ཀུང་ཟིའི་བཅའ་ཁྲིམས།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2019-11-15 17:09ལ་འགྲུབ།

ཀུང་ཟིའི་བཅའ་ཁྲིམས།

ཀུང་ཟིའི་བཅའ་ཁྲིམས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་ཟིའི་བཅའ་ཁྲིམས་ནི་ཀུང་ཟིའི་རྩ་འཛུགས་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཀུང་ཟི་དང་། མ་རྐང་འཇོག་མཁན། བུན་བདག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བཟོས་པའི་བཅའ་ཁྲིམས་ཤིག་ཡིན། སྤྱི་ལོ1993ལོའི་ཟླ12པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་སྐབས་སུ་གྲོས་འཆམ་བྱུང་ཞིང་། སྤྱི་ལོ1999དང་། སྤྱི་ལོ2004 སྤྱི་ལོ2005 སྤྱི་ལོ2013 སྤྱི་ལོ2018བཅས་ལ་བཟོ་བཅོས་ཐེངས་མང་བརྒྱབ་ཡོད། ད་ལྟ་ལག་བསྟར་བྱེད་བཞིན་པའི་པར་གཞི་དེ་སྤྱི་ལོ2018ལོའི་ཟླ10བའི་ཚེས26ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་སྐབས་སུ《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་ཟིའི་སྐོར་གྱི་བཅའ་ཁྲིམས〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》གཞིར་བཟུང་བཟོ་བཅོས་ཐེངས་བཞི་པ་བརྒྱབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国公司法
ཆོག་མཆན་ཐོབ་པའི་དུས།
སྤྱི་ལོ1993ལོའི་ཟླ12པའི་ཚེས29ཉིན །
ད་ལྟའི་པར་གཞི།
སྤྱི་ལོ 2018ལོའི་ཟླ10བའི་ཚེས26ཉིན།
ལག་བསྟར་ཚེས་གྲངས།
སྤྱི་ལོ2006ལོའི་ཟླ1པའི་ཚེས1ཉིན།
1 ​བཅའ་ཁྲིམས་བཟོ་བཅོས་དང་རྩོམ་སྒྲིག་བྱེད་པ། 

སྤྱི་ལོ1993ལོའི་ཟླ12པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་སྐབས་སུ་གྲོས་འཆམ་བྱུང་ཞིང་།

སྤྱི་ལོ1999ལོའི་ཟླ12པའི་ཚེས25ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་སུ《〈ཀུང་ཟིའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》ལ་གཞིགས་ནས་དག་བཅོས་ཐེངས་དང་པོ་བྱས།

སྤྱི་ལོ2004ལོའི་ཟླ8པའི་ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་སུ《〈ཀུང་ཟིའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་ནས་བཟོ་བཅོས་ཐེངས་གཉིས་པ་བྱས།

སྤྱི་ལོ2005ལོའི་ཟླ10བའི་ཚེས27ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག་བཟོ་བཅོས་བརྒྱབ།

སྤྱི་ལོ2013ལོའི་ཟླ12པའི་ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེང་་དྲུག་པའི་སྐབས་སུ《〈རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉སོགས་བཅའ་ཁྲིམས་བདུན་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་ནས་བཟོ་བཅོས་ཐེངས་གསུམ་པ་བྱས།

སྤྱི་ལོ2018ལོའི་ཟླ10བའི་ཚེས26ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་སྐབས་སུ《〈ཀུང་ཟིའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་ནས་དག་བཅོས་ཐེངས་བཞི་པ་བྱས།   

2 བཅའ་ཁྲིམས་ཀྱི་དོན་ཚན་རྩོམ་སྒྲིག 
3 དཀར་ཆག 

ལེའུ་དང་པོ། སྤྱིའི་དོན་ཚན།

ལེའུ་གཉིས་པ། འགན་འཁྲི་ཚད་བཀག་ཀུང་ཟི་གསར་འཛུགས་དང་དེའི་རྩ་འཛུགས་ལས་ཁུངས་སྐོར།

ས་བཅད་དང་པོ། གསར་འཛུགས་བྱེད་པའི་སྐོར།

ས་བཅད་གཉིས་པ། རྩ་འཛུགས་ལས་ཁུངས།

ས་བཅད་གསུམ་པ། མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟིའི་དམིགས་བསལ་གཏན་འབེབས།

ས་བཅད་བཞི་པ། རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག་ཀུང་ཟིའི་དམིགས་བསལ་གཏན་འབེབས།

ལེའུ་གསུམ་པ། འགན་འཁྲི་ཚད་ཡོད་ཀུང་ཟིའི་མ་རྐང་འཛིན་དབང་ནང་བཤུག་བྱེད་སྟངས་སྐོར།

ལེའུ་བཞི་པ། མ་རྐང་ཚད་ཡོད་ཀུང་ཟི་འཛུགས་ལུགས་དང་དེའི་རྩ་འཛུགས་ལས་ཁུངས་སྐོར།

ས་བཅད་དང་པོ། འཛུགས་ལུགས།

ས་བཅད་གཉིས་པ། མ་རྐང་འཇོག་མཁན་གྱི་ཚོགས་ཆེན།

ས་བཅད་གསུམ་པ། ལས་འཛིན་ལྷན་ཚོགས་དང་སྤྱི་གཉེར་པ།

ས་བཅད་བཞི་པ། བཙོན་དོན་ལྷན་ཚོགས།

ས་བཅད་ལྔ་པ། ཁྲོམ་འགྲེམ་ཀུང་ཟིའི་རྩ་འཛུགས་སྒྲིག་གཞིའི་དམིགས་བསལ་གཏན་འབེབས།

ལེའུ་ལྔ་པ། མ་རྐང་ཚད་ཡོད་ཀུང་ཟིའི་མ་རྐང་འགྲེམས་སྤེལ་དང་བཤུག་སྤྲོད་བྱེད་སྟངས་སྐོར།

ས་བཅད་དང་པོ། མ་རྐང་འགྲེམ་སྤེལ་བྱེད་སྟངས།

ས་བཅད་གཉིས་པ། མ་རྐང་བཤུག་སྤྲོད་བྱེད་སྟངས།

ལེའུ་དྲུག་པ། ཀུང་ཟིའི་ལས་འཛིན་པ་དང་། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱི་ཐོབ་ཐང་དང་འོས་འགན།

ལེའུ་བདུན་པ། ཀུང་ཟིའི་བུན་འཛིན།

ལེའུ་བརྒྱད་པ། ཀུང་ཟིའི་ནོར་དོན་དང་རྩིས་གཉེར་སྐོར།

ཀུང་ཟི་ཟླ་སྒྲིལ་གཏོང་བ་དང་། ཁ་གྱེས་ནས་འཛུགས་པ། མ་རྩ་འཕར་སྣོན། མ་རྩ་ཉུང་འཕྲི་བཅས་བྱེད་པ།

ལེའུ་བཅུ་པ། ཀུང་ཟི་མི་དགོས་པར་བཟོ་བ་དང་ཞིབ་རྩིས་རྒྱག་ཕྱོགས་སྐོར།

ལེའུ་བཅུ་གཅིག་པ། ཕྱི་རྒྱལ་གྱི་ཀུང་ཟིའི་ཡན་ལག་ལས་ཁུངས།

ལེའུ་བཅུ་གཉིས་པ། བཅའ་ཁྲིམས་འགན་འཁྲིའི་སྐོར།

ལེའུ་བཅུ་གསུམ་པ།  ཞར་བྱུང་དོན་ཚན།

4 ནང་དོན་ཆ་ཚང་།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཀུང་ཟིའི་རྩ་འཛུགས་དང་བྱ་སྤྱོད་ཚད་ལྡན་དུ་འགྱུར་བ་དང་། ཀུང་ཟི་དང་། མ་རྐང་འཇོག་མཁན། བུན་བདག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་འདེད་བཅས་བྱེད་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། བཅའ་ཁྲིམས་འདིར་ཀུང་ཟི་ཞེས་པ་ནི་བཅའ་ཁྲིམས་འདི་གཞིར་བཟུང་ནས་ཀྲུང་གོའི་མངའ་ཁོངས་སུ་བཙུགས་པའི་འགན་འཁྲི་ཚད་བཀག་ཀུང་ཟི་དང་མ་རྐང་ཚད་ཡོད་ཀུང་ཟིར་ཟེར།

དོན་ཚན་གསུམ་པ། ཀུང་ཟི་ནི་ཁེ་ལས་ཀྱི་ཁྲིམས་མི་ཡིན་པ་དང་། རང་ཚུགས་ཀྱི་ཁྲིམས་མིའི་རྒྱུ་ནོར་ཡོད་ཅིང་ཁྲིམས་མིའི་རྒྱུ་ནོར་བདག་དབང་ལོངས་སུ་སྤྱོད་རྒྱུ་ཡོད། ཀུང་ཟི་དང་རང་གི་རྒྱུ་ནོར་ཡོད་ཚད་གྱིས་ཀུང་ཟིའི་བུ་ལོན་འཇལ་བའི་འགན་འཁུར་ཡོད།

འགན་འཁྲི་ཚད་ཡོད་ཀུང་ཟིའི་མ་རྐང་འཇོག་མཁན་དང་འཇལ་རྒྱུ་ཁས་བླངས་པའི་མ་དངུལ་གྱིས་ཀུང་ཟིར་འགན་འཁྲི་འཁུར་རྒྱུ་དང་། མ་རྐང་ཚད་ཡོད་ཀུང་ཟིའི་མ་རྐང་འཇོག་མཁན་དངཉོས་ཟིན་པའི་མ་རྐང་གིས་ཀུང་ཟིར་འགན་འཁྲི་འཁུར་དགོས།

དོན་ཚན་བཞི་པ། ཀུང་ཟིའི་མ་རྐང་འཇོག་མཁན་ལ་ཁྲིམས་ལྟར་རྒྱུ་ནོར་གྱི་ཁེ་ཕན་ཐོབ་པ་དང་། ཐབས་ཇུས་གལ་ཆེན་འགོད་པར་ཞུགས་པ། གདམ་ག་རྒྱག་པ་སོགས་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད།

དོན་ཚན་ལྔ་པ། ཀུང་ཟིས་ཚོང་གཉེར་གྱི་བྱེད་སྒོ་སྤེལ་བར་ངེས་པར་དུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ཚོང་ལས་ཀྱི་ཀུན་སྤྱོད།  ཡིད་རྟོན་གཞུང་དྲང་བཅས་ལ་བརྩི་སྲུང་དང་།   སྲིད་གཞུང་དང་སྤྱི་ཚོགས་སྤྱི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས།

ཀུང་ཟིའི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ་དང་། བཙན་གནོད་ཐེབས་མི་ཆོག

དོན་ཚན་དྲུག་པ། ཀུང་ཟི་འཛུགས་པར་བཅའ་ཁྲིམས་ལྟར་ཀུང་ཟི་ཐོ་འགོད་ལས་ཁུངས་ལ་ཀུང་ཟི་འཛུགས་པའི་ཐོ་འགོད་ཡོང་རེ་ཞུ་དགོས། བཅའ་ཁྲིམས་འདིར་གཏན་འབེབས་བྱས་པའི་གསར་འཛུགས་བྱེད་པའི་ཆ་རྐྱེན་དང་མཐུན་པ་ཡིན་ན། ཀུང་ཟི་ཐོ་འགོད་ལས་ཁུངས་སོ་སོས་འགན་འཁྲི་ཚད་བཀག་ཀུང་ཟིའམ་མ་རྐང་ཚད་ཡོད་ཀུང་ཟིར་ཐོ་འགོད་བྱ་རྒྱུ་དང་། བཅའ་ཁྲིམས་འདིར་གཏན་ལ་ཕབ་པའི་ཆ་རྐྱེན་དང་མ་མཐུན་ན། འགན་འཁྲི་ཚད་བཀག་ཀུང་ཟིའམ་མ་རྐང་ཚད་ཡོད་ཀུང་ཟིར་ཐོ་འགོད་བྱས་མི་ཆོག

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཀུང་ཟི་འཛུགས་པར་ངེས་པར་དུ་ཆོག་མཆན་ཞུ་དགོས་པའི་གཏན་འབེབས་བྱས་ཡོད་ན། ཀུང་ཟི་ཐོ་འགོད་མ་བྱས་གོང་བཅའ་ཁྲིམས་ལྟར་ཆོག་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་དགོས།

སྤྱི་དམངས་ཀྱིས་ཀུང་ཟི་ཐོ་འགོད་ལས་ཁུངས་ལ་ཀུང་ཟི་ཐོ་འགོད་བྱ་རྒྱུའི་དོན་དག་འདྲི་རྩད་ཞུས་ཆོག་ཅིང་། ཀུང་ཟི་ཐོ་འགོད་ལས་ཁུངས་ཀྱིས་འདྲི་རྩད་ཀྱི་ཞབས་ཞུ་མཁོ་འདོན་བྱ་དགོས།

དོན་ཚན་བདུན་པ། བཅའ་ཁྲིམས་ལྟར་བཙུགས་པའི་ཀུང་ཟི་ཡིན་ཕྱིན། ཀུང་ཟི་ཐོ་འགོད་ལས་ཁུངས་ཀྱིས་ཀུང་ཟི་གཉེར་སྐྱོང་བྱེད་པའི་ལག་ཁྱེར་སྤྲོད་རྒྱུ་དང་། ཀུང་ཟི་གཉེར་སྐྱོང་བྱས་འཐུས་ལག་ཁྱེར་སྤྲད་པའི་ཚེས་གྲངས་དེ་ཀུང་ཟི་བཙུགས་པའི་ཚེས་གྲངས་སུ་བརྩི།

ཀུང་ཟིའི་ལས་གཉེར་བྱས་འཐུས་ལག་ཁྱེར་ཐོག་ཀུང་ཟིའི་མིང་དང་། སྡོད་གནས། ཐོ་འགོད་མ་རྩ། གཉེར་སྐྱོང་བྱེད་ཁོངས། ཁྲིམས་བཀོད་འཐུས་ཚབ་ཀྱི་རུས་མིང་སོགས་ཀྱི་དོན་དག་གསལ་པོར་འགོད་དགོས།

