུང་རུའུ་ཁྲེང་། ཅིན་ཅུན་ཅན། ཀྲེང་ཡིའུ་ཅིན། ཉེ་པའོ་ཀྲང་། མ་ཧུའེ་ཚུང་། པའེ་ཀང་། ལིའུ་ཡའོ་ཧན། སུན་ཧུང་ཁའེ། དབྱང་དབྱི་ཧྥན། ཝང་ཅིན་ཁྲན། ཧྥེང་ཀྲའོ་ཁུའེ། ལུའུ་ནན་ཆོན། ཞུས་ཧྲི་ཁྲེང་། ཐའོ་ཝུན་ཀྲའོ། ཞང་ཆི་ཡོན།

2_3 རྒྱལ་སྤྱིའི་འབྲེལ་འདྲིས།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་ཕྱི་ཕྱོགས་སུ་རིག་གཞུང་སྤེལ་རེས་དང་ཞིབ་འཇུག་བྱ་གཞི་དང་རིག་ཚན་འཛུགས་སྐྲུན་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕྱི་ཕྱོགས་སུ་རིག་གཞུང་སྤེལ་རེས་བྱས་པ་བརྒྱུད་གཙོ་གནད་ཀྱི་ཞིབ་འཇུག་རྣམ་གྲངས་དང་རིག་ཚན་འཛུགས་སྐྲུན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིག་གཞུང་སྤེལ་རེས་ཀྱི་གཞི་ཁྱོན་ཐད་སྤྱི་ལོ1978ལོའི་སྐབས10ལྷག་དང་མི་ཐེངས10ཙམ་ནས་སྤྱི་ལོ1995ལོར་སྐབས1398དང་མི་ཐེངས4100བར་འཕེལ། ས་ཁུལ་ཁྱབ་ཚུལ་གྱི་ཐད་ནས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་ཕྱི་ཕྱོགས་སུ་རིག་གཞུང་སྤེལ་རེས་བྱ་རྒྱུ་དེ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ80ལྷག་ཙམ་ལ་ཁྱབ་པ་དང་། དུས་མཉམ་དུ་ཕྱི་རྒྱལ་གྱི་སྤྱི་ཚོགས་ཚན་རིག་ཞིབ་ལས་ཁུངས་དང་། རིག་གཞུང་ཚོགས་པ། མཐོ་རིམ་སློབ་གླིང་། ཐེབས་རྩ་ལྷན་ཚོགས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག200ལྷག་ཙམ་ལ་འབྲེལ་བ་བཟུང་ཡོད། རྒྱལ་ཁབ་དང་ས་ཁུལ20ལྷག་ཙམ་དང་རིག་གཞུང་སྤེལ་རེས་ཀྱི་གྲོས་ཡིག་བཞག་ཡོད། རིག་གཞུང་སྤེལ་རེས་བྱ་ཡུལ་ལ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡོད་ལ་རྒྱ་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱང་ཡོད། རྒྱལ་ཁབ་མང་པོའི་གཙོ་འཛིན་དང་སྲིད་གཞུང་གི་ཙུང་ལི། ནང་བློན་ཁང་གི་དཔོན་རིགས་དང་དེ་བཞིན་ཆབ་སྲིད་ལས་རིགས་དང་རིག་གཞུང་ལས་རིགས་ཀྱི་མི་སྣ་གྲགས་ཅན་ཀྲུང་གོར་འཚམས་འདྲིར་ཡོང་པ་དང་། གཏམ་བཤད་གནང་པ། ཀྲུང་གོར་བཅའ་སྡོད་བྱས་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་ཆེན་མོའི་དཔོན་རིགས་ཀྱིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་བར་རིག་གཞུང་སྤེལ་རེས་བྱས་པ་དང་། ཕན་ཚུན་དུ་ཞིབ་འཇུག་པ་མངགས་ནས་རྟོག་ཞིབ་འཚམས་འདྲི་བྱེད་པ། མཉམ་ལས་ཞིབ་འཇུག་བྱེད་པ། ཕན་ཚུན་གྱིས་ཞིབ་འཇུག་པ་ཡུན་རིང་ལ་ཕྱི་རྒྱལ་དུ་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པར་གཏོང་བ། ཕྱོགས་གཉིས་སམ་ཡང་ན་ཕྱོགས་མང་རིག་གཞུང་བགྲོ་གླེང་ཚོགས་འདུ་སྤེལ་པ། ཕན་ཚུན་གྱི་མཁས་པ་གདན་ཞུ་བྱས་ནས་སློབ་ཁྲིད་བྱེད་པ་སོགས་ཀྱི་རིག་གཞུང་སྤེལ་རེས་ཀྱི་རྣམ་པ་སྣ་ཚོགས་ཡོད།

སྤྱི་ལོ2015ལོའི་ཟླ4པའི་ཚེས16ཉིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཚའེ་ཡན་གྱིས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་འཇར་པན་གྱི་ཚོང་དོན་དར་རྒྱས་ལས་ཁུངས་ཀྱི་ལས་འཛིན་དཔོན་ཧྲེ་མའོ་པོ་ཧང་དང་མཇལ་འཕྲད་གནང་། ཟླ12པའི་ཚེས14ཉིན། པོ་ལན་ཚན་རིག་ཁང་གི་ཆབ་སྲིད་རིག་པའི་ཞིབ་འཇུག་ཁང་གི་ན་གཞོན་མཁས་པ་ཁའེ་ཧྲ་ཀའོ་ལི་ཡིས་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་ལ་འཚམས་འདྲི་བྱས།

སྤྱི་ལོ2016ལོའི་ཟླ1པའི་ཚེས18ཉིན་ནས་ཚེས19ཉིན་བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡ་གླིང་ནུབ་མ་དང་ཨ་ཧྥེ་རི་ཁ་ཞིབ་འཇུག་ཁང་གི་གླིང་གཙོ་ཀྲང་དབྱང་ཀོང་གིས་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་དབྱི་རག་ལ་འཚམས་འདྲི་གནང་། ཟླ2པའི་ཚེས1ཉིན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་དང་ཏང་ཙུའི་ཁོངས་མི་ཚའེ་ཡན་གྱིས་པེ་ཅིང་དུ་འཚམས་འདྲིར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཀྲང་སའེ་ཏེ་ཀུའོ་དང་ཙུང་ལི་མོ་ཁེར་གྱིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དུ་གཏམ་བཤད་སྤེལ་སྐབས་སུ་མཇལ་འཕྲད་གནང་བ་དང་། དབྱི་ཏེ་ཐ་པ་ཧྥ་ཐ་སྨི་དང་ཕ་ཁི་སི་ཐན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཆེན་མོ་མཱ་སུའུ་ཏེ་ཧ་ལི་ཏེ་དང་མཇལ་འཛོམས་གནང་། ཟླ་བ་དེར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་ཁང་གི་གླིང་གཙོ་ཀྲང་ཡུས་ཡན་གྱིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་སྤེལ་རེས་ཚོགས་པའི་སྣེ་ཁྲིད་དེ་སྤྱི་ཁྱབ་པུའུ་སོ་ཏི་ཨ་རབ་ཀྱི་ལི་ཡ་ཏེ་རུ་གནས་པའི་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་སྤྱིའི་རྡོ་སྣུམ་གླེང་སྟེགས་ལ་འཚམས་འདྲི་བྱས། ཚེས25ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་པུའུ་ཡིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་སློབ་མའི་སློབ་གླིང་གིས་གཉེར་འགན་ཁུར་པའི་སྤྱི་ལོ2016ལོའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཙུང་ཐུང་གི་བློ་འདྲིའི་ཞིབ་བསྡུར་འཛིན་གྲྭ་པེ་ཅིང་དུ་བཙུགས། ཟླ7པར། T20ཚོང་དོན་དང་མ་འཇོག་ཚོགས་འདུ་རི་ནེ་ཝ་ནས་བསྡུས། སྐབས་འདིའི་ཚོགས་འདུ་ནིWTOཚོང་དོན་གླེང་མོལ་གྱི་ཕྱོགས་གཅིག་ཡིན་ལ། ཚེས26ཉིན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཚའེ་ཡན་གྱིས་འཚམས་འདྲིར་ཕེབས་པའི་ཧྥན་མེ་གསར་སྤེལ་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་དང་ཞིབ་འཇུག་པུའུ་ཡི་སྤྱི་གཉེར་ལས་འཛིན་པ་ཧོ་ས་ཧུའུ་ཨན་ལུའུ་དབྱི་ཙེ་ཀེ་མའེ་སི་འབུམ་རམས་པ་དང་མཇལ་འཛོམས་གནང་བ་དང་། ཟླ9པར་ཨ་རིའི་ན་གཞོན་ཆབ་སྲིད་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ལ་འཚམས་འདྲི་གནང་།

