ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྦྲག་སྲིད་ཅུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-02 11:10ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྦྲག་སྲིད་ཅུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྦྲག་སྲིད་ཅུས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྦྲག་སྲིད་ཅུས་ནི། སྤྱི་ལོ2008ལོར་བསྐྱར་སྒྲིག་བྱས་ནས(པུའུ་རིམ་པ་གཞོན་པ)བཙུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་དོ་དམ་བྱས་ཡོད་པའི་རྒྱལ་ཁབ་ཅུས་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཤིག་ཡིན་ཞིང་། སྲོལ་རྒྱུན་གྱི་གོ་བ་ལེན་སྟངས་ཐད་ཀྱི་སྦྲག་སྲིད་ཅུས(ད་ལྟའི་ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཀུང་སི)དང་རྩ་བ་ནས་མི་འདྲ་བའི་ལས་ཁུངས་གཉིས་ཡིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་རྒྱལ་སྤྱིའི་སྦྲག་སྲིད་རྩ་འཛུགས་ཀྱི་ནང་དུ་ཞུགས་ནས། སྲིད་གཞུང་བར་གྱི་སྦྲག་སྲིད་ལས་དོན་ཐག་གཅོད་བྱེད་པ་དང་། སྦྲག་སྲིད་ཀྱི་ཕྱི་ཕྱོགས་མཉམ་ལས་དང་འབྲེལ་འདྲིས་ཕྱོགས་ཀྱི་སྲིད་ཇུས་བཟོས་ནས་རྩ་འཛུགས་ལག་བསྟར་དུ་འདེབས་པ། སྦྲག་སྲིད་ཀྱི་ཕྱི་དོན་གྱི་བྱ་བ་བཅས་ཐག་གཅོད་བྱེད་དགོས། གཏན་འབེབས་བྱས་པ་ལྟར་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ལ་འབྲེལ་བ་ཡོད་པའི་ལས་དོན་ལ་དོ་དམ་བྱེད་པ་དང་། སྦྲག་སྲིད་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀུན་ལ་ཁྱབ་པའི་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཡོངས་ཁྱབ་ཞབས་ཞུ་དང་དམིགས་བསལ་ཞབས་ཞུའི་འགན་ལེན་ལམ་སྲོལ་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། སྦྲག་སྲིད་ལས་རིགས་ཀྱི་ཞབས་ཞུའི་རིན་གོང་གི་སྲིད་ཇུས་དང་གཞི་རྩའི་སྦྲག་སྲིད་ལས་སྒོའི་རིན་གོང་གི་ཚད་གཞིའི་གྲོས་འགོ་བཏོན་ནས་ལག་བསྟར་དུ་འདེབས་པར་ལྟ་སྐུལ་བྱེད་དགོས། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ནང་ཁུལ་གྱི་སྒྲིག་གཞི་ལ། ཕྱི་དོན་སི་དང་། སྲིད་ཇུས་ཁྲིམས་སྲོལ་སི། ཡོངས་ཁྱབ་ཞབས་ཞུ་སི། ཁྲོམ་རའི་ལྟ་སྐུལ་དོ་དམ་སི། མི་དོན་སི་བཅས་ལས་ཁུངས5ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家邮政局
ཕྱི་ཡིག་གི་མིང་།
People's Republic of China State Post Bureau
ཚད་རིམ།
པུའུ་རིམ་གཞོན་པ།
ཁོངས་གཏོགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།
ལས་ཁུངས་སྔོན་མ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཟམ་གློག་འཕྲིན་པུའུ།
འབྲེལ་ཡོད་ཁྲིམས་ལུགས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦྲག་སྲིད་བཅའ་ཁྲིམས》
ཅུས་ཀྲང་།
མ་ཅུན་ཧྲེང་།
ས་གནས།
པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཁུལ་པེ་ལི་ཧྲི་ལམ་ཀ་པའི་ཨང་རྟགས8པར་ཡོད།
གཞུང་ཕྱོག་དྲ་བ།
http://www.spb.gov.cn/
ངོ་བོ།
རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས།
1 ལོ་རྒྱུས་འཕེལ་རིམ།

