ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་རིག་གནས་ཐོན་དབང་ཅུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-11-29 11:15ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་རིག་གནས་ཐོན་དབང་ཅུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་རིག་གནས་ཐོན་དབང་ཅུས།
རྒྱལ་ཁབ་རིག་གནས་ཐོན་དབང་ཅུས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་པུའུ་ཨུ་ཡིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་དང་། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དོ་དམ་བྱས་ཡོད་པའི་པུའུ་རིམ་གཞོན་པའི་ལས་ཁུངས་ཤིག་ཡིན། གཙོ་བོ་རིག་གནས་བདག་དབང་སྲུང་སྐྱོབ་ཀྱི་བྱ་བར་འགན་འཁུར་རྒྱུ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོབ་ཀྱི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་པ། ཚོང་རྟགས་དང་། ཆེད་ཁེ། ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས་ཐོ་འགོད་དང་སྲིད་འཛིན་ཐག་གཅོད་ཀྱི་འགན་འཁུར་དགོས་པ་དང་། ཚོང་རྟགས་དང་ཆེད་ཁེ་བཅས་ཀྱི་ཁྲིམས་མཐུན་གྱི་བྱ་བར་མཛུབ་ཁྲིད་གནང་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家知识产权局
ཕྱི་ཡིག་གི་མིང་།
NATIONAL INTELLECTUAL PROPERTY ADMINISTRATION ,PRC
ད་ལྟའི་ཅུས་ཀྲང་།
ཧྲེན་ཁྲང་ཡུས།
གཞུང་ཕྱོགས་དྲ་བ།
http://www.sipo.gov.cn/
ས་གནས།
པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཁུལ་ཅི་མོན་ཟམ་པའི་ནུབ་ཀྱི་ཐུའུ་ཁྲེང་ལམ་ཨང་རྟགས6པར་ཡོད།
1 ​འགན་ནུས་གཙོ་བོ།

རྒྱལ་ཁབ་རིག་གནས་ཐོན་དབང་ཅུས་ཀྱིས་རིག་གནས་ཐོན་དབང་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། འགན་འཁྲི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཏང་གིས་ཤེས་བྱའི་བདག་དབང་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས།

(གཅིག) རྒྱལ་ཁབ་ཀྱི་རིག་གནས་ཐོན་དབང་གི་འཐབ་ཇུས་འཆར་འགོད་གཏན་འབེབས་བྱས་ནས་རྩ་འཛུགས་ལག་བསྟར་དུ་འདེབས་པའི་འགན་འཁུར་དགོས།  རིག་གནས་ཐོན་དབང་གི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གལ་ཆེའི་བྱེད་ཕྱོགས་སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཆར་གཞི་བཟོ་དགོས། རིག་གནས་ཐོན་དབང་གསར་གཏོད་དང་སྲུང་སྐྱོབ། འཁོར་སྐྱོད་བཅས་ཀྱི་དོ་དམ་སྲིད་ཇུས་དང་ལམ་ལུགས་ཀྱི་ཕྱོགས་སུ་ཤུགས་སྣོན་རྒྱག་རྒྱུ་གཏན་འབེབས་དང་ལག་བསྟར་དུ་འདེབས་དགོས།

