ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-15 15:14ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་གཙོ་སྐྱོང་བྱེད་པའི་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国商务部
ཕྱི་ཡིག་གི་མིང་།
Ministry of Commerce of the people's Republic of China
བསྡུས་མིང་།
ཚོང་དོན་པུའུ།
པུའུ་ཀྲང་།
ཀྲུང་ཧྲན།
1 ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་གཙོ་སྐྱོང་བྱེད་པའི་སྡེ་ཁག་ཡིན་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་ཡིན།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞི་དང《སྒྲིག་གཞི་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ》(རྒྱལ་སྤེལ་ཨང20038)ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་པུའུ་འཛུགས་པ་གཏན་འཁེལ་བྱས་པ་རེད། 

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲུང་དབྱང་མི་དམངས་སྲིད་གཞུང་ཉོ་ཚོང་པུའུ། སྤྱི་ལོ1949.11-སྤྱི་ལོ1952.8བར། 

རྒྱལ་ཡོངས་ཀྱི་རྒྱལ་གཉེར་ཉོ་ཚོང་ལག་བསྟར་བྱེད་ཐབས་གཅིག་གྱུར་བྱེད་པའི་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཆོད་དོན་ལྟར། ཀྲུང་དབྱང་ཉོ་ཚོང་པུའུ་ཡིས་གཤམ་གསལ་གྱི་འགན་དབང་ལག་བསྟར་བྱེད་པ་དང་། (1)ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ནོར་སྲིད་དང་དཔལ་འབྱོར་གྱི་སྤྱིའི་འཆར་གཞི་ལྟར་རྒྱལ་གཉེར་ཉོ་ཚོང་དང་མཉམ་ལས་ཁང་གི་ཉོ་ཚོང་གི་སྤྱིའི་འཆར་གཞི་བཟོ་འགོད་བྱས་ཏེ། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱ་བ། (2)རྒྱལ་ཡོངས་ཀྱི་ཆེད་ལས་སྤྱི་ཁྱབ་ཀུང་སི་ཁག་གི་ལས་སྒོའི་འཆར་གཞི་དང་ནོར་དོན་འཆར་གཞིར་ཆོག་མཆན་འགོད་རྒྱུ་དང་འབྲེལ་དེ་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་བྱ་རྒྱུ། (3)རྒྱལ་ཡོངས་ཀྱི་རྒྱལ་གཉེར་ཉོ་ཚོང་གི་མ་དངུལ་དང་བསགས་དངོས་ཡོད་ཚད་ལ་དོ་དམ་དང་བཀོད་གཏོང་བྱེད་པ། (4)རྒྱལ་ཡོངས་ཀྱི་ཚོང་ར་ཆེ་གྲས་ཁག་གི་རྒྱལ་གཉེར་ཉོ་ཚོང་ཀུང་སིས་ཚོང་ཟོག་སྡེབ་འཚོང་བྱེད་པའི་རིན་གོང་གཏན་འབེབས་བྱ་བ། (5)རྒྱལ་ཡོངས་ཀྱི་སྒེར་གཉེར་ཚོང་ལས་དང་མི་དམངས་སྲིད་གཞུང་རིམ་པ་ཁག་གི་ཉོ་ཚོང་སྡེ་ཁག་གིས་ཚོང་རྭར་དོ་དམ་བྱེད་པའི་ལས་ཀར་སློབ་སྟོན་བྱ་བ། (6)རྒྱལ་ཡོངས་ཀྱི་ཉོ་ཚོང་རྩིས་གཉེར་ཁྲིམས་སྲོལ་ཁྱབ་བསྒྲགས་བྱེད་པ་བཅས་ཡིན།

པུའུ་ཀྲང་། ཡེ་ཅི་ཀྲོང་། སྤྱི་ལོ1949ལོའི་ཟླ10པར་ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་ནས་ཀྲུང་དབྱང་ཉོ་ཚོང་པུའུ་ཡི་པུའུ་ཀྲང་ལ་བསྐོ་གཞག་བྱས། 

རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། ཕྱི་ཕྱོགས་ཉོ་ཚོང་ལ་ཤུགས་སྣོན་དང་ཉོ་ཚོང་པུའུ་ཡི་བྱ་བའི་འབོར་ཚད་ཇེ་ཡང་དུ་གཏོང་ཆེད། ཤུགས་སྔར་ལས་ཆེ་བའི་སྒོ་ནས་སོ་སོར་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཉོ་ཚོང་བྱ་བ་སྤེལ། ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་གྲོས་འཆམ་བྱུང་བའི“ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ལས་ཁུངས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཆོད་དོན་གྱི་དོན་ཚན་གཉིས་པ”ལ་གཞིགས་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཕྱི་ཕྱོགས་ཉོ་ཚོང་པུའུ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཚོང་ལས་པུའུ་བཙུགས་ཏེ་ཟླ9ཚེས3ཉིན་ཀྲུང་དབྱང་ཉོ་ཚོང་པུའུ་ཕྱིར་འཐེན་བྱས་པ་རེད། 