ཡིག་ཟམ་གློག་འཕྲིན་ཡན་ལག་གཉེར་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཀྱི་བླང་བྱ་གཞིར་བཟུང་ནས། སྤྱི་ལོ1998ལོར་རྒྱལ་ཁབ་སྦྲག་སྲིད་ཅུས་བཙུགས། སྤྱི་ལོ2007ལོར། སྲིད་དོན་དང་ཁེ་ལས་དབྱེ་འབྱེད་མངོན་འགྱུར་བྱས་ནས། ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཀུང་ཟིས་ཁེ་གཉེར་རང་བཞིན་གྱི་ཕྱོགས་འགན་ལེན་བྱས་ཤིང་། སྲིད་གཞུང་གི་འགན་ནུས་ལོགས་སུ་ཕྱེས་ནས་རྒྱལ་ཁབ་སྦྲག་སྲིད་ཅུས་བསྐྱར་འཛུགས་བྱས། བསྐྱར་འཛུགས་བྱས་རྗེས་ཀྱི་རྒྱལ་ཁབ་སྦྲག་སྲིད་ཅུས་ནི་ཆ་འཕྲིན་ཐོན་ལས་པུའུ་ཡིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་ཀྱི་ལས་ཁུངས་ཤིག་ཡིན། སྤྱི་ལོ2009ལོར་རྒྱལ་ཁབ་ཀྱི“པུའུ་ཨུ་ཆེ་གྲས་སྒྱུར་བཅོས”ཀྱི་བླང་བྱ་གཞིར་བཟུང་ནས། རྒྱལ་ཁབ་སྦྲག་སྲིད་ཅུས་དེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཚབ་གཉེར་བྱས་ནས། པུའུ་རིམ་གཞོན་པའི་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་སུ་བསྒྱུར།

2 ལས་ཁུངས་ཀྱི་འགན་ནུས།

(གཅིག) སྦྲག་སྲིད་ལས་རིགས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། འཆར་གཞི། སྲིད་ཇུས། ཚད་གཞི་བཅས་གཏན་འབེབས་བྱེད་དགོས་པ་དང་། སྦྲག་སྲིད་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་གཏོང་པ་དང་། སྦྲག་སྲིད་དང་འགྲིམ་འགྲུལ་སྐྱེལ་འདྲེན་གཅིག་གྱུར་འཆར་འགོད་ཀྱིས་གོང་འཕེལ་དུ་གཏོང་རྒྱུར་སྐུལ་འདེད་བྱེད་པའི་སྲིད་ཇུས་དང་གྲོས་འཆར་འདོན་དགོས། སྦྲག་སྲིད་ལས་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྡེ་ཁག་གི་སྒྲིག་སྲོལ་བཅས་ཀྱི་འཆར་ཟིན་འགོད་དགོས།

(གཉིས) སྦྲག་སྲིད་ཀྱི་ལྟ་སྐུལ་དོ་དམ་ལ་འགན་ལེན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀུན་ལ་ཁྱབ་པའི་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཡོངས་ཁྱབ་ཞབས་ཞུ་དང་དམིགས་བསལ་ཞབས་ཞུའི་འགན་ལེན་ལམ་སྲོལ་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། སྦྲག་སྲིད་ལས་རིགས་ཀྱི་ཞབས་ཞུའི་རིན་གོང་གི་སྲིད་ཇུས་དང་གཞི་རྩའི་སྦྲག་སྲིད་ལས་སྒོའི་རིན་གོང་གི་ཚད་གཞིའི་གྲོས་འགོ་བཏོན་ནས་ལག་བསྟར་དུ་འདེབས་པར་ལྟ་སྐུལ་བྱེད་དགོས།