3 ཚན་རིག་ཞིབ་འཇུག
3_1 གསར་གཏོད་སྡེ་ཁག

སྤྱི་ལོ2016ལོའི་ཟླ12པར་སྤྱི་ཚོགས་ཚན་རིག་ཁང་ཚན་ཞིབ་ཅུས་ཀྱི་གཞུང་ཕྱོགས་དྲ་བར་གཞིགས་ན། སྤྱི་ཚོགས་ཚན་རིག་ཁང་ལ་ཁྱོན་བསྡོམས་པའི་ཞིབ་འཇུག་ལྟེ་གནས88ཡོད་ལ། དེའི་ནང་དུ་དཔལ་འབྱོར་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས5གཙོ་གཉེར་བྱས་ཡོད་པ་དང་། བཟོ་ལས་ལས་དཔལ་འབྱོར་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས5གཙོ་གཉེར་བྱས་ཡོད། ཞིང་ལས་འཕེལ་རྒྱས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས2གཙོ་གཉེར་བྱས་ཡོད། ནོར་སྲིད་དཔལ་འབྱོར་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས4གཙོ་གཉེར་བྱས་ཡོད། དངུལ་རྩའི་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས3གཙོ་གཉེར་བྱས་ཡོད། གྲངས་ཚད་དཔལ་འབྱོར་དང་ལག་རྩལ་དཔལ་འབྱོར་ཁང་གིས་ཞིབ་འཇུག་ལྟེ་གནས7གཙོ་གཉེར་བྱས་ཡོད། མི་འབོར་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས3གཙོ་གཉེར་བྱས་ཡོད། གྲོང་ཁྱེར་འཕེལ་རྒྱས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། མར་ཁེ་སི་རིང་ལུགས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། མཚན་ཉིད་རིག་པ་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས6གཙོ་གཉེར་བྱས་ཡོད། ཆོས་ལུགས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས4གཙོ་གཉེར་བྱས་ཡོད། ཡིག་ཚང་ལྟེ་གནས་ཀྱིས་ཞིབ་འཇུག་ལྟེ་གནས3གཙོ་གཉེར་བྱས་ཡོད། གནའ་རྫས་རྟོག་ཞིབ་ཁང་གིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། ལོ་རྒྱུས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས4གཙོ་གཉེར་བྱས་ཡོད། ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། འཛམ་གླིང་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས2གཙོ་གཉེར་བྱས་ཡོད། མཐའ་མཚམས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས2གཙོ་གཉེར་བྱས་ཡོད། མི་རིགས་རྩོམ་རིག་ཁང་གིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། ཁྲིམས་ལུགས་རིག་པ་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས5གཙོ་གཉེར་བྱསཡོད། མི་རིགས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས5གཙོ་གཉེར་བྱས་ཡོད། སྤྱི་ཚོགས་རིག་པ་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས4གཙོ་གཉེར་བྱས་ཡོད། འཛམ་གླིང་དཔལ་འབྱོར་སྲིད་འཛིན་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། ཨུ་རུ་སུ་དང་ཡོ་རོབ། ཡ་གླིང་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས2གཙོ་གཉེར་བྱས་ཡོད། ཡོ་རོབ་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས3གཙོ་གཉེར་བྱས་ཡོད། ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། ལ་ཏིང་མེ་གླིང་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས4གཙོ་གཉེར་བྱས་ཡོད། ཨ་རི་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། ཐད་གཏོགས་ལས་ཁུངས་ཏང་ཨུ་ཡིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། ཚན་རིག་ཞིབ་འཇུག་ཅུས་ཀྱིས་ཞིབ་འཇུག་ལྟེ་གནས3གཙོ་གཉེར་བྱས་ཡོད། རྒྱལ་སྤྱིའི་མཉམ་ལས་ཅུས་ཀྱིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། ལྟ་ཞིབ་ཅུས་ཀྱིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད། བུད་མེད་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་ལྟེ་གནས1གཙོ་གཉེར་བྱས་ཡོད།

3_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།
3_3 གྲུབ་འབྲས་ཕྱོགས་བསྡུས།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་རིག་གཞུང་བརྩམས་ཆོས་དང་། ཚན་རིག་དཔྱད་རྩོམ། བརྟག་དཔྱད་ཞིབ་འཇུག་སྙན་ཞུ། དཔྱད་གཞིའི་ཡིག་རིགས་ཀྱི་ཡིག་སྒྱུར། ཚད་ལྡན་ཡིག་ཆ་ལེགས་སྒྲིག་སོགས་ཀྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་ལས་རིགས་ཁག་ལ་ཚན་ཞིབ་ཐོན་རྫས་མཁོ་འདོན་བྱས་ཡོད། 

སྤྱི་ལོ2016ལོའི་ཟླ11པའི་བར་དུ་དཔེ་སྐྲུན་བྱས་པའི་རིག་གཞུང་བརྩམས་ཆོས།

སྤྱི་ཚོགས་ཚན་རིག་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་དེབ4293དང་། ཚན་རིག་དཔྱད་རྩོམ54517 ཞིབ་འཇུག་སྙན་ཞུ7268 ཡིག་སྒྱུར་བརྩམས་ཆོས2787 ཡིག་སྒྱུར་དཔྱད་རྩོམ16108 ད་དུང་གནའ་དཔེ་ལེགས་སྒྲིག་དང་། སློབ་དཔྱད་དཔྱད་ཞིབ། མཆན་འགྲེལ། དེབ་རིགས་དང་ཀློག་དེབ་སྣ་ཚོགས་བཅས་ཡོད། ལོ་རེར་ཆ་སྙོམས་ཀྱིས་རིག་གཞུང་བརྩམས་ཆོས300དང་། ཚན་རིག་དཔྱད་རྩོམ3890ལྷག་ཙམ། ཞིབ་འཇུག་སྙན་ཞུ510ལྷག་བཅས་པར་སྐྲུན་བྱས་ཡོད།

སྤྱི་ལོ1993ལོའི་ཟླ9པར་སྤེལ་བའི“ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་བཙུགས(སྤྱི་ལོ1977—སྤྱི་ལོ1991)ཚུན་གྱི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའི་དཔྱད་འདེམས་བྱེད་སྒོའི”ཁྲོད། དཔལ་འབྱོར་རིག་ཚན་གྱི་ཞིབ་འཇུག་ཁང་དྲུག་ལ་བསྡོམས་པའི་ཆེད་རྩོམ་རིགས21དང་། རིག་གཞུང་དཔྱད་རྩོམ17 ཞིབ་འཇུག་སྙན་ཞུ10 རིག་གཞུང་དཔྱད་གཞི་རིགས4 ཉེར་མཁོའི་དཔེ་ཆ1བཅས་ལ་བྱ་དགའ་ཐོབ།

སྤྱི་ལོ2014ལོའི་ཟླ12པར། སྤྱི་ཚོགས་ཚན་རིག་ཁང་གིས་གསར་གཏོད་འདུ་འགོད་ལག་བསྟར་བྱས་ནས་ལོ་གསུམ་གྱི་ནང་དུ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞིའི་ཞིབ་འཇུག་ཐད་མཁས་པ་སོ་སོའི་ཆེད་རྩོམ་དེབ1000ལྷག་ཙམ་དང་། དཔྱད་རྩོམ་ཆིག་ཁྲི་ལྷག་ཙམ། ཞིབ་འཇུག་སྙན་ཞུ5000ལྷག་ཙམ། རིག་གཞུང་དཔྱད་གཞི་དང་། གནའ་གཞུང་ལེགས་སྒྲིག སྒྱུར་རྩོམ། ཀློག་དེབ། སློབ་དེབ་སོགས་སྣ་ཁ་ཆིག་སྟོང་ལྷག་ཙམ་བཅས་ཟིན་ཡོད།

