རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-11-21 15:52ལ་འགྲུབ།

རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་།

རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་།
དམངས་ཡོངས་ཀྱི་འོས་འགན་ལ་དམིགས་ཤིང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད། སྤྱི་ལོ1982ལོའི་ཟླ2པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཐག་བཅད་དེ། སྤྱི་ལོ1988ལོར་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་ཞེས་པར་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
全国绿化委员会
ས་ཁུལ།
ཀྲུང་གོ།
ངོ་བོ།
རྩ་འཛུགས།
བཙུགས་དུས།
སྤྱི་ལོ1982ལོའི་ཟླ2པར།
1 ​སྒྲིག་གཞི་ངོ་སྤྲོད།
1_1 སྤྱི་བཤད།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་སྒྲིག་གཞི་དང་སྒྲིག་ཁོངས་དོ་དམ་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་བའི་སྲོལ་ཡིག》《དམངས་ཡོངས་ཀྱི་འོས་འགན་ལས་འགུལ་སྤེལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལག་བསྟར་བྱ་ཐབས》བཅས་རྒྱལ་ཁབ་ཀྱི་སྲིད་འཛིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་གསུམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཡོད།

རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཙུགས་པའི་དམངས་ཡོངས་ཀྱི་འོས་འགན་དང་མཐུན་ཞིང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལྗང་མདོག་ཅན་དུ་སྒྱུུར་བའི་ལས་དོན་ལ་གཅིག་གྱུར་སྒོས་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་མཁན་གྱི་སྒྲིག་གཞི་ཞིག་ཡིན་པས་ཁྲིམས་ལྟར་གཏན་ཁེལ་ཡོད་པའི་སྲིད་འཛིན་དོ་དམ་གྱི་འགན་ནུས་ལྡན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་གཉེར་ཙུང་ལི་གཞོན་པས་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ནགས་ལས་སྲིད་འཛིན་སྡེ་ཚན་གྱི་འགན་འཁུར་བ་སོགས་མཛད་དེ་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་ཡང་འཁུར་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་གཉེར་དྲུང་ཡིག་ཆེ་གཞོན་པ་དང་རྒྱལ་ཁབ་འབྲེལ་ཡོད་པུའུ(ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཅུའུ)ཡིས་འབྲེལ་ཡོད་འགོ་ཁྲིད་ཀྱི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་གྱི་འགན་འཁུར་དགོས།

1_2 ལས་ཁུངས་བཙུགས་པ།

རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནི་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གི་རྒྱུན་བཙུགས་དོན་གཅོད་ལས་ཁུངས་ཤིག་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནགས་ལས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ཏུ་བཙུགས་ཡོད་ཅིང་། སྡེ་ཁག་དེའི་འགན་ཁུར་གཙོ་བོ་ནི་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་བཅས་ཡིན།

རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་གཞི་རྩའི་འགན་ནུས་ནི་རྒྱལ་ཡོངས་ཀྱི་ལོ་ཚད་ལོན་པའི་སྤྱི་དམངས་དང་། སྡེ་ཚན་ཁག་དང་ལས་རིགས་ཁག་བཅས་ཀྱི་འགན་གཅིག་ལྕོགས་སྒོས་འཁུར་དགོས་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ནགས་ལས་ལྗང་མདོག་ཅན་དུ་བསྒྱུར་བར་དྲིལ་བསྒྲགས་དང་སྐུལ་སློང་། སྒྲིག་འཛུགས་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར། གཟེངས་བསྟོད་བཅས་བྱ་དགོས།

རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཚོགས་ཆུང6བཙུགས་ཡོད་པ་སྟེ། ཕྱོགས་བསྡུས་ཚོགས་ཆུང་དང་། གྲོང་ཁྱེར་ཚོགས་ཆུང་། གྲོང་གསེབ་ཚོགས་ཆུང་། ཚོགས་ཆུང་། དཔུང་སྡེའི་ཚོགས་ཆུང་། བྱེ་མ་བཅོས་འགོག་ཚོགས་ཆུང་བཅས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཀྱང་དེ་མཚུངས་ཀྱི་ལྗང་མདོག་ཅན་དུ་སྒྱུར་བའི་འགོ་ཁྲིད་སྒྲིག་གཞི་སྔ་རྗེས་སུ་བཙུགས། དེ་མིན་ད་དུང་ཆེད་དོན་གཞུང་ལས་ཁང་བཙུགས་པ་དང་། ས་ཁུལ་དང་སྡེ་ཚན་དེ་གའི་ལས་འགུལ་དང་ནགས་བཟོ་ལྗང་མདོག་ཅན་དུ་སྒྱུར་བའི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་པར་འགན་འཁུར་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་ལས་རིགས་ཁག་ལའང་སྒྲིག་འཛུགས་དང་། མཐུན་སྦྱོར། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་དགོས།

2 འགན་ནུས་གཙོ་བོ།

གཅིག དམངས་ཡོངས་ཀྱི་འོས་འགན་མཐོ་རུ་བཏང་སྟེ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ནགས་ལས་ལྗང་མདོག་ཅན་དུ་བསྒྱུར་རྒྱུ་དང་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་འཛུགས་སྐྱོང་བྱེད་ཕྱོགས་དང་། སྲིད་ཇུས། ཁྲིམས་སྲོལ། སྒྲིག་སྲོལ། ལམ་ལུགས་བཅས་འཆར་ཟིན་འགོད་རྒྱུའི་སྒྲིག་འཛུགས་བྱེད་པར་འགན་འཁུར་དགོས།

གཉིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི《དམངས་ཡོངས་ཀྱི་འདེབས་འཛུགས་ལས་འགུལ་སྤེལ་རྒྱུའི་སྐོར་གྱི་གྲོས་ཆོད》དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི《དམངས་ཡོངས་ཀྱི་འདེབས་འཛུགས་ལས་འགུལ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》དང་དེ་བཞིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་ནགས་ལས་སྐོར་གྱི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱི་ལས་དོན་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་བྱེད་དགོས།

གསུམ། ལོ་ལྟར་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་སྐོང་ཚོགས་དང་ཡང་ན་རྒྱལ་ཡོངས་ལྗང་མདོག་ཅན་དུ་སྒྱུར་བའི་གཟེངས་བསྟོད་སྐུལ་སློང་ཚོགས་ཆེན་དང་རྒྱལ་ཡོངས་ནགས་ལས་ལྗང་སྒྱུར་བརྙན་འཕྲིན་ཚོགས་འདུ་ལ་འགན་འཁུར་དགོས། གཞན་ལྟ་སྐུལ་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུར་ཞིབ་བཤེར་བྱེད་དགོས།

བཞི། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་འདེབས་འཛུགས་ལས་རིགས་ཀྱི་འོས་འགན་སྤྲད་དེ། ལྗང་མདོག་བགྲོད་ལམ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་སྒྱུར་གཞི་གཅིག་ཅན་གྱི་འཛུགས་སྐྲུན་བྱེད་པ་དང་། གནའ་ཤིང་དང་ཤིང་སྣ་གྲགས་ཅན་སྲུང་སྐྱོང་གི་འཆར་གཞི་དང་འཆར་འགོད། དེ་བཞིན་དུ་ཤིང་སྣ་དང་སྡེ་ཚན་ལས་བརྒལ་བའི་གཙོ་གནད་ལྗང་སྒྱུར་ལས་གྲྭའི་འཆར་འགོད་བཟོ་བ་དང་འབྲེལ་ཡོད་བྱ་བ་ལག་བསྟར་བྱེད་དགོས།

ལྔ། ས་གནས་ཁག་དང་སྡེ་ཚན་ཁག་གིས་དམངས་ཡོངས་ལ་འདེབས་འཛུགས་འོས་འགན་སྤྲད་དེ། སྡེ་ཚན་ཁག་ལྗང་མདོག་ཅན་དུ་སྒྱུར་བ། ནགས་ལས་འབྱུང་ཁམས་འཛུགས་སྐྱོང་། གྲོང་ཁྱེར་ལྗང་སྒྱུར། གཞུང་ལམ(ལྕགས་ལམ་དང་ཆུ་ཡུར)ལྗང་མདོག་ཅན་དུ་སྒྱུར་བ། རྩྭ་ཐང་དང་རྩྭ་ར་འཛུགས་སྐྲུན་སོགས་སྔོ་ལྗང་ཅན་དུ་བསྒྱུར་བའི་བྱ་བ་མཐའ་དག་ལ་མཛུབ་ཁྲིད་བྱེད་དགོས།