(གཉིས།) རིག་གནས་ཐོན་དབང་ལ་སྲུང་སྐྱོབ་བྱེད་པའི་འགན་འཁུར་དགོས་པ་དང་། ཚོང་རྟགས་དང་། ཆེད་ཁེ། ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས། དཔེ་རིས་ཇུས་འགོད་སོགས་ཤེས་བྱའི་ཐོན་དབང་ལམ་ལུགས་ལ་གཟབ་ནན་ངང་སྲུང་སྐྱོབ་བྱས་ནས་རྩ་འཛུགས་ལག་བསྟར་དུ་འདེབས་དགོས། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་པ་དང་སྡེ་ཁག་གི་སྒྲིག་ལམ་བཟོ་རྒྱུ་རྩ་འཛུགས་བྱས་ནས་ལག་བསྟར་དུ་འདེབས་པར་ལྟ་སྐུལ་བྱེད་དགོས། ཁྱབ་ཁོངས་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པའི་གསར་གཏོད་སོགས་ཀྱི་རིག་གནས་ཐོན་དབང་སྲུང་སྐྱོབ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་སྲིད་ཇུས་ལ་ཞིབ་འཇུག་དང་སྐུལ་ལྕགས་བྱ་དགོས། རིག་གནས་ཐོན་དབང་གི་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་གྱི་ཇུས་གཞི་འདོན་པ་དང་རྩ་འཛུགས་ལག་བསྟར་དུ་འདེབས་པ། རིག་གནས་ཐོན་དབང་གི་སྲུང་སྐྱོབ་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཚོང་རྟགས་དང་ཆེད་ཁེའི་ཁྲིམས་འཛིན་གྱི་བྱ་བར་མཛུབ་ཁྲིད་བྱ་རྒྱུའི་འགན་འཁུར་དགོས་པ་དང་། ས་གནས་ཀྱི་རིག་གནས་ཐོན་དབང་གི་རྩོད་གཞི་ཐག་གཅོད་དང་། རིག་གནས་ཐོན་དབང་སྲུང་སྐྱོབ། རྩོད་གཞི་འདུམ་བསྒྲིགས་ཐག་གཅོད་བཅས་ཀྱི་བྱ་བར་མཛུབ་ཁྲིད་བྱ་རྒྱུའི་འགན་འཁུར་དགོས།

(གསུམ) རིག་གནས་ཐོན་དབང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བྱེད་པའི་འགན་འཁུར་དགོས། རིག་གནས་ཐོན་དབང་བེད་སྤྱོད་དང་ཉོ་འཚོང་ཚད་ལྡན་དུ་གཏོང་བའི་སྲིད་ཇུས་གཏན་འབེབས་བྱས་ནས་རིག་གནས་ཐོན་དབང་སྤོ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། རིག་གནས་ཐོན་དབང་གི་གཟུགས་མེད་རྒྱུ་ནོར་དཔྱད་དཔོག་གི་ལས་ཀ་ཚད་ལྡན་དུ་གཏོང་དགོས། ཆེད་ཁེའི་བཙན་ཤེད་ཆོག་མཆན་སྐོར་གྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་དགོས། རིག་གནས་ཐོན་དབང་གི་མཚམས་སྦྱོར་ཞབས་ཞུ་འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་གྱི་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱ་དགོས།

(བཞི) རིག་གནས་ཐོན་དབང་གི་ཞིབ་བཤེར་ཐོ་འགོད་དང་སྲིད་འཛིན་ཐག་གཅོད་བྱེད་པའི་འགན་འཁུར་དགོས། ཚོང་རྟགས་ཐོ་འགོད་དང་། ཆེད་ཁེ་ཞིབ་བཤེར། དཔེ་རིས་ཇུས་འགོད་ཐོ་འགོད་བྱེད་པ་དང་། ཚོང་རྟགས། ཆེད་ཁེ། དཔེ་རིས་ཇུས་འགོད་ལ་བསྐྱར་ཞིབ་བྱས་ནས་རྩིས་མེད་དུ་གཏོང་བ་སོགས་སྲིད་འཛིན་ཐག་གཅོད་བྱེད་པའི་འགན་འཁུར་དགོས། ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས་གཅིག་གྱུར་གྱིས་ངོས་འཛིན་བྱེད་པའི་ལམ་ལུགས་བཟོས་ནས་རྩ་འཛུགས་ལག་བསྟར་དུ་འདེབས་པའི་འགན་འཁུར་དགོས།

(ལྔ) རིག་གནས་ཐོན་དབང་གི་སྤྱི་སྤྱོད་ཞབས་ཞུའི་མ་ལག་འཛུགས་པའི་འགན་འཁུར་དགོས་པ་དང་། ཁེ་ལས་ལ་སྟབས་བདེ་དང་མང་ཚོགས་ལ་ཕན་ཁེ་ལྡན་པའི་ཕན་ཚུན་སྦྲེལ་མཐུད་ཀྱི་རྒྱལ་ཡོངས་རིག་གནས་ཐོན་དབང་ཆ་འཕྲིན་གྱི་སྤྱི་སྤྱོད་ཞབས་ཞུའི་འཕྲིན་སྟེགས་འཛུགས་སྐྲུན་དང་། ཚོང་རྟགས་དང་ཆེད་ཁེ་སོགས་རིག་གནས་ཐོན་དབང་གི་ཆ་འཕྲིན་ཁྱབ་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