གྲུབ་འབྲས་གལ་ཆེན་རགས་བསྡུས།

ཞིབ་འཇུག་བྱ་གཞི་གལ་ཆེན“ཀྲུང་གོའི་དཔལ་འབྱོར་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ30ཡི་ལོ་རྒྱུས་ཉམས་མྱོང་ཞིབ་འཇུག”གིས་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་རྒྱལ་ཁའི་ཉམས་མྱོང་དང་གནད་དོན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཕྱིས་ཀྱི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་རྒྱུར་རིགས་པའི་གཞུང་ལུགས་ཀྱི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།

སྤྱི་ལོ2014ལོའི《ཀྲུང་གོའི་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་གི་སྙན་ཞུ》ཞེས་པའི་ནང་ཕྱོགས་དྲུག་ནས་སྤྱི་ལོ2014ལོའི་ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ལག་ལེན་དང་ཕན་འབྲས་ཕྱོགས་བསྡུས་བྱས།

སྤྱི་ལོ2013ལོའི་གསར་གཏོད་འདུ་འགོད་ཀྱི་ཞིབ་འཇུག་གྲུབ་འབྲས་ཁྲོད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལོ་རྒྱུས་ཀྱི་ས་རིས་ཕྱོགས་བསྒྲིགས》(ཀྲུང་གོའི་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང) 《ཤར་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས》(མི་དམངས་དཔེ་སྐྲུན་ཁང)སོགས་རིག་གཞུང་ཆེད་རྩོམ་འབོར་ཆེན་ཚུད་ཡོད་ལ། ཤིན་ཅང་ཆུ་ཚན་ཨ་ཏུན་ཆའོ་ལུའུ་ཡི་སྔ་དུས་ཀྱི་ཆིན་ཐུང་དུས་རབས་ཀྱི་རྗེས་ཤུལ་དང་དུར་སའི་གནའ་རྫས་རྟོག་ཞིབ་སྔོག་འདོན་སོགས་ཀྱི་ཞིབ་འཇུག་རྣམ་གྲངས་ཀྱང་ཚུད་ཡོད།

སྤྱི་ལོ2014ལོའི་ལོ་འཁོར་གྱི་གསར་གཏོད་འདུ་འགོད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞིའི་ཞིབ་འཇུག་གྲུབ་འབྲས་གལ་ཆེན་ཡོངས་བསྒྲགས་བྱས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞིའི་ཞིབ་འཇུག་གི་གྲུབ་འབྲས་བསྡོམས་པའི10ཡོད་པའི་ནང《སྤྱི་ཚོགས་ཀྱི་མཚན་ཉིད་རིག་པ་གསར་པ》དང་། 《འཛམ་གླིང་ལོ་རྒྱུས་ཀྱི་ཀློག་དེབ》 《ལེགས་སྦྱར་གསུང་རབ་ཀློག་དེབ》 《ཕྱི་རྒྱལ་རྩོམ་རིག་རིག་གཞུང་ལོ་རྒྱུས་ཞིབ་འཇུག་འདུ་འགོད》སོགས་ཚུད་ཡོད།

སྤྱི་ལོ2014ལོའི་ལོ་འཁོར་གྱི་རིགས་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེན་གྱི་ཞིབ་འཇུག་གྲུབ་འབྲས་བསྡོམས་པའི19ཡོད་པ་དེ་དག་གཙོ་བོ་རིགས་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་དོ་ཁུར་བྱེད་པའི་ཐབས་ཇུས་ཀྱི་རིགས་ཡིན་པ་དང་། དེའི་ནང་དུ་ཆེད་རྩོམ་དང་། དཔྱད་རྩོམ། ཆེད་དོན་སྙན་ཞུ་སོགས་ཀྱང་ཚུད་ཡོད།

སྤྱི་ལོ2015ལོའི་ལོ་འཁོར་གྱི་གསར་གཏོད་འདུ་འགོད་ཀྱི་རིག་མཛོད་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཁྲོད། སློབ་གླིང་ཡོངས་ཀྱི་འབྲེལ་ཡོད་རིག་མཛོད་ཀྱིས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དང་། “ལོ་བརྒྱ་གཉིས”ཀྱི་འཐབ་ཇུས་བསམ་བཀོད། “བཅུ་གསུམ་ལྔའི”འཆར་འགོད། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ཀྱི་རིག་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེན་འགའ་ཞིག་ལ་དམིགས་ཏེ་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། གྲབས་གསོག་རང་བཞིན་བཅས་ཀྱི་སྲིད་ཇུས་ལ་ཞིབ་འཇུག་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་ཀྱི་དགོས་མཁོ་དང་། འཐབ་ཇུས་དང་སྤྱི་ཡོངས་ཀྱི་དོན་སྙིང་ལྡན་པ། དངོས་ཡོད་རང་བཞིན་ཆེ་བ་བཅས་ཀྱི་སྤུས་ཚད་མཐོ་བའི་གྲུབ་འབྲས་སྐོར་ཞིག་ལེན་དགོས་པར་གཏན་འཁེལ་བྱས་ཤིང་། གྲུབ་འབྲས18ལེགས་འགྲུབ་བྱུང་པར་མ་ཟད་ཡོངས་བསྒྲགས་ཀྱང་བྱས།  

སྤྱི་ལོ2015ལོའི་ལོ་འཁོར་གྱི་རྨང་གཞིའི་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཁྲོད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་ཀྲུང་གོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞིའི་རིག་ཚན་གྱི་ཞིབ་འཇུག་ཆུ་ཚད་མཚོན་པ་དང་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་ཀྱི་མདུན་གྲལ་མཚོན་པའི་བརྩམས་ཆོས་ཁག་གཅིག་ཡོངས་བསྒྲགས་བྱས།

སྤྱི་ལོ2015ལོའི་ལོ་འཁོར་གྱི་གསར་གཏོད་འདུ་འགོད་ཀྱི་རྨང་གཞིའི་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཁག12ཡོད་ལ། དཔེར་ན《མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་དེང་རབས་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱེད་པ》སོགས་ལྟ་བུའོ།།

3_4 རིག་གཞུང་ཐོན་ཁུངས།

དཔེ་མཛོད་ཁང་གི་ཐོན་ཁུངས།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་དཔེ་མཛོད་ཁང་ནི་རྒྱལ་ཁབ་རིམ་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དཔེ་དེབ་གསང་འཕྲིན་ལས་ཁུངས་ཡིན། སྤྱི་ལོ2016ལོའི་ཟླ12པའི་བར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི180དང་། རྒྱ་ཡིག་གི་དུས་དེབ་རིགས2218ལྷག་དང་། (ཤང་ཀང་དང་ཐའེ་ཝན་གྱི་དུས་དེབ་རིགས89ཚུད་ཡོད)ཕྱི་རྒྱལ་གྱི་ཡི་གེའི་དུས་དེབ་རིགས953གློག་རྡུལ་པར་སྐྲུན་རིགས600ལྷག་ཙམ་ཡོད། དཔྱད་ཡིག་གི་གསོག་འཇོག་དང་བེད་སྤྱོད་ནི་རིག་ཚན་སོ་སོའི་ཞིབ་འཇུག་བྱ་བའི་གཞི་རྩའི་ཆ་རྐྱེན་ཡིན་ལ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་ཕྱོགས་བསྡུས་རང་བཞིན་གྱི་དཔེ་མཛོད་ཁང་བཙུགས་ཡོད་པ་དང་། ཞིབ་འཇུག་ཁང་མང་ཆེ་བར་ཆེད་ལས་རང་བཞིན་གྱི་དཔེ་མཛོད་ཁང་བཙུགས་ཡོད། གནའ་དེང་དང་རྒྱལ་ཕྱི་ནང་གི་ཡིག་ཚང་ཕལ་ཆེ་བ་འདུས་ཡོད། དེའི་ནང་དུ་དཔེ་རིས་རྩ་ཆེན་དང་དཔེ་དེབ་རྩ་ཆེན་འབོར་ཆེན་ཞིག་ཚུད་ཡོད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་དཔེ་མཛོད་ཁང་དང་། ཡིག་ཚང་ཆ་འཕྲིན་ལྟེ་གནས་དང་ཞིབ་འཇུག་ཁང་སོ་སོ་ཡིས། རྒྱལ་ཁབ་ཕྱི་ནང་གི་ཚན་རིག་ཞིབ་འཇུག་ལས་ཁུངས་སོ་སོའི་བར་དཔེ་དེབ་དང་དཔྱད་གཞིའི་ཡིག་རིགས་བརྗེ་རེས་ཀྱི་འབྲེལ་བ་བཙུགས་ཡོད་པར་མ་ཟད། འགུལ་རྣམ་རང་བཞིན་དང་། དཔྱད་གཞིའི་རང་བཞིན་གྱི་དུས་དེབ། ཚད་ལྡན་ཡིག་ཆའི་ཁ་བྱང་གི་ཟིན་ཐོ། དཔྱད་རྩོམ་སོགས་ཆ་འཕྲིན་གྱི་བརྒྱུད་ལམ་སྣ་ཚོགས་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་གི་ལས་དོན་ལ་དཔྱད་གཞི་དང་རིག་གཞུང་གི་ཆ་འཕྲིན་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་ཡོད།

