འཆི་མེད་བཅད་འབྱོར།སྔ་མའི་པར་གཞི་དེ བླ་མ་གཡང་སངས། ནས 2020-01-02 09:12ལ་འགྲུབ།
ཅོང་ཞི50 གངས་ཐིག40 བྲག་ཞུན30 སྦལ་རྒྱབ30 མདུང་རྩེ30 ཨ་ཝ30ཀ་ར་བཅས་སྦྱོར་དགོས།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའམ་ཁེ1རེ་ཅན་གྱི་རིལ་བུ་བཟོས་པས་གྲུབ།
སྨན་འདི་ཁ་དོག་སྐྱ་བོ་ཅན། ནུས་པ་སྙོམས་པ། བཟི་མེད་པའི་སྨན་ཞིག་ཡིན།
སྨན་འདིའི་ཕན་ཡོན་ནི། ཁོང་དུ་བཏང་བས་མེ་གཏར་ཆིངས་དང་ནི༎ གྲས་འདྲུད་མི་དགོས་རྩ་མཐུད་ཞོམ་པ་འདེགས༎ གས་པ་སྦྱོར་ཞིང་ཆུ་རྒྱུས་འཁུམས་པ་རྐྱོང་༎ ཆག་པ་སྒྲིག་ཅིང་རུས་འཛེར་གྱེན་དུ་འབུད༎ རྨ་རྩིའི་གདམས་པ་འཆི་མེད་བཅད་འབྱོར་ཡིན༎ ཞེས་གསུངས་སོ༎
ཕྱེ་རིལ་གང་ཡང་རུང་བའི་སྨན་འདི་ཐེངས་རེར་ཁེ1(རིལ་བུ1)རེ། ཉིན་རེར་ཐེངས2-3རེ་གར་ཆང་གི་རྟ་ལ་སྐྱོན་ནས་ཕུལ་དགོས།
སྨན་འདི་ནི་རིལ་བུའམ་ཕྱེ་མ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུག་ནས་རླན་ལ་འཛེམ་དགོས།