(དྲུག) ཕྱི་ཕྱོགས་དང་འབྲེལ་བའི་རིག་གནས་ཐོན་དབང་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་དགོས། རིག་གནས་ཐོན་དབང་གི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བྱ་བའི་སྲིད་ཇུས་གཏན་འབེབས་བྱས་ཏེ། ལས་བགོས་ལྟར་ཕྱི་ཕྱོགས་ཀྱི་རིག་གནས་ཐོན་དབང་སྐོར་ལ་གྲོས་མོལ་བྱ་དགོས། རིག་གནས་ཐོན་དབང་གི་བྱ་བའི་སྐོར་གྱི་རྒྱལ་སྤྱིའི་འབྲེལ་གཏུག་དང་མཉམ་ལས་འབྲེལ་འདྲིས་བཅས་རྒྱ་བསྐྱེད་ནས་སྤེལ་དགོས།

(བདུན) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས།

(བརྒྱད) འགན་ནུས་གཞན་བསྒྱུར།

1. གོམ་གང་མདུན་བསྐྱོད་ཀྱིས་ཐོན་ཁུངས་བསྡུ་སྒྲིལ་དང་བརྒྱུད་རིམ་སྔར་བས་ཇེ་ལེགས་སུ་གཏོང་པ། ཆ་འཕྲིན་ཅན་གྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱེད་པ། རིག་གནས་བདག་དབང་ཐོ་འགོད་ཀྱི་དུས་ཚོད་ཇེ་ཐུང་དུ་གཏོང་པ། ཞབས་ཞུ་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་དང་། ཞིབ་བཤེར་གྱི་སྤུས་ཚད་དང་ལས་ཕྱོད་མཐོར་འདེགས་བྱེད་དགོས།

2. གོམ་གང་མདུན་བསྐྱོད་ཀྱིས་རིག་གནས་ཐོན་དབང་གི་ཞབས་ཞུའི་ལས་རིགས་སུ་ཞུགས་པའི་ཆ་རྐྱེན་སྔར་བས་ཇེ་ལྷོད་དུ་གཏོང་པ་དང་། ཆེད་ཁེའི་ལས་ཚབ་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བ། ཆེད་ཁེའི་ལས་ཚབ་ལས་ཁུངས་ཀྱི་མ་རྐང་འཇོག་མཁན་དང་མཉམ་གཉེར་མི་སྣའི་ཆ་རྐྱེན་ཚོད་འཛིན་བྱེད་ཤུགས་ཆུང་དུ་གཏོང་པ།

3. རིག་གནས་ཐོན་དབང་ཆ་འཕྲིན་གྱི་སྤྱི་སྤྱོད་ཞབས་ཞུའི་འཕྲིན་སྟེགས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་པ་དང་། འཛམ་གླིང་གི་རིག་གནས་ཐོན་དབང་གི་ཆ་འཕྲིན་གཅིག་སྡུད་བྱེད་པ། ཐོན་ལས་ཀྱི་ཁྱབ་ཁོངས་ལྟར་ཆེད་ཁེའི་ཕྱོགས་སྟོན་ལ་ཤུགས་སྣོན་རྒྱག་པ། ལས་རིགས་གསར་གཏོད་ལ་སྟབས་བདེའི་ངང་བློ་འདྲི་བྱེད་སའི་ཞབས་ཞུ་མཁོ་འདོན་བྱེད་པ། ཆ་འཕྲིན་རིན་མེད་དམ་མ་གནས་དམའ་བའི་ཞབས་ཞུ་མངོན་འགྱུར་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་རིག་གནས་ཐོན་དབང་སྲུང་སྐྱོབ་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་མཐོར་འདེགས་བྱེད་དགོས།

