ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-15 15:16ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་ནས་བཙུགས་པ་ཞིག་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家卫生健康委员会
ཕྱི་ཡིག་གི་མིང་།
National Health and Health Commission of the people's Republic of China
བསྡུས་མིང་།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།
གསར་འཛུགས་དུས་སྐབས།
སྤྱི་ལོ2018ལོའི་ཟླ9པ།
འགོ་ཁྲིད།
མ་ཞའོ་ཝེ།
1 ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞིགས་ནས་བཙུགས་པ་ཞིག་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཅིག་ཡིན།

2 འགན་འཁྲི་གཙོ་བོ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་འགན་འཁྲི་ལག་བསྟར་བྱེད་རིང་ཏང་གིས་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་ནི་གཤམ་གསལ་ལྟར་ཡིན།

(གཅིག)རྒྱལ་དམངས་བདེ་ཐང་སྐོར་གྱི་སྲིད་ཇུས་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུ་དང་། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་དང་། སྲིད་ཇུས། འཆར་འགོད་བཅས་བཟོ་འགོད་བྱ་རྒྱུ་དང་། སྒྲིག་སྲོལ་དང་ཚད་གཞི་གཏན་འབེབས་བྱ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱས་ཏེ། འཕྲོད་བསྟེན་བདེ་ཐང་ཐོན་ཁུངས་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱས་ནས་ས་ཁོངས་འཕྲོད་བསྟེན་བདེ་ཐང་འཆར་འགོད་བཟོ་བ་དང་ལག་བསྟར་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས། འཕྲོད་བསྟེན་བདེ་ཐང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དང་། ཀུན་ཕན་ཅན། སྟབས་བདེ་ཅན། སྤྱི་པའི་ཐོན་ཁུངས་གཞི་རིམ་དུ་མཆེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་ལག་བསྟར་སྒྲིག་འཛུགས་བྱ་དགོས།

(གཉིས) སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་བྱེད་ཕྱོགས་དང་། སྲིད་ཇུས། བྱེད་ཐབས་བཅས་གལ་ཆེན་ཞིབ་འཇུག་བྱས་ནས་འདོན་དགོས། གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་སྒྲིག་འཛུགས་བྱེད་པ་དང་། དོ་དམ་དང་ལས་སྒྲུབ་ལོགས་སུ་འབྱེད་པར་སྐུལ་འདེད་གཏོང་བ། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། འཕྲོད་བསྟེན་དང་བདེ་ཐང་གི་སྤྱི་པའི་ཞབས་ཞུར་སྐུལ་འདེད་གཏོང་བར་བྱེད་པོ་སྣ་མང་ཅན་དང་འདོན་སྤྲོད་བྱེད་སྟངས་སྣ་མང་ཅན་གྱི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱེད་པའི་སྒྲིག་འཛུགས་བྱེད་པ་དང་། སྨན་བཅོས་ཞབས་ཞུ་དང་སྨན་རྫས་རིན་གོང་སྲིད་ཇུས་ཀྱི་གྲོས་འགོ་འདོན་དགོས་པ་བཅས་ཡིན། 

(གསུམ)རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཆར་གཞི་དང་། རྒྱལ་ཁབ་ཀྱི་རིམས་འགོག་འཆར་གཞི། དེ་བཞིན་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་སྤྱི་པའི་འཕྲོད་བསྟེན་གནད་དོན་ལ་ཐེ་ཇུས་བྱེད་ཐབས་བཅས་གཏན་འབེབས་དང་དོན་འཁྱོལ་བྱ་རྒྱུའི་སྒྲིག་འཛུགས་བྱ་རྒྱུ་དང་། རིམས་ནད་ཞིབ་བཤེར་བྱ་རྒྱུའི་འགོས་ནད་དང་རིམས་ནད་ལྟ་ཞིབ་ཚད་ལེན་བྱ་རྒྱུའི་དཀར་ཆག་བཟོ་རྒྱུ། འཕྲོད་བསྟེན་གྱི་འཕྲལ་སྡོམ་ལས་དོན་སྒྲུབ་འགན་འཁུར་རྒྱུ་དང་། གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་སྔོན་འགོག་ཚོད་འཛིན་དང་གློ་བུར་དུ་ཐོན་པའི་སྤྱི་པའི་དོན་རྐྱེན་སྣ་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོབ་བྱེད་རྒྱུར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པ་བཅས་ཡིན། 

