ལུའོ་རོང་ཧོན།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-11-19 14:57ལ་འགྲུབ།

ལུའོ་རོང་ཧོན།

ལུའོ་རོང་ཧོན།
ལུའོ་རོང་ཧོན(1902-1963)ལགས་ནི་ཀྲུང་གོའི་དམག་དོན་རིག་པ་བ་དང་། གསར་བརྗེ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མི་གསར་འཛུགས་མཁན་དང་འགོ་ཁྲིད་པའི་གྲས་ཡིན་ཞིང་། སྤྱི་ལོ1902ལོའི་ཟླ11པའི་ཚེས26ཉིན་ཧུའུ་ནན་ཞིང་ཆེན་ཧེང་ཧྲན་རྫོང་གྲང་ཧྲུའེ་ཡུལ་ཚོ་ནན་ཝན་གྲོང་ཚོ་རུ་སྐྱེས། ཧེང་ཏུང་རྫོང་ཧེང་རོང་རོང་ཡུལ་ཚོ་ནན་ཝན་གྲོང་ཚོ་ནི་ལའོ་རོང་ཧོན་གྱི་འདུག་གནས་ཡིན། ཀྲུང་གོའི་དམག་སྤྱི་ཆེན་མོ་བཅུའི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗荣桓
སྐྱེས་ལོ།
སྤྱི་ལོ1902ལོའི་ཟླ11པའི་ཚེས26ཉིན།
མིང་གཞན།
ཙེ་ཡ་ཧོའེ་སོགས་སུ་འབོད།
འདས་ལོ།
སྤྱི་ལོ1963ལོའི་ཟླ12པའི་ཚེས16ཉིན།
རྒྱལ་ཁོངས།
ཀྲུང་གོ།
ལས་རིགས།
འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་། ཆབ་སྲིད་པ། དམག་དོན་རིག་པ་བ།
སྐྱེས་ཡུལ།
ཧུའུ་ནན་ཞིང་ཆེན་ཧེང་ཧྲན་རྫོང་གྲང་ཧྲུའེ་ཤང་ནན་ཝན་གྲོང་ཚོ།
མཐར་ཕྱིན་སློབ་གྲྭ།
ཁྲང་ཧྲ་ཞེ་ཅུན་སློབ་འབྲིང་དང་ཆིན་ཏའོ་སློབ་ཆེན།
1 ངོ་སྤྲོད།

ལུའོ་རོང་ཧོན(1902-1963)ལགས་ནི་ཀྲུང་གོའི་དམག་དོན་རིག་པ་པ་དང་། གསར་བརྗེ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མི་གསར་འཛུགས་མཁན་དང་འགོ་ཁྲིད་པའི་གྲས་ཡིན་ཞིང་།  སྤྱི་ལོ1902ལོའི་ཟླ11པའི་ཚེས26ཉིན་ཧུའུ་ནན་ཞིང་ཆེན་ཧེང་ཧྲན་རྫོང་གྲང་ཧྲུའེ་ཡུལ་ཚོ་ནན་ཝན་གྲོང་ཚོ་རུ་སྐྱེས། ཧེང་ཏུང་རྫོང་ཧེང་རོང་རོང་ཡུལ་ཚོ་ནན་ཝན་གྲོང་ཚོ་ནི་ལའོ་རོང་ཧོན་གྱི་འདུག་གནས་ཡིན། ཀྲུང་གོའི་དམག་སྤྱི་ཆེན་མོ་བཅུའི་གྲས་ཤིག་ཡིན།

2 མི་ཚེ་བརྒྱུད་རིམ།

སྤྱི་ལོ1919ལོ་ནས་བཟུང་སྔ་རྗེས་སུ་ཁྲང་ཧྲ་ཞེ་ཅུན་སློབ་འབྲིང་དང་ཧྲན་ཏུང་སློབ་ཆེན་དུ་སློབ་གཉེར་བྱས།

སྤྱི་ལོ1924ལོ་ནས་སྤྱི་ལོ1926ལོའི་བར་ཧྲན་ཏུང་སློབ་ཆེན་སྐབས་དམག་ཤེད་ཅན་དང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་རྒྱལ་གཅེས་བྱེད་སྒོར་ཞུགས།

