རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-11-21 08:56ལ་འགྲུབ།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ(StateAdministratiratofTaxatia)ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲལ་བསྡུའི་ལས་དོན་གཙོ་གཉེར་བྱེད་མཁན་གྱི་ཐད་གཏོགས་ལས་ཁུངས་ཤིག་ཡིན་པ་མ་ཟད་པུའུ་རིམ་པ་ཞིག་ཀྱང་ཡིན། སྤྱི་ལོ2018ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གིས་འགྲེམས་སྤེལ་བྱས་པའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》གཞིར་བཟུང་ནས་ཞིང་ཆེན་རིམ་པ་དང་ཞིང་ཆེན་རིམ་པ་མན་གྱི་རྒྱལ་ཁབ་ཀྱི་ཁྲལ་དང་། ས་གནས་དཔྱ་ཁྲལ་གྱི་སྒྲིག་གཞི་ཟླ་སྒྲིལ་བཏང་ནས་ཁོངས་གཏོགས་ས་ཁོངས་ནང་གི་ཁྲལ་འབབ་དང་ཁྲལ་མིན་ཡོང་འབབ་སོགས་ཀྱི་ཞིབ་ཕྲའི་འགན་ཁུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家税务总局
འགན་ནུས།
ཁྲལ་བསྡུའི་ལས་དོན་གཙོ་སྐྱོང་བྱེད་པ།
དབྱིན་ཡིག་གི་མིང་།
StateTaxatidAdministratiratofThePeoplesRepublicofChina[4]
ལས་ཁུངས་ཀྱི་ཁོངས་གཏོགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས།
དྲྭ་ཚིགས།
http://W.@@ chinatax། gov. cn/་
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ11པའི་ཚེས28ཉིན། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ནོར་སྲིད་པུའུ་ལ་ཡིག་ལན་བསྐུར་ནས་ཧྭ་པེ་ཁྲལ་དོན་སྤྱི་ཁྱབ་ཅུའུ་རྨང་གཞིར་བྱས་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ནོར་སྲིད་པུའུ་ཁྲལ་དོན་སྤྱི་ཁྱབ་ཅུའུ་འཛུགས་རྒྱུ་མོས་མཐུན་བྱུང་བ་རེད།

སྤྱི་ལོ1950ལོའི་ཟླ1པའི་ཚེས1ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་ནོར་སྲིད་པུའུ་ཁྲལ་དོན་སྤྱི་ཁྱབ་ཅུའུ་དབུ་བརྙེས་པའི་ཚོགས་ཆེན་པེ་ཅིན་དུ་འཚོགས།

སྤྱི་ལོ1951ལོའི་ཟླ1པའི་ཚེས1ཉིན་ནོར་སྲིད་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཁྲལ་དོན་སྤྱི་ཁྱབ་ཅུའུ་རྩོམ་སྒྲིག་བྱས་པའི《ཀྲུང་དབྱང་ཁྲལ་དོན་སྤྱི་བསྒྲགས》གསར་དུ་བཏོན་པ་རེད། ལོ་དེའི་ཟླ2པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཙུང་ལི་ཀྲོའུ་ཨེན་ལའེ་བཅས་ཀྱིས་སྤྱི་བསྒྲགས་ཀྱི་ཁ་བྱང་ལ་དུས་དེབ་ཀྱི་མིང་བྲིས། སྤྱི་ལོ1955ཟླ7པར《ཀྲུང་དབྱང་ཁྲལ་དོན་སྤྱི་བསྒྲགས》དེ《མི་དམངས་ཁྲལ་དོན》ཞེས་པར་མིང་བསྒྱུར། སྤྱི་ལོ2002ལོའི་ཟླ4པར《རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་སྤྱི་བསྒྲགས》དེ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བཏོན་ཡོད།

སྤྱི་ལོ1993ལོའི་ཟླ5ཚེས18ཉིན་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའུ་ཡིས《ཀྲུང་དབྱང་ཐད་གཏོགས་ལས་ཁུངས་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྲིག་བཤེར་དང་ལྟ་ཞིབ་སྒྲིག་གཞི་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》འགྲེམས་སྤེལ་བྱས་པ་དང་། དེའི་ནང་དུ་ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའུ་ཡིས་རྒྱལ་ཁབ་ཀྱི་ཁྲལ་དོན་སྤྱི་ཁྱབ་ཅུའུ་ལ་སྒྲིག་བཤེར་ཚོགས་ཆུང་དང་ལྟ་ཞིབ་ཅུའུ་མངག་གཏོང་བྱས་པ་རེད།