ཀུང་ཟིའི་ལས་གཉེར་བྱས་འཐུས་ལག་ཁྱེར་ཐོག་བཀོད་པའི་དོན་ཚན་དག་ལ་འགྱུར་བ་བྱུང་ན། ཀུང་ཟིས་བཅའ་ཁྲིམས་ལྟར་འགྱུར་བ་བྱུང་བའི་ཐོ་འགོད་བྱ་དགོས་པ་དང་། ཀུང་ཟི་ཐོ་འགོད་ལས་ཁུངས་ཀྱིས་ལས་གཉེར་བྱས་འཐུས་ལག་ཁྱེར་བརྗེ་སྤྲོད་བྱ་དགོས།

དོན་ཚན་བརྒྱད་པ། བཅའ་ཁྲིམས་འདི་གཞིར་བཟུང་ནས་བཙུགས་པའི་འགན་འཁྲི་ཚད་བཀག་ཀུང་ཟི་ཡིན་ཕྱིན་ངེས་པར་དུ་ཀུང་ཟིའི་མིང་དུ་འགན་འཁྲི་ཚད་བཀག་ཀུང་ཟིའམ་ཡང་ན་ཚད་ཡོད་ཀུང་ཟི་ཞེས་པའི་ཡི་གེ་གསལ་འགོད་བྱ་དགོས།

བཅའ་ཁྲིམས་འདི་གཞིར་བཟུང་ནས་བཙུགས་པའི་མ་རྐང་ཚད་ཡོད་ཀུང་ཟི་ཡིན་ཕྱིན་ངེས་པར་དུ་ཀུང་ཟིའི་མིང་དུ་མ་རྐང་ཚད་ཡོད་ཀུང་ཟིའམ་མ་རྐང་ཀུང་ཟི་ཞེས་པའི་ཡི་གེ་གསལ་འགོད་བྱ་དགོས།

དོན་ཚན་དགུ་པ། འགན་འཁྲི་ཚད་བཀག་ཀུང་ཟི་དེ་མ་རྐང་ཚད་ཡོད་ཀུང་ཟིར་སྒྱུར་སྐབས་བཅའ་ཁྲིམས་འདིར་གཏན་ལ་ཕབ་པའི་མ་རྐང་ཚད་ཡོད་ཀུང་ཟིའི་ཆ་རྐྱེན་དང་མཐུན་དགོས། མ་རྐང་ཚད་ཡོད་ཀུང་ཟི་དེ་འགན་འཁྲི་ཚད་བཀག་ཀུང་ཟིར་བསྒྱུར་དགོས་ན་བཅའ་ཁྲིམས་འདིར་གཏན་ལ་ཕབ་པའི་འགན་འཁྲི་ཚད་བཀག་ཀུང་ཟིའི་ཆ་རྐྱེན་དང་མཐུན་དགོས།

འགན་འཁྲི་ཚད་བཀག་ཀུང་ཟི་དེ་མ་རྐང་ཚད་ཡོད་ཀུང་ཟིར་བསྒྱུར་དགོས་པའམ་ཡང་ན་མ་རྐང་ཚད་ཡོད་ཀུང་ཟི་དེ་འགན་འཁྲི་ཚད་བཀག་ཀུང་ཟིར་བསྒྱུར་དགོས་ན། ཀུང་ཟི་མ་བསྒྱུར་གོང་གི་བུན་དབང་དང་བུ་ལོན་རྣམས་བསྒྱུར་རྗེས་ཀྱི་ཀུང་ཟིས་རྒྱུན་འཛིན་བྱ་རྒྱུ།

དོན་ཚན་བཅུ་པ། ཀུང་ཟིས་རང་ཉིད་ཀྱི་དོན་གཅོད་ལས་ཁུངས་གཙོ་བོ་གནས་ས་དེ་སྡོད་གནས་སུ་བྱེད་དགོས།

དོན་ཚན་བཅུ་གཅིག་པ། ཀུང་ཟི་འཛུགས་སྐབས་ངེས་པར་དུ་བཅའ་ཁྲིམས་ལྟར་ཀུང་ཟིའི་སྒྲིག་ཡིག་བཟོ་དགོས། ཀུང་ཟིའི་སྒྲིག་ཡིག་གིས་ཀུང་ཟི་དང་། མ་རྐང་འཇོག་མཁན། ལས་འཛིན་པ། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ལ་གཅུན་ནུས་ལྡནདགོས།

དོན་ཚན་བཅུ་གཉིས་པ། ཀུང་ཟིའི་གཉེར་སྐྱོང་བྱེད་རིགས་ཀུང་ཟིའི་སྒྲིག་ཡིག་ནང་གཏན་འབེབས་བྱ་རྒྱུ་མ་ཟད་བཅའ་ཁྲིམས་ལྟར་ཐོ་འགོད་བྱེད་དགོས། ཀུང་ཟིས་ཀུང་ཟིའི་སྒྲིག་ཡིག་བཟོ་བཅོས་བརྒྱབ་ནས་གཉེར་སྐྱོང་བྱེད་ཁོངས་བསྒྱུར་ཆོག་མོད། འོན་ཀྱང་བསྒྱུར་རྒྱུའི་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་དགོས།

ཀུང་ཟིའི་གཉེར་སྐྱོང་བྱེད་ཁོངས་དེ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ངེས་པར་དུ་ཆོག་མཆན་འགོད་དགོས་པའི་གཏན་འབེབས་བྱས་པའི་རྣམ་གྲངས་ཡིན་ཕྱིན། བཅའ་ཁྲིམས་ལྟར་ཆོག་མཆན་འགོད་དགོས།

དོན་ཚན་བཅུ་གསུམ་པ། ཀུང་ཟིའི་ཁྲིམས་བཀོད་འཐུས་ཚབ་པ་ནི་ཀུང་ཟིའི་སྒྲིག་ཡིག་གི་གཏན་འབེབས་ལྟར་ལས་འཛིན་པ་དང་ལག་བསྟར་ལས་འཛིན་པའམ་ཡང་ན་སྤྱི་གཉེར་པས་བྱ་རྒྱུ་མ་ཟད་བཅའ་ཁྲིམས་ལྟར་ཐོ་འགོད་ཀྱང་བྱ་དགོས། ཀུང་ཟིའི་ཁྲིམས་བཀོད་འཐུས་ཚབ་པ་བསྒྱུར་དགོས་ན་བསྒྱུར་རྒྱུའི་ཐོ་འགོད་བྱ་དགོས།

དོན་ཚན་བཅུ་བཞི་པ། ཀུང་ཟིས་ཡན་ལག་ཀུང་ཟི་བཙུགས་ཆོག ཡན་ལག་ཀུང་ཟི་འཛུགས་པར་ཀུང་ཟི་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་རེ་ཞུ་བརྒྱབ་ནས་ལས་གཉེར་བྱས་འཐུས་ཀྱི་ལག་ཁྱེར་ལེན་དགོས། ཡན་ལག་ཀུང་ཟིར་ཁྲིམས་མིའི་ཐོབ་ཐང་མི་ལྡན་ན། དེའི་དམངས་དོན་གྱི་འགན་འཁྲི་ཀུང་ཟིས་འཁུར་དགོས།

ཀུང་ཟིས་ཡན་ལག་ཀུང་ཟི་བཙུགས་ཆོག་པ་དང་། ཡན་ལག་ཀུང་ཟིར་ཁྲིམས་མི་ཐོང་ཐང་ལྡན་དགོས། ཡན་ལག་ཀུང་ཟིར་ཁྲིམས་ལྟར་རང་ཚུགས་ཀྱིས་དམངས་དོན་འགན་འཁྲི་འཁུར་དགོས།

དོན་ཚན་བཅོ་ལྔ་པ། ཀུང་ཟིས་ཁེ་ལས་གཞན་ལ་མ་དངུལ་བཞག་ཆོག འོན་ཀྱང་བཅའ་ཁྲིམས་ནང་གཏན་འབེབས་ལོགས་སུ་བྱས་ཡོད་པ་ཕུད། མ་དངུལ་འཇོག་པའི་ཁེ་ལས་ཀྱི་བུ་ལོན་ཐད་གཅིག་ལ་གཅིག་འབྲེལ་གྱི་འགན་འཁྲི་འཁུར་བའི་མ་དངུལ་གཏོང་མཁན་དུ་འགྱུར་མི་ཆོག

དོན་ཚན་བཅུ་དྲུག་པ། ཀུང་ཟིས་ཁེ་ལས་གཞན་ལ་མ་དངུལ་འཇོག་པའམ་ཡང་ན་མི་གཞན་ལ་ཁག་ཐེག་མཁོ་འདོན་བྱེད་པར་ཀུང་ཟིའི་སྒྲིག་ཡིག་ནང་འཁོད་པའི་གཏན་འབེབས་ལྟར་ལས་འཛིན་པའི་ལྷན་ཚོགས་སམ་ཡང་ན་མ་རྐང་འཇོག་མཁན་ལྷན་ཚོགས། མ་རྐང་འཇོག་མཁན་གྱི་ཚོགས་ཆེན་བཅས་ནས་གྲོས་མཐུན་བྱ་རྒྱུ་དང་། ཀུང་ཟིའི་སྒྲིག་ཡིག་ནང་མ་དངུལ་འཇོག་པའམ་ཡང་ན་ཁག་ཐེག་བྱེད་པའི་དངུལ་གྲངས་བསྡོམས་འབོར་དང་མ་དངུལ་འཇོག་པའི་རྣམ་གྲངས་རྐྱང་པའམ་ཡང་ན་ཁག་ཐེག་བྱེད་གྲངས་བསྡོམས་འབོར་ལ་ཚད་བཀག་གི་གཏན་འབེབས་ཡོད་ན། གཏན་འབེབས་བྱས་པའི་ཚད་གྲངས་ལས་བརྒལ་མི་ཆོག

ཀུང་ཟིས་ཀུང་ཟིའི་མ་རྐང་འཇོག་མཁན་ནམ་ཡང་ན་ཚོད་འཛིན་དངོས་སུ་བྱེད་མཁན་ལ་ཁག་ཐེག་མཁོ་འདོན་བྱེད་པར་ངེས་པར་དུ་མ་རྐང་འཇོག་མཁན་ལྷན་ཚོགས་སམ་མ་རྐང་འཇོག་མཁན་གྱི་ཚོགས་ཆེན་ཐོག་གྲོས་ཆོད་འཇོག་དགོས།

དོན་ཚན་བཅུ་བདུན་པ། ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལ་ཀུང་ཟིས་ངེས་པར་དུ་སྲུང་སྐྱོང་བྱ་དགོས་པ་དང་། བཅའ་ཁྲིམས་ལྟར་ལས་བཟོ་པ་དང་ངལ་རྩོལ་གྱི་གན་རྒྱ་འཇོག་རྒྱུ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་ནང་ཞུགས་རྒྱུ། ངལ་རྩོལ་སྲུང་སྐྱོབ་ལ་ཤུསས་གནོན་དང་ཐོན་སྐྱེབ་བདེ་འཇགས་མངོན་འགྱུར་བྱ་དགོས།

ཀུང་ཟིས་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་ཀུང་ཟིའི་ལས་བཟོ་པའི་ལས་རིགས་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་བཟོ་པའི་བྱང་ཚད་མཐོ་རུ་གཏོང་དགོས།

དོན་ཚན་བཅོ་བརྒྱད་པ། ཀུང་ཟིའི་ལས་བཟོ་པར《བཟོ་ཚོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལྟར་བཟོ་ཚོགས་སྒྲིག་འཛུགས་བྱས་ནས་བཟོ་ཚོགས་ཀྱི་བྱེད་སྒོ་སྤེལ་བ་དང་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ། ཀུང་ཟིས་ཀུང་ཟི་དེ་གའི་བཟོ་ཚོགས་ལ་བྱེད་སྒོ་སྤེལ་བའི་ཆ་རྐྱེན་དགོས་ངེས་འདོན་སྤྲོད་བྱ་དགོས། ཀུང་ཟིའི་བཟོ་ཚོགས་ཀྱིས་ལས་བཟོ་པའི་ཚབ་ཏུ་ལས་བཟོ་པའི་ངལ་རྩོལ་གྱི་ཐོབ་ཆ་དང་། ལས་ཀ་བྱེད་ཡུན། ཕན་བདེ། འགན་བཅོལ་དང་ངལ་རྩོལ་བདེ་སྲུང་དང་འཕྲོད་བསྟེན་ལ་སོགས་པའི་དོན་དག་སྐོར་བཅའ་ཁྲིམས་ལྟར་ཀུང་ཟི་དང་ཐུན་མོང་གི་གན་རྒྱ་འཇོག།

ཀུང་ཟིས་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་ནམ་རྣམ་པ་གཞན་དག་ལ་བརྟེན་ནས་དམངས་གཙོའི་དོ་དམ་བྱ་རྒྱུ།

ཀུང་ཟིས་ལམ་ལུགས་བསྒྱུར་བཅོས་དང་དེ་བཞིན་གཉེར་སྐྱོང་ཐད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་གིས་ཐག་གཅོད་དང་། སྒྲིག་སྲོལ་ལམ་ལུགས་གལ་ཆེན་གཏན་འབེབས་བྱེད་སྐབས་ཀུང་ཟིའི་བཟོ་ཚོགས་ཀྱི་བསམ་འཆར་ཉན་དགོས་པ་མ་ཟད། ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་ནམ་རྣམ་པ་གཞན་དག་བརྒྱུད་དེ་ལས་བཟོ་པའི་བསམ་འཆར་དང་གྲོས་འགོ་ཡང་ཉན་དགོས།

དོན་ཚན་བཅུ་དགུ་པ། ཀུང་ཟིའི་ནང་ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་ནང་འཁོད་གཏན་འབེབས་ལྟར་ཀྲུང་གོའི་གུང་ཁྲན་ཏང་གི་རྩ་འཛུགས་བཙུགས་ནས་ཏང་གི་བྱེད་སྒོ་སྤེལ་རྒྱུ། ཀུང་ཟིས་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་བར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་དགོས།