སྤྱི་ལོ2016ལོའི་ཟླ12པའི་བར། ཞིབ་འཇུག་ཁང་དུ《ཀྲུང་གོའི་སྤྱི་ཚོགས་ཚན་རིག》དང་། 《ལོ་རྒྱུས་ཞིབ་འཇུག》 《གནའ་རྫས་རྟོག་ཞིབ》 《མཚན་ཉིད་རིག་པ་ཞིབ་འཇུག》 《དཔལ་འབྱོར་ཞིབ་འཇུག》 《ཁྲིམས་ལུགས་རིག་པའི་ཞིབ་འཇུག》 《རྩོམ་རིག་དཔྱད་གཏམ》 《འཛམ་གླིང་གི་དཔལ་འབྱོར》སོགས་རིག་གཞུང་དུས་དེབ་རིགས90ཙམ་ཡོད། དེ་དག་གིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་དང་རིག་གཞུང་ཆ་འཕྲིན་གཅིག་སྡུད་ངང་མཚོན་ཡོད། རིག་གཞུང་གསུང་རྩོམ་དཔེ་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་དང་། སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་། དཔལ་འབྱོར་དོ་དམ་དཔེ་སྐྲུན་ཁང་བཅས་ཀྱིས་ཀྱང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་གསུང་རྩོམ་འབོར་ཆེན་པར་སྐྲུན་བྱས་ཏེ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་བྱ་གཞག་གོང་འཕེལ་དུ་འགྲོ་བར་བྱས་རྗེས་བཞག་ཡོད།

4 ཤེས་ལྡན་མི་སྣ་གསོ་སྐྱོང་།
4_1 སློབ་གསོ་འཛུགས་སྐྱོང་།

ཕྱོགས་བསྡུས་རང་བཞིན་གྱི་སློབ་ཁུལ་འཛུགས་པ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་ཕྱོགས་བསྡུས་ངང་ཞིབ་འཇུག་སློབ་མའི་སྡེ་ཁག་གཅིག་བཙུགས་ཡོད་པ་དང་། གཅིག་གྱུར་གྱི་སློབ་བསྡུའི་ལས་ཁུངས་དང་བསླབ་གནས་སྤྲོད་པའི་ལས་ཁུངས་ཤིག་ཡིན་པའི་ཆ་ནས་གཅིག་གྱུར་གྱི་སློབ་ཁུལ་ཡང་འཛུགས་སྐྲུན་བྱས་ཡོད།

ཞིབ་འཇུག་ཁང་ལྟར་སྡེ་ཁག་འཛུགས་པ། ཞིབ་འཇུག་སློབ་མའི་སློབ་གླིང་གི་སློབ་ཁྲིད་ཚན་ཁག་གིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་ཁང་ཁག་ལ་བརྟེན་ནས་ཞིབ་འཇུག་སློབ་མའི་སྡེ་ཁག་བཙུགས་ཡོད་ལ། “ཞིབ་འཇུག་ཁང་དང་སྡེ་ཁག་གཅིག་སྒྲིལ”གྱི་སྒྲིག་གཞི་ལག་བསྟར་བྱས་ཏེ། སྡེ་ཁག་གི་ཀྲུའུ་རེན་གྱིས་གླིང་གཙོས་འགན་གཅིག་ལྕོགས་སུ་འཁུར་དགོས། སྡེ་ཁག་གི་མཛུབ་སྟོན་དགེ་རྒན་ཞིབ་འཇུག་ཁང་དེའི་མཐོ་རིམ་གཞོན་པ་ཡན་གྱི་ཞིབ་འཇུག་མི་སྣའི་ཁྲོད་ནས་བདམས་དགོས། སྡེ་ཁག་དང་མཛུབ་སྟོན་དགེ་རྒན་གྱིས་ཞིབ་འཇུག་སློབ་མའི་སྡེ་ཁག་གི་ཆེད་ལས་ཀྱི་རྨང་གཞིའི་སློབ་ཚན་སློབ་ཁྲིད་བྱེད་པའི་འགན་འཁུར་དགོས།

ཁག་དབྱེ་སློབ་ཁྲིད། རིག་ཚན་ལ་གཞིགས་ནས་སློབ་ཁྲིད་སྡེ་ཁག་འགའ་ཞིག་གིས་སློབ་ཁྲིད་ཞིབ་འཇུག་པུའུ་བཙུགས་ནས། རིག་ཚན་ཚོགས་པ་ལྟར་བཙུགས་པའམ་ཡང་ན་ཆེད་ལས་གཅིག་པའི་ཞིབ་འཇུག་སློབ་མ་ཡོངས་ནས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་གྱི་རྨང་གཞིའི་ཤེས་བྱའི་སློབ་ཁྲིད་རྩ་འཛུགས་བྱེད་པའི་འགན་འཁུར་དགོས།

གཅིག་གྱུར་གྱིས་དོ་དམ་བྱས་ཡོད། ཞིབ་འཇུག་སློབ་མའི་སློབ་གླིང་གིས་བསམ་བློ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་ཕྱི་རྒྱལ་གྱི་སྐད་ཡིག་སོགས་སློབ་གསོ་པུའུ་ཡིས་གཏན་འབེབས་བྱས་པའི་ཐུན་མོང་གིས་ངེས་པར་དུ་སློབ་དགོས་པའི་ངེས་སྦྱོང་གི་སློབ་ཁྲིད་ཀྱི་འགན་འཁུར་དགོས་པ་མ་ཟད། སློབ་བསྡུ་དང་། དཔེ་སྟོན། རྒྱབ་ཕྱོགས་ཞབས་འདེགས། ཕྱི་འབྲེལ་ལས་དོན་སོགས་ཀྱི་ལས་ཀར་གཅིག་གྱུར་གྱིས་དོ་དམ་བྱ་དགོས། ངེས་སྦྱོང་དང་། རྨང་གཞིའི་ཆེད་ལས་སློབ་ཚན། འབུམ་རམས་པའི་ཚོད་འཛིན་རང་བཞིན་གྱི་རིག་ཚན་བརྒལ་བའི་ངེས་སྦྱོང་སློབ་ཚན་སོགས་སྤྱིར་བཏང་སློབ་ལོ་དང་པོར་ཞིབ་འཇུག་སློབ་མའི་སློབ་གླིང་དུ་སློབ་སྦྱོང་བྱ་རྒྱུར་བཀོད་སྒྲིག་བྱས་ཡོད། འབུམ་རམས་པ། རིག་གཞུང་རིགས་ཀྱི་རབ་འབྱམས་པ་བཅས་སྡེ་ཁག་གི་ཆེད་ལས་རྨང་གཞིའི་སློབ་ཚན་སྤྱིར་བཏང་སློབ་ལོ་གཉིས་པའི་ཞིབ་འཇུག་སློབ་མའི་སློབ་གླིང་ངམ་ཡང་ན་ཞིབ་འཇུག་ཁང་ཁག་ཏུ་སློབ་སྦྱོང་བྱ་རྒྱུར་བཀོད་སྒྲིག་བྱས་ཡོད། ཆེད་ལས་རབ་འབྱམས་པའི་ཐུན་མོང་སློབ་ཚན་དང་ཆེད་ལས་སློབ་ཚན་སྤྱིར་བཏང་ཞིབ་འཇུག་སློབ་མའི་སློབ་གླིང་དུ་སློབ་སྦྱོང་བྱ་རྒྱུར་བཀོད་སྒྲིག་བྱས་ཡོད།