སྤྱི་ལོ1993ལོའི་ཟླ11པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་བཙུགས་ནས་ས་གནས་ཁག་གི་ཐད་གཏོགས་ཁྲལ་དོན་སྒྲིག་གཞི་དང་ས་གནས་ཀྱི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ》བཏང་བ་རེད། བརྡ་ཐོའི་ནང་བསྟན་དོན། ཁྲལ་དོན་སྒྲིག་གཞི་གཉིས་འཛུགས་རྒྱུ་ནི་ལས་དོན་ཞིབ་ཚགས་ཤིག་ཡིན་པས་ས་གནས་ཁག་གིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་ཧུར་བརྩོན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ངེས་པར་དུ་ཁྱོན་ཡོངས་ནས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་ཁྲལ་དོན་ལས་ཁུངས་འཛུགས་པར་གཞོགས་འདེགས་ཧུར་ཐག་བྱ་དགོས།

སྤྱི་ལོ1993ལོའི་ཟླ12པའི་ཚེས9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ས་གནས་ཁག་ཏུ་བཙུགས་པའི་ཐད་གཏོགས་ཁྲལ་དོན་སྒྲིག་གཞི་དང་ས་གནས་ཀྱི་ལག་བསྟར་བསམ་འཆར་སྐོར་གྱི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་བརྡ་ཐོ》ནང་ས་གནས་ཁག་གིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་འགོ་ཁྲིད་འོག་ལས་དོན་མཐའ་དག་ཧུར་ཐག་སྒོས་བསྒྲུབས་ནས་དཔྱ་ཁྲལ་ལམ་ལུགས་སྒྱུར་བཅོས་དང་། སྒྲིག་གཞི་གཉིས་འཛུགས་རྒྱུའི་ལས་དོན་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

སྤྱི་ལོ1993ལོའི་ཟླ12པའི་ཚེས20ཉིན། རྒྱལ་ཁབ་ཁྲལ་དོན་ལས་དོན་དང་དམངས་སྤྱོད་མཁའ་འགྲུལ་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུའུ་ཡི་སྒྲིག་གཞིའི་ཚད་རིམ་གཞོན་པ་ནས་པུའུ་རིམ་པ་ངོ་མར་ལེགས་སྒྲིག་བྱ་རྒྱུ་ཐག་བཅད།

སྤྱི་ལོ2008ལོའི་ཟླ6པའི་ཚེས25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག《རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་སྒྲིག་གཞི་དང་མི་སྣའི་སྒྲིག་ཁོངས་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཟླ7ཚེས17ཉིན་དངོས་སུ་འགྲེམས་སྤེལ་བྱས་པ་དང་རེས་སྐོར་གསར་པའི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་དང་དེ་བཞིན་རྒྱལ་ཁབ་ཁྲལ་དོན་ཁོངས་གཏོགས་ཀྱི་སྒྲིག་གཞི་སྒྱུར་བཅོས་བྱེད་འགོ་ཚུགས་པ་རེད། ཐེངས་འདིའི་སྒྲིག་གཞི་སྒྱུར་བཅོས་ནང་གཙོ་བོ་ཁྲལ་འཇལ་ཞབས་ཞུ་སིའུ་དང་ཁེ་ལས་ཆེ་གྲས་ཁྲལ་བསྡུ་དོ་དམ་སིའུ་སོགས་ཀྱི་སྡེ་ཚན་བཙུགས་ཡོད།