(གསུམ) མྱུར་སྐྱེལ་སོགས་སྦྲག་སྲིད་ལས་སྒོ་ཚོང་རར་ཞུགས་ཆོག་པའི་འགན་འཁུར་དགོས་པ་དང་། འཕྲིན་ཡིག་དང་འཕྲིན་ཡིག་གི་ཆེད་གཉེར་ལས་སྒོའི་ཆེད་དབང་ལ་སྲུང་སྐྱོབ་བྱེད་དགོས། ཁྲིམས་ལྟར་སྦྲག་སྲིད་ཁྲོམ་རར་ལྟ་སྐུལ་དོ་དམ་བཅས་བྱ་དགོས།

(བཞི) གསང་གནད་འཕྲིན་གཏོང་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་ཁུར་ནས། གསང་གནད་འཕྲིན་གཏོང་གི་བདེ་འཇགས་ལ་འགན་ལེན་བྱེད་དགོས།

(ལྔ) སྦྲག་སྲིད་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས་པ་དང་། སྦྲག་སྲིད་ལས་རིགས་ཀྱི་འཁོར་སྐྱོད་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་དང་། ཉེན་བརྡ་གཏོང་བ། འཕྲལ་བསྟུན་དོ་དམ་བཅས་བྱེད་པའི་འགན་འཁུར་དགོས། སྦྲག་སྲིད་འཕྲིན་གཏོང་དང་བརྡ་འཕྲིན་བདེ་འཇགས་ཡོང་བར་འགན་སྲུང་བྱ་དགོས།

(དྲུག) སྦྲག་སྲིད་ལས་རིགས་ཀྱི་བསྡོམས་རྩིས་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་དབྱེ་ཞིབ། ཆ་འཕྲིན་ཞབས་ཞུ་བཅས་བྱེད་པའི་འགན་འཁུར་དགོས་པ་དང་། སྦྲག་སྲིད་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་ལ་ཁྲིམས་ལྟར་ལྟ་སྐུལ་བྱ་དགོས།

(བདུན) དྲན་གསོའི་སྦྲག་རྟགས་ཀྱི་ཁ་བྱང་དང་དཔེ་རིས་ལ་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས་པ་དང་། དྲན་གསོའི་སྦྲག་རྟགས་དང་དམིགས་བསལ་སྦྲག་རྟགས་ཀྱི་ལོ་རེའི་འཆར་གཞིར་ཞིབ་བཤེར་གཏན་འབེབས་བྱེད་པའི་འགན་འཁུར་དགོས།

(བརྒྱད) རྒྱལ་ཁབ་ཀྱི་ཚབ་བྱས་ནས་རྒྱལ་སྤྱིའི་སྦྲག་སྲིད་རྩ་འཛུགས་ཀྱི་ནང་དུ་ཞུགས་ནས། སྲིད་གཞུང་བར་གྱི་སྦྲག་སྲིད་ལས་དོན་ཐག་གཅོད་བྱེད་པ་དང་། སྦྲག་སྲིད་ཀྱི་ཕྱི་ཕྱོགས་མཉམ་ལས་དང་འབྲེལ་འདྲིས་ཕྱོགས་ཀྱི་སྲིད་ཇུས་བཟོས་ནས་རྩ་འཛུགས་ལག་བསྟར་དུ་འདེབས་པ། སྦྲག་སྲིད་ཀྱི་ཕྱི་དོན་གྱི་བྱ་བ་བཅས་ཐག་གཅོད་བྱེད་དགོས། གཏན་འབེབས་བྱས་པ་ལྟར་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ལ་འབྲེལ་བ་ཡོད་པའི་ལས་དོན་ལ་དོ་དམ་བྱ་དགོས།

(དགུ) ཞིང་ཆེན་སོ་སོའི(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)སྦྲག་སྲིད་དོ་དམ་ཅུས་ལ་ཐད་ཀར་དོ་དམ་བྱ་དགོས།

(བཅུ) རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བསྒྲུབ་རྒྱུར་སྤྲད་པའི་བྱ་བ་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