(བཞི)མི་འབོར་ལ་ཁ་གཏད་གཅོག་པའི་སྲིད་ཇུས་བྱ་ཐབས་བཟོ་འགོད་དང་མཐུན་སྦྱོར་དོན་འཁྱོལ་བྱས་ཏེ་རྒན་རྒོན་གྱི་བདེ་ཐང་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་འགན་འཁུར་བ་བཅས་ཡིན། 

(ལྔ) རྒྱལ་ཁབ་ཀྱི་སྨན་རྫས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་གཏན་འབེབས་བྱེད་པའི་སྒྲིག་འཛུགས་བྱེད་པ་དང་། སྨན་རྫས་བེད་སྤྱོད་ལ་ལྟ་ཞིབ་ཚད་ལེན་དང་། ནད་ཐོག་སྨན་བཅོས་ཕྱོགས་བསྡུས་གདེང་འཇོག སྨན་རིགས་དཀོན་པའི་ཉེན་བརྡ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ཀྱི་རིན་གོང་སྲིད་ཇུས་ཀྱི་གྲོས་འགོ་འདོན་པ་དང་། རྒྱལ་ཁབ་ཀྱི་སྨན་གཞུང་བཟོ་བར་ཞུགས་དགོས། ཟས་རིགས་གནོད་མེད་ཡིན་མིན་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་ཟས་རིགས་གནོད་མེད་ཚད་གཞི་ཁྲིམས་ལྟར་གཏན་འབེབས་དང་སྤྱི་བསྒྲགས་བྱ་དགོས།

(དྲུག)འགན་འཁྲིའི་ཁྱབ་ཁོངས་ནང་གི་ལས་རིགས་འཕྲོད་བསྟེན་དང་། ཁོར་ཡུག་འཕྲོད་བསྟེན། སློབ་གྲྭའི་འཕྲོད་བསྟེན། སྤྱི་པའི་འདུ་གནས་འཕྲོད་བསྟེན། འཐུང་ཆུའི་འཕྲོད་བསྟེན་སོགས་སྤྱི་པའི་འཕྲོད་བསྟེན་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ་དང་། འགོས་ནད་འགོག་བཅོས་ལྟ་སྐུལ་བྱེད་འགན་འཁུར་རྒྱུ། འཕྲོད་བསྟེན་དང་བདེ་ཐང་ཕྱོགས་བསྡུས་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་ཏེ། 《རྡོ་ཐ་ཚོད་འཛིན་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཁ་ཆད་ལག་བསྟར་ལས་དོན་ལ་སྣེ་ཁྲིད་གནང་བ་རེད།

(བདུན)སྨན་བཅོས་ལས་ཁུངས་དང་སྨན་བཅོས་དོ་དམ་བྱ་ཐབས་བཟོ་བ་དང་འབྲེལ་ལྟ་སྐུལ་ལག་བསྟར་བྱས་ཏེ་སྨན་བཅོས་ཞབས་ཞུའི་གདེང་འཇོག་དང་ལྟ་སྐུལ་དོ་དམ་མ་ལག་འཛུགས་དགོས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཕྲོད་བསྟེན་བདེ་ཐང་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་ཚད་གཞི་གཏན་འབེབས་དང་ལག་བསྟར་བྱ་བ་དང་། སྨན་བཅོས་ཞབས་ཞུའི་ཚད་གཞི་དང་། ཚད་གཞི། འཕྲོད་བསྟེན་བདེ་ཐང་ཆེད་ལས་ལག་རྩལ་མི་སྣའི་ལས་གཉེར་སྒྲིག་ལམ། ཞབས་ཞུའི་ཚད་གཞི་བཅས་གཏན་འབེབས་དང་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱ་དགོས་པ་ཡིན། 

(བརྒྱད)འཆར་ལྡན་བུ་བཙའི་དོ་དམ་དང་ཞབས་ཞུའི་ལས་དོན་ལ་འགན་འཁུར་རྒྱུ་དང་། མི་འབོར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུ། མི་འབོར་དང་ཁྱིམ་ཚང་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་གྲོས་འགོ་ཞིབ་འཇུག་བྱས་ནས་འཆར་ལྡན་བུ་བཙའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་ཡིན། 