4. ཚོང་རྟགས་འཕྲོག་འགོད་དང་རྒྱུན་ལྡན་མིན་པའི་ཆེད་ཁེའི་རེ་ཞུ་སོགས་ཀྱི་བྱ་སྤྱོད་ལ་ཡིད་རྟོན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་པ་དང་། ཚོང་རྟགས་ཐོ་འགོད་དང་ཆེད་ཁེའི་རེ་ཞུའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཁེ་དབང་འཛིན་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས།

(དགུ) འབྲེལ་ཡོད་འགན་འཁྲིའི་ལས་བགོས།

1. རྒྱལ་ཁབ་ཀྱི་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲིའི་ལས་བགོས། རྒྱལ་ཁབ་རིག་གནས་བདག་དབང་ཅུས་ཀྱིས་ཚོང་རྟགས་ཀྱི་ཆེད་ཁེའི་ཁྲིམས་འཛིན་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་འགན་འཁུར་དགོས། ཚོང་རྟགས་ཀྱི་བདག་དབང་དང་། ཆེད་ཁེའི་བདག་དབང་གི་དབང་ཆ་ངོས་ལེན། ཆེད་དབང་གི་གནོད་འཚེ་སོགས་ཡང་དག་པའི་སྒོ་ནས་བརྡར་ཤ་གཅོད་པའི་ཚད་གཞི་བཟོ་དགོས་པ་དང་། ཚོང་རྟགས་ཀྱི་ཆེད་ཁེའི་ཁྲིམས་འཛིན་ཞིབ་བཤེར་དང་། གསལ་འབྱེད། ད་དུང་འབྲེལ་ཡོད་ཀྱི་ཚད་གཞི་གཞན་དག་བཟོས་ནས་སྲིད་ཇུས་ཀྱི་ཚད་གཞི་དང་སྦྲེལ་མཐུད་བྱས་ནས་ཆ་འཕྲིན་བརྡ་ཁྱབ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཚོང་རྟགས་ཀྱི་ཆེད་ཁེའི་ཁྲིམས་འཛིན་ལས་དོན་རྩ་འཛུགས་དང་མཛུབ་ཁྲིད་བྱེད་པའི་འགན་འཁུར་དགོས།

2. ཚོང་དོན་པུའུ་ཡི་འགན་འཁྲིའི་ལས་བགོས། རྒྱལ་ཁབ་རིག་གནས་ཐོན་དབང་ཅུས་ཀྱིས་ཕྱི་ཕྱོགས་དང་འབྲེལ་བའི་རིག་གནས་ཐོན་དབང་གི་བྱ་བར་སྤྱི་འདོམས་མཐུན་སྦྱོར་བྱ་རྒྱུའི་འགན་འཁུར་དགོས། ཚོང་དོན་པུའུ་ཡིས་དཔལ་འབྱོར་ཚོང་དོན་དང་འབྲེལ་བ་ཡོད་པའི་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་རིག་གནས་བདག་དབང་གི་ཕྱི་ཕྱོགས་གྲོས་མོལ་ལ་འགན་འཁུར་དགོས། ཕྱོགས་གཉིས་ཀྱི་རིག་གནས་བདག་དབང་མཉམ་ལས་གྲོས་མོལ་ལམ་སྲོལ་དང་། རྒྱལ་ནང་གི་ལངས་ཕྱོགས་མཐུན་སྦྱོར་སོགས་ཀྱི་ལས་དོན་ལ་འགན་འཁུར་དགོས།

3. རྒྱལ་ཁབ་པར་དབང་ཅུས་ཀྱི་འགན་འཁྲིའི་ལས་བགོས། རྩོམ་གྱི་བདག་དབང་དོ་དམ་གྱི་བྱ་བའི་སྐོར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པར་དབང་དོ་དམ་འགན་ནུས་ལས་བགོས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

2 ནང་ཁུལ་གྱི་ལས་ཁུངས།

རྒྱལ་ཁབ་རིག་གནས་ཐོན་དབང་ཅུས་ཀྱིས་གཤམ་གསལ་གྱི་ལས་ཁུངས(སི་ཅུས་རིམ་པ་གཞོན་པ)བཙུགས་ཡོད།