3 སྲིད་འཛིན་ཆོག་མཆན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦྲག་སྲིད་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦྲག་སྲིད་བཅའ་ཁྲིམས་ལག་བསྟར་ཞིབ་སྲོལ》 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ངེས་པར་དུ་སོར་འཇོག་བྱེད་དགོས་པའི་སྲིད་འཛིན་ཞིབ་མཆན་རྣམ་གྲངས་ལ་སྲིད་འཛིན་ཆོག་མཆན་གཏན་འབེབས་བྱ་རྒྱུའི་ཐག་གཅོད》(རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་པའི་སྤྱི་ལོ2004ལོའི་བཀའ་རྒྱ་ཨང་རྟགས412པ)བཅས་གཞིར་བཟུང་ནས་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་བསྡོམས་པའི་སྲིད་འཛིན་ཆོག་མཆན་རྣམ་གྲངས5སོར་འཇོག་བྱས་ཡོད།

1. སྦྲག་སྲིད་འཕྲིན་གཏོང་ལས་སྒོའི་གཉེར་སྐྱོང་གི་ཞིབ་མཆན་འགོད་པ།

2. སྦྲགས་རྟགས་གཅིག་བསྡུས་ཀྱི་ཁྲོམ་རའི་ཉོ་ཚོང་གི་མཆོག་མཆན་འགོད་པ།

3. སྦྲག་སྲིད་ཁེ་ལས་དང་དེའི་ཡན་ལག་ལས་ཁུངས་ཀྱིས་སྦྲག་སྲིད་ཀྱི་ལས་སྒོ་ཁག་ཅིག་གཉེར་མཚམས་འཇོག་པ་དང་ཡང་ན་དེར་ཚད་བཀག་བྱེད་པའི་ཞིབ་མཆན་འགོད་དགོས།

4. སྦྲག་སྲིད་ཁེ་ལས་དང་དེའི་ཡན་ལག་ལས་ཁུངས་སྒྲིག་འགོད་བྱེད་པའམ་ཞིབ་མཆན་ཕྱིར་འཐེན་བྱེད་པ།

5. སྦྲག་འཛིན་གྱི་དཔེ་རིས་ལ་ཞིབ་མཆན་འགོད་པ།

4 ལས་ཁུངས་ཀྱི་སྒྲིག་བཀོད།  

གོང་གསལ་གྱི་འགན་ནུས་གཞིར་བཟུང་ནས། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ནང་ཁུལ་གྱི་ལས་ཁུངས5བཙུགས་པ་སྟེ།

གཞུང་ལས་ཁང་།

ལས་ཁུངས་ཀྱི་ཡིག་ཆ་དང་། གློག་འཕྲིན། ཚོགས་དོན། གསང་གནད། ཡིག་ཚགས་སོགས་ལས་ཁུངས་ཀྱི་ཉིན་རྒྱུན་གྱི་འཁོར་སྐྱོད་ལས་དོན་དང་། དེ་བཞིན་དུ་ཆ་འཕྲིན་དང་བདེ་འཇགས་གསང་སྲུང་། གསར་འགྱུར་ཁྱབ་བསྒྲགས། ཡིག་བསྐུར། སྤྱི་བསྒྲགས་སྲིད་དོན། ནོར་སྲིད་མ་ལག་གི་དོ་དམ་བཅས་ཀྱི་བྱ་བར་འགན་ལེན་བྱེད་དགོས། ཞིབ་འཇུག་བྱ་གཞི་གལ་ཆེན་ལ་བརྟག་ཞིབ་དང་། སྙན་ཞུ་གལ་ཆེན་དང་ཕྱོགས་བསྡུས་རང་བཞིན་གྱི་ཡིག་ངོས་ཀྱི་འཆར་ཟིན་འགོད་པའི་འགན་འཁུར་དགོས། སྦྲག་སྲིད་ཀྱི་ཕྱི་དོན་ལས་རིགས་དང་སྲིད་གཞུང་བར་གྱི་མཉམ་ལས་ཀྱི་ལས་དོན་སྒྲུབ་པའི་འགན་འཁུར་དགོས་པ་དང་། ཕྱི་ཕྱོགས་སུ་མཉམ་ལས་དང་འབྲེལ་འདྲིས་བྱེད་རྒྱུ་རྩ་འཛུགས་བྱས་ནས། གཏན་འབེབས་བྱས་པ་ལྟར་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ལ་འབྲེལ་བ་ཡོད་པའི་ལས་དོན་ལ་དོ་དམ་བྱེད་པའི་འགན་འཁུར་དགོས།

