རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-12-11 17:05ལ་འགྲུབ།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དོན་གཅོད་གྲོས་མཐུན་ལས་ཁུངས་ཤིག་ཡིན་ཞིང་། སྤྱི་ལོ1986ལོའི་ཟླ5པའི་ཚེས16ཉིན་བཙུགས་པ་དང་། སྐབས་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་ཞེས་འབོད་ཅིང་། སྤྱི་ལོ1993ལོའི་ཟླ12པའི་ཚེས28ཉིན་ནས་བཟུང་མིང་དེ་ད་ལྟའི་མིང་ལ་བསྒྱུར། འགོ་ཁྲིད་ཚོགས་ཆུང་དེ་ད་ལྟ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་བློ་མཐུན་ཧུའུ་ཁྲུན་ཧྭ་ཡིས་འགན་བཞེས་ཡོད་ཅིང་། ཁོངས་མིའི་གྲས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་དང་། སྤྱི་ཁྱབ་ཆབ་སྲིད་པུའུ། འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། སློབ་གསོ་པུའུ། དམངས་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རིག་གནས་པུའུ། འཕྲོད་བསྟེན་པུའུ། མི་འབོར་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། བསྡོམས་རྩིས་ཅུའུ་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国务院扶贫开发领导小组
ཙུའུ་ཀྲང་།
ཧུའུ་ཁྲུན་ཧྭ།
དབྱིན་ཡིག་གི་མིང་།
Leading group of poverty alleviation and development of the State Council
བཙུགས་དུས།
སྤྱི་ལོ1986ལོའི་ཟླ5པའི་ཚེས6ཉིན།
1 རྩ་འཛུགས་ཀྱི་སྒྲིག་གཞི།

ཙུའུ་ཀྲང་།

ཧུའུ་ཁྲུན་ཧྭ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།

ཙུའུ་ཀྲང་གཞོན་པ།

ཀའོ་ཡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ཏང་ཙུའུ་ཡི་ཁོངས་མི།

ལིའུ་ཡུང་ཧྥུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན།

ལི་ཞའོ་ཞིན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་དོན་ཨུ་ཡོན།

ཧན་ཅུན། ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།

ལིན་ཉན་ཞིའུ། རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ཐང་ཁྲེང་ཕེ། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ།

ཧུའུ་ཅིན་ལིན། ནོར་སྲིད་པུའུ་ཡི་འགོ་འཛིན་གཞོན་པ།

ཡུས་ཞིན་རུང་། ཞིང་ལས་དང་གྲོང་གསེབ་པུའུ་ཡི་པུའུ་ཀྲང་གཞོན་པ།

ཕན་ཀུང་ཧྲེང་། ཀྲུང་གོའི་མི་དམངས་དངུལ་ཁང་གི་འགོ་འཛིན་གཞོན་པ།

ཝང་ཅན་ཝུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་གཞོན་པ།

ཁོངས་མི

ཀུའོ་ཝེ་མིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་ལས་དོན་གྲོས་ཚོགས་ཀྱི་ཁོངས་མི།

རན་ཝན་ཞང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ།

ལི་ཡུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ།

ཝང་ཁྲའོ། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ།

སུན་ཡའོ། སློབ་གསོ་པུའུ་ཡི་འགོ་འཛིན་གཞོན་པ།

ཞུས་ནན་ཕིང་།  པུའུ་ཀྲང་གཞོན་པ།

ཧྲི་ཡུས་ཀང་། རྒྱལ་ཁབ་ཅུའུ་ཡི་ཀྲུའུ་རེན་གཞོན་པ།

ཆིའུ་པིན། མི་ཤུགས་ཐོན་ཁུངས་ཅུའུ་ཡི་པུའུ་ཀྲང་གཞོན་པ།

ཀྲང་ཏེ་ལིན། རང་བྱུང་ཐོན་ཁུངས་པུའུ་ཏང་ཙུའུ་ཡི་ཁོངས་མི།

ཀྲའོ་དབྱིན་མིན། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ།

ཉི་ཧུང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གཞོན་པ།

ཏའེ་ཏུང་ཁྲང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གཞོན་པ།

ཝེ་ཧྲན་ཀྲུང་། པུའུ་ཀྲང་གཞོན་པ།

ལི་ཁྲེང་ཀང་། ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས།

ལི་ཅིན་ཞོགས། རིག་གནས་དང་ཡུལ་སྐོར་པུའུ་ཡི་འགོ་འཛིན་གཞོན་པ།

ཝང་ཧོ་ཧྲེང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ཡོན་ཡེ། རྩིས་བཤེར་འགོ་འཛིན་གཞོན་པ།