དོན་ཚན་ཉི་ཤུ་པ། ཀུང་ཟིའི་མ་རྐང་འཇོག་མཁན་གྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ཀུང་ཟིའི་སྒྲིག་ཡིག་བཅས་ལ་བརྩི་སྲུང་བྱ་དགོས་པ་དང་། བཅའ་ཁྲིམས་ལྟར་མ་རྐང་འཇོག་མཁན་གྱི་ཁེ་དབང་སྤྱོད་དགོས་པ་ལས། མ་རྐང་འཇོག་མཁན་གྱི་ཁེ་དབང་གང་བྱུང་དུ་སྤྱད་དེ་ཀུང་ཟིའམ་ཡང་ན་མ་རྐང་འཇོག་མཁན་གཞན་དག་གི་ཁེ་ཕན་ལ་གནོད་འཚེ་གཏོང་རིགས་བྱས་མི་ཆོག ཀུང་ཟིའི་ཁྲིམས་མིའི་རང་ཚུགས་ཀྱི་གོ་གནས་དང་མ་རྐང་འཇོག་མཁན་གྱི་ཚད་ཡོད་འགན་འཁྲི་གང་བྱུང་དུ་སྤྱད་དེ་ཀུང་ཟིའི་བུན་བདག་གི་ཁེ་ཕན་ལ་གནོད་འཚེ་བཏང་མི་ཆོག

ཀུང་ཟིའི་མ་རྐང་འཇོག་མཁན་གྱིས་མ་རྐང་འཇོག་མཁན་གྱི་དབང་ཆ་གང་བྱུང་དུ་སྤྱད་དེ་ཀུང་ཟིའམ་ཡང་ན་མ་རྐང་འཇོག་མཁན་གཞན་དག་ལ་གྱོང་གུད་བཟོས་པ་ཡིན་ན། ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།

དོན་ཚན་ཉེར་གཅིག་པ། ཀུང་ཟིའི་མ་རྐང་ཚོད་འཛིན་བྱེད་པའི་མ་རྐང་འཇོག་མཁན་དང་། དངོས་སུ་ཚོད་འཛིན་བྱེད་མཁན། ལས་འཛིན་པ། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱིས་རང་གི་ཉེ་འབྲེལ་གྱི་འབྲེལ་བར་བརྟེན་ནས་ཀུང་ཟིའི་ཁེ་ཕན་ལ་གནོད་འཚེ་བཏང་མི་ཆོག

གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་དང་འགལ་ནས་ཀུང་ཟིར་གྱོང་གུན་བཟོས་པ་ཡིན་ན། སྐྱིན་ཚབ་འཇལ་འགན་འཁུར་དགོས།

དོན་ཚན་ཉེར་གཉིས་པ། ཀུང་ཟིའི་མ་རྐང་འཇོག་མཁན་ལྷན་ཚོགས་སམ་ཡང་ན་མ་རྐང་འཇོག་མཁན་ཚོགས་ཆེན། ལས་འཛིན་པའི་ལྷན་ཚོགས་བཅས་ཀྱི་གྲོས་ཆོད་ནང་དོན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལས་འགལ་རིགས་རྩིས་འགྲོ་མེད།

ཀུང་ཟིས་མ་རྐང་འཇོག་མཁན་ལྷན་ཚོགས་སམ་ཡང་ན་མ་རྐང་འཇོག་མཁན་ཚོགས་ཆེན། ལས་འཛིན་པའི་ལྷན་ཚོགས་བཅས་ཀྱི་གྲོས་ཆོད་གཞིར་བཟུང་ནས་འགྱུར་བ་བྱུང་བའི་ཐོ་འགོད་བྱས་ན། མི་དམངས་ཁྲིམས་ཁང་གིས་གྲོས་ཆོད་དེ་གོ་མི་ཆོད་པར་གྱུར་པའམ་ཡང་ན་གྲོས་ཆོད་དེ་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་རྗེས་ཀུང་ཟིས་ཀུང་ཟི་ཐོ་འགོད་ལས་ཁུངས་ལ་འགྱུར་བ་བྱུང་བའི་ཐོ་འགོད་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་དགོས།

ལེའུ་གཉིས་པ། འགན་འཁྲི་ཚད་བཀག་ཀུང་ཟི་གསར་འཛུགས་་དང་དེའི་རྩ་འཛུགས་ལས་ཁུངས་སྐོར།

ས་བཅད་དང་པོ། གསར་འཛུགས་བྱེད་པའི་སྐོར།

དོན་ཚན་ཉེར་གསུམ་པ། འགན་འཁྲི་ཚད་བཀག་ཀུང་ཟི་འཛུགས་པར་གཤམ་གསལ་གྱི་ཆ་རྐྱེན་དག་འཛོམས་དགོས་པ་སྟེ།

(གཅིག) མ་རྐང་འཇོག་མཁན་ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན་པ་དང་།

(གཉིས) ཀུང་ཟིའི་སྒྲིག་ཡིག་གི་གཏན་འབེབས་དང་མཐུན་པའི་མ་རྐང་འཇོག་མཁན་ཡོངས་ནས་ཁས་ལེན་བྱས་པའི་མ་དངུལ་འཇོག་དགོས།

(གསུམ) མ་རྐང་འཇོག་མཁན་རྣམས་ཀྱིས་ཐུན་མོང་དུ་ཀུང་ཟིའི་སྒྲིག་ཡིག་གཏན་འབེབས་བྱ་རྒྱུ།

བཞི།  ཀུང་ཟིའི་སྡོད་གནས་དགོས།

དོན་ཚན་ཉེར་བཞི་པ། འགན་འཁྲི་ཚད་བཀག་ཀུང་ཟི་ནི་མ་རྐང་འཇོག་མཁན་ལྔ་བཅུ་མན་གྱིས་མ་དངུལ་བཞག་སྟེ་འཛུགས་རྒྱུ།

དོན་ཚན་ཉེར་ལྔ་པ། འགན་འཁྲི་ཚད་བཀག་ཀུང་ཟིའི་སྒྲིག་ཡིག་ནང་གཤམ་གསལ་གྱི་དོན་ཚན་དག་འགོད་དགོས་པ་སྟེ།

(གཅིག) ཀུང་ཟིའི་མིང་དང་སྡོད་གནས་དང་།

(གཉིས) ཀུང་ཟིའི་གཉེར་སྐྱོང་བྱེད་ཁོངས།

(གསུམ) ཀུང་ཟིའི་ཐོ་བཀོད་མ་རྩ།

(བཞི) མ་རྐང་འཇོག་མཁན་གྱི་རུས་མིང་ངམ་མིང་།

(ལྔ) མ་རྐང་འཇོག་མཁན་གྱི་མ་དངུལ་འཇོག་སྟངས་དང་།མ་དངུལ་འཇོག་པ།  མ་དངུལ་འཇོག་པའི་དུས་ཚོད།

དོན་ཚན་ཉེར་དྲུག་པ། འགན་འཁྲི་ཚད་བཀག་ཀུང་ཟིའི་ཐོ་བཀོད་མ་རྩ་ནི་ཀུང་ཟི་ཐོ་འགོད་ལས་ཁུངས་སུ་ཐོར་བཀོད་པའི་མ་རྐང་འཇོག་མཁན་ཡོངས་ནས་ཁས་བླངས་པའི་ཐོ་ཁུངས་ཡིན།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགན་འཁྲི་ཚད་བཀག་ཀུང་ཟིའི་ཐོ་འགོད་མ་རྩ་དངོས་འཇོག་དང་། ཐོ་འགོད་མ་རྩའི་བཅད་གྲངས་དམའ་ཤོས་ཐད་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་ལྟར་བྱ་རྒྱུ།

དོན་ཚན་ཉེར་བདུན་པ། མ་རྐང་འཇོག་མཁན་གྱིས་དངུལ་ལོར་མ་དངུལ་དུ་བཞག་ཆོག་ལ། དངོས་རྫས་དང་། ཤེས་བྱའི་ཐོན་དངོས་བདག་དབང་། ས་ཆ་སྤྱོད་དབང་སོགས་དངུལ་ལོར་གྱིས་རིན་གོང་ཚོད་རྩིས་བྱས་ཆོག་པ་མ་ཟད། ཁྲིམས་ལྟར་བཤུག་སྤྲོད་བྱས་ཆོག་པའི་དངུལ་ལོར་མ་ཡིན་པའི་རྒྱུ་ནོར་མ་དངུལ་དུ་བཞག་ནའང་ཆོག འོན་ཀྱང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ཐོག་མ་དངུལ་འཇོག་པར་བརྩིས་མི་ཆོག་པའི་གཏན་འབེབས་བྱས་པའི་རྒྱུ་ནོར་འདིའི་ཁོངས་སུ་མི་གཏོགས།

མ་དངུལ་དུ་བཞག་པའི་དངུལ་ལོར་མ་ཡིན་པའི་རྒྱུ་ནོར་ལ་དཔྱད་དཔོག་དང་རྒྱུ་ནོར་ཞིབ་བསྡུར་བྱ་དགོས་པ་ལས། ཚོད་དཔག་མཐོ་དྲགས་པའམ་ཡང་ན་དམའ་དྲགས་པ་བྱས་མི་ཆོག བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་དཔྱད་དཔོག་བྱ་རྒྱུའི་ཐད་གཏན་འབེབས་བྱས་ཡོད་རིགས་གཏན་འབེབས་དེ་ལྟར་བྱ་རྒྱུ།

དོན་ཚན་ཉེར་བརྒྱད་པ། མ་རྐང་འཇོག་མཁན་གྱིས་ཀུང་ཟིའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་སོ་སོས་ཁས་བླངས་པའི་དོན་འབྲས་དུས་ཐོག་ཏུ་གྲངས་ཚད་ལོངས་པ་འཇལ་སྤྲོད་བྱ་དགོས། མ་རྐང་འཇོག་མཁན་གྱིས་དངུལ་ལོར་མ་དངུལ་དུ་འཇོག་རིགས་ཀྱིས་འགན་འཁྲི་ཚད་བཀག་ཀུང་ཟིས་དངུལ་ཁང་དུ་བཙུགས་པའི་ཐོ་ཁོངས་སུ་དངུལ་ལོར་མ་དངུལ་འཇོག་གྲངས་གྲངས་ཚད་ལོངས་པ་བཅོལ་དགོས་པ་དང་། དངུལ་ལོར་མ་ཡིན་པའི་རྒྱུ་ནོར་མ་དངུལ་དུ་འཇོག་རིགས་ཀྱིས་བཅའ་ཁྲིམས་ལྟར་རང་གི་རྒྱུ་ནོར་བདག་དབང་སྤོ་སྒྱུར་བྱ་རྒྱུའི་འགྲོ་ལུགས་བསྒྲུབ་དགོས།

མ་རྐང་འཇོག་མཁན་གྱིས་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་མ་དངུལ་འཇོག་གྲངས་མ་སྤྲད་ན། ཀུང་ཟིར་གྲངས་ཚད་ལོངས་པ་འཇལ་སྤྲོད་བྱ་དགོས་པ་ཕུད། ད་དུང་དུས་བཀག་ལྟར་མ་དངུལ་གྲངས་ཚད་ལོངས་པ་འཇལ་སྤྲོད་བྱས་པའི་མ་རྐང་འཇོག་མཁན་ལ་ཁ་ཆད་དང་འགལ་བའི་ཁག་འགན་ཡང་འཁུར་དགོས།

དོན་ཚན་ཉེར་དགུ་པ། མ་རྐང་འཇོག་མཁན་གྱིས་ཀུང་ཟིའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་མ་དངུལ་འཇོག་གྲངས་ཁས་ལེན་གྲངས་ཚད་ལོངས་པ་བྱས་རྗེས་མ་རྐང་འཇོག་མཁན་ཚང་མས་དམིགས་འཛུགས་བྱས་པའི་འཐུས་ཚབ་བམ་ཐུན་མོང་གིས་མངགས་བཅོལ་བྱས་པའི་ངོ་ཚབ་ཀྱིས་ཀུང་ཟི་ཐོ་འགོད་ལས་ཁུངས་ལ་ཀུང་ཟིའི་ཐོ་འགོད་ཞུ་ཡིག་དང་། ཀུང་ཟིའི་སྒྲིག་ཡིག་སོགས་ཡིག་ཆ་ཕུལ་ནས་ཀུང་ཟི་འཛུགས་པའི་ཐོ་འགོད་རེ་ཞུ་རྒྱག་དགོས། 

དོན་ཚན་སུམ་ཅུ་པ། འགན་འཁྲི་ཚད་བཀག་ཀུང་ཟི་བཙུགས་པའི་རྗེས་སུ་ཀུང་ཟི་འཛུགས་རྒྱུའི་མ་དངུལ་དུ་བཞག་པའི་དངུལ་ལོར་མ་ཡིན་པའི་རྒྱུ་ནོར་གྱི་རིན་གྲངས་དངོས་ཀུང་ཟིའི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་དངུལ་གྲངས་ལས་མངོན་གསལ་དུ་ཉུང་བ་ཡིན་པ་ཤེས་ན། མ་དངུལ་དེ་སྤྲད་པའི་མ་རྐང་འཇོག་མཁན་དེ་རང་གིས་ཆད་གྲངས་འབུལ་དགོས་པ་དང་། ཀུང་ཟི་འཛུགས་དུས་ཀྱི་མ་རྐང་འཇོག་མཁན་གཞན་དག་གིས་གཅིག་ལ་གཅིག་འབྲེལ་གྱི་འགན་འཁྲི་འཁུར།

དོན་ཚན་སོ་གཅིག་པ། འགན་འཁྲི་ཚད་བཀག་ཀུང་ཟི་བཙུགས་པའི་རྗེས་སུ་མ་རྐང་འཇོག་མཁན་ལ་མ་དངུལ་འཇོག་པའི་བདེན་དཔང་ཡི་གེ་སྤྲོད་དགོས།

