ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྡོམས་རྩིས་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-11-21 17:43ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྡོམས་རྩིས་ཅུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྡོམས་རྩིས་ཅུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ནི་སྤྱི་ལོ1952ཟླ8པར་བཙུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་དགོས་མཁོ་དང་བསྟུན་ཆེད་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་བཙུགས་པ་ཡིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན་ཞིང་། རྒྱལ་ཡོངས་ཀྱི་བསྡོམས་རྩིས་དང་རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་བྱ་བར་འགོ་ཁྲིད་བྱེད་བཞིན་ཡོད་ཅིང་། བསྡོམས་རྩིས་བྱ་བའི་ཁྲིམས་སྲོལ་དང་། བསྡོམས་རྩིས་བསྒྱུར་བཅོས་དང་བསྡོམས་རྩིས་དེང་རབས་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་འཆར་འགོད་དང་དེ་བཞིན་དུ་རྒྱལ་ཁབ་ཀྱི་བསྡོམས་རྩིས་བརྟག་དཔྱད་འཆར་གཞི་བཟོ་འགོད། ས་ཁུལ་ཁག་དང་སྡེ་ཁག་ཁག་གི་བསྡོམས་རྩིས་དང་རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་བྱ་བར་འགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། བསྡོམས་རྩིས་བཅའ་ཁྲིམས་དང་མཐུན་པར་ཁྲིམས་སྲོལ་ལག་བསྟར་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家统计局
དྲྭ་ཚིགས།
http://www.stats.gov.cn/


1 སྒྲིག་གཞིའི་འགན་འཁྲི།

(གཅིག) བསྡོམས་རྩིས་བྱ་བའི་ཁྲིམས་སྲོལ་དང་། བསྡོམས་རྩིས་བསྒྱུར་བཅོས། དེང་རབས་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་གྱི་འཆར་འགོད་དང་དེ་བཞིན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བརྟག་དཔྱད་ཀྱི་འཆར་གཞི་བཟོ་འགོད། ས་ཁུལ་ཁག་དང་སྡེ་ཁག་ཁག་གི་བསྡོམས་རྩིས་དང་རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་བྱ་བར་འགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར། བསྡོམས་རྩིས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།

(གཉིས) རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་མ་ལག་དང་བསྡོམས་རྩིས་ལམ་ལུགས་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཡོངས་གཅིག་གྱུར་གྱི་གཞི་རྩའི་བསྡོམས་རྩིས་ལམ་ལུགས་བཟོས་ཏེ། རྒྱལ་ཁབ་ཀྱི་བསྡོམས་རྩིས་ཚད་གཞི་གཏན་འབེབས་དང་སྡེ་ཁག་གི་བསྡོམས་རྩིས་ཚད་གཞི་ཞིབ་བཤེར་གཏན་འབེབས། རྒྱལ་ཡོངས་ཀྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་སྒྲིག་འཛུགས་དང་དོ་དམ་བྱ་རྒྱུ་བཅས་ལ་ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་བསྡོམས་རྩིས་བརྟག་དཔྱད་འཆར་གཞི་འགོད་དགོས།   

(གསུམ) རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པའི་འཆར་གཞི་བརྒྱུད་དེ། ཆོག་མཆན་ཐོབ་རྗེས་ལག་བསྟར་སྒྲིག་འཛུགས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཁག་སོ་སོའི་སྤྱི་ཚོགས་དཔལ་འབྱོར་ལ་བརྟག་དཔྱད་བྱ་རྒྱུ་གཅིག་གྱུར་གྱིས་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་གཞི་རྩའི་བསྡོམས་རྩིས་དཔྱད་གཞིའི་ཡིག་རིགས་ཕྱོགས་བསྡུས་དང་ལེགས་སྒྲིག རྒྱལ་དམངས་དཔལ་འབྱོར་དང་། ཚན་རྩལ་ཡར་ཐོན། སྤྱི་ཚོགས་གོང་འཕེལ་སོགས་ཀྱི་གནས་ཚུལ་ལ་བསྡོམས་རྩིས་དབྱེ་ཞིབ་དང་ལྟ་སྐུལ་བཅས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་བསྡོམས་རྩིས་ཆ་འཕྲིན་དང་གྲོས་འཆར་འདོན་དགོས།