(དགུ)ས་གནས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་མཛུབ་ཁྲིད་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དང་། བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུ། སྨན་པའི་དཔུང་ཁག་འཛུགས་སྐྱོང་བཅས་ལ་མཛུབ་ཁྲིད་བྱས་ཏེ་འཕྲོད་བསྟེན་བདེ་ཐང་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཡིན། 

(བཅུ) ཀྲུང་དབྱང་གི་ལུས་ཁམས་བདེ་སྲུང་བྱ་ཡུལ་གྱི་ལས་ཀའི་འགན་འཁུར་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་ཚོགས་འདུ་གལ་ཆེན་དང་བྱེད་སྒོ་གལ་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་འགན་སྲུང་ལས་ཀའི་འགན་འཁུར་བ་བཅས་ཡིན། 

(བཅུ་གཅིག)རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ལ་དོ་དམ་དང་། ཀྲུང་གོའི་ཀྲུང་ལུགས་གསོ་རིག་སྨན་རྫས་མཐུན་ཚོགས་ལ་དོ་དམ་བྱེད་པ། ཀྲུང་གོའི་འཆར་ལྡན་བུ་བཙའི་མཐུན་ཚོགས་ཀྱི་ལས་སྒོའི་ལས་དོན་ལ་མཛུབ་ཁྲིད་བྱེད་པ་བཅས་ཡིན།

(བཅུ་གཉིས) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས།

(བཅུ་གསུམ)རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི་འདུ་ཤེས་བརྟན་པོ་བཙུགས་ནས་བདེ་ཐང་གི་ཀྲུང་གོའི་འཐབ་ཇུས་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་། བྱེད་སྟངས་སྒྱུར་བ། གཞི་རིམ་སྟོབས་ཆེར་གཏོང་བ། འགན་ལེན་ལ་སྣང་ཆེན་བྱེད་པ་བཅས་ཤུགས་རྒྱག་སར་བྱེད་པ། ནད་གཞི་སྨན་བཅོས་ལྟེ་བར་བྱེད་པ་བཅས་མི་དམངས་ཀྱི་བདེ་ཐང་ལྟེ་བར་བྱས་ནས་མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་གི་ཞབས་འདེགས་ཞུ་དགོས། གཅིག་ནི་སྔོན་འགོག་གཙོ་བོར་འཛིན་པ་དང་བདེ་ཐང་ལ་སྐུལ་འདེད་གཏོང་བར་སྔར་བས་དོ་སྣང་བྱེད་པ་དང་། ནད་གཞི་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། མི་འབོར་ལ་ཧུར་ཐག་གིས་ཁ་གཏད་འཇལ་བ། བདེ་ཐང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་ལས་ཀའི་གཙོ་གནད་གཤམ་སྒྱུར་དང་ཐོན་ཁུངས་ལ་དེ་བས་སྣང་ཆེན་བྱས་ཏེ་འཕྲོད་བསྟེན་བདེ་ཐང་གི་སྤྱི་པའི་ཐོན་ཁུངས་གཞི་རིམ་དུ་སྣུར་སྲིང་དང་། གྲོང་གསེབ་ཏུ་ཁྱབ་པ། མཐའ་མཚམས་ས་ཁུལ་དང་འཚོ་བའི་དཀའ་ངལ་ཡོད་པའི་མང་ཚོགས་བཅས་ལ་གཟིགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱས་ཏེ་འཕྲོད་བསྟེན་བདེ་ཐང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དང་། ཀུན་ཕན་ཅན། སྟབས་བདེ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། གཞུང་གཉེར་སྨན་ཁང་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། དོ་དམ་དང་ལས་སྒྲུབ་ལོགས་སུ་འབྱེད་པར་སྐུལ་འདེད་གཏོང་བ། འཕྲོད་བསྟེན་དང་བདེ་ཐང་གི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པོ་སྣ་མང་ཅན་དང་འདོན་སྤྲོད་བྱེད་སྟངས་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