ཞུས་ཧྥུ་ཧྲུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ཀྲང་ཧུང་སེན། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཀྲང་གཞོན་པ།

ལི་ཞའོ་ཁྲའོ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཀུའོ་ཝེ་གོ  ཞིབ་འཇུག་ཁང་གི་ཏང་ཙུའུ་ཡི་ཁོངས་མི།

ཀྲུའུ་ཧྲོའུ་མེན། ཀྲུང་གོ་དངུལ་ཁང་ཉེན་འགོག་འགན་ལེན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ།

ཀྲང་ཧྲེན་ཧྥུང་། ཀྲུའུ་ཞིའི་ལས་རོགས་ལག་ཁྱེར་སྤྲོད་མཁན།

དབྱིན་ཁྲེང་ཡོན། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ལི་ཁྲུན་ལེང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཙིག་ལེང་གིས། མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ།

ཝང་ཀོན། ཀྲུང་དབྱང་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའའུ་ཡི་པུའུ་ཀྲང་གཞོན་པ།

ཀྲེན་ཀྲུང་དབྱི། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ།

ཧུའུ་ཧོའེ་པང་། གསར་སྤེལ་དངུལ་ཁང་གི་ཏུང་ཧྲི་ཀྲང་།

ཞུའེ་ཀྲི། ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཏུང་ཧྲི་ཀྲང་།

ཀྲའོ་ཧོན། ཞིང་ལས་དངུལ་ཁང་གི་ཧང་ཀྲང་།

ཡན་ཅིན་ཧྭ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།

ཝང་ཧུང་ཡན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།

ཀྲང་ཞའོ་ལན། ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།

ཁྲེང་ཁའེ། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི།

ཞེ་ཅིན་རུང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།

ཧྲུའུ་དབྱིན་པེའོ། ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་།

ལི་ཆིང་ཁུའེ། ཀྲུང་གོའི་ལྷོ་ཕྱོགས་གློག་དྲ་ཚད་ཡོད་འགན་ལེན་ཀུང་སིའི་ཏུང་ཧྲི་ཀྲང་།

ལིའུ་ཡུང་ཧྥུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན།

2 རྨང་གཞིའི་འགན་འཁྲི།

བརྟག་དཔྱད་ཞིབ་འཇུག་སྒྲིག་འཛུགས་དང་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་གསར་སྤེལ་བྱེད་ཕྱོགས་དང་། སྲིད་ཇུས། འཆར་གཞི་བཅས་བཟོ་འགོད་དང་། གསར་སྤེལ་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས་པ་མ་ཟད། ཉམས་མྱོང་སྤེལ་རེས་བྱེད་པར་སྐུལ་འདེད། ཞིབ་བཤེར། ཕྱོགས་བསྡོམས་བཅས་ཀྱི་འགན་འཁུར་དགོས།

1.དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་སྲིད་ཇུས་དང་འཆར་འགོད་ཞིབ་འཇུག་དང་འཆར་འགོད་ལག་བསྟར་སྒྲིག་འཛུགས་བྱེད་པ།

2.སྤྱི་ཚོགས་ལས་རིགས་ཁག་གི་དབུལ་སྐྱོར་ལས་དོན་མཐུན་སྦྱོར་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་དབུལ་སྐྱོར་ལས་དོན་དང་ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་མཐུན་སྦྱོར་དང་སྒྲིག་འཛུགས་བྱས་ནས་ནུབ་རྒྱུད་ས་ཁུལ་དབུལ་པོའི་དབུལ་སྐྱོར་རོགས་ལས་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས།

3.གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་རོགས་སྐྱོར་ཚད་གཞི་བཟོས་ནས་གཏན་འཁེལ་བསམ་འཆར་འདོན་དགོས།

4.དབུལ་སྐྱོར་གསར་སྤེལ་གྱི་གནས་ཚུལ་ལ་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་དབུལ་སྐྱོར་ཁོངས་གཏོགས་ཀྱི་བསྡོམས་རྩིས་ལྟ་ཞིབ་ཚད་ལྡན་ཡིན་མིན་ལ་མཛུབ་ཁྲིད་བྱེད་དགོས།

5.ཀྲུང་དབྱང་གི་དབུལ་སྐྱོར་མ་དངུལ་བགོ་བཤའི་ཇུས་གཞི་མཐུན་སྦྱོར་བཟོས་ནས་དབུལ་སྐྱོར་མ་དངུལ་བེད་སྤྱོད་བྱ་རྒྱུར་མཛུབ་ཁྲིད་དང་། ཞིབ་བཤེར། ལྟ་སྐུལ་བཅས་བྱ་རྒྱུ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་གཙོ་གནད་དབུལ་སྐྱོར་གྱི་ལས་གཞི་ལ་མཛུབ་སྟོན་བྱེད་དགོས།