ཀྲུང་དབྱང་མི་དམངས་སྲིད་གཞུང་ཕྱི་ཕྱོགས་ཉོ་ཚོང་པུའུ།  

སྤྱི་ལོ1952.8-སྤྱི་ལོ1982.3བཙུགས་པ་སྟེ། རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་། ཕྱི་ཕྱོགས་ཉོ་ཚོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྒྱལ་ནང་དང་ཕྱི་རྒྱལ་གྱི་ཉོ་ཚོང་བྱ་བ་སྔར་ལས་ནུས་ལྡན་གྱིས་སྤེལ་བ་བཅས་ཀྱི་ཆེད་དུ་ཟླ8པའི་ཚེས7ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག “ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ལས་ཁུངས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གྲོས་ཆོད”ལ་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་ཉོ་ཚོང་པུའུ་ཕྱིར་འཐེན་བྱས་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཕྱི་ཕྱོགས་ཉོ་ཚོང་པུའུ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཚོང་ལས་པུའུ་བཙུགས་པ་རེད། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཕྱི་ཕྱོགས་ཉོ་ཚོང་ལ་གཅིག་གྱུར་གྱིས་འགོ་ཁྲིད་དང་དོ་དམ་བྱེད་པའི་སྲིད་འཛིན་ལས་ཁུངས་ཡིན་པའི་ཕྱི་ཕྱོགས་ཉོ་ཚོང་པུའུ་བཙུགས་པ་རེད། 

3 འགན་འཁྲི། 

1. རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འཆར་གཞི་དང་ཕྱི་ཕྱོགས་ཉོ་ཚོང་གི་ཕྱི་རྒྱལ་གྱི་དངུལ་བརྗེས་གཏོང་ཡོང་གི་འཆར་གཞི་བཟོ་འགོད་བྱེད་པའི་རྩ་འཛུགས་དང་ཞིབ་བཤེར་འཆར་གཞི་དང་ལག་བསྟར་བྱ་བ་ཡིན། 

2 ཀྲུང་གོས་འབྲེལ་ཡོད་རྒྱལ་ཁབ་དང་དཔལ་འབྱོར་ཉོ་ཚོང་དང་ལག་རྩལ་མཉམ་ལས་འཕེལ་རྒྱས་གཏོང་བའི་འབྲེལ་བའི་ཇུས་གཞི་ཟིན་འགོད་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་དང་གྲོས་མོལ་བྱ་རྒྱུའི་འགན་འཁུར་རྒྱུ་དང་། གྲོས་ཆོད་དང་ཆོད་དོན་བཞག་པ་སོགས་ཀྱི་ཐོག་མིང་རྟགས་འགོད་རྒྱུ་མ་ཟད། ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ་བཅས་ཡིན། 

3 ཕྱི་ཕྱོགས་ཉོ་ཚོང་དོ་དམ་བྱེད་པའི་གཞི་རྩའི་ཁྲིམས་སྲོལ་དང་འགག་སྒོའི་དོ་དམ་ཁྲིམས་སྲོལ་འཆར་ཟིན་འགོད་རྒྱུ་མ་ཟད་ལག་ལེན་མཐར་ཕྱིན་བསྟར་བ། 

4 འགག་སྒོའི་ལས་དོན་ལ་འགོ་ཁྲིད་བྱས་ནས་དངོས་ཟོག་ལྟ་སྐུལ་དོ་དམ་དང་ཆབ་སྲིད་དང་དཔལ་འབྱོར་སྲུང་སྐྱོབ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་ཡིན། 

5.རྒྱལ་གཉེར་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས་ནང་འདྲེན་དང་། ཕྱིར་གཏོང་། སྐྱེལ་འདྲེན། མཐུན་སྒྲིལ་བཅས་ཀྱི་ལས་སྒོའི་གོ་རིམ་གཏན་འབེབས་བྱ་རྒྱུ་དང་། དོ་དམ་དང་ལྟ་སྐུལ་བྱ་བ་བཅས་ཡིན། 

6.ནང་འདྲེན་དང་། ཕྱིར་གཏོང་། མངའ་ཁོངས་བརྒལ་ནས་ཉོ་ཚོང་བཅས་བྱས་ཆོག་པའི་འཁྲོལ་འཛིན་སྤྲོད་པ་ཡིན། 

7.ཚོང་ཟོག་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་ཞིབ་འཇུག་དང་བཟོ་འགོད་བྱ་བ་ཡིན། 