(གཅིག) གཞུང་ལས་ཁང་། ལས་ཁུངས་ཀྱི་ཉིན་རྒྱུན་གྱི་འཁོར་སྐྱོད་ལ་འགན་འཁུར་དགོས། བདེ་འཇགས་དང་གསང་སྲུང་། ཡིག་སྐུར། སྲིད་དོན་སྤྱི་བསྒྲགས། ཆ་འཕྲིན་ཅན་བཅས་ཀྱི་བྱ་བར་འགན་ལེན་བྱེད་དགོས། སྲིད་ཇུས་ཞིབ་འཇུག་གི་བྱ་བའི་འགན་འཁུར་དགོས། རིག་གནས་ཐོན་དབང་དྲིལ་བསྒྲགས་ཀྱི་བྱ་བ་རྩ་འཛུགས་བྱས་ནས་སྤེལ་པ་དང་། སྲིད་དོན་ཆ་འཕྲིན་གྱི་བྱ་བ་གལ་ཆེན་ཁྱབ་བསྒྲགས་བྱེད་པའི་འགན་འཁུར་དགོས།

(གཉིས) ཁྲིམས་འཛུགས་སི། རིག་གནས་ཐོན་དབང་སྐོར་གྱི་རྒྱལ་སྤྱིའི་ཆིངས་ཡིག་བཟོ་འགོད་དང་བཟོ་བཅོས། ད་དུང་རིག་གནས་ཐོན་དབང་སྐོར་གྱི་ཕྱི་ཕྱོགས་གྲོས་མོལ་གྱི་འཆར་གཞི་བཟོ་དགོས། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་འཆར་ཟིན་འགོད་དགོས། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས་པ་དང་། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་ཞུ་ལན་སོགས་ཀྱི་བྱ་བའི་འགན་འཁུར་དགོས། ཚོང་རྟགས་དང་ཆེད་ཁེ། ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས་སོགས་ཀྱི་ཁེ་དབང་བརྡར་ཤ་གཅོད་པའི་ཚད་གཞི་གཏན་འབེབས་བྱས་ནས་ལག་བསྟར་དུ་འདེབས་དགོས།

(གསུམ) འཐབ་ཇུས་འཆར་འགོད་སི། རྒྱལ་ཁབ་ཀྱི་རིག་གནས་ཐོན་དབང་གི་འཐབ་ཇུས་དང་རིག་གནས་ཐོན་དབང་གིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་ལག་བསྟར་དུ་འདེབས་དགོས། རིག་གནས་ཐོན་དབང་གི་ཉེན་ཁ་སྔོན་དཔག་དང་སྔོན་བརྡ་གཏོང་བའི་བྱ་བ་རྩ་འཛུགས་བྱ་དགོས། རྒྱལ་ཡོངས་ཀྱི་རིག་གནས་ཐོན་དབང་ལས་དོན་འཕེལ་རྒྱས་ཀྱི་འཆར་འགོད། ཚོང་རྟགས། ཆེད་ཁེ། ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས་སོགས་ལ་ཞིབ་བཤེར་དང་། ཐོ་ཞུགས། ཐོ་འགོད་བཅས་བྱེད་པའི་འཆར་གཞི་བཟོ་དགོས། སྡེ་ཁག་གི་སྔོན་རྩིས་དང་ངེས་རྩིས་དང་ཅུས་ཀྱི་ཐད་གཏོགས་ལས་ཁུངས་ཀྱི་ནོར་དོན་དང་། རྒྱུ་ནོར། རྨང་གཞིའི་འཛུགས་སྐྲུན་གྱི་འཆར་གཞི་སོགས་ཀྱི་བྱ་བར་འགན་འཁུར་དགོས། རིག་གནས་ཐོན་དབང་གི་བསྡོམས་རྩིས་ཀྱི་བརྟག་དཔྱད་དབྱེ་ཞིབ་དང་ཁྱབ་བསྒྲགས་བཅས་ཀྱི་བྱ་བར་འགན་འཁུར་དགོས།