སློབ་གསོ་པུའུ་ཡི་སྲིད་ཇུས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། སྤྱི་ལོ2017ལོའི་ཞིབ་འཇུག་སློབ་མའི་སློབ་གླིང་གིས་ཉིན་ཧྲིལ་པོའི་ལམ་ལུགས་དང་ཉིན་ཧྲིལ་པོའི་ལམ་ལུགས་མ་ཡིན་པ་གཉིས་སུ་དབྱེ་ནས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་རྒྱུ་དང་། སློབ་བསྡུའི་སྡེ་ཁག་ཡོངས་ནས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མ་མུ་མཐུད་དུ་བསྡུ་རྒྱུ་ཡིན་པ་དང་། ཉིན་ཧྲིལ་པོའི་ལམ་ལུགས་མ་ཡིན་པའི་ཞིབ་འཇུག་སློབ་མ་ལ་ཁྲིམས་ལུགས་དང་སྤྱི་སྤྱོད་དོ་དམ་གྱི་ཕྱོགས་མ་གཏོགས་བསྡུ་བཞིན་མེད།

ཞིབ་འཇུག་སློབ་མའི་སློབ་གླིང་གིས་རིག་གཞུང་རྣམ་པའི་རབ་འབྱམས་པ་དང་ཆེད་ལས་བསླབ་གནས་ཀྱི་རབ་འབྱམས་པ་བསྡུ་རྒྱུ་ཡིན་པ་དང་། ལོ་ལྟར་བསྡུས་པའི་ཞིབ་འཇུག་སློབ་མ་རྣམས་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་སློབ་བསྡུའི་འཆར་གཞིའི་ནང་བཅུག་ནས་སློབ་གཉེར་བརྒྱུད་རིམ་གྱི་སློབ་གསོའི་ཁོངས་སུ་གཏོགས་པར་བྱས་ནས། སློབ་ཚན་གྱི་རྒྱུགས་གཞི་དང་དཔྱད་རྩོམ་དམ་བཅའ་ལེགས་འགྲུབ་བྱུང་རྗེས། མཐར་ཕྱིན་དཔང་ཡིག་དང་བསླབ་གནས་དཔང་ཡིག་སྤྲོད་རྒྱུ་བྱས་ཡོད།

སློབ་ཁྲིད་གྲུབ་འབྲས།

སྤྱི་ལོ2016ལོའི་ཟླ6པའི་བར་དུ། ཞིབ་འཇུག་སློབ་མའི་སློབ་གླིང་གི་ཞིབ་འཇུག་འདོན་བཞིན་པའི་སློབ་མ3100ལྷག་ཙམ་ཡོད་པའི་ནང་དུ་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ས་ཁུལ་གྱི་སློབ་སྦྱོང་བྱེད་མཁན་གྱི་ཞིབ་འཇུག་སློབ་མ52དང་ཕྱི་རྒྱལ་གྱི་སློབ་སྦྱོང་བྱེད་མཁན་ཞིབ་འཇུག་སློབ་མ48ཡོད་པ་དང་། ཁྱོན་བསྡོམས་པས་འབུམ་རམས་པའི་བསླབ་གནས་མི4771སྤྲད་པ་དང་། སློབ་རྒྱུས་སློབ་གསོའི་རབ་འབྱམས་པའི་བསླབ་གནས་མི10053(དེའི་ཁྲོད་དུ་ཆེད་ལས་རབ་འབྱམས་པའི་བསླབ་གནས་བླངས་པའི་མི3891ཡོད) ལ་སྤྲད་ཡོད།

4_2 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2016ལོའི་ཟླ6པའི་བར། ཞིབ་འཇུག་སློབ་མའི་སློབ་གླིང་དུ་འབུམ་རམས་པའི་བསླབ་གནས་རིམ་པ་དང་པོའི་རིག་ཚན15དང་། རབ་འབྱམས་པའི་བསླབ་གནས་ཀྱི་རིམ་པ་དང་པོའི་རིག་ཚན17 འབུམ་རམས་པའི་བསླབ་གནས་རིམ་པ་གཉིས་པའི་རིག་ཚན103(དེའི་ནང་དུ་རང་བདག་གིས་བཙུགས་པའི་འབུམ་རམས་པའི་བསླབ་གནས་རིམ་པ་གཉིས་པའི་རིག་ཚན13ཚུད་ཡོད)རབ་འབྱམས་པའི་བསླབ་གནས་ཀྱི་རིམ་པ་གཉིས་པའི་རིག་ཚན109(དེའི་ནང་དུ་རང་བདག་གིས་བཙུགས་པའི་རབ་འབྱམས་པའི་བསླབ་གནས་རིམ་པ་གཉིས་པའི་རིག་ཚན13ཚུད་ཡོད)བཅས་ཚུད་ཡོད། ཆེད་ལས་བསླབ་གནས་སྤྲོད་ཁུལ7དང་། པེ་ཅིང་གྲོང་ཁྱེར་གྱི་གཙོ་གནད་རིག་ཚན5ཡོད།

རིམ་པ་དང་པོའི་རབ་འབྱམས་པ་གསོ་སྐྱོང་བྱེད་ཡུལ་གྱི་རིག་ཚན་ནི། མཚན་ཉིད་རིག་པ་དང་། གཞུང་ལུགས་དཔལ་འབྱོར་རིག་པ། ཉེར་སྤྱོད་དཔལ་འབྱོར་རིག་པ། བསྡོམས་རྩིས་རིག་པ། ཁྲིམས་ལུགས་རིག་པ། ཆབ་སྲིད་རིག་པ། སྤྱི་ཚོགས་རིག་པ། མི་རིགས་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། ཀྲུང་གོའི་སྐད་ཡིག་རྩོམ་རིག གནའ་རྫས་རྟོག་ཞིབ་རིག་པ། ཀྲུང་གོའི་ལོ་རྒྱུས། འཛམ་གླིང་གི་ལོ་རྒྱུས། བཟོ་ཚོང་དོ་དམ། ཞིང་ནགས་དཔལ་འབྱོར་དོ་དམ། སྤྱི་སྤྱོད་དོ་དམ་བཅས་ཡིན།