མ་དངུལ་འཇོག་པའི་བདེན་དཔང་ཡི་གེ་ལ་གཤམ་གསལ་གྱི་དོན་ཚན་དག་ཚང་དགོས།

(གཅིག) ཀུང་ཟིའི་མིང་དང་།

(གཉིས) ཀུང་ཟི་བཙུགས་པའི་ཚེས་གྲངས།

(གསུམ) ཀུང་ཟིའི་ཐོ་བཀོད་མ་རྩ།

(བཞི) མ་རྐང་འཇོག་མཁན་གྱི་རུས་མིང་ངམ་མིང་དང་། འཇལ་སྤྲོད་བྱས་པའི་མ་དངུལ། མ་དངུལ་འཇོག་པའི་ཚེས་གྲངས།

(ལྔ) མ་དངུལ་འཇོག་པའི་བདེན་དཔང་ཡི་གེ་དང་དཔྱད་སྤྲོད་བྱས་པའི་ཚེས་གྲངས་བཅས་ཡིན།

མ་དངུལ་འཇོག་པར་ཀུང་ཟིས་ཐམ་ག་རྒྱག་དགོས།

དོན་ཚན་སོ་གཉིས་པ། འགན་འཁྲི་ཚད་བཀག་ཀུང་ཟིས་མ་རྐང་འཇོག་མཁན་གྱི་མིང་ཐོ་འགོད་དེབ་བཟོས་ནས་གཤམ་གསལ་གྱི་དོན་ཚན་དག་འགོད་དགོས་པ་སྟེ།

(གཅིག) མ་རྐང་འཇོག་མཁན་གྱི་རུས་མིང་ངམ་མིང་དང་སྡོད་གནས་དང་།

(གཉིས) མ་རྐང་འཇོག་མཁན་གྱི་མ་དངུལ།

(གསུམ) མ་དངུལ་འཇོག་པའི་བདེན་དཔང་ཡི་གེའི་སྒྲིག་ཨང་།

མ་རྐང་འཇོག་མཁན་གྱི་མིང་ཐོར་བཀོད་པའི་མ་རྐང་འཇོག་མཁན་གྱིས་མ་རྐང་འཇོག་མཁན་གྱི་མིང་ཐོ་ལྟར་མ་རྐང་འཇོག་མཁན་གྱི་ཁེ་དབང་སྤྱོད་རྒྱུའི་འདོད་ཚུལ་བཏོན་ཆོག

ཀུང་ཟིས་མ་རྐང་འཇོག་མཁན་གྱི་རུས་མིང་ངམ་མིང་ཀུང་ཟི་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་བྱ་དགོས། ཐོ་འགོད་བྱས་པའི་དོན་ཚན་འགྱུར་བ་བྱུང་ཟིན་པ་རྣམས་ཐོ་འགོད་བསྒྱུར་བཅོས་ཀྱི་འགྲོ་རིམ་བསྒྲུབ་དགོས།  ཐོ་འགོད་བྱས་མེད་པའམ་ཡང་ན་འགྱུར་བ་བྱུང་མེད་པའི་རིགས་ལ་ཕུང་གསུམ་པར་འགྲན་རྒོལ་བྱས་མི་ཆོག

དོན་ཚན་སོ་གསུམ་པ། མ་རྐང་འཇོག་མཁན་ལ་ཀུང་ཟིའི་སྒྲིག་ཡིག་དང་། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་གྲོས་ཆོད། ལས་འཛིན་པའི་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད། ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད། ནོར་དོན་རྩིས་གཉེར་སྙན་ཞུ་བཅས་ཀློག་བཤེར་དང་འདྲ་བཟོ་བྱེད་དབང་ཡོད།

མ་རྐང་འཇོག་མཁན་གྱིས་ཀུང་ཟིའི་རྩིས་གཉེར་གྱི་རྩིས་ཐོ་ལྟ་ཞིབ་བྱ་རྒྱུའི་བླང་བྱ་བཏོན་ཆོག མ་རྐང་འཇོག་མཁན་གྱིས་ཀུང་ཟིའི་རྩིས་གཉེར་གྱི་རྩིས་ཐོ་ལྟ་ཞིབ་བྱ་རྒྱུའི་བླང་བྱ་འདོན་སྐབས་ཀུང་ཟིར་ཡིག་ཐོག་ནས་རེ་འདུན་ཞུས་ཏེ་དམིགས་ཡུལ་གསལ་བཤད་བྱ་དགོས། ཀུང་ཟིར་མ་རྐང་འཇོག་མཁན་གྱིས་རྩིས་གཉེར་གྱི་རྩིས་ཐོ་ལྟ་ཞིབ་བྱེད་པར་ཚུལ་དང་མི་མཐུན་པའི་དམིགས་ཡུལ་ཡོད་པ་དང་། ཀུང་ཟིའི་ཁྲིམས་མཐུན་ཁེ་ཕན་ལ་གནོད་སྲིད་སྙམ་ན་ལྟ་ཞིབ་བྱེད་དུ་མ་བཅུག་ན་ཆོག་པ་མ་ཟད། མ་རྐང་འཇོག་མཁན་གྱིས་ཡིག་ཐོག་ནས་རེ་འདུན་ཞུ་བའི་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་མ་རྐང་འཇོག་མཁན་ལ་ཡིག་ཐོག་ནས་མ་རྐང་འཇོག་མཁན་ལ་ལན་འདེབས་དགོས་པ་མ་ཟད་རྒྱུ་མཚན་གསལ་བཤད་ཀྱང་བྱ་དགོས། ཀུང་ཟིས་ལྟ་ཞིབ་བྱེད་དུ་མ་བཅུག་ན། མ་རྐང་འཇོག་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་ཀུང་ཟིར་ལྟ་ཞིབ་བྱ་རྒྱུའི་བླང་བྱ་འདོན་རེ་ཞུས་ཆོག

དོན་ཚན་སོ་བཞི་པ། མ་རྐང་འཇོག་མཁན་གྱིས་དངོས་སུ་མ་དངུལ་བཞག་གྲངས་ཀྱི་བསྡུར་ཚད་ལྟར་ཁེ་འབབ་བགོ་རྒྱུ་དང་། ཀུང་ཟིར་མ་རྩ་གསར་སྣོན་བྱེད་སྐབས། མ་རྐང་འཇོག་མཁན་གྱིས་དངོས་སུ་མ་དངུལ་འཇོག་གྲངས་ཀྱི་བསྡུར་ཚད་ལྟར་སྔོན་ལ་མ་དངུལ་འཇོག་གྲངས་ཁས་ལེན་བྱས་ཆོག འོན་ཀྱང་མ་རྐང་འཇོག་མཁན་ཚང་མས་མ་དངུལ་འཇོག་གྲངས་ཀྱི་བསྡུར་ཚད་ལྟར་ཁེ་འབབ་མི་བགོ་བའམ་ཡང་ན་མ་དངུལ་འཇོག་གྲངས་ཀྱི་བསྡུར་ཚད་ལྟར་སྔོན་ལ་མ་དངུལ་འཇོག་གྲངས་ཁས་བླངས་ནས་མི་སྤྲོད་རྒྱུའི་ཁ་དན་བཞག་རིགས་འདིའི་ཁོངས་སུ་མི་ཚུད།

དོན་ཚན་སོ་ལྔ་པ། ཀུང་ཟི་བཙུགས་པའི་རྗེས་སུ་མ་རྐང་འཇོག་མཁན་གྱིས་མ་དངུལ་ཕྱིར་འཐེན་བྱས་མི་ཆོག

ས་བཅད་གཉིས་པ།  སྒྲིག་གཞིའི་ལས་ཁུངས།

དོན་ཚན་སོ་དྲུག་པ། འགན་འཁྲི་ཚད་བཀག་ཀུང་ཟིའི་མ་རྐང་འཇོག་མཁན་ལྷན་ཚོགས་ནི་མ་རྐང་འཇོག་མཁན་ཡོངས་རྫོགས་ལས་གྲུབ་རྒྱུ། མ་རྐང་འཇོག་མཁན་ལྷན་ཚོགས་ནི་ཀུང་ཟིའི་དབང་འཛིན་ལས་ཁུངས་ཡིན་པས། བཅའ་ཁྲིམས་འདི་གཞིར་བཟུང་ནས་འགན་དབང་སྤྱོད་རྒྱུ།

དོན་ཚན་སོ་བདུན་པ། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱིས་གཤམ་གསལ་གྱི་འགན་དབང་དག་སྤྱོད་རྒྱུ་སྟེ།

(གཅིག) ཀུང་ཟིའི་གཉེར་སྐྱོང་བྱེད་ཕྱོགས་དང་མ་དངུལ་འཇོག་པའི་འཆར་གཞི་གྲོས་ཐག་གཅོད་རྒྱུ་དང་།

(གཉིས) ལས་བཟོ་པའི་འཐུས་མི་མ་ཡིན་པས་ལས་འཛིན་པ་དང་ལྟ་ཞིབ་པར་འདེམས་བསྐོ་དང་བརྗེ་འཐེན་བྱ་རྒྱུ་དང་། འབྲེལ་ཡོད་ལས་འཛིན་པ་དང་ལྟ་ཞིབ་པའི་ཐོབ་ཆའི་སྐོར་གྱི་གནད་དོན་ཐག་གཅོད་རྒྱུ།

(གསུམ) ལས་འཛིན་པའི་ལྷན་ཚོགས་ཀྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ།

(བཞི) ལྟ་ཞིབ་པའི་ལྷན་ཚོགས་སམ་ལྟ་ཞིབ་པའི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ།

(ལྔ) ཀུང་ཟི་གཞུང་གི་ལོ་འཁོར་གྱི་ནོར་དོན་སྔོན་རྩིས་འཆར་གཞི་དང་ངེས་རྩིས་འཆར་གཞིར་ཞིབ་བཤེར་ཆོག་མཆན་འགོད་རྒྱུ།

(དྲུག) ཀུང་ཟིའི་ཁེ་སྤོགས་བགོ་བའི་འཆར་གཞི་དང་གྱོང་གུན་གསབ་ཐབས་འཆར་གཞིར་ཞིབ་བཤེར་ཆོག་མཆན་འགོད་རྒྱུ།

(བདུན) ཀུང་ཟིས་ཐོ་བཀོད་མ་རྩ་མང་དུ་གཏོང་རྒྱུའམ་ཉུང་དུ་གཏོང་རྒྱུའི་གྲོས་ཐག་གཅོད་རྒྱུ།

(བརྒྱད) ཀུང་ཟིའི་བུན་འཛིན་འགྲེམས་སྤེལ་བྱ་རྒྱུའི་ཆོད་དོན་འཇོག་རྒྱུ།

(དགུ) ཀུང་ཟི་ཟླ་སྒྲིལ་གཏོང་བ་དང་། ཁ་གྱེས་ནས་འཛུགས་པ། མི་དགོས་པར་བཟོ་བ། རྒྱུ་ནོར་གཙང་རྩིས་རྒྱག་པའམ་ཀུང་ཟིའི་རྣམ་པ་སྒྱུར་བ་བཅས་ཀྱི་གྲོས་ཐག་གཅོད་རྒྱུ།

(བཅུ )ཀུང་ཟིའི་སྒྲིག་ཡིག་བཟོ་བཅོས་རྒྱག་རྒྱུ།

(བཅུ་གཅིག) ཀུང་ཟིའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་འགན་དབང་གཞན་དག་སྤྱོད་རྒྱུ་བཅས་ཡིན།

གོང་གསལ་ནང་གསེས་དོན་ཚན་ནང་འཁོད་པའི་དོན་དག་ལ་མ་རྐང་འཇོག་མཁན་གྱིས་ཡིག་ཐོག་ནས་མགྲིན་གཅིག་ཏུ་མོས་མཐུན་བྱས་ན། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་གྲོས་ཚོགས་མ་འཚོགས་པར་ཐད་ཀར་གྲོས་ཐག་བཅད་ཆོག་པར་མ་ཟད། མ་རྐང་འཇོག་མཁན་ཡོངས་རྫོགས་ཀྱིས་ཆོད་དོན་ཡིག་ཆའི་ཐོག་མིང་རྟགས་འགོད་པ་དང་ཐམ་ག་རྒྱག་དགོས།

དོན་ཚན་སོ་བརྒྱད་པ། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཐོག་མའི་གྲོས་ཚོགས་ནི་མ་དངུལ་བཞག་གྲངས་མང་ཤོས་ཡིན་པའི་མ་རྐང་འཇོག་མཁན་གྱིས་བསྡུ་བ་དང་གཙོ་སྐྱོང་བྱས་ནས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་འགན་དབང་སྤྱོད་རྒྱུ།

དོན་ཚན་སོ་དགུ་པ། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་དུས་བཀག་ཚོགས་འདུ་དང་གནས་སྐབས་ཚོགས་འདུ་གཉིས་སུ་དབྱེ་རྒྱུ།

དུས་བཀག་ཚོགས་འདུ་ནི་ཀུང་ཟིའི་སྒྲིག་ཡིག་གི་གཏན་འབེབས་ལྟར་དུས་ཐོག་ཏུ་འཚོག་དགོས། འཐུས་ཚབ་པ་ཡན་གྱི་བརྡས་ཐག་གཅོད་དབང་ལྡན་པའི་མ་རྐང་འཇོག་མཁན་དང་། གསུམ་ཆ་གཅིག་ཡན་གྱི་ལས་འཛིན་པ། ལྟ་ཞིབ་པའི་ལྷན་ཚོགས་སམ་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀུང་ཟིའི་ལྟ་ཞིབ་པས་གནས་སྐབས་ཀྱི་གྲོས་ཚོགས་འཚོག་རྒྱུའི་གྲོས་གཞི་བཏོན་ན། གནས་སྐབས་ཀྱི་གྲོས་ཚོགས་འཚོག་དགོས།