དྲུག ས་གནས་ཁག་དང་སྡེ་ཚན་བཅས་ཀྱི་ཁྱབ་ཁོངས་ནང་ནགས་དང་། ནགས་ས། སྤང་ལྗོངས། རྩྭ་ས་སོགས་སྲུང་སྐྱོང་བྱས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་དགོས།

བདུན། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་ཀྲུང་དབྱང་འགོ་ཁྲིད་ཀྱིས་སྤྲད་པའི་འདེབས་འཛུགས་བྱེད་སྒོ་སོགས་གལ་ཆེ་བའི་སྒྲིག་འཛུགས་ལ་དོན་འཁྱོལ་ཡག་པོ་བྱེད་དགོས།

བརྒྱད། སྤྱི་ཚོགས་ལས་རིགས་ཁག་གིས་སྒྲིག་འཛུགས་བྱས་ནས་འདེབས་འཛུགས་དྲན་གསོའི་བྱེད་སྒོ་དང་དེ་བཞིན་ཀྲུང་གོའི་ལྗང་མདོག་དངོས་མང་སྟོན་ཚོགས་སོགས་སྣོད་བཅུད་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་དགོས།

དགུ། རྒྱལ་ཡོངས་ས་གནས་ཁག་གི་གནའ་བོའི་ལྗོན་ཤིང་གྲགས་ཅན་ལ་ཞིབ་བཤེར་དང་ཡིག་ཚགས་བཟོ་བ། སྒོ་བྱང་འགེལ་བ། བསྐྱར་གསོ་དང་བདག་སྐྱོང་། ཁྲིམས་སྲོལ་བཟོ་བ་སོགས་གནའ་བོའི་ལྗོན་ཤིང་གྲགས་ཅན་ལ་སྲུང་སྐྱོང་དང་དོ་དམ་ལས་དོན་ལ་གཅིག་གྱུར་སྒོས་འགོ་ཁྲིད་དང་སྒྲིག་འཛུགས་བྱེད་དགོས།

བཅུ། དྲིལ་བསྒྲགས་དང་སློབ་གསོ་སོགས་སྡེ་ཚན་ལ་མཐུན་སྦྱོར་དང་སྒྲིག་འཛུགས་བྱས་ཏེ་གློག་བརྙན་བརྙན་འཕྲིན་དང་། དྲ་རྒྱ། ཚགས་པར་དང་དུས་དེབ། དཔེ་དེབ་སོགས་ཀྱི་རྣམ་པའི་ཐོག་ནས་དམངས་ཡོངས་ལ་འདེབས་འཛུགས་ལས་རིགས་སྤྲད་དེ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ནགས་ལས་ལྗང་མདོག་ཅན་དུ་སྒྱུར་བའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་དགོས།

བཅུ་གཅིག དུས་བཀག་ལྟར“རྒྱལ་ཡོངས་ལྗང་མདོག་ཅན་དུ་སྒྱུར་བའི་སྔོན་ཐོན་ཚན་པ་དང་། རྒྱལ་ཡོངས་ལྗང་མདོག་ཅན་སྒྱུར་བའི་སྔོན་ཐོན་ལས་མི “རྒྱལ་ཡོངས་ལྗང་མདོག་ཅན་དུ་སྒྱུར་བའི་དཔེ་བཟང་གྲོང་ཁྱེར་དང་། རྫོང་། ཚན་པ་བཅས་དང་དེ་བཞིན་རྒྱལ་ཡོངས་ལྗང་མདོག་ཅན་དུ་སྒྱུར་བར་བྱ་དགའ་ཐོབ་མཁན”བཅས་ལ་གཟེངས་བསྟོད་བྱེད་སྒོ་སྤེལ་དགོས།

བཅུ་གཉིས། གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་དཔེ་མཚོན་གྱི་ཉམས་མྱོང་ཁྱབ་གདལ་གཏོང་དགོས།