སྲིད་ཇུས་ཁྲིམས་སྲོལ་སི།

སྦྲག་སྲིད་ལས་རིགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་། འཆར་འགོད། ཚད་གཞི། སྲིད་ཇུས་བཅས་འདོན་རྒྱུ་དང་། སྦྲག་སྲིད་ལས་རིགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་འཆར་ཟིན་བཀོད་ནས་ལས་རིགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་དགོས་པ་དང་། སྦྲག་སྲིད་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱ་རྒྱུའི་གྲོས་འགོ་འདོན་དགོས། སྦྲག་སྲིད་ཐོན་ཁུངས་ཀྱི་འཆར་འགོད་བཟོ་བ་དང། སྦྲག་སྲིད་དང་འགྲིམ་འགྲུལ་སྐྱེལ་འདྲེན་གཅིག་གྱུར་འཆར་འགོད་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་གྲོས་འགོ་འདོན་དགོས། ལས་རིགས་ཚན་རྩལ་གྱི་བྱ་བར་སྐུལ་འདེད་གཏོང་དགོས། སྦྲག་སྲིད་ལས་རིགས་ཀྱི་བསྡོམས་རྩིས་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་དབྱེ་ཞིབ། ཆ་འཕྲིན་ཞབས་ཞུ་བཅས་བྱེད་པའི་འགན་འཁུར་དགོས་པ་དང་། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་ཞུ་ལན་ལས་དོན་སྒྲུབ་པའི་འགན་འཁུར་དགོས། ལས་ཁུངས་ཀྱི་ཚད་ལྡན་རང་བཞིན་གྱི་འབྲེལ་ཡོད་ཡིག་ཆའི་ཁྲིམས་མཐུན་རང་བཞིན་ཞིབ་བཤེར་གཏན་འབེབས་བྱེད་པའི་བྱ་བའི་འགན་འཁུར་དགོས།  

5 སྤྱིར་བཏང་གི་ཞབས་ཞུ་སི།

གསང་གནད་འཕྲིན་སྐྱེལ་སི།

ཡོངས་ཁྱབ་ཞབས་ཞུ་དང་དམིགས་བསལ་ཞབས་ཞུའི་ཚད་གཞི་བཟོས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀུན་ལ་ཁྱབ་པའི་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་འོས་འགན་སྒྲུབ་པར་ཁྲིམས་ལྟར་ལྟ་སྐུལ་བྱ་དགོས། སྦྲག་སྲིད་ལས་རིགས་ཀྱི་ཞབས་ཞུའི་རིན་གོང་གི་སྲིད་ཇུས་དང་གཞི་རྩའི་སྦྲག་སྲིད་ལས་སྒོའི་རིན་གོང་གི་ཚད་གཞིའི་གྲོས་འགོ་བཏོན་ནས་ལག་བསྟར་དུ་འདེབས་པར་ལྟ་སྐུལ་བྱེད་དགོས། ཡོངས་ཁྱབ་ཞབས་ཞུ་དང་གསང་གནད་འཕྲིན་གཏོང་གི་འགན་སྲུང་། འོས་འགན་དམག་གི་འཕྲིན་སྐྱེལ། ཏང་གི་དུས་དེབ་འགྲེམས་སྤེལ། ལོང་བའི་ཀློག་དེབ་སྐྱེལ་འདྲེན་སོགས་དམིགས་བསལ་ཞབས་ཞུའི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས། གསང་གནད་འཕྲིན་གཏོང་གི་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་ནས། གསང་གནད་འཕྲིན་གཏོང་གི་བདེ་འཇགས་ལ་འགན་ལེན་བྱེད་དགོས། གསང་གནད་འཕྲིན་གཏོང་དང་འབྲེལ་ཡོད་ཀྱི་བདེ་འཇགས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱེད་དགོས། དྲན་གསོའི་སྦྲག་རྟགས་ཀྱི་ཁ་བྱང་དང་དཔེ་རིས་ལ་ཞིབ་བཤེར་བྱེད་པའི་འགན་ཁུར་ནས། དྲན་གསོའི་སྦྲག་རྟགས་དང་དམིགས་བསལ་སྦྲག་འཛིན་གྱི་ལོ་འཁོར་འཆར་གཞི་ཞིབ་བཤེར་གཏན་འབེབས་བྱེད་པའི་འགན་འཁུར་དགོས།