རིམ་པ་གཉིས་པའི་རབ་འབྱམས་པ་གསོ་སྐྱོང་བྱེད་ཡུལ་གྱི་རིག་ཚན་ནི། མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་། ཀྲུང་གོའི་མཚན་ཉིད་རིག་པ། ཕྱི་རྒྱལ་གྱི་མཚན་ཉིད་རིག་པ། གཏན་ཚིགས་རིག་པ། མི་ཆོས་རིག་པ། མཛེས་དཔྱོད་རིག་པ། ཆོས་ལུགས་རིག་པ། ཚན་རིག་ལག་རྩལ་གྱི་མཚན་ཉིད་རིག་པ། ཆབ་སྲིད་དཔལ་འབྱོར་རིག་པ། དཔལ་འབྱོར་བསམ་བློའི་ལོ་རྒྱུས། དཔལ་འབྱོར་ལོ་རྒྱུས། ནུབ་ཕྱོགས་ཀྱི་དཔལ་འབྱོར་རིག་པ། འཛམ་གླིང་དཔལ་དབྱོར། མི་འབོར་ཐོན་ཁུངས་དང་ཁོར་ཡུག་དཔལ་འབྱོར་རིག་པ། རྒྱལ་དམངས་དཔལ་འབྱོར་རིག་པ། ས་ཁུལ་དཔལ་འབྱོར་རིག་པ། ནོར་སྲིད་རིག་པ། དངུལ་རྩའི་རིག་པ། ཐོན་ལས་དཔལ་འབྱོར་རིག་པ། རྒྱལ་སྤྱིའི་ཉོ་འཚོང་རིག་པ། ངལ་རྩོལ་དཔལ་འབྱོར་རིག་པ། གྲངས་འབོར་དཔལ་འབྱོར་རིག་པ། རྒྱལ་སྲུང་དཔལ་འབྱོར། བསྡོམས་རྩིས་རིག་པ། ཁྲིམས་ལུགས་རིག་པའི་གཞུང་ལུགས། ཁྲིམས་ལུགས་རིག་པའི་ལོ་རྒྱུས། བཅའ་ཁྲིམས་རིག་པ་དང་སྲིད་འཛིན་ཁྲིམས་ལུགས་རིག་པ། ཉེས་དོན་ཁྲིམས་ལུགས་རིག་པ། གཏུག་བཤེར་ཁྲིམས་ལུགས་རིག་པ། དཔལ་འབྱོར་ཁྲིམས་ལུགས་རིག་པ། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྲིམས་ལུགས་རིག་པ། རྒྱལ་སྤྱིའི་ཁྲིམས་ལུགས་རིག་པ། དམག་དོན་ཁྲིམས་ལུགས་རིག་པ། ཆབ་སྲིད་རིག་པའི་གཞུང་ལུགས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཆབ་སྲིད་ལམ་ལུགས། ཚན་རིག་སྤྱི་ཚོགས་རིང་ལུགས་དང་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་བྱ་འགུལ། ཀྲུང་གུང་ཏང་གི་ལོ་རྒྱུས། རྒྱལ་སྤྱིའི་ཆབ་སྲིད། རྒྱལ་སྤྱིའི་འབྲེལ་བ། ཕྱི་འབྲེལ་རིག་པ། སྤྱི་ཚོགས་རིག་པ། མི་གྲངས་རིག་པ། མིའི་རིགས་རིག་པ། དམངས་སྲོལ་རིག་པ། མི་རིགས་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དང་སྲིད་ཇུས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་གཞུང་ལུགས། མར་ཁེ་སིའི་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཞིབ་འཇུག ཕྱི་རྒྱལ་གྱི་མར་ཁེ་སིའི་རིང་ལུགས་ཞིབ་འཇུག བསམ་བློ་དང་ཆབ་སྲིད་སློབ་གསོ། ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱི་གཞི་རྩའི་གནད་དོན་ཞིབ་འཇུག རིག་རྩལ་རིག་པ། སྐད་བརྡ་རིག་པ་དང་སྐད་ཡིག་རིག་པ། རྒྱ་སྐད་དང་རྒྱའི་ཡི་གེ་རིག་པ། ཀྲུང་གོའི་གནའ་བོའི་རིག་གཞུང་། ཀྲུང་གོའི་གནའ་རབས་རྩོམ་རིག ཀྲུང་གོའི་དེང་རབས་རྩོམ་རིག ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག གཤིབ་བསྡུར་རྩོམ་རིག་དང་འཛམ་གླིང་གི་རྩོམ་རིག དབྱིན་སྐད་ཡིག་རྩོམ་རིག ཨུ་རུ་སུའི་སྐད་ཡིག་རྩོམ་རིག ཧྥ་རན་སིའི་སྐད་ཡིག་རྩོམ་རིག འཇར་མན་གྱི་སྐད་ཡིག་རྩོམ་རིག་དང་། འཇར་པན་གྱི་སྐད་ཡིག་རྩོམ་རིག རྒྱ་གར་གྱི་སྐད་ཡིག་རྩོམ་རིག སི་ཕེན་ཡའི་སྐད་ཡིག་རྩོམ་རིག ཨ་རབ་ཀྱི་སྐད་ཡིག་རྩོམ་རིག ཡོ་རོབ་ཀྱི་སྐད་ཡིག་རྩོམ་རིག ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་སྐད་ཡིག་རྩོམ་རིག ཕྱི་རྒྱལ་གྱི་སྐད་ཡིག་རིག་པ་དང་ཉེར་སྤྱོད་སྐད་བརྡ་རིག་པ། གསར་འགྱུར་རིག་པ། གནའ་རྫས་རྟོག་ཞིབ་རིག་པ་དང་རྟེན་རྫས་བཤམས་མཛོད་ཁང་རིག་པ། ལོ་རྒྱུས་རིག་པའི་གཞུང་ལུགས། ལོ་རྒྱུས་རིག་པའི་ལོ་རྒྱུས། ལོ་རྒྱུས་ས་ཁམས་རིག་པ། ལོ་རྒྱུས་ཡིག་ཚང་རིག་པ། ཆེད་དོན་ལོ་རྒྱུས། ཀྲུང་གོའི་གནའ་བོའི་ལོ་རྒྱུས། ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས། འཛམ་གླིང་ལོ་རྒྱུས། རྩིས་གཉེར་རིག་པ། ཁེ་ལས་དོ་དམ། ཡུལ་སྐོར་དོ་དམ། ལག་རྩལ་དཔལ་འབྱོར་དང་དོ་དམ། ཞིང་ལས་དཔལ་འབྱོར་དོ་དམ། ནགས་ལས་དཔལ་འབྱོར་དོ་དམ། སྲིད་འཛིན་དོ་དམ། སྤྱི་ཚོགས་སྨན་ལས་དང་འཕྲོད་བསྟེན་ལས་རིགས་དོ་དམ། སློབ་གསོ་དཔལ་འབྱོར་དང་དོ་དམ། སྤྱི་ཚོགས་འགན་སྲུང་། ས་ཁུལ་ཐོན་ཁུངས་དོ་དམ། ཁྱབ་སྤེལ་རིག་པ། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་དཔལ་འབྱོར་རིག་པ། (རང་བདག་སྒྲིག་འཛུགས) འཕེལ་རྒྱས་དཔལ་འབྱོར་རིག་པ། (རང་བདག་སྒྲིག་འཛུགས) གྲོང་ཁྱེར་གྱི་དཔལ་འབྱོར་རིག་པ། (རང་བདག་སྒྲིག་འཛུགས) སྨྱན་སྦྱོར་ཆ་འཕྲིན་ཁྲིམས་ལུགས། (རང་བདག་སྒྲིག་འཛུགས) ཤེས་བྱའི་ཐོན་དངོས་བདག་དབང་གི་བཅའ་ཁྲིམས་རིག་པ། (རང་བདག་སྒྲིག་འཛུགས) ཀྲུང་གོའི་དམངས་ཁྲོད་རྩོམ་རིག (རང་བདག་སྒྲིག་འཛུགས)  སྨྱན་སྦྱོར་སྐད་བརྡ་རིག་པ། (རང་བདག་སྒྲིག་འཛུགས) རྩིས་རིག་སྐད་བརྡ་རིག་པ། (རང་བདག་སྒྲིག་འཛུགས) སྐད་ཡིག་ཚད་ལེན་རིག་པ། (རང་བདག་སྒྲིག་འཛུགས) ཀྲུང་གོའི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ། (རང་བདག་སྒྲིག་འཛུགས) ཞ་ཧྲང་ཀྲོའུ་ཡི་གནའ་རྫས་རྟོག་ཞིབ། (རང་བདག་སྒྲིག་འཛུགས)  ཀྲུང་གོའི་དེང་རབས་ལོ་རྒྱུས། (རང་བདག་སྒྲིག་འཛུགས) ཀྲུང་གོའི་མཐའ་མཚམས་ལོ་རྒྱུས་ས་ཁམས། (རང་བདག་སྒྲིག་འཛུགས)

