ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་ཁང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2019-11-20 15:16ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་ཁང་།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་ཁང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་ཁང་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གཞིགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉས་ལས་གོང་འཕེལ་ཁང་བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྒྲིག་གཞིར་གྱུར་པ་རེད། སྤྱི་ལོ2019ལོའི་ཟླ9པར། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་དང་བསྟུན་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་ཁང་གི་ཏང་རྩ་འཛུགས་ལ་རྒྱུན་དུ་སྐོར་གཟིགས་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家国际发展合作署概述
ད་ལྟའི་ཧྲུའུ་ཀྲང་།
ཝང་ཞའོ་ཐའོ།
ས་གནས།
པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་གཡོད་ཐན་བྱང་སྲང་ལམ་ཨང2པ།
དབྱིན་ཡིག་གི་མིང་།
ChinaInternationalDevelopmentCooperirAgency
སྒྲིག་གཞིའི་ངོ་བོ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།
དྲ་ཚིགས།
http://W.@@ cidca. gov.n
1 ལས་ཁུངས་འཛུགས་སྐྲུན་གྱི་སྐོར།

ཕྱི་ཕྱོགས་ལ་རོགས་སྐྱོར་བྱས་ཏེ་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་གལ་ཆེའི་བྱ་ཐབས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་འཐབ་ཇུས་ཇུས་འགོད་དང་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་སྒོས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་གཅིག་གྱུར་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་སྟངས་སྒྱུར་བཅོས་ཇེ་ལེགས་སུ་གཏོང་བ། རྒྱལ་ཁབ་ཕྱི་འབྲེལ་གྱི་སྤྱིའི་བཀོད་སྒྲིག་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལ་ཞབས་འདེགས་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་ནང་ཚོང་དོན་པུའུ་ཡི་ཕྱི་ཕྱོགས་རོགས་སྐྱོར་ལས་དོན་གྱི་འབྲེལ་ཡོད་འགན་འཁྲི་དང་ཕྱི་འབྲེལ་པུའུ་ཡི་ཕྱི་ཕྱོགས་རོགས་སྐྱོར་མཐུན་སྦྱོར་དང་བསྟུན་ཏེ། འགན་འཁྲི་བསྡུ་སྒྲིག་སྒོས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྒྲིག་གཞིར་བརྩི་རྒྱུ་ཡིན་ཞེས་བཏོན་ཡོད།

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་ཁང་བཙུགས་ཡོད།

2 འགན་ནུས་གཙོ་བོ།

ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་ངང་འཆར་འགོད། སྲིད་ཇུས་གཏན་འབེབས་བྱས་ཏེ་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་གནད་དོན་གལ་ཆེན་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་པ་དང་། ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་སྟངས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས་པ་མ་ཟད། ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་ཇུས་གཞི་དང་འཆར་གཞི་བཟོ་འགོད་བྱེད་དགོས། དེ་མིན་ད་དུང་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་གཏན་ཁེལ་དང་དང་རོགས་སྐྱོར་བྱེད་པའི་ཞིབ་ཕྲའི་ལག་བསྟར་ལས་དོན་དེ་འབྲེལ་ཡོད་སྡེ་ཚན་གྱིས་ལས་བགོས་ལྟར་འཁུར་དགོས།

3 ནང་ཁུལ་སྒྲིག་གཞི།

ཕྱོགས་བསྡུས་སིའུ།

སྲིད་ཇུས་དང་འཆར་འགོད་སིའུ།

ས་ཁུལ་གྱི་སིའུ་དང་པོ།

ས་ཁུལ་གྱི་སིའུ་གཉིས་པ།

ལྟ་སྐུལ་དཔྱད་ཞིབ་སིའུ།

རྒྱལ་སྤྱིའི་མཉམ་ལས་སིའུ།

ལས་ཁུངས་ཏང་ཨུ། (མི་དོན་སིའུ)

4 ད་ལྟའི་འགོ་ཁྲིད།

ཧྲུའུ་ཀྲང་། ཝང་ཞའོ་ཐའོ།

ཧྲུའུ་ཀྲང་གཞོན་པ། ཀྲང་མའོ་ཡུས། ཀྲོའུ་ལིའུ་ཅུན། ཏེང་པོ་ཆིང་།

དཔྱད་གཞིའི་ཡིག་ཆ།