དོན་ཚན་བཞི་བཅུ་པ། འགན་འཁྲི་ཚད་བཀག་ཀུང་ཟིར་ལས་འཛིན་པའི་ལྷན་ཚོགས་བཙུགས་ཡོད་ན་མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་འདུ་དེ་ལས་འཛིན་པའི་ལྷན་ཚོགས་ཀྱིས་བསྡུ་རྒྱུ་དང་། ཏུང་ཧྲི་ཀྲང་གིས་གཙོ་སྐྱོང་བྱ་རྒྱུ་དང་། ཏུང་ཧྲི་ཀྲང་གིས་འགན་གནས་སྒྲུབ་མི་ཐུབ་པའམ་འགན་གནས་མ་བསྒྲུབས་ན། ཏུང་ཧྲི་ཀྲང་གཞོན་པས་གཙོ་སྐྱོང་བྱ་རྒྱུ་དང་། ཏུང་ཧྲི་ཀྲང་གཞོན་པས་འགན་གནས་སྒྲུབ་མི་ཐུབ་པའམ་འགན་གནས་མ་བསྒྲུབས་ན། ལས་འཛིན་པ་ཕྱེད་ཀ་ཡན་གྱིས་ཐུན་མོང་དུ་ལས་འཛིན་པ་གཅིག་བདམས་ནས་གཙོ་སྐྱོང་བྱ་རྒྱུ།

འགན་འཁྲི་ཚད་ཡོད་ཀུང་ཟིའི་ལས་འཛིན་པའི་ལྷན་ཚོགས་ཡིན་ན། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་འདུ་དེ་ལག་བསྟར་ལས་འཛིན་པས་བསྡུ་ཚོགས་དང་གཙོ་སྐྱོང་བྱ་རྒྱུ།

ལས་འཛིན་པའི་ལྷན་ཚོགས་སམ་ལག་བསྟར་ལས་འཛིན་པས་མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་འདུ་བསྡུ་བའི་འགན་འཁྲི་སྒྲུབ་མི་ཐུབ་པའམ་ཡང་ན་མ་བསྒྲུབས་ན། ལྟ་ཞིབ་པའི་ལྷན་ཚོགས་སམ་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀུང་ཟིའི་ལྟ་ཞིབ་པས་ཚོགས་འདུ་བསྡུ་བ་དང་གཙོ་སྐྱོང་བྱ་རྒྱུ་དང་། ལྟ་ཞིབ་པའི་ལྷན་ཚོགས་སམ་ལྟ་ཞིབ་པས་ཚོགས་འདུ་མི་བསྡུ་བ་དང་གཙོ་སྐྱོང་མ་བྱས་ན་བརྡས་ཐག་གཅོད་དབང་ཡན་འཛིན་པའི་མ་རྐང་འཇོག་མཁན་གྱིས་རང་མཚམས་ཀྱིས་སྐོང་ཚོགས་དང་གཙོ་སྐྱོང་བྱས་ཆོག

དོན་ཚན་ཞེ་གཅིག་པ། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་འདུ་སྐོང་འཚོག་བྱེད་སྐབས་ཚོགས་འདུ་མ་འཚོགས་གོང་གི་ཉིན་བཅོ་ལྔའི་ནང་ཚུན་དུ་མ་རྐང་འཇོག་མཁན་ཡོངས་རྫོགས་ལ་བརྡ་ཐོ་གཏོང་དགོས་པ་དང་། འོན་ཀྱང་ཀུང་ཟིའི་སྒྲིག་ཡིག་ནང་ལོགས་སུ་གཏན་འབེབས་བྱས་ཡོད་པའམ་མ་རྐང་འཇོག་མཁན་ཡོངས་རྫོགས་ཀྱིས་ལོགས་སུ་ཁ་ཆད་བཞག་ཡོད་པ་ཕུད།

མ་རྐང་འཇོག་མཁན་ལྷན་ཚོགས་ཀྱིས་གྲོས་མོལ་བྱ་རྒྱུའི་དོན་དག་ལ་གྲོས་ཐག་བཅད་དོན་ལ་མིང་རྟགས་འགོད་དགོས་པ་དང་། ཚོགས་འདུར་ཞུགས་པའི་མ་རྐང་འཇོག་མཁན་གྱིས་མིང་རྟགས་འགོད་དགོས།

དོན་ཚན་ཞེ་གཉིས་པ། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་འདུ་དེ་མ་རྐང་འཇོག་མཁན་གྱིས་མ་དངུལ་བཞག་གྲངས་ཀྱི་བསྡུར་ཚད་ལྟར་བརྡས་ཐག་གཅོད་དབང་སྤྱོད་རྒྱུ་དང་། འོན་ཀྱང་ཀུང་ཟིའི་སྒྲིག་ཡིག་ནང་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད།

དོན་ཚན་ཞེ་གསུམ་པ། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་དོན་དག་གྲོས་མོལ་བྱེད་ཐབས་དང་བརྡས་ཐག་གཅོད་རིམ་ནི་བཅའ་ཁྲིམས་འདིར་གཏན་འབེབས་བྱས་ཡོད་པ་ཕུད། དེ་བྱིངས་ཀུང་ཟིའི་སྒྲིག་ཡིག་ནང་གཏན་འབེབས་བྱ་རྒྱུ།

མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཀུང་ཟིའི་སྒྲིག་ཡིག་བཟོ་བཅོས་རྒྱག་པ་དང་། ཐོ་བཀོད་མ་རྩ་འཕར་སྣོན་ནམ་ཉུང་འཕྲི་བྱ་རྒྱུའི་གྲོས་ཆོད་འཇོག་པ་དང་། དེ་བཞིན་ཀུང་ཟི་ཟླ་སྒྲིལ་གཏོང་བ་དང་། ཁ་གྱེས་ནས་འཛུགས་པ། མི་དགོས་པར་བཟོ་བའམ་ཀུང་ཟིའི་རྣམ་པ་སྒྱུར་བ་བཅས་ཀྱི་གྲོས་ཆོད་འཇོག་པར་ངེས་པར་དུ་བརྡས་ཐག་གཅོད་དབང་གསུམ་ཆ་གཉིས་ཡན་འཛིན་པའི་མ་རྐང་འཇོག་མཁན་གྱིས་གྲོས་འཆམ་བྱ་དགོས།

དོན་ཚན་ཞེ་བཞི་པ། འགན་འཁྲི་ཚད་བཀག་ཀུང་ཟིར་ལས་འཛིན་པའི་ལྷན་ཚོགས་འཛུགས་རྒྱུ་དང་། དེའི་ཁོངས་མི་མི་གསུམ་ནས་བཅུ་གསུམ་བར་ཡིན་པ་དང་། འོན་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་ལྔ་བཅུ་པར་གཏན་འབེབས་ལོགས་སུ་བྱས་ཡོད་པ་ཕུད།

རྒྱལ་ཁབ་ལ་དབང་བའི་ཁེ་ལས་གཉིས་ཡན་ནམ་རྒྱལ་ཁབ་ལ་དབང་བའི་མ་དངུལ་འཇོག་མཁན་གཙོ་བོ་གཞན་པ་གཉིས་ཡན་ནས་མ་དངུལ་བཞག་སྟེ་བཙུགས་པའི་འགན་འཁྲི་ཚད་བཀག་ཀུང་ཟི་ཡིན་ཕྱིན། དེའི་ལས་འཛིན་པའི་ལྷན་ཚོགས་ཀྱི་ཁོངས་མིའི་ཁྲོད་དུ་ཀུང་ཟིའི་ལས་བཟོ་པའི་འཐུས་ཚབ་ཡོད་དགོས། འགན་འཁྲི་ཚད་ཡོད་ཀུང་ཟི་གཞན་པའི་ལས་འཛིན་པའི་ལྷན་ཚོགས་ཀྱི་ཁོངས་མིའི་ཁྲོད་དུ་ཀུང་ཟིའི་ལས་བཟོ་པའི་འཐུས་ཚབ་ཡོད་ཆོག ལས་འཛིན་པའི་ལྷན་ཚོགས་ཁྲོད་ཀྱི་ལས་བཟོ་པའི་འཐུས་ཚབ་ནི་ཀུང་ཟིའི་ལས་བཟོ་པས་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་དང་ལས་བཟོ་པའི་ཚོགས་ཆེན་ནམ་རྣམ་པ་གཞན་དག་ལ་བརྟེན་ནས་དམངས་གཙོའི་སྒོ་ནས་བདམས་ཐོན་བྱ།

ལས་འཛིན་པའི་ལྷན་ཚོགས་ལ་ཏུང་ཧྲི་ཀྲང་གཅིག་འཇོག་རྒྱུ་དང་། ཏུང་ཧྲི་ཀྲང་གཞོན་པ་བཞག་ཀྱང་ཆོག ཏུང་ཧྲི་ཀྲང་དང་ཏུང་ཧྲི་ཀྲང་གཞོན་པ་འབྱུང་ཐབས་ཀུང་ཟིའི་སྒྲིག་ཡིག་ནང་གཏན་འབེབས་བྱ། 

དོན་ཚན་ཞེ་ལྔ་པ། ལས་འཛིན་པའི་འགན་འཛིན་ཡུན་ཚད་ནི་ཀུང་ཟིའི་སྒྲིག་ཡིག་ནང་གཏན་འབེབས་བྱ་རྒྱུ་ཡིན་མོད། འོན་ཀྱང་སྐབས་རེའི་འགན་འཛིན་ཡུན་ཚད་ལོ་གསུམ་རེ་ལས་བརྒལ་མི་ཆོག ལས་འཛིན་པའི་འགན་འཛིན་ཡུན་ཚད་ཐིམ་རྗེས་བསྐྱར་དུ་བདམས་ན་མུ་མཐུད་ནས་འགན་འཛིན་བྱས་ཆོག

ལས་འཛིན་པའི་འགན་འཛིན་ཡུན་ཚད་ཐིམ་ནས་དུས་ཐོག་ཏུ་བསྐྱར་འདེམས་བྱས་མེད་པའམ་ཡང་ན་ལས་འཛིན་པས་འགན་འཛིན་ཡུན་ཚད་ནང་ལས་ཁུར་རྩ་དགོངས་ཞུས་ནས་ལས་འཛིན་པའི་ལྷན་ཚོགས་ཀྱི་ཁོངས་མི་ཁྲིམས་བཀོད་ཀྱི་མི་གྲངས་ལས་ཉུང་དུ་སོང་ན། བསྐྱར་འདེམས་མ་བྱས་གོང་དུ་དེ་སྔའི་ལས་འཛིན་པས་སྔར་བཞིན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ཀུང་ཟིའི་སྒྲིག་ཡིག་བཅས་ཀྱི་གཏན་འབེབས་ལྟར་ལས་འཛིན་པའི་ལས་འགན་བསྒྲུབ་དགོས།

དོན་ཚན་ཞེ་དྲུག་པ། ལས་འཛིན་པའི་ལྷན་ཚོགས་ནས་མ་རྐང་འཇོག་མཁན་ལྷན་ཚོགས་ལ་འགན་འཁུར་རྒྱུ་དང་། གཤམ་གསལ་གྱི་འགན་དབང་སྤྱོད་རྒྱུ་སྟེ།

(གཅིག) མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་འདུ་བསྡུ་ཚོགས་བྱ་རྒྱུ་དང་འབྲེལ་མ་རྐང་འཇོག་མཁན་ལྷན་ཚོགས་ཐོག་ལས་དོན་གྱི་སྙན་སེང་ཞུ་རྒྱུ་དང་།

(གཉིས) མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱ་རྒྱུ།

(གསུམ) ཀུང་ཟིའི་གཉེར་སྐྱོང་འཆར་གཞི་དང་མ་དངུལ་འཇོག་པའི་འཆར་གཞི་གྲོས་ཐག་གཅོད་རྒྱུ།

(བཞི) ཀུང་ཟིའི་ལོ་འཁོར་གྱི་ནོར་དོན་སྔོན་རྩིས་འཆར་གཞི་དང་ངེས་རྩིས་འཆར་གཞི་བཟོ་རྒྱུ།

(ལྔ) ཀུང་ཟིའི་ཁེ་སྤོགས་བགོ་བཤའི་འཆར་གཞི་དང་གྱོང་གུན་གསབ་ཐབས་འཆར་གཞི་བཟོ་རྒྱུ།

(དྲུག) ཀུང་ཟིས་ཐོ་བཀོད་མ་རྩ་མང་དུ་གཏོང་བའམ་ཉུང་དུ་གཏོང་བ་དང་དེ་བཞིན་ཀུང་ཟིའི་བུན་འཛིན་འགྲེམས་སྤེལ་བྱ་རྒྱུའི་འཆར་གཞི་བཟོ་རྒྱུ།

(བདུན) ཀུང་ཟི་ཟླ་སྒྲིལ་གཏོང་བ་དང་། ཁ་གྱེས་ནས་འཛུགས་པ། མི་དགོས་པར་བཟོ་བའམ་ཀུང་ཟིའི་རྣམ་པ་བསྒྱུར་བ་བཅས་བྱེད་པའི་འཆར་གཞི་བཟོ་རྒྱུ།

(བརྒྱད) ཀུང་ཟིའི་ནང་ལོགས་ཀྱི་དོ་དམ་ལས་ཁུངས་འཛུགས་རྒྱུའི་གྲོས་ཐག་གཅོད་རྒྱུ།

(དགུ) ཀུང་ཟིའི་སྤྱི་གཉེར་བ་གདན་ཞུས་ལས་བསྐོ་བྱ་རྒྱུའམ་ཀུང་ཟིའི་སྤྱི་གཉེར་བ་དང་དེའི་ཐོབ་ཆ་སྤྲོད་ལུགས་ཐག་གཅོད་རྒྱུ་མ་ཟད། སྤྱི་གཉེར་བས་མིང་བཏོན་པ་ལྟར་གདན་ཞུས་ལས་བསྐོ་བྱ་རྒྱུའམ་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་དང་ནོར་དོན་འགན་འཁུར་བ་དང་དེ་ཚོའི་ཐོབ་ཆ་སྤྲོད་ལུགས་ཀྱང་ཐག་གཅོད་རྒྱུ།

(བཅུ) ཀུང་ཟིའི་གཞི་རྩའི་དོ་དམ་ལམ་ལུགས་གཏན་འབེབས་བྱ་རྒྱུ།

(བཅུ་གཅིག) ཀུང་ཟིའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་འགན་དབང་གཞན་དག་སྤྱོད་རྒྱུ་བཅས་ཡིན།