རིམ་པ་དང་པོའི་འབུམ་རམས་པ་གསོ་སྐྱོང་བྱེད་ཡུལ་གྱི་རིག་ཚན་ནི། མཚན་ཉིད་རིག་པ་དང་། གཞུང་ལུགས་དཔལ་འབྱོར་རིག་པ། ཉེར་སྤྱོད་དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། ཆབ་སྲིད་རིག་པ། སྤྱི་ཚོགས་རིག་པ། མི་རིགས་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། ཀྲུང་གོའི་སྐད་ཡིག་རྩོམ་རིག གནའ་དཔྱད་རིག་པ། ཀྲུང་གོའི་ལོ་རྒྱུས། འཛམ་གླིང་གི་ལོ་རྒྱུས། བཟོ་ཚོང་དོ་དམ། ཞིང་ནགས་དཔལ་འབྱོར་དོ་དམ་བཅས་ཡིན།

རིམ་པ་གཉིས་པའི་འབུམ་རམས་པ་གསོ་སྐྱོང་བྱེད་ཡུལ་གྱི་རིག་ཚན་ནི། མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་། ཀྲུང་གོའི་མཚན་ཉིད་རིག་པ། ཕྱི་རྒྱལ་གྱི་མཚན་ཉིད་རིག་པ། གཏན་ཚིགས་རིག་པ། མི་ཆོས་རིག་པ། མཛེས་དཔྱོད་རིག་པ། ཆོས་ལུགས་རིག་པ། ཚན་རིག་ལག་རྩལ་གྱི་མཚན་ཉིད་རིག་པ། ཆབ་སྲིད་དཔལ་འབྱོར་རིག་པ། དཔལ་འབྱོར་བསམ་བློའི་ལོ་རྒྱུས། དཔལ་འབྱོར་ལོ་རྒྱུས། ནུབ་ཕྱོགས་ཀྱི་དཔལ་འབྱོར་རིག་པ། འཛམ་གླིང་དཔལ་དབྱོར། མི་འབོར་ཐོན་ཁུངས་དང་ཁོར་ཡུག་དཔལ་འབྱོར་རིག་པ། རྒྱལ་དམངས་དཔལ་འབྱོར་རིག་པ། ས་ཁུལ་དཔལ་འབྱོར་རིག་པ། ནོར་སྲིད་རིག་པ། དངུལ་རྩའི་རིག་པ། ཐོན་ལས་དཔལ་འབྱོར་རིག་པ། རྒྱལ་སྤྱིའི་ཉོ་འཚོང་རིག་པ། ངལ་རྩོལ་དཔལ་འབྱོར་རིག་པ། གྲངས་འབོར་དཔལ་འབྱོར་རིག་པ། རྒྱལ་སྲུང་དཔལ་འབྱོར། བསྡོམས་རྩིས་རིག་པ། ཁྲིམས་ལུགས་རིག་པའི་གཞུང་ལུགས། ཁྲིམས་ལུགས་རིག་པའི་ལོ་རྒྱུས། བཅའ་ཁྲིམས་རིག་པ་དང་སྲིད་འཛིན་ཁྲིམས་ལུགས་རིག་པ། ཉེས་དོན་ཁྲིམས་ལུགས་རིག་པ། གཏུག་བཤེར་ཁྲིམས་ལུགས་རིག་པ། དཔལ་འབྱོར་ཁྲིམས་ལུགས་རིག་པ། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྲིམས་ལུགས་རིག་པ། རྒྱལ་སྤྱིའི་ཁྲིམས་ལུགས་རིག་པ། དམག་དོན་ཁྲིམས་ལུགས་རིག་པ། ཆབ་སྲིད་རིག་པའི་གཞུང་ལུགས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཆབ་སྲིད་ལམ་ལུགས། ཚན་རིག་སྤྱི་ཚོགས་རིང་ལུགས་དང་རྒྱལ་སྤྱའི་གུང་ཁྲན་རིང་ལུགས་ཀྱི་བྱ་འགུལ། ཀྲུང་གུང་ཏང་གི་ལོ་རྒྱུས། རྒྱལ་སྤྱིའི་ཆབ་སྲིད། རྒྱལ་སྤྱིའི་འབྲེལ་བ། ཕྱི་འབྲེལ་རིག་པ། སྤྱི་ཚོགས་རིག་པ། མི་གྲངས་རིག་པ། མིའི་རིགས་རིག་པ། དམངས་སྲོལ་རིག་པ། མི་རིགས་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དང་སྲིད་ཇུས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་གཞུང་ལུགས། མར་ཁེ་སིའི་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཞིབ་འཇུག ཕྱི་རྒྱལ་གྱི་མར་ཁེ་སིའི་རིང་ལུགས་ཞིབ་འཇུག བསམ་བློ་དང་ཆབ་སྲིད་སློབ་གསོ། ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱི་གཞི་རྩའི་གནད་དོན་ཞིབ་འཇུག རིག་རྩལ་རིག་པ། སྐད་བརྡ་རིག་པ་དང་སྐད་ཡིག་རིག་པ། རྒྱ་སྐད་དང་རྒྱའི་ཡི་གེ་རིག་པ། ཀྲུང་གོའི་གནའ་བོའི་རིག་གཞུང་། ཀྲུང་གོའི་གནའ་རབས་རྩོམ་རིག ཀྲུང་གོའི་དེང་རབས་རྩོམ་རིག ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག གཤིབ་བསྡུར་རྩོམ་རིག་དང་འཛམ་གླིང་གི་རྩོམ་རིག དབྱིན་སྐད་ཡིག་རྩོམ་རིག ཨུ་རུ་སུའི་སྐད་ཡིག་རྩོམ་རིག ཧྥ་རན་སིའི་སྐད་ཡིག་རྩོམ་རིག འཇར་མན་གྱི་སྐད་ཡིག་རྩོམ་རིག་དང་། འཇར་པན་གྱི་སྐད་ཡིག་རྩོམ་རིག རྒྱ་གར་གྱི་སྐད་ཡིག་རྩོམ་རིག སི་ཕེན་ཡའི་སྐད་ཡིག་རྩོམ་རིག ཨ་རབ་ཀྱི་སྐད་ཡིག་རྩོམ་རིག ཡོ་རོབ་ཀྱི་སྐད་ཡིག་རྩོམ་རིག ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་སྐད་ཡིག་རྩོམ་རིག ཕྱི་རྒྱལ་གྱི་སྐད་ཡིག་རིག་པ་དང་ཉེར་སྤྱོད་སྐད་བརྡ་རིག་པ། གསར་འགྱུར་རིག་པ། གནའ་རྫས་རྟོག་ཞིབ་རིག་པ་དང་རྟེན་རྫས་བཤམས་མཛོད་ཁང་རིག་པ། ལོ་རྒྱུས་རིག་པའི་གཞུང་ལུགས། ལོ་རྒྱུས་རིག་པའི་ལོ་རྒྱུས། ལོ་རྒྱུས་ས་ཁམས་རིག་པ། ལོ་རྒྱུས་ཡིག་ཚང་རིག་པ། ཆེད་དོན་ལོ་རྒྱུས། ཀྲུང་གོའི་གནའ་བོའི་ལོ་རྒྱུས། ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས། འཛམ་གླིང་ལོ་རྒྱུས། རྩིས་གཉེར་རིག་པ། ཁེ་ལས་དོ་དམ། ཡུལ་སྐོར་དོ་དམ། ལག་རྩལ་དཔལ་འབྱོར་དང་དོ་དམ། ཞིང་ལས་དཔལ་འབྱོར་དོ་དམ། ནགས་ལས་དཔལ་འབྱོར་དོ་དམ། སྲིད་འཛིན་དོ་དམ། སྤྱི་ཚོགས་སྨན་ལས་དང་འཕྲོད་བསྟེན་ལས་རིགས་དོ་དམ། སློབ་གསོ་དཔལ་འབྱོར་དང་དོ་དམ། སྤྱི་ཚོགས་འགན་སྲུང་། ས་ཁུལ་ཐོན་ཁུངས་དོ་དམ། ཁྱབ་སྤེལ་རིག་པ། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་དཔལ་འབྱོར་རིག་པ། (རང་བདག་སྒྲིག་འཛུགས) འཕེལ་རྒྱས་དཔལ་འབྱོར་རིག་པ། (རང་བདག་སྒྲིག་འཛུགས) གྲོང་ཁྱེར་གྱི་དཔལ་འབྱོར་རིག་པ། (རང་བདག་སྒྲིག་འཛུགས) སྨྱན་སྦྱོར་ཆ་འཕྲིན་ཁྲིམས་ལུགས། (རང་བདག་སྒྲིག་འཛུགས) ཤེས་བྱའི་ཐོན་དངོས་བདག་དབང་གི་བཅའ་ཁྲིམས་རིག་པ། (རང་བདག་སྒྲིག་འཛུགས) ཀྲུང་གོའི་དམངས་ཁྲོད་རྩོམ་རིག (རང་བདག་སྒྲིག་འཛུགས)  སྨྱན་སྦྱོར་སྐད་བརྡ་རིག་པ། (རང་བདག་སྒྲིག་འཛུགས) རྩིས་རིག་སྐད་བརྡ་རིག་པ། (རང་བདག་སྒྲིག་འཛུགས) སྐད་ཡིག་ཚད་ལེན་རིག་པ། (རང་བདག་སྒྲིག་འཛུགས) ཀྲུང་གོའི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ། (རང་བདག་སྒྲིག་འཛུགས) ཞ་ཧྲང་ཀྲོའུ་ཡི་གནའ་རྫས་རྟོག་ཞིབ། (རང་བདག་སྒྲིག་འཛུགས)  ཀྲུང་གོའི་དེང་རབས་ལོ་རྒྱུས། (རང་བདག་སྒྲིག་འཛུགས) ཀྲུང་གོའི་མཐའ་མཚམས་ལོ་རྒྱུས་ས་ཁམས། (རང་བདག་སྒྲིག་འཛུགས)