སྤྱི་ལོ1926ལོའི་སྟོན་ཁར་ཧྲན་ཏུང་སློབ་ཆེན་གྱི་གྲ་སྒྲིག་ཚན་ཁག་ནས་མཐར་ཕྱིན་རྗེས་ཀོང་ཀྲོའུ་རུ་ཕྱིར་ཕ་ཡུལ་དུ་ལོག་ཅིང་། ཞིང་པའི་མཐུན་ཚོགས་རྩ་འཛུགས་བྱས་ཏེ་ཡུལ་གྱི་གཤེད་མ་དང་མི་དྲག་ངན་པ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས།

སྤྱི་ལོ1927ལོའི་ཟླ4པར་ཝུའུ་ཁྲང་ཡུས་སློབ་གྲྭ་ཆེན་མོར་སློབ་གཉེར་དུ་སོང་ནས་ཀྲུང་གོ་ཅིན་ན་གཞོན་ཚོགས་པར་ཞུགས་པ་དང་ཆབས་ཅིག་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ལོ་དེའི་ཟླ7པར་ཧུའུ་པེའི་ལྷོ་རྒྱུད་ཀྱི་ཐུང་ཁྲེང་དུ་ཞིང་བའི་ལས་འགུལ་སྤེལ་བར་མངགས་ནས། ཐུང་ཁྲེང་དང་ཁྲུང་དབྱང་གི་ཞིང་བའི་དྲག་དཔུང་རྩ་འཛུགས་བྱེད་པར་ཞུགས། དྲག་དཔུང་དེས་ཅང་ཞིའི་ཞིའུ་ཧྲུའེ་དང་ཝུའུ་ཁྲང་གི་རྒྱལ་དམངས་གསར་བརྗེ་དམག་དཔུང་དཔུང་ཚོགས2པའི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་སྐུ་སྲུང་མདའ་ཤོག་གི་འགན་ཁུར་ནས་ཧུའུ་ནན་དང་ཅང་ཞིའི་འབྲེལ་མཚམས་ཀྱི་སྟོན་བསྡུ་འོས་ལངས་ལ་ཞུགས། སན་ཝན་དུ་བཅོས་སྒྲིག་བྱས་ཤིང་། མའོ་ཙེ་ཏུང་དང་མཉམ་དུ་ཅིན་ཀང་རི་བོར་སླེབས་པ་དང་། སྔ་རྗེས་སུ་ཀྲུང་གོའི་བཟོ་ཞིང་དམར་དམག(ཐོག་མར་བཟོ་ཞིང་དམར་དམག་ཟེར)ཅུན་ཤོག་དང་པོའི་ཧྲི་ཤོག་དང་པོའི་མདའ་ཤོག་དང་པོའི་མྱུལ་མའི་བརྒྱ་ཤོག་དང་ཅུན་ཤོག་བཞི་པའི་ཧྲི་ཤོག་བཅུ་གཅིག་པའི་རུ་ཤོག་སོ་གཅིག་པའི་ཙུང་ཏུའེ་རུ་ཁག་གཉིས་པ་བཅས་ཀྱི་འགན་ཁུར། དམག་དཔུང་གཞི་རིམ་གྱི་གུང་ཁྲན་ཏང་གི་རྩ་འཛུགས་ཧུར་བརྩོན་གྱིས་འཛུགས་དང་། དམངས་གཙོའི་ལམ་ལུགས་ལག་ལེན། དམག་མིར་བརྩི་འཇོག་དང་གཅེས་སྐྱོང་། དམག་ཤེད་ཀྱི་སྤྱོད་ཚུལ་ལ་ངོ་རྒོལ་བཅས་བྱས།

སྤྱི་ལོ1929ལོའི་ལོ་མཇུག་ཏུ་ཀྲུང་གུང་འབུམ་དཔུང་བཞི་བའི་འཐུས་མི་ཚོགས་ཆེན་ཐེངས་དགུ་བར་ཞུགས།