(བཞི) རིག་གནས་ཐོན་དབང་སྲུང་སྐྱོབ་སི། རིག་གནས་ཐོན་དབང་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་གྱི་འབྲེལ་ཡོད་ཀྱི་བྱ་བ་སྒྲུབ་པའི་འགན་འཁུར་དགོས། ཚོང་རྟགས་དང་ཆེད་ཁེའི་དབང་གནོད་ཀྱི་བརྡར་ཤ་གཅོད་པའི་ཚད་གཞི་དང་ཁྲིམས་ལྟར་སྲུང་སྐྱོབ་དང་ཞིབ་བཤེར། གསལ་འབྱེད། འབྲེལ་ཡོད་ཀྱི་ཚད་གཞི་གཞན་དག་བཅས་བཟོ་དགོས། ཚོང་རྟགས་ཞིབ་དཔྱད་དང་། ཆེད་ཁེ་བསྐྱར་ཞིབ་རྩིས་མེད་དུ་གཏོང་རྒྱུ་སོགས་སྲིད་འཛིན་ཐག་གཅོད་ཀྱི་བྱ་བའི་འགན་འཁུར་དགོས། ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས་དང་། དཔེ་རིས་ཇུས་འགོད། དམིགས་བསལ་མཚོན་རྟགས། ཨའོ་ལིན་ཕི་ཁོའི་མཚོན་རྟགས་སོགས་གཞུང་ཕྱོགས་ཀྱི་མཚོན་རྟགས་ལ་འབྲེལ་བ་ཡོད་པའི་སྲུང་སྐྱོབ་ཀྱི་བྱ་བའི་འགན་འཁུར་དགོས་པ་དང་། ས་གནས་ཀྱི་རིག་གནས་ཐོན་དབང་གི་རྩོད་གཞི་ཐག་གཅོད་དང་། རིག་གནས་ཐོན་དབང་སྲུང་སྐྱོབ། རྩོད་གཞི་འདུམ་བསྒྲིགས་ཐག་གཅོད་བཅས་ཀྱི་བྱ་བར་མཛུབ་ཁྲིད་བྱ་རྒྱུའི་འགན་འཁུར་དགོས།

(ལྔ) རིག་གནས་ཐོན་དབང་བཀོལ་སྤྱོད་སྐུལ་སྤེལ་སི། རིག་གནས་ཐོན་དབང་གསར་གཏོད་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་དོ་དམ་སྲིད་ཇུས་དང་ལམ་ལུགས་གཏན་འབེབས་བྱས་ནས་ལག་བསྟར་བྱ་དགོས། རིག་གནས་ཐོན་དབང་གི་གཟུགས་མེད་རྒྱུ་ནོར་དཔྱད་དཔོག་གི་བྱ་བར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་བའི་འགན་འཁུར་དགོས། ཆེད་ཁེའི་བཙན་ཤེད་ཀྱི་ཆོག་མཆན་ཡི་གེ་དང་། ཚོང་རྟགས་ཀྱི་ཆེད་ཁེའི་གཏའ་མའི་ཐོ་འགོད་དང་གཞན་བསྐོར་ཆོག་མཆན་གྱི་ཐོ་འགོད་དོ་དམ་སོགས་ཀྱི་འབྲེལ་ཡོད་བྱ་བའི་འགན་འཁུར་དགོས། རིག་གནས་ཐོན་དབང་ཉོ་ཚོང་གི་སྲིད་ཇུས་ཚད་ལྡན་བཟོ་བ་དང་། རིག་གནས་ཐོན་དབང་གི་མཚམས་སྦྱོར་ཞབས་ཞུའི་མ་ལག་འཕེལ་རྒྱས་དང་། ལྟ་སྐུལ་དོ་དམ་གྱི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱས་ནས་རྩ་འཛུགས་ལག་བསྟར་དུ་འདེབས་དགོས།