ཆེད་ལས་བསླབ་གནས་ཀྱི་རབ་འབྱམས་པ་གསོ་སྐྱོང་བྱ་ཡུལ། སྤྱི་སྤྱོད་དོ་དམ། བཟོ་ཚོང་དོ་དམ། སྤྱི་ཚོགས་བྱ་བ། ཁྲིམས་ལུགས། དངུལ་རྩ། ཁྲལ་དོན། རིག་དངོས་དང་རྟེན་རྫས་བཤམས་མཛོད་ཁང་།

པེ་ཅིང་གྲོང་ཁྱེར་གྱི་གཙོ་གནད་རིག་ཚན། མི་འབོར་ཐོན་ཁུངས་དང་ཁོར་ཡུག་དཔལ་འབྱོར་རིག་པ། དམངས་ཚོང་བཅའ་ཁྲིམས་རིག་པ། ཀྲུང་གོའི་མཚན་ཉིད་རིག་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ཞིབ་འཇུག གནའ་རྫས་རྟོག་ཞིབ་རིག་པ། དངོས་མང་བཤམས་སྟོན་ཁང་རིག་པ།

5 མགོ་ཁྲིད་ཚོགས་པ།
5_1 ད་ལྟའི་འགོ་ཁྲིད།

ཞེ་ཕུའུ་ཀྲན། གླིང་གཙོ། ཏང་ཙུའུ་ཧྲུའུ་ཅི། རིག་གཞུང་པུའ་ཡི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི།

ཝང་ཅིན་ཆིན། གླིང་གཙོ་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ།

ཚའེ་ཡན། གླིང་གཙོ་གཞོན་པ། ཏང་ཙུའུ་ཡི་ཁོངས་མི།

ཀའོ་ཞང་། གླིང་གཙོ་གཞོན་པ། ཏང་ཙུའུ་ཡི་ཁོངས་མི།

ཀའོ་ཕེ་ཡུང་། གླིང་གཙོ་གཞོན་པ། ཏང་ཙུའུ་ཡི་ཁོངས་མི།

དབྱང་ཞའོ་ཧྲན། སློབ་གླིང་དུ་བཅའ་སྡོད་བྱེད་པའི་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཏང་ཙུའུ་ཡི་ཁོངས་མི།

ཅང་ཧུའེ། ཏང་ཙུའུ་ཡི་ཁོངས་མི། དེང་རབས་ཀྲུང་གོ་ཞིབ་འཇུག་ཁང་གི་གླིང་གཙོ།

ཀྲའོ་ཆི། དྲུང་ཡིག་ཆེན་མོ། ཏང་ཙུའུ་ཡི་ཁོངས་མི།

5_2 གླིང་གཙོ་རིམ་བྱོན།

ཀུའོ་མོ་རུའོ། སྤྱི་ལོ1949-སྤྱི་ལོ1977ལོའི་བར། ཀྲུང་གོའི་ཚན་རིག་ཁང་གི་གླིང་གཙོ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་བཞེས།

ཀྲེང་ཀྲེན་ཏུའོ། སྤྱི་ལོ1949-སྤྱི་ལོ1954ལོའི་བར། ཀྲུང་གོའི་ཚན་རིག་ཁང་གི་གནའ་རྫས་ཞིབ་འཇུག་ཁང་གི་གླིང་གཙོའི་འགན་བཞེས།

ལུའོ་ཁྲང་ཕེ། སྤྱི་ལོ1949-སྤྱི་ལོ1954ལོའི་བར། ཀྲུང་གོའི་ཚན་རིག་ཁང་གི་སྐད་བརྡ་ཞིབ་འཇུག་ཁང་གི་གླིང་གཙོའི་འགན་བཞེས།

ལུའོ་ཁྲང་ཕེ། སྤྱི་ལོ1949-སྤྱི་ལོ1954ལོའི་བར། ཀྲུང་གོའི་ཚན་རིག་ཁང་གི་སྤྱི་ཚོགས་ཞིབ་འཇུག་ཁང་གི་གླིང་གཙོའི་འགན་བཞེས།།

ཧྥན་ཝུན་ལན།  སྤྱི་ལོ1949-སྤྱི་ལོ1952ལོའི་བར། ཀྲུང་གོའི་ཚན་རིག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་གི་གླིང་གཙོའི་འགན་བཞེས།

ཐའོ་མིན་ཧོ། སྤྱི་ལོ1952-སྤྱི་ལོ1954ལོའི་བར། ཀྲུང་གོའི་ཚན་རིག་ཁང་གི་གླིང་གཙོའི་འགན་བཞེས།

ཧུའུ་ཆའོ་མུའུ། སྤྱི་ལོ1977-སྤྱི་ལོ1982ལོའི་བར། སྐབས་དང་པོའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོའི་འགན་བཞེས།

མཱ་ཧུང་། སྤྱི་ལོ1982-སྤྱི་ལོ1985ལོའི་བར། སྐབས་གཉིས་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོའི་འགན་བཞེས།

ཧུའུ་ཧྲེང་།  སྤྱི་ལོ1985-སྤྱི་ལོ1988ལོའི་བར། སྐབས་གསུམ་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོའི་འགན་བཞེས།

ཧུའུ་ཧྲེང་།  སྤྱི་ལོ1988-སྤྱི་ལོ1993ལོའི་བར། སྐབས་བཞི་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོའི་འགན་བཞེས།

ཧུའུ་ཧྲེང་།  སྤྱི་ལོ1993-སྤྱི་ལོ1998ལོའི་བར། སྐབས་ལྔ་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོའི་འགན་བཞེས།

ལི་ཐིའེ་ཡིང་། སྤྱི་ལོ1998-སྤྱི་ལོ2003ལོའི་བར། སྐབས་དྲུག་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོའི་འགན་བཞེས།

ཁྲེན་ཁུའེ་ཡོན། སྤྱི་ལོ2003-སྤྱི་ལོ2013ལོའི་བར། སྐབས་བདུན་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོའི་འགན་བཞེས།

ཝང་ཝུའེ་ཀོང་། སྤྱི་ལོ2013-སྤྱི་ལོ2018ལོའི་བར། སྐབས་བརྒྱད་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོའི་འགན་བཞེས།

ཞེ་ཧྥུ་ཀྲན། སྤྱི་ལོ2018ནས་ད་ལྟའི་བར། སྐབས་དགུ་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོའི་འགན་བཞེས།

དཔྱད་གཞིའི་ཡིག་ཆ།