སྤྱི་ལོ1930ལོའི་ཟླ8པར་ཅུན་ཤོག་བཞི་པའི་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ1932ལོའི་ཟླ3པར་དཔུང་ཚོགས་དང་པོའི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས། “བསྐོར་བཅོམ”ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་པོ་ནས་བཞི་པའི་བར་དམག་དཔུང་གི་ཆབ་སྲིད་ལས་ཀར་འགོ་ཁྲིད་བྱས་པ་དང་འབྲེལ་དམག་དཔུང་སྒྲིག་འཛུགས་བྱས་ནས་མང་ཚོགས་བསྐུལ་སློང་དང་། ཡུལ་གྱི་གཤེད་མ་གཏོར་བ། ས་ཞིང་བགོ་བ། འབྲུ་དངུལ་བསྡུ་བ། དམར་དམག་གི་དཔུང་སྡེ་རྒྱ་བསྐྱེད་པ་བཅས་ཀྱི་མཛད་རྣམ་བསྐྱངས། “བསྐོར་བཅོམ”ལ་ངོ་རྒོལ་ཐེངས་བཞི་པ་བྱས་རྗེས། ཅང་ཞི་ཞིང་ཆེན་དམག་ཁུལ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་དང་། སྤྱི་ཁྱབ་ཆབ་སྲིད་པུའུ་དང་སྐུལ་སློང་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མྱོང་། འགོ་ཁྲིད་དམར་པོ་རྒྱ་སྐྱེད་གཏོང་བའི་ལས་དོན་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད།

སྤྱི་ལོ1934ལོའི་ཟླ1པར་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལ་སྐར་མ་དམར་པོ་ཐོབ། ལོ་དེའི་ཟླ9པར་དཔུང་ཚོགས8པའི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས། ཁོང་གིས་སྔ་རྗེས་སུ་སྤྱི་ཁྱབ་ཆབ་སྲིད་པུའུ་དང་དཔུང་ཚོགས་དང་པོའི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གཞོན་པའི་འགན་བཞེས། ཧྲན་ཞིའི་བྱང་རྒྱུད་དུ་སླེབས་རྗེས་ཤར་འདུལ་གཡུལ་འགྱེད་དུ་ཞུགས།

སྤྱི་ལོ1936ལོའི་ཟླ6པར་ཀྲུང་གོ་མི་དམངས་འཇར་འགོག་དམར་དམག་སློབ་ཆེན་དུ་སློབ་སྦྱོང་བྱས་པར་མ་ཟད། མཐོ་རིམ་ལས་བྱེད་པའི་ཚན་ཁག་དང་པོའི་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ1937ལོའི་ཟླ1པར་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱབ་ཕྱོགས་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས།       ལོ་དེའི་ཟླ7པར་དཔུང་ཚོགས་དང་པོའི་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་གྱི་འགན་འཁུར།

རི་འགོག་དམག་འཁྲུག་གི་དུས་འགོར་དམག་སྡེ་བརྒྱད་པའི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1937ཟླ9པར། ཧྲི་ཤོག་ཆབ་སྲིད་པུའུ་དང་དམག་དཔུང་ཉུང་ཤས་ཀྱི་སྣེ་ཁྲིད་དེ་ཅིན་ཅི་མཐའ་མཚམས་ཀྱི་ཧྥུ་ཕིང་དང་། ཆུས་དབྱང་། ལིན་ཧྲོའུ་བཅས་ཀྱི་རྒྱུད་དུ་མང་ཚོགས་སྐུལ་སློང་བྱས་ནས་འཇར་འགོག་དྲག་དཔུང་རྩ་འཛུགས་ཤིང་།  འཇར་འགོག་དམངས་གཙོའི་སྲིད་དབང་བཙུགས།

སྤྱི་ལོ1938ལོར་ལུའི་ལིང་ཧྲན་ས་ཁུལ་དུ་སོང་ནས། ཚབ་བྱེད་ཧྲི་ཀྲང་ཁྲེན་ཀོང་དང་མཉམ་དུ་ཝུའུ་ཁྲེང་དང་ཅིན་ཀོའུ། ཞུའེ་ཀུང་ལིང་སོགས་ཀྱི་དམག་འཐབ་ལ་བཀོད་འདོམས་བྱས་ཏེ། རྨ་ཆུའི་འགོག་སྲུང་སྲུང་སྐྱོབ་བྱས། ལོ་དེའི་སྟོན་ཁར་རྒྱ་བསྐྱེད་པའི་ཀྲུང་གུང་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་ཞུགས།