དོན་ཚན་ཞེ་བདུན་པ། ལས་འཛིན་པའི་ལྷན་ཚོགས་ཀྱི་གྲོས་ཚོགས་དེ་ཏུང་ཧྲི་ཀྲང་གིས་བསྡུ་ཚོགས་དང་གཙོ་སྐྱོང་བྱ་རྒྱུ་དང་། ཏུང་ཧྲི་ཀྲང་གིས་འགན་གནས་སྒྲུབ་མི་ཐུབ་པའམ་འགན་གནས་མ་བསྒྲུབས་ན། ཏུང་ཧྲི་ཀྲང་གཞོན་པས་བསྡུ་རྒྱུ་དང་གཙོ་སྐྱོང་བྱ་རྒྱུ། ཏུང་ཧྲི་ཀྲང་གཞོན་པས་འགན་གནས་སྒྲུབ་མི་ཐུབ་པའམ་འགན་གནས་མ་བསྒྲུབས་ན། ལས་འཛིན་པ་ཕྱེད་ཀ་ཡན་གྱིས་ཐུན་མོང་དུ་ལས་འཛིན་པ་གཅིག་འདེམས་སྒྲུག་བྱས་ནས་སྐོང་འཚོག་དང་གཙོ་སྐྱོང་བྱ་རྒྱུ།

དོན་ཚན་ཞེ་བདུན་པ། ལས་འཛིན་པའི་ལྷན་ཚོགས་ཀྱི་གྲོས་ཚོགས་དེ་ཏུང་ཧྲི་ཀྲང་གིས་བསྡུ་ཚོགས་དང་གཙོ་སྐྱོང་བྱ་རྒྱུ་དང་། ཏུང་ཧྲི་ཀྲང་གིས་འགན་གནས་སྒྲུབ་མི་ཐུབ་པའམ་འགན་གནས་མ་བསྒྲུབས་ན། ཏུང་ཧྲི་ཀྲང་གཞོན་པས་བསྡུ་རྒྱུ་དང་གཙོ་སྐྱོང་བྱ་རྒྱུ། ཏུང་ཧྲི་ཀྲང་གཞོན་པས་འགན་གནས་སྒྲུབ་མི་ཐུབ་པའམ་འགན་གནས་མ་བསྒྲུབས་ན། ལས་འཛིན་པ་ཕྱེད་ཀ་ཡན་གྱིས་ཐུན་མོང་དུ་ལས་འཛིན་པ་གཅིག་འདེམས་སྒྲུག་བྱས་ནས་སྐོང་འཚོག་དང་གཙོ་སྐྱོང་བྱ་རྒྱུ།

དོན་ཚན་ཞེ་བརྒྱད་པ། ལས་འཛིན་པའི་ལྷན་ཚོགས་ཀྱི་དོན་གྲོས་བྱེད་ཐབས་དང་བརྡས་ཐག་གཅོད་པའི་གོ་རིམ་སྐོར་བཅའ་ཁྲིམས་འདིར་གཏན་འབེབས་བྱས་ཡོད་པ་ཕུད། དེ་བྱིངས་ཀུང་ཟིའི་སྒྲིག་ཡིག་ནང་གཏན་འབེབས་བྱ་རྒྱུ།

ལས་འཛིན་པའི་ལྷན་ཚོགས་ནས་གྲོས་ཚོགས་ཐོག་གྲོས་ཐག་བཅད་དོན་ལ་མིང་རྟགས་འགོད་དགོས་པ་དང་། ཚོགས་འདུར་ཞུགས་མཁན་ལས་འཛིན་པས་མིང་རྟགས་འགོད་དགོས།

ལས་འཛིན་པའི་ལྷན་ཚོགས་ཀྱི་གྲོས་ཆོད་ལ་བརྡས་ཐག་གཅོད་སྐབས་མི་གཅིག་གིས་བརྡས་ཐག་གཅོད་ཐབས་ལག་བསྟར་བྱ་རྒྱུ།

དོན་ཚན་ཞེ་དགུ་པ། འགན་འཁྲི་ཚད་བཀག་ཀུང་ཟིར་སྤྱི་གཉེར་པ་བསྐོས་ཆོག་པ་དང་། ལས་འཛིན་པའི་ལྷན་ཚོགས་ཀྱིས་སྤྱི་གཉེར་པ་གདན་ཞུས་ལས་བསྐོ་བྱ་རྒྱུའམ་སྡུད་རྒྱུའི་ཐག་གཅོད་རྒྱུ། སྤྱི་གཉེར་བས་ལས་འཛིན་པའི་ལྷན་ཚོགས་ལ་འགན་འཁུར་རྒྱུ་དང་གཤམ་གསལ་འགན་དབང་སྤྱོད་རྒྱུ་སྟེ།

(གཅིག) ཀུང་ཟིའི་ཐོན་སྐྱེད་དང་གཉེར་སྐྱོང་དོ་དམ་གྱི་ལས་ཀ་གཙོ་སྐྱོང་བྱ་རྒྱུ་དང་། ལས་འཛིན་པའི་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱ་བ་སྒྲིག་འཛུགས་བྱ་རྒྱུ་དང་།

(གཉིས) ཀུང་ཟིའི་ལོ་འཁོར་གྱི་གཉེར་སྐྱོང་འཆར་གཞི་དང་མ་དངུལ་འཇོག་པའི་འཆར་གཞི་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ།

(གསུམ) ཀུང་ཟིའི་ནང་ལོགས་ཀྱི་དོ་དམ་ལས་ཁུངས་འཛུགས་རྒྱུའི་འཆར་གཞི་བཟོ་རྒྱུ།

(བཞི) ཀུང་ཟིའི་གཞི་རྩའི་དོ་དམ་ལམ་ལུགས་བཟོ་རྒྱུ།

(ལྔ) ཀུང་ཟིའི་སྒྲིག་སྲོལ་ཞིབ་ཕྲ་བཟོ་རྒྱུ།

(དྲུག) ཀུང་ཟིའི་སྤྱི་གཉེར་པ་གཞོན་པ་དང་ནོར་དོན་འགན་འཁུར་པ་གདན་ཞུས་ལས་བསྐོ་བྱ་རྒྱུའམ་ཀུང་ཟིའི་སྤྱི་གཉེར་པ་གཞོན་པ་དང་ནོར་དོན་འགན་འཁུར་པ་གདན་ཞུ་ལས་བསྐོ་བྱ་རྒྱུའི་རེ་འདུན་ཞུ་རྒྱུ།

(བདུན) ལས་འཛིན་པའི་ལྷན་ཚོགས་ཀྱིས་གདན་ཞུ་ལས་བསྐོའམ་ཡང་ན་འགན་མི་འཁུར་བའི་དོ་དམ་མི་སྣ་གདན་ཞུ་ལས་བསྐོ་བྱ་རྒྱུའི་ཐག་གཅོད་བྱ་རྒྱུ།

(བརྒྱད) ལས་འཛིན་པའི་ལྷན་ཚོགས་ནས་བསྐུར་བའི་འགན་དབང་གཞན་དག་སྤྱོད་རྒྱུ་བཅས་ཡིན།

ཀུང་ཟིའི་སྒྲིག་ཡིག་ནང་སྤྱི་གཉེར་པའི་འགན་དབང་སྐོར་ལོགས་སུ་གཏན་འབེབས་ཡོད་ན་གཏན་འབེབས་དེ་ལྟར་བྱ་རྒྱུ།

སྤྱི་གཉེར་པ་ལས་འཛིན་པའི་ལྷན་ཚོགས་ཀྱི་ཚོགས་འདུར་ཟུར་ཞུགས་བྱ།

དོན་ཚན་ལྔ་བཅུ་པ། མ་རྐང་འཇོག་མཁན་མི་གྲངས་ཉུང་ཙམ་ལས་མེད་པའམ་གཞི་ཁྱོན་ཆུང་ཙམ་ཡིན་པའི་འགན་འཁྲི་ཚད་བཀག་ཀུང་ཟིར་ལག་བསྟར་ལས་འཛིན་པ་གཅིག་བསྐོས་ཆོག་པ་དང་། ལས་འཛིན་པའི་ལྷན་ཚོགས་བཙུགས་ཆོག ལག་བསྟར་ལས་འཛིན་པས་ཀུང་ཟིའི་སྤྱི་གཉེར་བའི་འགན་གཅིག་ལྕོགས་སུ་ཁུར་ཆོག

ལག་བསྟར་ལས་འཛིན་པའི་འགན་དབང་ནི་ཀུང་ཟིའི་སྒྲིག་ཡིག་ནང་གཏན་འབེབས་བྱ།

དོན་ཚན་ང་གཅིག་པ། འགན་འཁྲི་ཚད་བཀག་ཀུང་ཟིར་ལྟ་ཞིབ་པའི་ལྷན་ཚོགས་འཛུགས་རྒྱུ་དང་། དེའི་ཁོངས་མི་མི་གསུམ་ལས་ཉུང་མི་ཆོག མ་རྐང་འཇོག་མཁན་མི་གྲངས་ཉུང་ཙམ་ལས་མེད་པའམ་གཞི་ཁྱོན་ཆུང་ཙམ་ཡིན་པའི་འགན་འཁྲི་ཚད་ཡོད་ཀུང་ཟིར་ལྟ་ཞིབ་པ་གཉིས་དང་ལྟ་ཞིབ་པའི་ལྷན་ཚོགས་བཙུགས་ཆོག

ལྟ་ཞིབ་པའི་ལྷན་ཚོགས་ནང་མ་རྐང་འཇོག་མཁན་གྱི་འཐུས་ཚབ་དང་ཀུང་ཟིའི་ལས་བཟོ་པའི་འཐུས་ཚབ་ཀྱི་བསྡུར་ཚད་འོས་འཚམ་ཚུད་དགོས་པ་དང་། དེའི་ནང་གི་ལས་བཟོ་པའི་འཐུས་ཚབ་ཀྱི་བསྡུར་ཚད་གསུམ་ཆ་གཅིག་ལས་དམའ་མི་རུང་བ་དང་། བསྡུར་ཚད་ཞིབ་ཕྲ་ཀུང་ཟིའི་སྒྲིག་ཡིག་ནང་གཏན་འབེབས་བྱ་རྒྱུ། ལྟ་ཞིབ་པའི་ལྷན་ཚོགས་ཁོངས་ཀྱི་ལས་བཟོ་པའི་འཐུས་ཚབ་ནི་ཀུང་ཟིའི་ལས་བཟོ་པས་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་དང་ལས་བཟོ་པའི་ཚོགས་ཆེན་ནམ་རྣམ་པ་གཞན་དག་ལ་བརྟེན་ནས་དམངས་གཙོའི་སྒོ་ནས་བདམས་ཐོན་བྱ།

ལྟ་ཞིབ་པའི་ལྷན་ཚོགས་སུ་ཀྲུའུ་ཞི་གཅིག་བསྐོ་རྒྱུ་དང་། ལྟ་ཞིབ་པ་ཡོངས་ཀྱི་ཕྱེད་ཀ་ལས་བརྒལ་བས་བདམས་ཐོན་བྱ་རྒྱུ། ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞིས་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཚོགས་འདུ་སྐོང་ཚོགས་དང་གཙོ་སྐྱོང་བྱ་རྒྱུ། ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞིས་འགན་གནས་སྒྲུབ་མི་ཐུབ་པའམ་འགན་གནས་མ་བསྒྲུབས་ན། ལྟ་ཞིབ་པ་ཕྱེད་ཀ་ཡན་གྱིས་ཐུན་མོང་དུ་ལྟ་ཞིབ་པ་གཅིག་བདམས་ནས་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུ་རྒྱུ་དང་གཙོ་སྐྱོང་བྱ་རྒྱུ།

ལས་འཛིན་པ་དང་མཐོ་རིམ་དོ་དམ་མི་སྣས་ལྟ་ཞིབ་པའི་འགན་གཅིག་ལྕོགས་སུ་ཁུར་མི་ཆོག

དོན་ཚན་ང་གཉིས་པ། ལྟ་ཞིབ་པའི་འགན་འཛིན་ཡུན་ཚད་སྐབས་རེར་ལོ་གསུམ་རེ་ཡིན། ལྟ་ཞིབ་པའི་འགན་འཛིན་ཡུན་ཚད་ཐིམ་རྗེས་བསྐྱར་དུ་བདམས་ན་མུ་མཐུད་ནས་འགན་འཛིན་བྱས་ཆོག

ལྟ་ཞིབ་པའི་འགན་འཛིན་ཡུན་ཚད་ཐིམ་ནས་དུས་ཐོག་ཏུ་བསྐྱར་འདེམས་བྱས་མེད་པའམ་ལྟ་ཞིབ་པས་འགན་འཛིན་ཡུན་ཚད་ནང་ལས་ཁུར་དགོངས་ཞུ་བྱས་ནས་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཁོངས་མི་ཁྲིམས་བཀོད་ཀྱི་མི་གྲངས་ལས་ཉུང་དུ་སོང་ན། བསྐྱར་འདེམས་བྱས་པའི་ལྟ་ཞིབ་པས་སྔོན་གྱི་ལྟ་ཞིབ་པས་སྔར་བཞིན་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ཀུང་ཟིའི་སྒྲིག་ཡིག་བཅས་ཀྱི་གཏན་འབེབས་ལྟར་ལྟ་ཞིབ་པའི་གོ་གནས་བསྒྲུབ་དགོས།

དོན་ཚན་ང་གསུམ་པ། ལྟ་ཞིབ་པའི་ལྷན་ཚོགས་དང་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀུང་ཟིའི་ལྟ་ཞིབ་པས་གཤམ་གསལ་གྱི་འགན་དབང་སྤྱོད་རྒྱུ་སྟེ།

(གཅིག) ཀུང་ཟིའི་ནོར་དོན་ལ་ཞིབ་བཤེར་བྱ་རྒྱུ་དང་།

(གཉིས) ལས་འཛིན་པ་དང་མཐོ་རིམ་དོ་དམ་མི་སྣས་ཀུང་ཟིའི་ལས་འགན་སྒྲུབ་པའི་བྱ་སྤྱོད་ལ་ལྟ་སྐུལ་བྱ་རྒྱུ་དང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ཀུང་ཟིའི་སྒྲིག་ཡིག་གམ་མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་གྲོས་ཆོད་བཅས་དང་འགལ་བའི་ལས་འཛིན་པ་དང་མཐོ་རིམ་དོ་དམ་མི་སྣ་གནས་དབྱུང་གཏོང་རྒྱུའི་གྲོས་འགོ་འདོན་རྒྱུ།