བཅུ་གསུམ། ས་གནས་ཁག་དང་སྡེ་ཚན་ཁག་གིས་འདེབས་འཛུགས་ལས་རིགས་བྱེད་སྒོའི་གཞི་གྲངས་དང་ཆ་འཕྲིན་བཅས་ལ་བསྡོམས་རྩིས་ཕྱོགས་བསྡུས་བྱས་ཏེ་ཡོངས་སུ་ཁྱབ་བསྒྲགས་བྱེད་དགོས།

བཅུ་བཞི། རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་ལ་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ལས་དོན་མཐའ་དག་ཡར་སྤྲོད་བྱེད་རྒྱུ་དང་དེ་བཞིན་དམངས་ཡོངས་ལ་འདེབས་འཛུགས་ལས་འགན་སྤྲད་དེ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་འདེབས་འཛུགས་ལས་རིགས་ལྗང་མདོག་ཅན་དུ་སྒྱུར་ཚུལ་སྙན་སེང་ཞུ་དགོས།

བཅོ་ལྔ། རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱིས་སྤྲད་པའི་ལས་འགན་གཞན་དག་ལེགས་པར་བསྒྲུབ་དགོས།

3 སྒྲིག་གཞིའི་ཁོངས་མི།

ཀྲུའུ་རེན།

ཧན་ཀྲེང། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།

ཀྲུའུ་རེན་གཞོན་པ།

ཏིན་ཞོའུ་ཏུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ།

ཀྲང་ཅན་ལུང་། རང་བྱུང་ཐོན་ཁུངས་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི། ནགས་རྩྭ་ཅུའུ་ཡི་ཅུའུ་ཀྲང་། 

ཆན་དབྱི་ཕིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ།

ཀྲང་ཡུང་། འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ཁྲེང་ལི་ཧྭ། ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ།

ཉི་ཧུང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གཞོན་པ།

ལུའུ་ཡན། པེ་ཅིན་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ།

ཨུ་ཡོན།

སུན་ཡའོ། སློབ་གསོ་པུའུ་ཡི་འགོ་འཛིན་གཞོན་པ།

ཞུས་ནན་ཕིང་།  པུའུ་ཀྲང་གཞོན་པ།

ཐང་ཐའོ། མི་ཤུགས་ཐོན་ཁུངས་ཅུའུ་ཡི་པུའུ་ཀྲང་གཞོན་པ།

ཧོང་རུན་ཆིའུ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ།

ལི་ཅན་པོ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཁོངས་མི།

ལུའུ་ཀུའེ་ཧྭ། པུའུ་ཀྲང་གཞོན་པ།

ཡུས་ཁང་ཀྲེན། ཞིང་ལས་དང་གྲོང་གསེབ་པུའུ་ཡི་འགོ་འཛིན་གཞོན་པ།

ཝེ་ཧུང་ཐའོ། རིག་གནས་དང་ཡུལ་སྐོར་པུའུ་ཡི་ཏང་ཙུའུ་ཁོངས་མི།

ལིའུ་གོ་ཆང་། མི་དམངས་དངུལ་ཁང་གི་ཧང་ཀྲང་ལས་རོགས་པ།

ཞུས་ཧྥུ་ཧྲུན། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ཧྥན་ཝེ་ཕིང་། སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

མའོ་ཡིའུ་ཧྥེང་། བསྡོམས་རྩིས་ཅུའུ་ཡི་འགོ་འཛིན་གཞོན་པ།

ཝང་ཀྲེང་ཅུན། ཀྲུང་དབྱང་ཐད་གཏོགས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཁྲེན་ཅན་མིང་། རྒྱལ་ཁབ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།

ཡུས་ཡུང་། ཅུའུ་ཀྲང་གཞོན་པ།

ལིའུ་ཏུང་ཧྲེང་། ནགས་རྩྭ་ཅུའུ་ཡི་འགོ་འཛིན་གཞོན་པ།

ཡའེ་ཏིག་མེན། རྒྱལ་ཡངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།

ཞུས་ཞའོ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།

དབྱང་ལིའུ།  རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ།

ལི་ཝུན་ཞིན། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་ཟིའི་སྤྱི་ཁྱབ་གཞོན་པ།


དཔྱད་གཞིའི་ཡིག་ཆ།