ཁྲོམ་རའི་ལྟ་སྐུལ་དོ་དམ་སི།

སྦྲག་སྲིད་ཁྲོམ་རར་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱས་ཏེ་འཕྲིན་ཡིག་སྐྱེལ་འདྲེན་ལས་སྒོའི་ཆེད་གཉེར་དབང་ཆར་སྲུང་སྐྱོབ་བྱེད་དགོས། མྱུར་སྐྱེལ་སོགས་སྦྲག་སྲིད་ལས་སྒོའི་ཚོང་རར་ཞུགས་ཆོག་པའི་ལམ་ལུགས་ཁྲིམས་ལྟར་ལག་བསྟར་བྱ་དགོས། ཁྲིམས་ལྟར་སྦྲག་སྲིད་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་པ། སྦྲག་སྲིད་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལ་མཛུབ་སྟོན་བྱ་དགོས། སྦྲག་སྲིད་ལས་རིགས་ཀྱི་འཁོར་སྐྱོད་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་དང་། ཉེན་ཟོན་སྔོན་བརྡ། འཕྲལ་བསྟུན་དོ་དམ་བཅས་བྱེད་པའི་འགན་འཁུར་དགོས། སྦྲག་སྲིད་འཕྲིན་གཏོང་དང་ཆ་འཕྲིན་བདེ་འཇགས་ཡོང་བར་འགན་སྲུང་བྱེད་པའི་སྲིད་ཇུས་བཟོས་ནས་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས།

མི་དོན་སི།

ལས་ཁུངས་ཀྱི་མི་དོན་དང་། སློབ་གསོ། གསབ་སྦྱོང་། ངལ་རྩོལ་གླ་ཕོགས་བཅས་ཀྱི་དོ་དམ་ལམ་ལུགས་བཟོས་ནས་རྩ་འཛུགས་ལག་བསྟར་དུ་འདེབས་དགོས་པ་དང་། སྦྲག་སྲིད་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱ་དགོས། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལས་ཁུངས་ཀྱི་མ་ལག་འཛུགས་པ་དང་། མི་སྣའི་སྒྲིག་ཁོངས། ལས་བྱེད་པ་དོ་དམ་བཅས་ཀྱི་བྱ་བ་སྒྲུབ་པའི་འགན་འཁུར་དགོས།

ལས་ཁུངས་ཏང་ཨུ། ཅུས་རིམ་པའི་ལས་ཁུངས་དང་པེ་ཅིན་དུ་ཡོད་པའི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཚོགས་ཀྱི་བྱ་བའི་འགན་འཁུར་དགོས།

6 མི་སྣའི་སྒྲིག་ཁོངས།

རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་སུ་མི98ཡོད་ལ། དེའི་ཁྲོད་དུ་ཅུས་ཀྲང1དང་། ཅུས་ཀྲང་གཞོན་པ4 སི་ཀྲང་དང་སི་ཀྲང་གཞོན་པ་མི18བཅས(དེའི་ནང་དུ་ལས་ཁུངས་ཏང་ཨུ་ཡི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཚུད)ཡོད།