སྤྱི་ལོ2018ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གིས་འགྲེམས་སྤེལ་བྱས་པའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》གཞིར་བཟུང་ནས་ཞིང་ཆེན་རིམ་པ་དང་ཞིང་ཆེན་རིམ་པ་མན་གྱི་རྒྱལ་ཁབ་ཀྱི་ཁྲལ་དང་། ས་གནས་དཔྱ་ཁྲལ་སྒྲིག་གཞི་ཟླ་སྒྲིལ་བཏང་ནས་ཁོངས་གཏོགས་ས་ཁོངས་ནང་གི་ཁྲལ་འབབ་དང་ཁྲལ་མིན་ཡོང་འབབ་སོགས་ཀྱི་འགན་འཁྲི་ཞིབ་ཕྲའི་སྒོ་ནས་འཁུར་རྒྱུ་རེད། སྤྱི་ཚོགས་འགན་བཅོལ་མ་དངུལ་གྱི་ལས་ཕྱོད་ཆེ་རུ་གཏོང་ཆེད་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ། ལས་ཤོར་འགན་བཅོལ་གྲོན་དངུལ་སོགས་ཁྲལ་དོན་སྡེ་ཚན་ལ་གཅིག་གྱུར་ཐོག་རྩིས་སྤྲོད་བྱས་པ་རེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་གཙོ་བོ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་དོ་དམ་སྒྲིག་སྲོལ་ལག་བསྟར་བྱ་རྒྱུ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡིས་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ་ཁྲལ་དོན་ཁོངས་གཏོགས་ཀྱི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་དང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། རིམ་པ་ཁག་གི་ཁྲལ་དོན་རྩ་འཛུགས་མ་ལག་དང་འགན་འཁྲི་བཟང་སྒྲིག་བྱེད་པ། བཀོད་སྒྲིག་འཐུས་སྒོ་ཚང་བ་ཅན་དུ་གཏོང་བ་བཅས་བྱས་ཏེ་བཟང་ཆ་ལེགས་སྒྲིག་དང་། ཕན་པ་ཡོད་པའི་སྒོ་ནས་གཅིག་གྱུར་གྱིས་ཁྲལ་བསྡུའི་མ་ལག་འཛུགས་དགོས།

2 འགན་ནུས་གཙོ་བོ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔྱ་ཁྲལ་བསྡུ་བའི་ལས་དོན་གཙོ་སྐྱོང་བྱེད་མཁན་གྱི་ཐད་གཏོགས་ལས་ཁུངས་ཤིག་ཡིན།

(གཅིག) ཁྲལ་བསྡུའི་བཅའ་ཁྲིམས་ཁྲིམས་སྲོལ་འཆར་ཟིན་དང་ལག་བསྟར་ཞིབ་སྲོལ་བཟོ་འགོད་ཞིབ་ཕྲ་བྱེད་དགོས་པ་མ་ཟད་གྲོས་འགོ་འདོན་དགོས་པ་དང་། ནོར་སྲིད་པུའུ་དང་མཉམ་ལས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་བཟོ་དགོས། ཁྲལ་བསྡུའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ཁྲལ་སྡུད་དང་སྤྱིར་བཏང་ཅན་གྱི་ཁྲལ་སྲིད་གནད་དོན་ལ་འགྲེལ་བཤད་བརྒྱབ་ནས་རྗེས་སུ་ནོར་སྲིད་པུའུ་ལ་ཐོ་འགོད་སྙན་སེང་ཞུ་དགོས།

(གཉིས) ཀྲུང་དབྱང་གི་དཔྱ་ཁྲལ་དང་། མཉམ་སྤྱོད་དཔྱ་ཁྲལ། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཐེབས་རྩ(གྲོན་དངུལ)བསྡུ་ལེན་དོ་དམ་གྱི་འགན་འཁྲི་འཁུར་ནས་ཁྲལ་དངུལ་བསྡུའི་རིགས་ཚང་མ་བསྡུ་གང་ཐུབ་བྱེད་དགོས།

(གསུམ) སྤྱི་བའི་དཔལ་འབྱོར་སྲིད་ཇུས་དང་ཀྲུང་དབྱང་དང་ས་གནས་ཀྱི་ཁྲལ་དབང་དབྱེ་འབྱེད་ལ་ཞིབ་འཇུག་བྱེད་པར་ཞུགས་ཏེ། ཁྲལ་དབྱེའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་གྲོས་འགོ་འདོན་པ་དང་། ཁྲལ་འཁྲིའི་སྤྱིའི་ཆུ་ཚད་ལ་ཞིབ་འཇུག་བྱེད་པ་མ་ཟད་ཁྲལ་བསྡུའི་བྱ་ཐབས་སྤྱད་དེ་སྤྱི་ཁོག་སྙོམས་སྒྲིག་བྱ་རྒྱུའི་གྲོས་འགོ་འདོན་དགོས།

