འཆི་བ་དུར་སློང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-01-02 09:12ལ་འགྲུབ།

འཆི་བ་དུར་སློང་།

སྨན་འདི་ཁ་དོག་ནག་སྐྱ་ཅན། ནུས་པ་བསིལ་བ་དང་རྩུབ་པ། བཟི་ཅུང་ཟད་ཡོད་པའི་སྨན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
རིལ་བུ།
1 ​སྡེབ་ཁ།

ཨུ་རུ་བཙོ་བསྲེག་རྗེན་གསུམ་པོ་རེ་རེ་ནས30རེ། ཐུར་ནུ30 དུར་བྱིད30 གསེར་མེ30བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་ནས་ཁེ0.3-0.5རེ་ཅན་གྱི་རིལ་བུ་བཟོས་པས་གྲུབ།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་ནག་སྐྱ་ཅན། ནུས་པ་བསིལ་བ་དང་རྩུབ་པ། བཟི་ཅུང་ཟད་ཡོད་པའི་སྨན་ཞིག་ཡིན།

4 ཕན་ཡོན།

སྨན་འདིའི་ཕན་ཡོན་ནི། གསེར་བཤལ་འདི་ཡང་ཟབ་ཁྱད་སྣ་གཅིག་ཡིན༎ ཞེས་གསུངས་སོ༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་རིལ་བུ5-7-9རེ་ཕུལ་ཏེ་བཤལ་རྒྱག་དགོས་པ་རེད།

6 བཟོ་དབྱིབས་དང་ཉར་ཐབས།

སྨན་འདི་ནི་རིལ་བུའི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།