འཆི་བདག་ཞགས་གྲོལ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2019-12-31 10:42ལ་འགྲུབ།

འཆི་བདག་ཞགས་གྲོལ།

སྨན་འདི་ཁ་དོག་དམར་སྐྱ་ཅན། ནུས་པ་དྲོད་ལ་ཅུང་རྩུབ་པ། བཟི་མེད་པའི་སྨན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
ཕྱེ་མ།
1 སྡེབ་ཁ།

ཙི་ཏྲ་ཀ100 བྱི་ཏང་ཀ80 སྒ་སྐྱ60 དབྱི་མོང30བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པས་གྲུབ།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་དམར་སྐྱ་ཅན། ནུས་པ་དྲོད་ལ་ཅུང་རྩུབ་པ། བཟི་མེད་པའི་སྨན་ཞིག་ཡིན།

4 ཕན་ཡོན།

སྨན་འདིའི་ཕན་ཡོན་ནི། གཞང་འབྲུམ་ནད་ཀུན་སེལ་བར་ནུས་ཞེས་གསུངས།

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་ཁེ1-2རེ། ཉིན་རེར་ཐེངས2-3རེ་མཛོ་མའི་ཞོ་ལ་སྦྱར་ཏེ་འབུལ་དགོས།

6 བཟོ་དབྱིབས་དང་ཉར་ཐབས།

སྨན་འདི་ནི་ཕྱེ་མའི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུག་ནས་རླན་ལ་འཛེམ་དགོས།