ཆུ་རྩ་ལྔ་བ།(1)སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2019-12-31 10:42ལ་འགྲུབ།

ཆུ་རྩ་ལྔ་བ།(1)

སྨན་འདི་ཁ་དོག་སེར་སྐྱ་ཅན། ནུས་པ་བསིལ་བ། བཟི་མེད་པའི་སྨན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
རིལ་ཕྱེ་གང་རུང་།
1 སྡེབ་ཁ།

ཆུ་རྩ30 ལྕུམ་རྩ15 སྟག་ཤ15 ཤུ་ཏི་བ15 ཨུག་ཆོས20(བུལ་ཏོག་གི་རྣོ་འདོན)བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའམ་ཁེ1རེ་ཅན་གྱི་རིལ་བུ་བཟོས་པས་གྲུབ།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སེར་སྐྱ་ཅན། ནུས་པ་བསིལ་བ། བཟི་མེད་པའི་སྨན་ཞིག་ཡིན།

4 ཕན་ཡོན།

སྨན་འདིའི་ཕན་ཡོན་ནི། དྲི་མ་འགགས་པ་མ་ལུས་སེལ།

5 ཐུན་ཚད་དང་བསྟེན་ཐབས།

ཕྱེ་རིལ་གང་ཡང་རུང་བའི་སྨན་འདི་ཐེངས་རེར་ཁེ1(རིལ་བུ1)རེ། ཉིན་རེར་ཐེངས2-3རེ་ཕུལ་དགོས།

6 བཟོ་དབྱིབས་དང་ཉར་ཐབས།

སྨན་འདི་ནི་རིལ་བུའམ་ཕྱེ་མ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུག་ནས་རླན་ལ་འཛེམ་དགོས།