(གསུམ) ལས་འཛིན་པ་དང་མཐོ་རིམ་དོ་དམ་མི་སྣའི་བྱ་སྤྱོད་ལས་ཀུང་ཟིའི་ཁེ་ཕན་ལ་གནོད་འཚེ་འབྱུང་སྐབས་ལས་འཛིན་པ་དང་མཐོ་རིམ་དོ་དམ་མི་སྣར་ཡོ་བསྲང་བྱེད་དུ་འཇུག་རྒྱུ།

(བཞི) མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་གནས་སྐབས་གྲོས་ཚོགས་འཚོག་རྒྱུའི་གྲོས་འགོ་འདོན་རྒྱུ་དང་། ལས་འཛིན་པའི་ལྷན་ཚོགས་ཀྱིས་བཅའ་ཁྲིམས་འདིར་གཏན་ལ་ཕབ་པའི་མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུ་རྒྱུ་དང་གཙོ་སྐྱོང་བྱ་རྒྱུའི་འགན་འཁྲི་མི་བསྒྲུབ་པའི་སྐབས་སུ་མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུ་རྒྱུ་དང་གཙོ་སྐྱོང་བྱ་རྒྱུ།

(ལྔ) མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་གྲོས་གཞི་འདོན་རྒྱུ།

(དྲུག) བཅའ་ཁྲིམས་འདིའི་དོན་ཚན་བརྒྱ་དང་ང་གཅིག་པའི་གཏན་འབེབས་ལྟར་ལས་འཛིན་པ་དང་མཐོ་རིམ་དོ་དམ་མི་སྣ་གཏུག་བཤེར་བྱ་རྒྱུ།

(བདུན) ཀུང་ཟིའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་འགན་དབང་གཞན་དག་སྤྱོད་རྒྱུ་བཅས་ཡིན།

དོན་ཚན་ང་བཞི་པ། ལྟ་ཞིབ་པས་ལས་འཛིན་པའི་ལྷན་ཚོགས་ཀྱི་ཚོགས་འདུར་ཟུར་ཞུགས་བྱས་ཆོག་པ་མ་ཟད། ལས་འཛིན་པའི་ལྷན་ཚོགས་ཀྱི་གྲོས་ཆོད་དོན་ཚན་ལ་འདྲི་རྩད་དམ་གྲོས་འགོ་བཏོན་ཆོག

ལྟ་ཞིབ་པའི་ལྷན་ཚོགས་དང་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀུང་ཟིའི་ལྟ་ཞིབ་པས་ཀུང་ཟིའི་གཉེར་སྐྱོང་བྱས་ཚུལ་རྒྱུན་ལྡན་མིན་པ་ཤེས་ཚེ་བརྟག་དཔྱད་བྱས་ཆོག དགོས་པ་བྱུང་ཚེ་རྩིས་པའི་ལས་གཉེར་ཁང་སོགས་གདན་འདྲེན་ཞུས་ནས་རང་གི་ལས་ཀར་གཞོགས་འདེགས་བྱས་ཆོག་པ་དང་། འགྲོ་གྲོན་ཀུང་ཟིས་གཏོང་སྒོ་འགན་འཁུར་དགོས།

དོན་ཚན་ང་ལྔ་པ། ལྟ་ཞིབ་པའི་ལྷན་ཚོགས་ཀྱིས་ལོ་རེར་ཉུང་མཐར་ཡང་གྲོས་ཚོགས་ཐེངས་རེ་འཚོག་དགོས་པ་དང་། ལྟ་ཞིབ་པས་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་གནས་སྐབས་གྲོས་ཚོགས་འཚོག་རྒྱུའི་གྲོས་འགོ་བཏོན་ཆོག

ལྟ་ཞིབ་པའི་ལྷན་ཚོགས་ཀྱི་གྲོས་མོལ་བྱེད་ཐབས་དང་བརྡས་ཐག་གཅོད་པའི་གོ་རིམ་སྐོར་བཅའ་ཁྲིམས་འདིར་གཏན་འབེབས་བྱས་ཡོད་པ་ཕུད། དེ་བྱིངས་ཀུང་ཟིའི་སྒྲིག་ཡིག་ནང་གཏན་འབེབས་བྱ་རྒྱུ།

ལྟ་ཞིབ་པའི་ལྷན་ཚོགས་ཀྱི་གྲོས་ཆོད་ལ་ལྟ་ཞིབ་པ་ཕྱེད་ཀ་ཡན་གྱིས་གྲོས་འཆམ་བྱ་དགོས།

ལྟ་ཞིབ་པའི་ལྷན་ཚོགས་ཀྱིས་གྲོས་མོལ་བྱས་པའི་དོན་དག་ལ་གྲོས་ཐག་བཅད་དོན་ལ་མིང་རྟགས་འགོད་དགོས་པ་དང་། ཚོགས་འདུར་ཞུགས་མཁན་ལྟ་ཞིབ་པས་མིང་རྟགས་འགོད་དགོས།

དོན་ཚན་ང་དྲུག་པ། ལྟ་ཞིབ་པའི་ལྷན་ཚོགས་དང་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀུང་ཟིའི་ལྟ་ཞིབ་པས་འགན་དབང་སྤྱོད་སྐབས་དགོས་ངེས་ཀྱི་འགྲོ་གྲོན་རྣམས་ཀུང་ཟིས་གཏོང་འགན་འཁུར་རྒྱུ།

ས་བཅད་གསུམ་པ། མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟིའི་དམིགས་བསལ་གཏན་འབེབས།

དོན་ཚན་ང་བདུན་པ། མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟི་འཛུགས་པ་དང་དེའི་རྩ་འཛུགས་ལས་ཁུངས་ལ་ས་བཅད་འདིའི་གཏན་འབེབས་སྤྱད་འཐུས་པ་དང་། ས་བཅད་འདིར་གཏན་འབེབས་བྱས་མེད་ན། ལེའུ་འདིའི་ས་བཅད་དང་པོ་དང་ས་བཅད་གཉིས་པའི་གཏན་འབེབས་སྤྱད་འཐུས།

བཅའ་ཁྲིམས་འདིར་འབོད་པའི་མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟི་ཞེས་པ་ནི་སྤྱི་དམངས་མ་རྐང་འཇོག་མཁན་གཅིག་གམ་ཁྲིམས་མི་གཅིག་ལས་མེད་པའི་མ་རྐང་འཇོག་མཁན་གྱི་འགན་འཁྲི་ཚད་ཡོད་ཀུང་ཟིར་ཟེར།

དོན་ཚན་ང་བརྒྱད་པ། རང་བྱུང་མི་གཅིག་གིས་མ་དངུལ་བཞག་སྟེ་མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟི་གཅིག་ལས་མེད། མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟི་དེས་མ་དངུལ་བཞག་ནས་མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟི་གསར་པ་ཡིན་མི་ཆོག

དོན་ཚན་ང་དགུ་པ། མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟིས་ཀུང་ཟིའི་ཐོ་འགོད་ནང་སྤྱི་དམངས་ཀྱིས་མ་དངུལ་ཁེར་འཇོག་གམ་ཁྲིམས་མིས་མ་དངུལ་ཁེར་འཇོག་བྱས་དོན་གསལ་པོར་འགོད་དགོས་པ་མ་ཟད། ཀུང་ཟིའི་ལས་གཉེར་བྱས་འཐུས་ལག་ཁྱེར་ནང་དུའང་གསལ་པོར་འགོད་དགོས།

དོན་ཚན་དྲུག་ཅུ་པ། མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟིའི་སྒྲིག་ཡིག་ནི་མ་རྐང་འཇོག་མཁན་གྱིས་གཏན་འབེབས་བྱ་རྒྱུ།

དོན་ཚན་རེ་གཅིག་པ། མི་གཅིག་གིས་འགན་འཁྲི་ཚད་ཡོད་ཀུང་ཟིའི་མ་རྐང་འཇོག་མཁན་ལྷན་ཚོགས། མ་རྐང་འཇོག་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་སོ་བདུན་པའི་ནང་གསེས་དོན་ཚན་དང་པོར་འཁོད་པའི་ཆོད་དོན་འཇོག་སྐབས་ཡིག་ཐོག་ནས་འཇོག་དགོས་པ་མ་ཟད། མ་རྐང་འཇོག་མཁན་གྱིས་མིང་རྟགས་བཀོད་རྗེས་ཀུང་ཟིར་ཉར་ཚགས་ཀྱང་བྱ་དགོས།

དོན་ཚན་རེ་གཉིས་པ། མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟིས་རྩིས་གཉེར་ལོ་འཁོར་རེ་རེར་ནོར་དོན་རྩིས་གཉེར་སྙན་ཞུ་བཟོ་དགོས་པ་མ་ཟད། རྩིས་གཉེར་ཁང་གིས་རྩིས་བཤེར་ཡང་བྱ་དགོས། 

དོན་ཚན་རེ་གསུམ་པ། མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་ཟིའི་མ་རྐང་འཇོག་མཁན་གྱིས་ཀུང་ཟིའི་རྒྱུ་ནོར་རྣམས་མ་རྐང་འཇོག་མཁན་རང་ཉིད་ལ་དབང་བའི་རྒྱུ་ནོར་ཡིན་པའི་ར་སྤྲོད་བྱེད་མི་ཐུབ་ན། ཀུང་ཟིའི་བུ་ལོན་ལ་ཞོར་འབྲེལ་གྱི་ཁག་འགན་འཁུར་དགོས།

ས་བཅད་བཞི་པ། རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག་ཀུང་ཟིའི་དམིགས་བསལ་གཏན་འབེབས།

དོན་ཚན་རེ་བཞི་པ། རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག་ཀུང་ཟི་འཛུགས་པ་དང་དེའི་རྩ་འཛུགས་ལས་ཁུངས་ལ་ས་བཅད་འདིའི་གཏན་འབེབས་སྤྱད་འཐུས་པ་དང་། ས་བཅད་འདིར་གཏན་འབེབས་བྱས་མེད་ན། ལེའུ་འདིའི་ས་བཅད་དང་པོ་དང་ས་བཅད་གཉིས་པའི་གཏན་འབེབས་སྤྱད་འཐུས།

བཅའ་ཁྲིམས་འདིར་འཁོད་པའི་རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག་ཀུང་ཟི་ཞེས་པ་ནི་རྒྱལ་ཁབ་ཀྱིས་མ་དངུལ་ཁེར་འཇོག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ས་གནས་མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ལ་མ་རྩ་འཇོག་མཁན་གྱི་འགན་འཁྲི་སྒྲུབ་པའི་འགན་འཁྲི་ཚད་བཀག་ཀུང་ཟིར་ཟེར།

དོན་ཚན་རེ་ལྔ་པ། རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག་ཀུང་ཟིའི་སྒྲིག་ཡིག་ནི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་གཏན་འབེབས་བྱ་རྒྱུའམ་ལས་འཛིན་པའི་ལྷན་ཚོགས་ཀྱིས་བཟོས་ནས་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཆོག་མཆན་ཞུ་རྒྱུ།

དོན་ཚན་རེ་དྲུག་པ། རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག་ཀུང་ཟིའི་མ་རྐང་འཇོག་མཁན་ལྷན་ཚོགས་ལ་གཞུང་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་འགན་དབང་སྤྱོད་རྒྱུ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཀུང་ཟིའི་ལས་འཛིན་པའི་ལྷན་ཚོགས་ལ་དབང་བསྐུར་ནས་མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་འགན་དབང་ཁ་ཤས་སྤྱོད་རྒྱུ་དང་། ཀུང་ཟིའི་བྱ་བ་གལ་ཆེན་རྣམས་ཐག་གཅོད་བྱས་ཆོག་མོད། འོན་ཀྱང་ཀུང་ཟི་ཟླ་སྒྲིལ་གཏོང་བ་དང་། ཁ་གྱེས་ནས་འཛུགས་པ། མི་དགོས་པར་བཟོ་བ། ཐོ་བཀོད་མ་རྩ་མང་དུ་གཏོང་བའམ་ཉུང་དུ་གཏོང་བ་དང་ཀུང་ཟིའི་བུན་འཛིན་འགྲེམས་སྤེལ་བྱ་རྒྱུ་བཅས་ནི་ངེས་པར་དུ་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཐག་གཅོད་དགོས་པ་དང་། དེའི་ནང་རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག་ཀུང་ཟི་གལ་ཆེན་ཟླ་སྒྲིལ་གཏོང་བ་དང་། ཁ་གྱེས་ནས་འཛུགས་པ། མི་དགོས་པར་བཟོ་བ། མ་རྩ་སྟོངས་པའི་རེ་འདུན་ཞུ་བ་བཅས་ཡིན་ན། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

དོན་ཚན་རེ་བདུན་པ། རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག་ཀུང་ཟིར་ལས་འཛིན་པའི་ལྷན་ཚོགས་བཙུགས་ནས་བཅའ་ཁྲིམས་འདིའི་དོན་ཚན་ཞེ་དྲུག་པ་དང་རེ་དྲུག་པའི་གཏན་འབེབས་ལྟར་འགན་དབང་སྤྱོད་རྒྱུ། ལས་འཛིན་པའི་སྐབས་རེའི་འགན་འཛིན་ཡུན་ཚད་ལོ་གསུམ་རེ་ལས་བརྒལ་མི་ཆོག  ལས་འཛིན་པའི་ལྷན་ཚོགས་ཀྱི་ཁོངས་མིའི་ཁྲོད་དུ་ཀུང་ཟིའི་ལས་བཟོ་པའི་འཐུས་ཚབ་ཡོད་དགོས།

ལས་འཛིན་པའི་ལྷན་ཚོགས་ཀྱི་ཁོངས་མི་ནི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་མངག་གཏོང་བྱ་རྒྱུ། འོན་ཀྱང་ལས་འཛིན་པའི་ལྷན་ཚོགས་ཀྱི་ཁོངས་མིའི་ཁྲོད་ཀྱི་ལས་བཟོ་པའི་འཐུས་ཚབ་ནི་ཀུང་ཟིའི་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་གྱིས་འདེམས་བསྐོ་བྱས་ནས་འཐོན་དགོས།

