འཆི་མེད་གཡུལ་རྒྱལ་རིལ་དཀར།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-01-02 09:12ལ་འགྲུབ།

འཆི་མེད་གཡུལ་རྒྱལ་རིལ་དཀར།

སྨན་འདི་ཁ་དོག་སྔོ་སྐྱ་ཅན། རོ་ལན་ཚ་བ་དང་། ནུས་པ་དྲོད་པ། བཟི་མེད་པའི་སྨན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
གསོ་རིག
རིགས་དབྱེ།
སྨན་རྫས།
རྣམ་པ།
རིལ་བུ།
1 ​སྡེབ་ཁ།

བུལ་ཏོག50 སྒ་སྐྱ40 ཅོང་ཞི10 ཟེ་ཚྭ50 ཡ་བཀྵ30 ལན་ཚྭ30 མ་ནུ20 སརྫི་ཀ50 རྡོ་ཞོ30བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་ནས་མཛོ་འོས་ཁེ1རེ་ཅན་གྱི་རིལ་བུ་བཟོས་ནས་རྟེན་འབྲེལ་སྙིང་བོས་རབ་གནས་བྱས་པས་གྲུབ།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སྔོ་སྐྱ་ཅན། རོ་ལན་ཚ་བ་དང་། ནུས་པ་དྲོད་པ། བཟི་མེད་པའི་སྨན་ཞིག་ཡིན།

4 ཕན་ཡོན།

སྨན་འདིའི་ཕན་ཡོན་ནི། མ་ཞུ་ཀུན་དང་བད་ཀན་མཐའ་དག་སེལ༎ དམུ་འོར་སྐྱ་རྦབ་གསོ་ཞིང་སྐྲན་རྣམས་འཇུ༎ མགུལ་འགགས་ལྷེན་དང་ལྕགས་དྲེག་མེ་ཉམས་གསོ༎ དེས་ན་ཁོང་ནད་ཀུན་ལས་རྣམ་པར་རྒྱལ༎ ཞེས་གསུངས་སོ༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་ཁེ1(རིལ་བུ1)རེ། ཉིན་རེར་ཐེངས2-3རེ་ཆང་ངམ་ཆུ་ཁོལ་གྱིས་ཕུལ་དགོས།

6 བཟོ་དབྱིབས་དང་ཉར་ཐབས།

སྨན་འདི་ནི་རིལ་བུའི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།