(བཞི) ཁྲལ་འབབ་བསྡུ་ལེན་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱེད་པར་འགན་འཁུར་རྒྱུ་དང་། ཁྲལ་འབབ་བསྡུ་ལེན་དོ་དམ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་བཟོ་འགོད་བྱ་རྒྱུ་མ་ཟད་ལག་བསྟར་བྱེད་དགོས། ཁྲལ་བསྡུའི་ལས་སྒོ་སྒྲུབ་པ་དང་བསྡུ་ལེན་དོ་དམ་བྱེད་པའི་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་དང་དེར་ལྟ་སྐུལ་བྱས་ཏེ་ཁྲལ་བསྡུའི་བཅའ་ཁྲིམས་དང་། ཁྲིམས་སྲོལ་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་ཚུལ་ལ་ལྟ་སྐུལ་བྱེད་དགོས།

(ལྔ) ཁྲལ་འཇལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་དང་སྒྲིག་འཛུགས་བྱེད་པར་འགན་ཁུར་ཏེ། ཁྲལ་འཇལ་ཞབས་ཞུའི་དོ་དམ་ལམ་ལུགས་གཏན་འབེབས་དང་། ཁྲལ་འཇལ་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ཁྲལ་འཇལ་མཁན་གྱི་ཁེ་དབང་འགན་སྲུང་ལམ་ལུགས་གཏན་འབེབས་དང་ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱས་ཏེ་མི་སྒེར་གྱི་ཁེ་དབང་སྲུང་སྐྱོབ་དང་། སྟབས་བདེ་དང་། སྤུས་ལེགས། ཕན་ནུས་ཆེ་བ་བཅས་ཀྱི་ཁྲལ་འཇལ་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་འོས་འགན་བསྒྲུབ་དགོས།    

(དྲུག) ཁྲལ་འཇལ་མཁན་ལ་ཞབས་ཞུ་དང་ཆེད་ལས་ཅན་གྱི་ཞབས་ཞུ་བྱེད་རྒྱུའི་སྒྲིག་འཛུགས་དང་། ཁེ་ལས་ཆེ་གྲས་ལའང་ཁྲལ་འཇལ་ཞབས་ཞུ་དང་ཁྲལ་ཁུངས་དོ་དམ་སྒྲིག་འཛུགས་བྱེད་དགོས།

(བདུན) ཁྲལ་བསྡུའི་ཡོང་འབབ་ཀྱི་དུས་ཡུན་རིང་ཐུང་གི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོས་ཏེ། ཁྲལ་ཁུངས་བརྟག་དཔྱད་བྱེད་རྒྱུ། ཁྲལ་བསྡུའི་ཡོང་འབབ་ལ་དབྱེ་ཞིབ་དང་སྔོན་དཔག་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཁྲལ་བསྡུའི་ཞིབ་ཕྲའི་གནད་དོན་སྒྲིག་འཛུགས་བྱེད་དགོས།

(བརྒྱད) ཁྲལ་བསྡུའི་དོ་དམ་ཆ་འཕྲིན་ཅན་གྱི་ལམ་ལུགས་གཏན་འབེབས་བྱེད་པར་འགན་འཁུར་རྒྱུ་དང་། ཁྲལ་བསྡུའི་དོ་དམ་ཆ་འཕྲིན་ཅན་དུ་བསྒྱུུར་བའི་འཛུགས་སྐྲུན་གྱི་དུས་ཡུན་ལ་འཆར་འགོད་བཟོ་དགོས།

(དགུ) ཁྲལ་བསྡུའི་ཁྱབ་ཁོངས་ནང་མཉམ་ལས་དང་རྒྱལ་ཁབ་(ས་ཁུལ)དབར་གྱི་ཁྲལ་བསྡུའི་འབྲེལ་བའི་གྲོས་མོལ་ནང་ཞུགས་ནས་འབྲེལ་ཡོད་ཀྱི་གྲོས་མཐུན་དང་ཆོད་ཡིག་ཐོག་མིང་རྟགས་འགོད་པ་དང་ལག་བསྟར་བྱེད་དགོས།

(བཅུ) ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དཔྱ་ཁྲལ་བསྡུ་བ་དང་ཕྱིར་གཏོང་ཁྲལ་དངུལ་ལས་སྒོ་བསྒྲུབ་དགོས།