(དྲུག) སྤྱི་སྤྱོད་ཞབས་ཞུ་སི། རྒྱལ་ཡོངས་ཀྱི་རིག་གནས་ཐོན་དབང་གི་ཆ་འཕྲིན་གྱི་སྤྱི་སྤྱོད་ཞབས་ཞུའི་མ་ལག་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་རྩ་འཛུགས་ལག་བསྟར་དུ་འདེབས་དགོས་པ་དང་། རིག་གནས་ཐོན་དབང་གི་ཆ་འཕྲིན་ལས་སྣོན་གྱི་ཚད་གཞི་གཏན་འབེབས་བྱེད་པའི་འབྲེལ་ཡོད་ཀྱི་བྱ་བ་སྒྲུབ་པའི་འགན་འཁུར་དགོས། ཆ་འཕྲིན་ཞབས་ཞུ་སྟབས་བདེ་ཅན་དང་། ཐོན་ཁུངས་ཕྱོགས་བསྡུས་གཅིག་གྱུར་དོ་དམ། ལས་ཕྱོད་མཐོར་འདེགས་སོགས་ལ་སྐུལ་འདེད་གཏོང་དགོས། ཚོང་རྟགས་དང་ཆེད་ཁེ་སོགས་རིག་གནས་ཐོན་དབང་གི་ཆ་འཕྲིན་ཁྱབ་སྤེལ་བེད་སྤྱོད་ཀྱི་འབྲེལ་ཡོད་བྱ་བའི་འགན་འཁུར་དགོས་པ་དང་། རིག་གནས་ཐོན་དབང་གི་རེ་ཞུ་དང་། དབང་ཆ། ཐོ་འགོད། ཐོ་ཞུགས་སོགས་ཀྱི་ཆ་འཕྲིན་ལས་དོན་ལ་ཞིབ་འཇུག་དབྱེ་ཞིབ་དང་ཁྱབ་བསྒྲགས་བྱེད་པའི་འགན་འཁུར་དགོས།

(བདུན) རྒྱལ་སྤྱིའི་མཉམ་ལས་སི། (ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གཞུང་ལས་ཁང) ཕྱི་ཕྱོགས་དང་འབྲེལ་ཡོད་ཀྱི་རིག་གནས་ཐོན་དབང་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་དགོས། ཕྱི་རྒྱལ་གྱི་རིག་གནས་ཐོན་དབང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཞིབ་འཇུག་དང་། རིག་གནས་ཐོན་དབང་གི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་དོན་སྐོར་གྱི་སྲིད་ཇུས་གཏན་འབེབས་བྱ་དགོས། ཕྱི་ཕྱོགས་དང་གྲོས་མོལ་བྱེད་པའི་འབྲེལ་ཡོད་ཀྱི་བྱ་བའི་འགན་འཁུར་དགོས། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་འབྲེལ་འདྲིས་སོགས་ཀྱི་བྱ་འགུལ་ལ་འགན་འཁུར་དགོས། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་བྱ་བའི་འགན་འཁུར་དགོས།

(བརྒྱད) མི་དོན་སི། ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པའི་མི་དོན་དང་། སྒྲིག་ཁོངས། ངལ་རྩོལ་གླ་ཕོགས། སློབ་གསོའི་ལས་དོན་བཅས་ཀྱི་འགན་འཁུར་དགོས། འབྲེལ་ཡོད་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱ་དགོས། ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ལས་བྱེད་པའི་འབྲེལ་ཡོད་ཀྱི་བྱ་བར་འགན་འཁུར་དགོས།

ལས་ཁུངས་ཏང་ཨུ། ལས་ཁུངས་དང་པེ་ཅིང་དུ་ཡོད་པའི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཚོགས་ཀྱི་བྱ་བར་འགན་འཁུར་དགོས།

3 ལས་ཁུངས་ཀྱི་མཚོན་རྟགས།

རིག་གནས་ཐོན་དབང་ཅུས་ཀྱི་མཚོན་རྟགས་ནི་སྐར་མ་ལྔ་དང་དབྱིན་ཡིག་གི་གསལ་བྱེདIPཚོགས་ནས་གྲུབ་པ་ཡིན།