6.དབུལ་སྐྱོར་གསར་སྤེལ་གྱི་དྲིལ་བསྒྲགས་ལས་དོན་སྒྲིག་འཛུགས་བྱེད་དགོས།

7.འབྲེལ་ཡོད་དབུལ་སྐྱོར་དང་མཉམ་ལས་བྱེད་པར་འགན་འཁུར་དགོས།

8.རྒྱལ་ཡོངས་ཀྱི་དབུལ་པོའི་ས་ཆའི་དབུལ་སྐྱོར་གསར་སྤེལ་གསོ་སྦྱོང་ལས་དོན་དོན་འཁྱོལ་ཡོང་བྱེད་དགོས།

9.རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གིས་སྤྲད་པའི་བྱ་བ་གཞན་དག་སྒྲུབ་དགོས།

འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ས་གནས(གྲོང་ཁྱེར)དང་རྫོང་རིམ་པའི་སྲིད་གཞུང་བཅས་ཀྱིས་ཀྱང་དེ་མཚུངས་ཀྱི་རྩ་འཛུགས་སྒྲིག་གཞི་བཙུགས་ནས་ས་གནས་དེ་གའི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་འགན་འཁུར་དགོས་པ་མ་ཟད། ཀྲུང་གོའི་དབུལ་སྐྱོར་གསར་སྤེལ་ཐད་རིམ་དབྱེ་འགན་འཁུར་དང་ཞིང་ཆེན་གཙོ་བོར་བྱེད་པའི་སྲིད་འཛིན་འགོ་ཁྲིད་ཀྱི་དབུལ་སྐྱོར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་ཡང་བྱེད་དགོས། ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་ཁག ལྷག་པར་དུ་དབུལ་ཕོངས་ཀྱི་གཞི་ཁྱོན་ཅུང་ཆེ་བའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཚང་མས་དབུལ་སྐྱོར་གསར་སྤེལ་བྱ་རྒྱུ་དེ་གྲོས་རིམ་གལ་ཆེན་ནང་དུ་བཅུག་སྟེ། རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་འཆར་གཞི་ལྟར་ས་ཁུལ་དེ་གའི་འཆར་གཞི་བཟོ་འགོད་དང་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་འཚོལ་དགོས།

ཀྲུང་དབྱང་གིས་དབུལ་སྐྱོར་མ་དངུལ་ཁག་ལོ་རེའི་ལོ་འགོར་ཐེངས་གཅིག་ལ་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་བཅས་སུ་བཏང་ནས་དབུལ་ཐར་བྱེད་པར་ལག་བསྟར་བྱེད་པ་དང་། ཞིང་ཆེན་དུ་དབུལ་སྐྱོར་མ་དངུལ་ཚང་མ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་ཐོག་བཀོད་སྒྲིག་དང་བེད་སྤྱོད་བྱ་རྒྱུ་མ་ཟད། འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་གཞིའི་བྱ་བ་ལག་བསྟར་བྱེད་དགོས།

ཚང་འཛོམས་གྲོས་ཚོགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་སྤྱི་ལོ2015ལོའི་ཟླ7པའི་ཚེས25ཉིན་གྱི་སྔ་དྲོ་འཚོགས་པ་དང་། སྐབས་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གིས་ཚོགས་འདུའི་ཐོག དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་བྱ་བའི་བླང་བྱ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐལ་སྐྱོད་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་པ་དང་། དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་དམིགས་ནས་རྒྱུན་སྲོལ་ལས་འདས་པའི་སྲིད་ཇུས་དང་བྱ་ཐབས་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ས་ཁུལ་དབུལ་པོ་དང་དཀའ་ངལ་ཡོད་པའི་མང་ཚོགས་གཅིག་ཀྱང་རྗེས་ལུས་གཏན་ནས་མི་ཐེབས་པ་བྱེད་དགོས།

ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དབུལ་སྐྱོར་ལག་ལེན་གྱི་ཐོག་ནས་གཞི་རྩའི་ཐབས་ཇུས་ནི་ཡང་དག་པ་དང་ལག་བསྟར་བྱེད་ཐུབ་པ་ཞིག་ཡིན་པས་རྒྱུན་ཆད་མེད་པར་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་ཡིག་ཚགས་དང་བྱང་བུ་ཅན་གྱི་དབུལ་སྐྱོར་ཁྱིམ་ཚང་དག་དབུལ་སྒྲོལ་ཡོང་བ་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།