8.ལོ་གོང་རང་རྒྱལ་གྱིས་བཙུགས་པའི་སྒྲིག་ཆས་ཀྱི་ཕྱི་ཕྱོགས་རོགས་སྐྱོར་ལས་དོན་གཙོ་གཉེར་བྱ་དགོས་པ་ཡིན། 

9.ལོ་གོང་རང་རྒྱལ་གྱི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གི་ལས་དོན་གཙོ་སྐྱོང་གནང་དགོས་པ་ཡིན། 

པུའུ་ཀྲང་། ཡེ་ཅི་ཀྲོང་། (སྤྱི་ལོ1952.8-སྤྱི་ལོ1967.6)

ལིན་ཧའེ་ཡུན། (སྤྱི་ལོ1965.9-སྤྱི་ལོ1970.7)

ཕྱི་ཕྱོགས་ཉོ་ཚོང་པུའུ་དེ་ཟླ9པ་ནས་སྤྱི་ལོ1982ལོའི་ཟླ3པའི་བར་བཙུགས་པ་ནས་སྤྱི་ལོ1982ལོའི་ཟླ3པའི་བར་ཀྲུང་གོའི་སྲིད་གཞུང་གི་ཕྱི་ཕྱོགས་ཉོ་ཚོང་གཙོ་སྐྱོང་བྱེད་མཁན་སྲིད་འཛིན་ལས་ཁུངས་བྱས་ནས་སོ་སོའི་དོ་དམ་གྱི་འགན་ནུས་ལག་བསྟར་བྱས་པ་རེད། སྤྱི་ལོ1982ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང་། ཕྱི་ཕྱོགས་ཉོ་ཚོང་པུའུ་དང་། ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་པུའུ། རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཀྱི་ཕྱི་རྒྱལ་ནས་མ་དངུལ་འཇོག་པའི་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཟླ་སྒྲིལ་བཏང་ནས་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་པུའུ་བཙུགས་པ་རེད། སྤྱི་ལོ1982ལོའི་ཟླ3ཚེས8ཉིན་ཕྱི་ཕྱོགས་ཉོ་ཚོང་པུའུ་དངོས་སུ་ཕྱིར་འཐེན་བྱས།

ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་པུའུ།

སྤྱི་ལོ1982.3—སྤྱི་ལོ1993ལོའི་བར་བཙུགས་པ་སྟེ། སྤྱི་ལོ1982ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང་། ཕྱི་ཕྱོགས་ཉོ་ཚོང་པུའུ་དང་། ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་པུའུ། རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཀྱི་ཕྱི་རྒྱལ་ནས་མ་དངུལ་འཇོག་པའི་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཟླ་སྒྲིལ་བཏང་ནས་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་པུའུ་འཛུགས་པ་བཅས་ཡིན། 

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གོང་དུ་སྤེལ་བའི་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོའི་ཕྱི་ཕྱོགས་ཉོ་ཚོང་གི་དཔལ་འབྱོར་བྱེད་སྒོ་འཆར་འགོད་དང་། དོ་དམ། མཐུན་སྦྱོར་བཅས་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འཛམ་གླིང་གསུམ་པའི་རྒྱལ་ཁབ་ལ་དཔལ་འབྱོར་ལག་རྩལ་ཐད་ཀྱི་རོགས་སྐྱོར་ལེགས་པར་བྱེད་པ། རྒྱལ་སྤྱིའི་བར་གྱི་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ལག་རྩལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་ཧུར་ཐག་གཏོང་བ། ནང་འདྲེན་དང་ཕྱིར་གཏོང་གི་ལག་རྩལ་སྒྲིག་འཛུགས་བྱེད་པ། ཕྱི་རྒྱལ་དུ་ལས་གྲྭ་སྒྲུབ་འགན་གཙང་ལེན་དང་ངལ་ལས་མཉམ་ལས་བྱེད་པ། སྲིད་གཞུང་བར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་བྱེད་སྒོ་གཅིག་གྱུར་གྱིས་སྒྲིག་འཛུགས་བཅས་བྱས་ནས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་ཕྱི་ཕྱོགས་སུ་འཛུགས་སྐྲུན་དང་ཕྱི་ཕྱོགས་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་བཅས་ཡིན། 

པུའུ་ཀྲང་། ཁྲེན་མུའུ་ཧྭ། (སྤྱི་ལོ1982ལོའི་ཟླ3པ་ནས་སྤྱི་ལ1985ལོའི་ཟླ་སྤྱི་ལོ3པའི་བར། )

ཀྲེང་ཐོ་པིན། (སྤྱི་ལོ1985ལོའི་ཟླ3པ་ནས་སྤྱི་ལོ1990ལོའི་ཟླ11པའི་བར། )