(བཅུ་བཞི) འབྲེལ་ཡོད་འགན་འཁྲིའི་ལས་བགོས།

1. རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁྲི་ལས་བགོས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མི་འབོར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་ཀ་བྱེད་འགན་འཁུར་རྒྱུ་དང་། བུ་བཙའི་སྲིད་ཇུས་བཟོ་འགོད། ཕྲུ་གུ་བཙའ་བ་དང་འབྲེལ་བ་ཡོད་པའི་མི་འབོར་གྱི་གྲངས་འབོར་དང་། བྱང་ཚད། གྲུབ་ཚུལ། ཁྱབ་ཚུལ་བཅས་ཐད་ཀྱི་སྲིད་ཇུས་དང་གྲོས་འགོ་ཞིབ་འཇུག་བྱས་ནས་འདོན་པ། བུ་བཙའི་སྲིད་ཇུས་དང་འབྲེལ་ཡོད་དཔལ་འབྱོར་དང་སྤྱི་ཚོགས་སྲིད་ཇུས་ཆ་འགྲིག་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ། མི་འབོར་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་སྲིད་ཇུས་གཏན་འབེབས་བྱེད་པར་ཞུགས་པ། རྒྱལ་ཁབ་ཀྱི་མི་འབོར་འཕེལ་རྒྱས་འཆར་འགོད་ཁྲོད་ཀྱི་འབྲེལ་ཡོད་ལས་འགན་དོན་འཁྱོལ་བཅས་བྱ་དགོས། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་མི་འབོར་འཕོ་འགྱུར་བྱུང་ཚུལ་དང་འཕེལ་ཕྱོགས་ཀྱི་ཤུགས་རྐྱེན་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་འགན་འཁུར་རྒྱུ་དང་། མི་འབོར་སྔོན་དཔག་དང་སྔོན་བརྡ་གཏོང་བའི་ལམ་ལུགས་འཛུགས་རྒྱུ། མི་འབོར་གྱི་ཤུགས་རྐྱེན་དཔྱད་དཔོག་གལ་ཆེན་བྱ་རྒྱུ། མི་འབོར་གྱི་སྲིད་ཇུས་བློ་འདྲིའི་ནང་རྐྱེན་གལ་ཆེན་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཞིབ་འཇུག་གིས་འདོན་རྒྱུ། མི་འབོར་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་མི་འབོར་གྱི་སྲིད་ཇུས་བཟོ་འགོད་བྱ་རྒྱུ། མི་འབོར་དང་དཔལ་འབྱོར་དང་། སྤྱི་ཚོགས། ཐོན་ཁུངས། ཁོར་ཡུག་བཅས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དང་དེ་བཞིན་མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུའི་སྲིད་ཇུས་དང་གྲོས་འགོ་ཞིབ་འཇུག་གིས་འདོན་པ་བཅས་ཡིན། 

2 དམངས་སྲིད་པུའུ་དང་འབྲེལ་ཡོད་འགན་འཁྲི་ལས་བགོས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མི་འབོར་དང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་སྲིད་ཇུས་བྱ་ཐབས་བཟོ་བ་དང་། ཕྱོགས་བསྡུས་མཐུན་སྦྱོར་དང་། ལྟ་སྐུལ་མཛུབ་ཁྲིད། རྩ་འཛུགས་ཀྱིས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒན་རྒོན་གྱི་ནད་ཡམས་འགོག་བཅོས་དང་། རྒན་རྒོན་གྱི་སྨན་བཅོས་བདེ་འཇགས། རྒན་རྒོན་གྱི་སྨན་བཅོས་བདེ་འཇགས། རྒན་རྒོན་གྱི་ཐུགས་ཁུར་ཞབས་ཞུ་སོགས་རྒན་རྒོན་གྱི་བདེ་ཐང་ལས་དོན་གྱི་འགན་འཁུར་རྒྱུ་རེད། དམངས་སྲིད་པུས་རྒན་གསོའི་ཞབས་ཞུའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་དང་། ལྟ་སྐུལ་མཛུབ་ཁྲིད། ལྟ་སྐུལ་དོ་དམ་བཅས་ཀྱི་འགན་འཁུར་རྒྱུ་དང་། རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་འཆར་འགོད་དང་། ཁྲིམས་སྲོལ། སྲིད་ཇུས། ཚད་གཞི་བཅས་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱས་ཏེ་རྒན་རྒོན་གྱི་ཕན་བདེ་དང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་རོགས་སྐྱོབ་བྱེད་པའི་ལས་དོན་སྒྲུབ་འགན་འཁུར་བ་བཅས་ཡིན། 