(བཅུ་གཅིག) རྒྱལ་ཡོངས་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་ལ་ཐད་ཀར་དོ་དམ་བྱས་ཏེ། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་དང་མཉམ་དུ་ཞིང་ཆེན་རིམ་པའི་ས་གནས་ལ་འགོ་ཁྲིད་དང་ལས་ཁུངས་ཀྱི་ཅུའུ་ཀྲང་བསྐོ་འཐེན་ཐད་བསམ་འཆར་འདོན་དགོས།

(བཅུ་གཉིས) རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་བསྒྲུབ་དགོས།

3 ནང་ཁུལ་གྱི་སྒྲིག་གཞི།

(གཅིག) གཞུང་ལས་ཐིང་།

(གཉིས) སྲིད་ཇུས་ཁྲིམས་སྲོལ་སིའུ།

(གསུམ) དངོས་ཟོག་དཔྱ་ཁྲལ་ལས་རིགས་སིའུ།

(བཞི) ཐོབ་ཁྲལ་སིའུ།

(ལྔ) རྒྱུ་ནོར་དང་བྱ་སྤྱོད་ཀྱི་དཔྱ་ཁྲལ་སིའུ།

(དྲུག) རྒྱལ་སྤྱིའི་ཁྲལ་དོན་སིའུ།

(བདུན) ཡོང་འབབ་འཆར་འགོད་སིའུ།

(བརྒྱད) ཁྲལ་འཇལ་ཞབས་ཞུ་སིའུ།

(དགུ་བ) ཚན་རྩལ་འཕེལ་རྒྱས་སིའུ།

(བཅུ) ཁེ་ལས་ཆེན་པོའི་ཁྲལ་བསྡུ་དོ་དམ་སིའུ།

(བཅུ་གཅིག) ཞིབ་བཤེར་ཅུའུ།

(བཅུ་གཉིས)  ནོར་སྲིད་དོ་དམ་སིའུ།

(བཅུ་གསུམ) ནང་ཞིབ་སིའུ།

(བཅུ་བཞི) མི་དོན་སིའུ།

(བཅོ་ལྔ ) ལས་ཁུངས་ཏང་ཨུད།

(བཅུ་དྲུག) ལས་འཁྱུར་ལས་བྱེད་པའི་གཞུང་ལས་ཁང་།

(བཅུ་བདུན) སྐོར་ཞིབ་ལས་དོན་གཞུང་ལས་ཁང་།

4 ཐད་གཏོགས་ལས་ཁུངས།

(གཅིག) སློབ་གསོའི་ལྟེ་གནས།

(གཉིས) ལས་ཁུངས་ཞབས་ཞུའི་ལྟེ་གནས།

(གསུམ) གློག་རྡུལ་ཁྲལ་དོན།

(བཞི) གཅིག་བསྡུས་ཉོ་སྒྲུབ་ལྟེ་གནས།

(ལྔ) ཁྲལ་བསྡུའི་ཚན་རིག་ཞིབ་འཇུག་ཁང་།

(དྲུག) ཁྲལ་དོན་ལས་བྱེད་སློབ་གླིང་།

(བདུན) ཀྲུང་གོའི་ཁྲལ་དོན་དུས་དེབ་ཁང་།

(བརྒྱད) ཀྲུང་གོའི་ཁྲལ་དོན་ཚགས་པར་ཁང་།

(དགུ) ཀྲུང་གོའི་ཁྲལ་དོན་དཔེ་སྐྲུན་ཁང་།

5 འགོ་ཁྲིད་གཙོ་བོ།
གོ་གནས།
རུས་མིང་།

ཅུའུ་ཀྲང་།

ཝང་ཅུན།

ཅུའུ་ཀྲང་གཞོན་པ།  ཡུས་ཁྲུན་ཧྲེང་། 
ཅུའུ་ཀྲང་གཞོན་པ།

སུན་རུའེ་པིའོ།

ཅུའུ་ཀྲང་གཞོན་པ།  རེན་རུང་ཧྥ་ 
ཅུའུ་ཀྲང་གཞོན་པ།

ཝང་ལུའུ་ཅིན།

སྒྲིག་བཤེར་ཙུའུ་ཀྲང་།

ཀྲང་མེན།

སྤྱི་ཁྱབ་དཔལ་འབྱོར་མཁས་ཅན།

ལིའུ་ལི་ཅན།

སྤྱི་ཁྱབ་རྩིས་བཤེར་བ། ཝང་ཏོ་ཧྲོའུ།


དཔྱད་གཞིའི་ཡིག་ཆ།