(བཞི) རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་གཞི་རྩའི་བསྡོམས་རྩིས་དཔྱད་ཡིག་གཅིག་གྱུར་གྱིས་ཞིབ་བཤེར་གཏན་འབེབས་དང་། དོ་དམ། ཁྱབ་བསྒྲགས་བཅས་བྱས་ཏེ། དུས་བཀག་ལྟར་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་རྒྱལ་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་གནས་ཚུལ་གྱི་བསྡོམས་རྩིས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས།                                             

(ལྔ) རྒྱལ་ཁབ་ཀྱི་བསྡོམས་རྩིས་ཆ་འཕྲིན་རང་འགུལ་ཅན་དང་རྒྱལ་ཁབ་ཀྱི་བསྡོམས་རྩིས་གཞི་གྲངས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་བསྡོམས་རྩིས་གྲངས་གཞི་ལ་དྲ་རྒྱའི་གཞི་རྩའི་ཚད་གཞི་བཟོ་དགོས།

(དྲུག) རྫོང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་སྡེ་ཁག་གི་བསྡོམས་རྩིས་བྱ་བར་གྲོན་དངུལ་བཏང་སྟེ་གཅིག་གྱུར་གྱིས་དོ་དམ་དང་། ས་གནས་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་བསྡོམས་རྩིས་ཅུའུ་ཡི་འགོ་ཁྲིད་དང་འགོ་ཁྲིད་གཞོན་པ་བཅས་ལ་རོགས་རམ་བྱེད་དགོས། རྒྱལ་ཡོངས་ཀྱི་བསྡོམས་རྩིས་ཆེད་ལས་ཐོབ་ཐང་རྒྱུགས་ལེན་དང་གོ་གནས་ལ་དཔྱད་བསྡུར་བྱེད་དགོས།

(བདུན) ས་གནས་ཁག་ཏུ་བཙུགས་པའི་ཐད་གཏོགས་བརྟག་དཔྱད་ལས་ཁུངས་ལ་འགོ་ཁྲིད་དང་ཐད་གཏོགས་སྡེ་ཚན་ཁག་གི་བྱ་བར་སློབ་སྟོན་བྱེད་དགོས།

(བརྒྱད) རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་བསྒྲུབ་པར་འགན་འཁུར་དགོས།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་འགན་ནུས་སི11བཙུགས་པ་དང་དེའི་ནང་གཞུང་དོན་ཐིང་དང་། སྲིད་ཇུས་ཁྲིམས་སྲོལ་སིའུ། བསྡོམས་རྩིས་ཇུས་འགོད་དོ་དམ་སིའུ། རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་བསྡོམས་རྩིས་སིའུ། རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་སིའུ། བཟོ་ལས་འགྲིམ་འགྲུལ་བསྡོམས་རྩིས་སིའུ། གཏན་འཇགས་རྒྱུ་ནོར་བསྡོམས་རྩིས་སིའུ། ཉོ་ཚོང་བསྡོམས་རྩིས་སིའུ། མི་འབོར་དང་སྤྱི་ཚོགས་ཚན་རྩལ་སིའུ། མི་དོན་སིའུ། ནོར་དོན་སིའུ་བཅས་ཡོད།

2 ད་ལྟའི་འགོ་ཁྲིད།
རུས་མིང་།
ད་ལྟའི་ལས་གནས། སྔོན་བཞེས་ལས་གནས།
ཉིང་ཅི་ཀྲེ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན།
ཤན་ཙུའུ་ཏེ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཏང་ཙུའུ་ཡི་ཁོངས་མི་དང་ཅུའུ་ཀྲང་གཞོན་པ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན།
ལི་ཞའོ་ཁྲའོ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཏང་ཙུའུ་ཡི་ཁོངས་མི་དང་ཅུའུ་ཀྲང་གཞོན་པ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན། 
མའོ་ཡིའུ་ཧྥེང་།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཏང་ཙུའུ་ཡི་ཁོངས་མི་ཅུའུ་ཀྲང་གཞོན་པ།