3 འགན་འཁྲིའི་ལས་བགོས་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རིམས་ནད་སྤྱི་ཡོངས་ནས་འགོག་བཅོས་དང་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་མྱུར་བསྟུན་ལས་ཀ་བྱེད་འགན་འཁུར་རྒྱུ་དང་། རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་ལྟ་ཞིབ་ཚད་ལེན་གྱི་འགོས་ནད་དཀར་ཆག་བཟོ་འགོད་བྱ་རྒྱུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འགག་སྒོའི་རིམས་ནད་དང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་མཉམ་ལས་ལམ་སྲོལ་དང་། འགོས་ནད་ཀྱི་ནད་ཡམས། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་བཅས་བརྡ་ཁྱབ་སྤེལ་རེས་ལམ་སྲོལ། འགག་སྒོའི་ནང་འདྲེན་རང་བཞིན་གྱི་རིམས་ནད་བརྡ་ཁྱབ་དང་མཐུན་སྦྱོར་ཐག་གཅོད་ལམ་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཡིན། 

4 རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁྲི་ལས་བགོས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟས་རིགས་གནོད་མེད་ཡིན་མིན་དཔྱད་དཔོག་ལས་ཀ་བྱེད་འགན་འཁུར་རྒྱུ་དང་། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་སྡེ་ཁག་དང་མཉམ་དུ་ཟས་རིགས་གནོད་མེད་ཡིན་མིན་ལྟ་ཞིབ་ཚད་ལེན་གཏན་འབེབས་དང་ལག་བསྟར་བྱ་དགོས་པ་ཡིན། 

3 མི་སྣའི་སྒྲིག་ཁོངས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས525(དེའི་ནང་ཨུ་ལྷན་གཉིས་ཀྱི་མི་སྣའི་སྒྲིག་ཁོངས10དང་། རོགས་སྐྱོར་ཤོག་ཁག་གི་སྐབས་བསྟུན་སྒྲིག་ཁོངས4ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྒྲིག་ཁོངས་མི་གྲངས29བཅས་ཚུད)ཚུད་ཡོད། ཀྲུའུ་རེན1དང་། ཀྲུའུ་རེན་གཞོན་པ4སི་ཅུས་རིམ་པའི་འགོ་ཁྲིད་ཀྱི་འགན་གྲངས88(དེའི་ནང་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1དང་། འཕྲོད་བསྟེན་བདེ་ཐང་ལྟ་ཞིབ་ཀྱི་ཀྲོན་ཡོན10ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཅུས་ཀྱི་འགོ་ཁྲིད་ཀྱི་འགན་གྲངས2བཅས་ཚུད་ཡོད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་བྱ་ལས་སྡེ་ཚན་འཛུགས་རྒྱུ་དང་། འགན་འཁྲི་དང་སྒྲིག་ཁོངས་དོན་དག་བཅས་ལོགས་སུ་གཏན་འབེབས་བྱེད་པ་ཡིན། 

4 ད་ལྟའི་འགོ་ཁྲིད།

ཀྲུའུ་རེན། ཏང་ཙུའུ་ཧྲུའུ་ཅི། མ་ཞའོ་ཝེ།

ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཝང་ཧོ་ཧྲེང་།

ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ནི་ཙེང་དབྱི་ཞིན།

ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ལི་པིན།

སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་དང་ཏང་ཙུའུ་ཡི་ཁོངས་མི།

ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ནི་ཡུས་ཞུའེ་ཅུན་ཡིན།

ཏང་ཙུའུ་ཡི་ཁོངས་མི། ཝང་ཅན་ཅུན།

5 ​སྲིད་ཇུས་ཡིག་ཆ།

སྤྱི་ལོ2018ལོའི་ཟླ4པར་གསར་དུ་བཙུགས་པའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས《2018ལོའི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད། བརྡ་ཐོའི་ནང་ས་གནས་ཁག་གིས་གན་འཇོག་ཞབས་ཞུའི་ལས་ཀའི་དམིགས་ཚད་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་ལས་རྨོངས་ཚོད་ངང་གན་རྒྱ་འཇོག་ཚད་བརྩོན་ལེན་མི་བྱེད་པར་གན་རྒྱ་མི་གཅིག་འཇོག་པ་དང་གན་རྒྱ་ལག་བསྟར་བྱེད་མཁན་མི་གཅིག་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།