སྤྱི་ལོ1939ལོའི་ཟླ3པའི་ཟླ་འགོར་ཁྲེན་ཀོང་གིས་ཁྲི་དཔུང་ཧྲི་པུའུ་དང་གཙོ་ཤུགས་དམག་དཔུང་ཁྲིད་དེ་ཧྲན་ཏུང་དུ་སོང་ནས་ཧྥན་པ་དང་ལིང་ཧྲན་སོགས་ཀྱི་དམག་འཐབ་ལ་བཀོད་འདོམས་དང་འཇར་པན་གྱི་རྫུན་དམག་ལ་རྡུང་རྡེག་ཆེན་པོ་བྱས། ཁོང་གིས་འཐབ་ཕྱོགས་གཅིག་གྱུར་ཁྲོད་རང་བཙན་རང་བདག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཇར་འགོག་རོགས་དམག་དང་རྒྱལ་གཅེས་ཡར་ཐོན་མི་སྣར་མཐུན་སྒྲིལ་བྱས་ཏེ། འགལ་བ་བཟོ་མཁན་གོ་མིན་ཏང་གི་ངན་རེངས་པ་ཁེར་རྐྱང་དང་རྡུང་རྡེག་བཏང་། ཁོང་གིས་སྣེ་ཁྲིད་གནང་བའི་དམག་དཔུང་གིས་ཧྲན་ཏུང་མི་དམངས་ཀྱི་རི་འགོག་འོས་ལངས་དྲག་དཔུང་དང་མཉམ་དུ་གྲུབ་པའི་པ་ལུའུ་ཅུན་གྱི་ཧྲན་ཏུང་ཙུང་ཏུའེ་རུ་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཤིང་། སྔ་གཞུག་ཏུ་ལུའུ་ཞི་དང་ཧྲན་ཏུང་ལྷོ་རྒྱུད། ཅི་ལུའུ་མཐའ་ཁུལ། ལུའུ་ཀྲུང་། པིན་ཧའེ་ས་ཁུལ་བཅས་སུ་མང་ཚོགས་སྐུལ་སློང་དང་། རི་འགོག་དམངས་གཙོའི་སྲིད་དབང་འཛུགས་པ། མི་དམངས་ཀྱི་དྲག་དཔུང་འཕེལ་རྒྱས། རི་འགོག་གནས་གཞིའི་ས་ཁུལ་སྲ་བརྟན་དང་རྒྱ་བསྐྱེད་བཅས་བྱས།

སྤྱི་ལོ1941ལོའི་ཟླ8པར་ཧྲན་ཏུང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། ལོ་དེའི་དགུན་ཁར། འཇར་དམག་དང་རྫུན་དམག་ཁྲི5ལྷག་གིས་ལུའུ་ཀྲུང་འཇའ་འགོག་གནས་གཞིའི་ས་ཁུལ་དང་། ཀྲུང་གུང་ཀྲུང་དབྱང་ཧྲན་ཏུང་ཡན་ལག་ཅུས་དང་ཡུས་ཧྲི་ཧྲི་པུའུ་སོགས་འགོ་ཁྲིད་ལས་ཁུངས་འཇའ་དམག་དང་རྫུན་དམག་གིས་དབྱི་ཧྲུའེ་ལིའུ་ཐེན་ས་ཁུལ་དུ་བསྐོར་ཡོད། ཁོས་ཡང་དག་པའི་སྒོ་ནས་དགྲ་བོའི་གནས་ཚུལ་ལ་དབྱེ་ཞིབ་དང་། གོ་སྐབས་ཁོང་དུ་ཆུད་པར་བྱས་ཏེ། དགྲ་བོས་དོགས་མེད་ཀྱིས་དམག་དཔུང་ཁྲིད་དེ་འཇའ་དམག་གིས་བཙན་བཟུང་བྱས་པའི་ས་ཁུལ་གྱི་ལིན་དབྱི་ཕྱོགས་སུ་བསྐྱོད། རྗེས་སུ་ཡང་གནས་གཞིའི་ས་ཁུལ་གྱི་དཀྱིལ་སྙིང་ས་ཁུལ་དུ་ཕྱིར་ལོག་ཅིང་། དམག་དམངས་ཀྱི་འགོ་ཁྲིད་དེ་འཐབ་རྩོད་རྒྱུན་འཁྱོངས་བྱས་ཏེ། འཇར་དམག་གིས་ཧྲན་ཏུང་ནས་སྤེལ་བའི་གཞི་ཁྱོན་ཆེས་ཆེ་བའི་ཡུས་དམག་ཕམ་པར་བྱས།