རྒྱལ་ཡོངས་ཀྱི་ཉེར་སྤྱོད་ཆེད་ལས་སློབ་གནས་ཞིབ་འཇུག་སློབ་མའི་སློབ་གསོ་སློབ་སྟོན་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཀྲུའུ་རེན་ཨུ་ཡོན་གཞོན་པ།
ཧྲིན་ལེའུ་ཡོན།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཏང་ཙུའུ་ཡི་ཁོངས་མི་ཅུའུ་ཀྲང་གཞོན་པ།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན།
ཀའོ་ཅན་ཧྭ།   རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཏང་ཙུའུ་ཡི་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་དང་ཏང་ཙུའུ་ཡི་ཁོངས་མི།  ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའི་ནོར་སྲིད་པུའུ་རུ་བཅའ་སྡོད་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་ལྟ་ཞིབ་ཅུའུ་ཡི་ཅུའུ་ཀྲང་།
3 ​ཅུའུ་ཀྲང་རིམ་བྱོན།

ཞུའེ་མུའུ་ཆའོ། (སྤྱི་ལོ1952ལོའི་ཟླ8པ་ནས་སྤྱི་ལོ1958ལོའི་ཟླ11པའི་བར)

ཅ་ཆི་ཡོན། (སྤྱི་ལོ1958ལོའི་ཟླ11པ་ནས་སྤྱི་ལོ1961ལོའི་ཟླ6པའི་བར)

ཝང་སི་ཧྭ། (སྤྱི་ལོ1961ལོའི་ཟླ6པ་ནས་སྤྱི་ལོ1969ལོའི་ཟླ12པའི་བར)

ཁྲེན་ཞན། (ལང་ལོའི་ཟླ་9པ་ནས་སྤྱི་ལོ1978ལོའི་ཟླ12པའི་བར་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་བསྡོམས་རྩིས་ཅུའུ་ཡི་འགོ་འཛིན་གྱི་འགན་བཞེས། སྤྱི་ལོ1978ལོའི་ཟླ12པ་ནས་སྤྱི་ལོ1981ལོའི་ཟླ10པའི་བར་ཅུའུ་ཀྲང་གི་འགན་བཞེས)

ལི་ཁྲེང་རུའེ། (སྤྱི་ལོ1981ལོའི་ཟླ10པ་ནས་སྤྱི་ལོ1984ལོའི་ཟླ5པའི་བར)

ཀྲང་སའེ། (སྤྱི་ལོ1984ལོའི་ཟླ5པ་ནས་སྤྱི་ལོ1997ལོའི་ཟླ2པའི་བར)

ལིའུ་ཧུང་། (སྤྱི་ལོ1997ལོའི་ཟླ2པ་ནས་སྤྱི་ལོ2000ལོའི་ཟླ6པའི་བར)

ལེའུ་ཏིག་ཧྲོའུ། (སྤྱི་ལོ2003ལོའི་ཟླ3པ་ནས་སྤྱི་ལོ2006ལོའི་ཟླ3པའི་བར)

ཆིའུ་ཞའོ་ཧྭ། (སྤྱི་ལོ2006ལོའི་ཟླ3པ་ནས་སྤྱི་ལོ2006ལོའི་ཟླ10པའི་བར)

ཞེ་ཧྥུ་ཀྲན།(སྤྱི་ལོ2006ལོའི་ཟླ10པ་ནས་སྤྱི་ལོ2008ལོའི་ཟླ9པའི་བར)

མ་ཅན་ཐང་། (སྤྱི་ལོ2008ལོའི་ཟླ9པ་ནས་སྤྱི་ལོ2015ལོའི་ཟླ4པའི་བར)

ཝང་པའོ་ཨན། (སྤྱི་ལོ2015ལོའི་ཟླ་4པ་ནས་སྤྱི་ལོ2016ལོའི་ཟླ1བར)

ཉིང་ཅི་ཀྲེ། (སྤྱི་ལོ2016ལོའི་ཟླ2པ་ནས12པའི་བར)

དཔྱད་གཞིའི་ཡིག་ཆ།