7 ལས་དོན་གཞན་དག

(གཅིག) རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ཁྲིམས་ལྟར་སྦྲག་སྲིད་ཁྲོམ་རར་ལྟ་སྐུལ་དོ་དམ་བྱས་ཏེ་སྦྲག་སྲིད་ཀྱི་འཕྲིན་གཏོང་དང་ཆ་འཕྲིན་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲིའི་ལས་བགོས་གཞིར་བཟུང་ནས་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལས་དོན་ལ་གཞོགས་འདེགས་བྱེད་དགོས། སྦྲག་སྲིད་དོ་དམ་སྡེ་ཁག་གམ་ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཚོང་ལས་ལག་རྟགས་དང་ཁེ་གཉེར་ལག་ཁྱེར་མེད་པ། ཁྱབ་ཁོངས་ལས་བརྒལ་ཏེ་ཁེ་ལས་གཉེར་སྐྱོང་བྱེད་པ་དང་ཁྲིམས་འགལ་གྱི་སྐྱེལ་འདྲེན་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། འགག་སྒོ་དང་རྒྱལ་མཚམས་ཀྱི་འགྲོ་འོང་ཞིབ་བཤེར་དང་རིམས་ནད་ཞིབ་བཤེར་སོགས་སྡེ་ཁག་གིས་ཁྲིམས་ལྟར་རྒྱལ་མཚམས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་རྒྱལ་སྤྱིའི་སྦྲག་སྐྱེལ་དངོས་རྫས་ལ་ལྟ་སྐུལ་དོ་དམ་དང་། རིམས་ནད་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས། སྤྱི་བདེ་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འགན་འཁྲིའི་ལས་བགོས་གཞིར་བཟུང་ནས། སྦྲག་སྲིད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང་། སྤྱི་བདེ་ལས་ཁུངས་ཀྱིས་སྦྲག་གླ་རྫུན་མ་བཟོ་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས།

(གཉིས) ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་གི་སྦྲག་སྲིད་དོ་དམ་ཅུས་ལ་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ཐད་ཀར་དོ་དམ་བྱེད་པ་དང་། ཁྱོན་བསྡོམས་པའི་སྲིད་འཛིན་སྒྲིག་ཁོངས་ཀྱི་མི་གྲངས498ཡོད།

(གསུམ། ) ཁོངས་གཏོགས་ཀྱི་ལས་གཉེར་ལས་ཁུངས་ཀྱི་སྒྲིག་འཛུགས་དང་། འགན་འཁྲི། སྒྲིག་ཁོངས་བཅས་ཀྱི་དོན་དག་ལོགས་སུ་གཏན་འབེབས་བྱ་རྒྱུར་ཐག་གཅོད་བྱས།  

8 ད་ལྟའི་འགོ་ཁྲིད།

མ་ཅུན་ཧྲེང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི།   རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་། ཏང་ཙུའུ་ཧྲུའུ་ཅི།  ཁྱོན་ཡོངས་ཀྱི་བྱ་བར་འགན་འཁུར་པ་དང་། གཙོ་བོ་མི་དོན་གྱི་བྱ་བར་འགན་ཁུར་ནས།   མི་དོན་སི་ལ་ཁོངས་སྒྲིལ་གྱིས་དོ་དམ་བྱས་ཡོད།

ཅེ་ཁྲང་། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་སྒྲིག་བཤེར་ཙུའུ་ཀྲང་། གཙོ་བོ་སྒྲིག་བཤེར་དང་ཞིབ་བཤེར་ལས་དོན་ལ་འགན་འཁུར་རྒྱུ་དང་།   སྲིད་འཛིན་ནུས་ཕྱོད་ལ་ལྟ་སྐུལ་དང་རྩིས་བཤེར་གྱི་བྱ་བའི་འགན་ཁུར་ཡོད།

ཀྲའོ་མིན།  རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ།  

ལིའུ་ཅུན།  རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ།  གཙོ་བོ་སྦྲག་སྲིད་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་བྱ་བར་འགན་ཁུར་ཡོད།

དབྱང་ཁྲུན་ཀོང་།  རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ།

ཏའེ་ཡིང་ཅུན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ།

9 ལས་ཁུངས་ཀྱི་ས་གནས།

པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཁུལ་པེ་ལི་ཧྲི་ལམ་ཀ་པའི་ཨང་རྟགས8པར་ཡོད།


དཔྱད་གཞིའི་ཡིག་ཆ།