སྤྱི་ལོ1943ལོའི་ཟླ་3པར་ཧྲན་ཏུང་དམག་ཁུལ་གྱི་སི་ལིང་ཡོན་དང་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་བཞེས། ཁྲི་ཤོག་གི་ཆབ་སྲིད་ཨུ་ཡོན་དང་ཧྲི་དཔོན་གྱི་ལས་ཚབ་བཅས་ཀྱི་འགན་བཞེས། རྗེས་སུ་ཀྲུང་གུང་ཀྲུང་དབྱང་ཧྲན་ཏུང་ཡན་ལག་ཅུས་ཀྱི་ཧྲུའུ་ཅིའི་འགན་ཁུར་ནས་གཅིག་གྱུར་གྱིས་ཧྲན་ཏུང་གི་རི་འགོག་དམངས་གཙོའི་གནས་གཞིའི་ས་ཁུལ་ལ་འགོ་ཁྲིད་གནང་། ཁོང་གིས་ཏང་གི་བསམ་བློ་འཛུགས་སྐྱོང་དང་རྩ་འཛུགས་འཛུགས་སྐྱོང་ལ་མཐོང་ཆེན་གནང་ནས་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་ལ་འགོ་ཁྲིད་གནང་བ་རེད། འཇར་འགོག་དམག་འཁྲུག་གི་ཆེས་དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་དུ། ཧྲན་ཏུང་དམག་དམངས་ཀྱི་འགོ་ཁྲིད་དེ་དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ། གཙོ་ཤུགས་དམག་དཔུང་ས་གནས་ཅན་དུ་བསྒྱུར། བརྒྱ་ཤོག་གི་གཞི་རིམ་འཛུགས་སྐྲུན་ལ་ཤུགས་སྣོན། བཙན་གཤིས་དང་མང་ཚོགས་རང་བཞིན་གྱི་ངེས་མེད་རྒོལ་རྡུང་དམག་འཁྲུག་སྤེལ་ཞིང་། འཇར་དམག་གིས་གནས་གཞིའི་ས་ཁུལ་ལ“བཙན་འཛུལ”དང“མུག་ཟོས”ལ་དམིགས་ནས། “དགྲ་བོས་ཚུར་རྒོལ་བྱས་ན། ང་ཚོས་ཕར་རྒོལ”ཞེས་པའི་“མཐའ་སློག་འཐབ་རྩལ”བཏོན་པས། ཧྲན་ཏུང་འཇར་འགོག་གནས་གཞིའི་ས་ཁུལ་གྱི་གཞན་དབང་གི་རྣམ་པ་བསྒྱུར།

སྤྱི་ལོ1944ལོ་ནས་བཟུང་གཡུལ་འགྱེད་རབ་དང་རིམ་པ་རྩ་འཛུགས་བྱས།

སྤྱི་ལོ1945ལོར་དམག་དཔུང་ལ་བཀོད་འདོམས་བྱས་ཏེ་ཧྲན་ཏུང་ནས་ཕར་རྒོལ་ཆེན་པོ་བྱས་ཏེ། ཧྲན་ཏུང་མངའ་ཁོངས་ཀྱི་ཅིན་ཕུའུ་དང་ཅའོ་ཅི། ལུང་ཧའེ་བཅས་ཀྱི་ལྕགས་ལམ་ལ་ཚོད་འཛིན་བྱས། ཅི་ནན་དང་ཆིང་ཏའོ་ཡི་གྲོང་ཁྱེར་ཉུང་ཤས་ཕུད་པའི་ཧྲན་ཏུང་གི་ས་ཁུལ་མང་ཆེ་བར་ཚོད་འཛིན་བྱས།