མཚོན་རྟགས་ཀྱི་གཡོན་ཕྱེད་ནི་སྐར་ཆེན་གཅིག་དང་སྐར་ཆུང་བཞི་ལས་གྲུབ་པའི་སྐར་ལྔའི་རི་མོ་དམར་པོ་ཞིག་ཡིན་ལ། དེས་རྒྱལ་ཁབ་རིག་གནས་ཐོན་དབང་ཅུས་ཀྱི་རྒྱལ་ཁབ་རང་བཞིན་དང་དབང་གྲགས་རང་བཞིན་མཚོན་ཡོད། སྐར་ལྔའི་རི་མོ་ཡིས་ཕྱི་ཕྱོགས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོན།

མཚོན་རྟགས་ཀྱི་གཡས་ཕྱེད་ནི་དབྱིན་ཡིག་གི་གསལ་བྱེདIPརིམ་འགྱུར་བྱས་ནས་གྲུབ་ཡོད་ལ། གསལ་བྱེདIPནི་དབྱིན་ཡིག་གིIntellectualPropertyགི་བསྡུས་འབྲི་ཡིན་པས། རིག་གནས་ཐོན་དབང་གི་བྱ་བའི་ཁྱབ་ཁོངས་དང་ངོ་བོ་མཚོན་པ་དང་། རྒྱལ་སྤྱིའི་ཁྱབ་ཁོངས་སུ་སྤྱོད་དུས་ཀྱི་དབྱེ་འབྱེད་རང་བཞིན་ལ་ཤུགས་སྣོན་བྱས་ཡོད།

རིག་གནས་ཐོན་དབང་གི་མཚོན་རྟགས་ནི་ཁ་དོག་དམར་པོ་དང་སྔོན་པོ་གཉིས་ཀྱིས་གྲུབ་ཡོད་ལ། ཁ་དོག་དམར་པོས་ཀྲུང་གོ་མཚོན་ལ། ཁ་དོག་སྔོན་པོས་རིག་གནས་དང་ཆ་འཕྲིན་མཚོན་ཡོད།

རྒྱལ་ཁབ་རིག་གནས་བདག་དབང་ཅུས་དེ་རྒྱལ་ཁབ་རིམ་པའི་རིག་གནས་བདག་དབང་སྲུང་སྐྱོབ་ཀྱི་ལས་ཁུངས་ཤིག་ཡིན་པའི་ཐད་ནས། རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་རིག་གནས་བདག་དབང་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སུ་བྱས་རྗེས་ཆེན་པོ་བཞག་ཡོད།

རི་མོ་ཧྲིལ་པོ་འཇོང་དབྱིབས་ཀྱི་འཇིག་རྟེན་སྐར་མའི་འཁོར་ལམ་གྱི་སྟེང་ནས་མཚོན་ཡོད་ལ། དེ་ཡིས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་འདིར་ཤེས་བྱ་ལ་མཐའ་མེད་པ་མཚོན་ཡོད།

4 མི་སྣའི་སྒྲིག་ཁོངས།

རྒྱལ་ཁབ་རིག་གནས་ཐོན་དབང་ཅུས་ཀྱི་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་སུ་མི143(དེའི་ནང་དུ་ཨུ་ལྷན་གཉིས་ཀྱི་མི་སྣའི་སྒྲིག་ཁོངས3དང་རོགས་སྐྱོར་ཤོག་ཁག་གི་སྐབས་བསྟུན་སྒྲིག་ཁོངས1བཅས་ཚུད་ཡོད)ཡོད། ཅུས་ཀྲང1དང་། ཅུས་ཀྲང་གཞོན་པ4 སི་ཀྲང་གཞོན་པ24(དེའི་ནང་དུ་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1ཚུད)བཅས་ཡོད།

5 ད་ལྟའི་འགོ་ཁྲིད།

ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་། 

ཧྲེན་ཁྲང་ཡུས།

ཅུས་ཀྲང་གཞོན་པ། 

ལིའུ་ཅུན་ཁྲེང་དང་། ཧོ་ཧྭ། ཀན་ཧྲའོ་ཉིང་། ཧོ་ཀྲི་རྨིན། ལེའོ་ཐའོ། ཀྲའོ་ཀང་།  


དཔྱད་གཞིའི་ཡིག་ཆ།