རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-11-21 17:47ལ་འགྲུབ།

རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ནི་ནོར་སྲིད་པུའུ་རུ་བཙུགས་ཡོད་པ་དང་། གཞུང་ལས་ཁང་གི་ཀྲུའུ་རེན་གྱིས་ནོར་སྲིད་པུའུ་ཁྲལ་སྲིད་སིའི་སི་ཀྲང་བཅས་ཀྱི་འགན་ཁུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国务院关税税则委员会
ཀྲུའུ་རེན།
ཞའོ་ཅེ།
གཞུང་ལས་ཁང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ།
ཀྲུའུ་རེན་གཞོན་པ།
ལིའུ་ཁུན། ཏིང་ཞུའེ་ཏུང་།
1 ​འགན་ནུས་གཙོ་བོ།

སྒོ་ཁྲལ་ལས་ཁུངས་ཀྱིས་འཆར་འགོད་གལ་ཆེན་ལ་གྲོས་ཞིབ་དང་སྒོ་ཁྲལ་བསྒྱུར་བཅོས་གོང་སྤེལ་འཆར་གཞི་བཟོ་འགོད་དང་གཏན་འབེབས་བྱེད་དགོས་པ་མ་ཟད། ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྒོ་ཁྲལ་རྩ་སྲོལ》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་འདྲེན་དངོས་རྫས་ནང་འདྲེན་གྱི་ཁྲལ་ཚད་རེའུ་མིག》གི་དཔྱ་ཁྲལ་གྱི་རྣམ་གྲངས་དང་ཁྲལ་ཚད་ལེགས་སྒྲིག གསལ་འགྲེལ་བཅས་བྱེད་པར་འགན་འཁུར་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱ་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་དོན》ཞེས་པ་ཁྱབ་བསྒྲགས་བྱེད་པར་འགན་ཁུར་ཏེ། གནས་སྐབས་སུ་གཏན་ལ་ཕབ་པའི་ཁྲལ་ཚད་ལག་བསྟར་བྱ་རྒྱུའི་ཚོང་ཟོག་དང་། ཁྲལ་ཚད། དུས་བཀག་ཁྲལ་བསྡུ་བཅས་ཐག་གཅོད་དགོས།  གཞན་ཕམ་ཚོང་ལ་རྒོལ་བའི་དཔྱ་ཁྲལ་དང་། ཁ་གསབ་ལ་རྒོལ་བའི་དཔྱ་ཁྲལ། འགན་སྲུང་བྱེད་ཐབས་ཀྱི་སྒོ་ཁྲལ། འཁོན་ལན་སློག་པའི་སྒོ་ཁྲལ་བཅས་ལ་དམིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཕུལ་བའི་སྒོ་ཁྲལ་སྐོར་གྱི་སྲིད་ཇུས་གལ་ཆེན་དང་ཕྱི་ཕྱོགས་ལ་སྒོ་ཁྲལ་སྐོར་གྲོས་མོལ་བྱ་རྒྱུའི་ཇུས་གཞིར་གྲོས་ཞིབ་ཡོང་བ་དང་། གཞན་ད་དུང་དམིགས་བསལ་གནས་ཚུལ་འོག་ཁྲལ་ཚད་གཏན་ལ་ཕབ་པའི་འགན་འཁྲི་གཞན་དག་བསྒྲུབ་དགོས།

2 ཁོངས་མི།

ཀྲུའུ་རེན། ཞའོ་ཅེ། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ།

ཀྲུའུ་རེན་གཞོན་པ། 

ལིའུ་ཁུན། ནོར་སྲིད་པུའུ་ཡི་འགོ་འཛིན།

ཏེན་ཞོའུ་ཏུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ།

ཨུ་ཡོན།

ཀྲང་ཡུང་། འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།

ཀྲང་ཧྥུང་། བཟོ་ལས་དང་ཆ་འཕྲིན་པུའུ་ཡི་སྤྱི་ཁྱབ་བཟོ་བཀོད་པ།

ཙོའུ་ཅ་དབྱི། ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ།

ཆུས་ཏུང་ཡུས། ཞིང་ལས་དང་གྲོང་གསེབ་པུའུ་ཡི་པུའུ་ཀྲང་གཞོན་པ།

ལི་ཁྲེང་ཀང་། ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས།

ཙོའུ་ཀྲི་ཝུའུ། ཧྲུའུ་ཀྲང་གཞོན་པ།

སུན་རུའེ་པིའོ། ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་འགོ་འཛིན་གཞོན་པ།


དཔྱད་གཞིའི་ཡིག་ཆ།