སྤྱི་ལོ1945ལོའི་ཟླ6པར། ཀྲུང་གུང་སྐབས་བདུན་པའི་ཀྲུང་དབྱང་ཨུ་ཡོན། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཧྲན་ཏུང་གཙོ་ཤུགས་དམག་དཔུང་གི་དམག་མི་ཁྲི6ལྷག་ཁྲིད་ནས་བྱང་ཤར་མི་དམངས་རང་སྐྱོང་དམག་གི་ཆབ་སྲིད་ཨུ་ཡོན་གཉིས་པ་དང་བྱང་ཤར་དམངས་གཙོའི་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་ཁུར། ལོ་ནས་བཟུང་ཀྲུང་གུང་ཀྲུང་དབྱང་བྱང་ཤར་ཅུས་ཀྱི་ཧྲུའུ་ཅི་གཞོན་པ་དང་། བྱང་ཤར་མི་དམངས་བཅིངས་འགྲོལ་དམག་གི་ཆབ་སྲིད་ཨུ་ཡོན་གཞོན་པ། བྱང་ཤར་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་དང་པོ། བྱང་ཤར་བྱེས་འཐབ་དམག་སྡེའི་ཆབ་སྲིད་ཨུ་ཡོན་བཅས་ཀྱི་འགན་བཞེས་པ། ཁོང་གིས་ནན་གྱིས་བསྟན་དོན། ཞི་བའི་སྟོང་བསམ་གཏོར་བ་དང་། ཡུན་རིང་འཐབ་འཛིང་བྱེད་པར་གྲ་སྒྲིག་བྱེད་པ། ཀྲུང་གུང་ཀྲུང་དབྱང་གིས“ལམ་ཆེན་འབྱེད་དུ་འཇུག་པ་དང་འགྲམ་གཉིས་བཙན་བཟུང་བྱེད་པའི”འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས། ཁོང་གིས་བྱང་ཤར་ས་ཁུལ་གྱི་དཔུང་ཚོགས་ཆེན་པོའི་དམག་འཐབ་ཁྲོད་ཀྱི་ཆབ་སྲིད་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་གནང་བ་རེད། ཁོང་གིས་དམག་དཔུང་ནང་དུ་ཙུང་ཏུའེ་གསུམ་པའི་དཀའ་སྡུག་གི་སློབ་གསོའི་ཉམས་མྱོང་ཁྱབ་གདལ་དུ་བཏང་ནས། བཀོད་འཐབ་པའི་འཐབ་འཛིང་གི་སྙིང་སྟོབས་དང་དམག་དཔུང་གི་འཐབ་ནུས་མཐོར་འདེགས་སུ་བཏང་། ཉམས་མྱོང་འདི་མའོ་ཙེ་ཏུང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་དམག་ཡོངས་སུ་ཁྱབ་སྤེལ་བྱས།

ལིའོ་ཧྲེན་གཡུལ་འགྱེད་ཁྲོད་ཁོང་གིས་སྔོན་ལ་ཅིན་ཀྲོའུ་ལ་དམག་བརྒྱབ་ནས་གོ་མིན་ཏང་གི་དམག་དཔུང་བྱང་ཤར་དུ་བཀག་ནས་ཚར་གཅོད་བྱེད་དགོས་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དམག་ཨུས་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པར་ནུས་པ་གལ་ཆེན་ཐོན་ཡོད། ཁོང་གིས་ད་དུང་འཐབ་ཕྱོགས་གཉིས་པའི་པིང་ཐོན་བཙུགས་ནས་གཙོ་ཤུགས་དམག་དཔུང་ལ་དམག་མི་འབོར་ཆེན་བཏང་ཡོད།

སྤྱི་ལོ1949ལོའི་ཟླ1པོར་བྱེས་འཐབ་དམག་སྡེ་བཞི་པའི་ཆབ་སྲིད་ཨུ་ཡོན་དང་པོའི་འགན་བཞེས། ཁོང་ནི་ཀྲུང་གུང་གི་ཕིན་ཅིན་གཡུལ་སའི་སྤྱི་ཁྱབ་ཨུ་ཡོན་དང་མི་དམངས་བཅིངས་འགྲོལ་དམག་གི་ཕིན་ཅིན་གཡུལ་སའི་ཆབ་སྲིད་ཨུ་ཡོན་ཡིན་པའི་ངོས་ནས་ཕིན་ཅིན་གཡུལ་འགྱེད་ལ་བཀོད་འདོམས་བྱེད་པར་ཞུགས་པ་དང་། པེ་ཕིན་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མོལ་གྱི་ལས་ཀ་གཙོ་སྐྱོང་གནང་བ་རེད། སྤྱི་ལོ1949ལོའི་ཟླ6པའི་རྗེས་སུ་ཀྲུང་གུང་ཀྲུང་དབྱང་ཧྭ་ཀྲུང་ཅུས(རྗེས་སུ་ཀྲུང་ནན་ཅུས)ཧྲུའུ་ཅི་གཉིས་པ་དང་། ཀྲུང་ཧྭ་དབུས་རྒྱུད་དམག་ཁུལ(རྗེས་སུ་ཡུས་དམག་ཁུལ་)གྱི་ཆབ་སྲིད་ཨུ་ཡོན་དང་པོར་བསྐོས།

3 བརྩམས་ཆོས་གཙོ་བོ།

བརྩམས་ཆོས་ལ《སྟོན་བསྡུའི་འོས་ལངས་དང་རང་དམག་ཐོག་མར་གསར་འཛུགས་བྱེད་པའི་དུས་སྐབས》དང་། 《རང་དམག་གི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དུ་དར་སྤེལ་གཏོང་བ》སོགས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན་མི་སྣ། རྒྱལ་ནང་།