ལས་འཛིན་པའི་ལྷན་ཚོགས་ལ་ལས་འཛིན་པ་གཅིག་འཇོག་རྒྱུ་དང་།  ལས་འཛིན་པ་གཞོན་པ་བཞག་ཀྱང་ཆོག   ལས་འཛིན་པ་དང་ལས་འཛིན་པ་གཞོན་པ་ནི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ལས་འཛིན་པའི་ལྷན་ཚོགས་ཀྱི་ཁོངས་མིའི་ཁྲོད་ནས་དམིགས་འཛུགས་བྱ།

རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག་ཀུང་ཟིར་སྤྱི་གཉེར་པ་འཇོག་རྒྱུ་དང་། ལས་འཛིན་པའི་ལྷན་ཚོགས་ནས་སྤྱི་གཉེར་པ་གདན་ཞུས་ལས་བསྐོ་བྱ་རྒྱུའམ་སྡུད་རྒྱུ། སྤྱི་གཉེར་པས་བཅའ་ཁྲིམས་འདིའི་དོན་ཚན་ཞེ་དགུ་པའི་གཏན་འབེབས་ལྟར་འགན་དབང་སྤྱོད་རྒྱུ།

རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་མོས་མཐུན་བྱས་པ་བརྒྱུད་ལས་འཛིན་པའི་ལྷན་ཚོགས་ཀྱི་ཁོངས་མིས་སྤྱི་གཉེར་པའི་འགན་གཅིག་ལྕོགས་སུ་ཁུར་ཆོག

དོན་ཚན་རེ་དགུ་པ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ལས་འཛིན་པ་དང་ལས་འཉིན་པ་གཞོན་པ།  ལས་འཛིན།   མཐོ་རིམ་དོ་དམ་མི་སྣ་དག་རྒྱུ་ནོར་ལྟ་ལྐུལ་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་དུས་འགན་འཁྲི་ཚད་བཀག་ཀུང་ཟི་དང་མ་རྐང་ཚད་ཡོད་ཀུང་ཟི་གཞན་དག་གམ་ཡང་ན་དཔལ་འབྱོར་རྩ་འཛུགས་གཞན་དག་ཏུ་ལས་འགན་གཅིག་ལྕོགས་སུ་ཁུར་མི་ཆོག

དོན་ཚན་བདུན་ཅུ་པ། རྒྱལ་ཁབ་ལ་དབང་བའི་མ་དངུལ་ཁེར་འཇོག་ཀུང་ཟིའི་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཁོངས་མི་ལྔ་ལས་ཉུང་མི་རུང་བ་དང་། དེའི་ནང་གི་ལས་བཟོ་པའི་འཐུས་ཚབ་ཀྱི་བསྡུར་ཚད་གསུམ་ཆ་གཅིག་ལས་དམའ་མི་རུང་བ་དང་། བསྡུར་ཚད་ཞིབ་ཕྲ་ཀུང་ཟིའི་སྒྲིག་ཡིག་ནང་གཏན་འབེབས་བྱ་རྒྱུ།

ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཁོངས་མི་ནི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་མངག་གཏོང་བྱ་རྒྱུ། འོན་ཀྱང་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཁོངས་མིའི་ཁྲོད་ཀྱི་ལས་བཟོ་པའི་འཐུས་ཚབ་ནི་ཀུང་ཟིའི་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་གྱིས་བདམས་ཐོན་བྱ་རྒྱུ། ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ནི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཁོངས་མིའི་ཁྲོད་ནས་དམིགས་འཛུགས་བྱ།

ལྟ་ཞིབ་པའི་ལྷན་ཚོགས་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན་ང་གསུམ་པའི་ནང་གསེས་དོན་ཚན(དང་པོ)ནས(གསུམ་པའི་)བར་གཏན་འབེབས་བྱས་པའི་འགན་དབང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་འགན་དབང་གཞན་དག་སྤྱོད་རྒྱུ།

དོན་ཚན་དོན་གཅིག་པ། འགན་འཁྲི་ཚད་ཡོད་ཀུང་ཟིའི་མ་རྐང་འཇོག་མཁན་ཕན་ཚུན་བར་མ་རྐང་འཛིན་དབང་ཡོངས་རྫོགས་སམ་ཆ་ཤས་བཤུག་སྤྲོད་བྱས་ཆོག

མ་རྐང་འཇོག་མཁན་གྱིས་མ་རྐང་འཇོག་མཁན་ཕུད་པའི་མི་སྣར་མ་རྐང་འཛིན་དབང་བཤུག་སྤྲོད་བྱེད་སྐབས་མ་རྐང་འཇོག་མཁན་གཞན་དག་གི་ཕྱེད་ཀ་ལས་བརྒལ་བ་མོས་མཐུན་བྱ་དགོས། མ་རྐང་འཇོག་མཁན་གྱིས་རང་གི་མ་རྐང་འཛིན་དབང་བཤུག་སྤྲོད་བྱེད་དོན་སྐོར་ཡིག་ཐོག་ནས་མ་རྐང་འཇོག་མཁན་གཞན་དག་ལ་བརྡ་ཐོ་བཏང་ནས་མོས་མཐུན་ཐོབ་པ་བྱ་དགོས་པ་དང་། མ་རྐང་འཇོག་མཁན་གཞན་དག་ལ་ཡིག་ཐོག་གི་བརྡ་ཐོ་འབྱོར་ཉིན་ནས་བཟུང་གི་ཉིན་སུམ་ཅུ་ལོངས་ཀྱང་ལན་མ་བཏབ་ན་ནང་བཤུག་བྱ་རྒྱུའི་མོས་མཐུན་བྱུང་བར་བརྩི་རྒྱུ། མ་རྐང་འཇོག་མཁན་གཞན་དག་ཕྱེད་ཀ་ཡན་གྱིས་བཤུག་སྤྲོད་བྱ་རྒྱུར་མོས་མཐུན་མེད་ན། མོས་མཐུན་མེད་པའི་མ་རྐང་འཇོག་མཁན་གྱིས་བཤུག་སྤྲོད་བྱ་རྒྱུའི་མ་རྐང་འཛིན་དབང་དེ་ཉོ་དགོས་པ་དང་། མ་ཉོས་ན་བཤུག་སྤྲོད་བྱ་རྒྱུའི་མོས་མཐུན་ཡོད་པར་བརྩི་རྒྱུ།

མ་རྐང་འཇོག་མཁན་གྱིས་མོས་མཐུན་བྱས་ནས་མ་རྐང་འཛིན་དབང་བཤུག་སྤྲོད་བྱས་ན། ཆ་རྐྱེན་འོག་མ་རྐང་འཇོག་མཁན་གཞན་དག་ལ་སྔོན་ཐོབ་ཀྱི་ཉོ་དབང་ཡོད། མ་རྐང་འཇོག་མཁན་གཉིས་ཡན་གྱིས་སྔོན་ཐོབ་ཀྱི་ཉོ་དབང་སྤྱོད་རྒྱུའི་འདོད་ཚུལ་བཏོན་ན། གྲོས་མོལ་བྱས་ནས་སོ་སོའི་ཉོ་རྒྱུའི་བསྡུར་ཚད་གཏན་འཁེལ་བྱ་རྒྱུ། གྲོས་མཐུན་མ་བྱུང་ན། བཤུག་སྤྲོད་བྱེད་སྐབས་སོ་སོའི་མ་དངུལ་འཇོག་གྲངས་ཀྱི་བསྡུར་ཚད་ལྟར་སྔོན་ཐོབ་ཀྱི་ཉོ་དབང་སྤྱོད་རྒྱུ།

ཀུང་ཟིའི་སྒྲིག་ཡིག་ནང་མ་རྐང་འཛིན་དབང་བཤུག་སྤྲོད་བྱེད་པར་གཏན་འབེབས་ལོགས་སུ་ཡོད་ན་གཏན་འབེབས་དེ་ལྟར་བྱ་རྒྱུ།

དོན་ཚན་དོན་གཉིས་པ། མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བཙན་ཤེད་ཀྱིས་ལག་བསྟར་བྱ་བའི་གོ་རིམ་ལྟར་མ་རྐང་འཇོག་མཁན་གྱི་མ་རྐང་བྱེད་དབང་བཤུག་སྤྲོད་བྱེད་དུས། ཀུང་ཟི་དང་མ་རྐང་འཇོག་མཁན་ཡོངས་རྫོགས་ལ་བརྡ་ཐོ་གཏོང་དགོས། མ་རྐང་འཇོག་མཁན་གཞན་དག་ལ་ཆ་རྐྱེན་གཞན་པའི་འོག་ཏུ་སྔོན་ཐོབ་ཀྱི་ཉོ་དབང་ཡོད། མ་རྐང་འཇོག་མཁན་གཞན་དག་གིས་མི་དམངས་ཁྲིམས་ཁང་གི་བརྡ་ཐོ་བཏང་ཉིན་ནས་བཟུང་གི་ཉིན་ཉི་ཤུ་ལོངས་ཀྱང་སྔོན་ཐོབ་ཀྱི་ཉོ་དབང་མ་སྤྱད་ན་སྔོན་ཐོབ་ཀྱི་ཉོ་དབང་དོར་བར་བརྩི་རྒྱུ།

དོན་ཚན་དོན་གསུམ་པ། བཅའ་ཁྲིམས་འདིའི་དོན་ཚན་དོན་གཅིག་དང་དོན་ཚན་དོན་གཉིས་ལྟར་མ་རྐང་འཛིན་དབང་བཤུག་སྤྲོད་བྱས་རྗེས་ཀུང་ཟིས་དེ་སྔའི་མ་རྐང་འཇོག་མཁན་གྱི་མ་དངུལ་བཏང་གྲངས་བདེན་དཔང་ཡི་གེ་སུབ་དགོས་པ་དང་། མ་རྐང་འཇོག་མཁན་གསར་པར་མ་དངུལ་བཏང་གྲངས་ཀྱང་ཆོག་མཆན་བཀོད་ནས་སྤྲོད་དགོས་པ་མ་ཟད། ཀུང་ཟིའི་སྒྲིག་ཡིག་དང་མ་རྐང་འཇོག་མཁན་གྱི་མིང་ཐོའི་ནང་འཁོད་འབྲེལ་ཡོད་མ་རྐང་འཇོག་མཁན་དང་དེའི་ཐོ་འགོད་བྱས་ཚུལ་བབ་མཚུངས་ཀྱིས་བཟོ་བཅོས་ཀྱང་རྒྱག་དགོས། ཀུང་ཟིའི་སྒྲིག་ཡིག་ནང་འཁོད་དོན་ཚན་འདིར་བཟོ་བཅོས་རྒྱག་པར་མ་རྐང་འཇོག་མཁན་ལྷན་ཚོགས་ཀྱིས་བརྡས་ཐག་གཅོད་མི་དགོས།

དོན་ཚན་དོན་བཞི་པ།  གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་དོན་དག་འདིའི་གྲོས་ཆོད་ལ་མོས་མཐུན་མེད་པའི་འདེམས་ཤོག་འཕངས་པའི་མ་རྐང་འཇོག་མཁན་གྱིས་ཀུང་ཟིར་ལུགས་མཐུན་གྱི་རིན་གོང་ལྟར་རང་གི་མ་རྐང་འཛིན་དབང་ཉོ་སྒྲུབ་བྱ་རྒྱུའི་རེ་འདུན་ཞུས་ཆོག་པ་སྟེ།

(གཅིག) ཀུང་ཟིས་བསྟུད་མར་ལོ་ལྔའི་ནང་མ་རྐང་འཇོག་མཁན་གྱི་ཁེ་སྤོགས་བགོ་བཤའ་བརྒྱབ་པ་དང་། ཀུང་ཟིར་ལོ་ལྔ་པོ་དེའི་རིང་བསྟུད་མར་ཁེ་འབབ་བྱུང་བ་མ་ཟད། བཅའ་ཁྲིམས་འདིར་གཏན་འབེབས་བྱས་པའི་ཁེ་སྤོགས་བགོ་བའི་ཆ་རྐྱེན་དང་ཡང་མཐུན་པ་དང་།

(གཉིས) ཀུང་ཟི་ཟླ་སྒྲིལ་གཏོང་བ་དང་། ཁ་གྱེས་ནས་འཛུགས་པ། རྒྱུ་ནོར་གཙོ་བོ་བཤུག་སྤྲོད་བྱེད་པ།

(གསུམ) ཀུང་ཟིའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་གཉེར་སྐྱོང་གི་དུས་ཚད་ཐོན་པའམ་ཡང་ན་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་མི་དགོས་པ་བཟོ་བའི་རྒྱུ་མཚན་གཞན་དག་ཐོན་པ་དང་། མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་སྒྲིག་ཡིག་བཟོ་བཅོས་བརྒྱབ་ནས་ཀུང་ཟི་མུ་མཐུད་གནས་ཐུབ་པ་བཅས་ཡིན།

མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་། མ་རྐང་འཇོག་མཁན་དང་ཀུང་ཟིས་མ་རྐང་འཛིན་དབང་ཉོ་སྒྲུབ་བྱ་རྒྱུའི་གྲོས་མཐུན་འཇོག་མ་ཐུབ་ན། མ་རྐང་འཇོག་མཁན་གྱིས་མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཉིན་ནས་བཟུང་གི་ཉིན་དགུ་བཅུའི་ནང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག

དོན་ཚན་དོན་ལྔ་པ། རང་བྱུང་མི་མ་རྐང་འཇོག་མཁན་ཚེ་ལས་འདས་རྗེས་དེའི་ཁྲིམས་མཐུན་ཤུལ་འཛིན་མཁན་གྱིས་མ་རྐང་འཇོག་མཁན་གྱི་ཐོབ་ཐང་རྒྱུན་འཛིན་བྱས་ཆོག་པ་དང་། འོན་ཀྱང་ཀུང་ཟིའི་སྒྲིག་ཡིག་ནང་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད།


དཔྱད་གཞིའི་ཡིག་ཆ།