ལི་ལན་ཆིན། (སྤྱི་ལོ1990.11-སྤྱི་ལོ1993.3བར།)

ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་པུའུ་ཡིས་བཤད་རྒྱུར། རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་གྱི་འཕེལ་རྒྱས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཇེ་ཆེར་སོང་བས། རང་རྒྱལ་གྱི་ཕྱི་ཕྱོགས་དཔལ་འབྱོར་རོགས་སྐྱོར་གྱི་ལས་འགན་ཉིན་རེ་ལས་ཉིན་རེར་ལྕི་རུ་འགྲོ་བཞིན་ཡོད། ལས་དོན་འདིར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཆོག་མཆན་ཐོབ་རྗེས། སྤྱི་ལོ1961ལོའི་ཟླ3པའི་ཚེས1ཉིན་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་སྤྱི་ཁྱབ་ཅུས་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་བྱས་པ་དང་། རྒྱལ་སྤྱིའི་གནས་བབ་འཕེལ་རྒྱས་སྔར་ལས་ལྷག་པ་བྱུང་བ་དང་ཆབས་ཅིག་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་ལས་འགན་རིམ་བཞིན་མང་དུ་སོང་ནས་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་སྤྱི་ཁྱབ་ཅུས་ཀྱི་མི་སྣ་དང་ལས་ཁུངས་སྔར་ལས་ཕུན་སུམ་ཇེ་ཚོགས་དང་ལེགས་སྒྲིག་བྱེད་ཆེད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་དགུ་པའི་ཐོག་ཏེ། སྤྱི་ལོ1964ལོའི་ཟླ6པའི་ཚེས10ཉིན་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་སྤྱི་ཁྱབ་ཅུས་ཀྱི་རྨང་གཞིའི་ཐོག་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། སྤྱི་ལོ1970ལོའི་ཟླ6པར་ཀྲུང་གུང་ཀྲུང་དབྱང་གིས་འགྲེམས་སྤེལ་བྱས་པའི(70)ཡིག་ཨང44པའི་ནང་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ1970ལོའི་ཟླ8ཚེས6ཉིན་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་པུའུ་ཞེས་པར་དངོས་སུ་མིང་བསྒྱུར་རྒྱུའི་ཐག་བཅད་པ་རེད། ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་པུའུ་ཡིས་དེ་སྔའི་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་གཏུག་སྤྱི་ཁྱབ་ཅུས་བཙུགས་པ་ནས་བཟུང་དེའི་ལས་འགན་གཙོ་བོ་ནི་རང་རྒྱལ་གྱིས་ཨེ་ཤ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་རྒྱལ་ཁབ་ལ་དཔལ་འབྱོར་རོགས་སྐྱོར་དང་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་ལས་ཀར་འགན་འཁུར་རྒྱུ་དེ་ཡིན།

4 ཞིབ་ཕྲའི་འགན་འཁྲི།

1.ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག་ཨེ་ཤ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་རོགས་སྐྱོར་གྱི་གྲོས་མོལ་ལས་དོན་ལ་འགན་འཁུར་རྒྱུ་དང་། ཕྱི་ཕྱོགས་སུ་ཆོད་ཡིག་དང་གན་རྒྱ་འཇོག་པ་བཅས་ཡིན། 

2.ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག་ཕྱི་ཕྱོགས་སུ་ཚན་རྩལ་མཉམ་ལས་ཀྱི་གྲོས་ཆོད་འཇོག་པར་འགན་འཁུར་དགོས་པ་ཡིན། 

3.གྲོས་མཐུན་དང་ལག་བསྟར་བྱས་ཚུལ་ཁོང་དུ་ཆུད་པ་དང་། ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་དང་ཚན་རྩལ་མཉམ་ལས་རྣམ་གྲངས་ཀྱི་ལས་ཀའི་འཕེལ་རིམ་ཤེས་རྟོགས་བྱེད་པ། ཞིབ་རྩིས་འགྲོ་ལུགས་སྒྲུབ་པ་བཅས་ཡིན། 

4.ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་དངུལ་གཏོང་བཀོལ་སྤྱོད་འཆར་གཞི་ལ་བཀོད་སྒྲིག་བྱས་དང་། ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་བཟོས་ཏེ་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་ཆེད་ལས་མཁས་པའི་འབྲེལ་ཡོད་བྱ་བ་བསྒྲུབ་པ་བཅས་ཡིན། 

5.རྒྱལ་ཁབ་བརྒྱད་ཀྱི་དཔལ་འབྱོར་རོགས་རེས་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁག་གི་ལས་དོན་ལ་ཟུར་ཞུགས་བྱེད་རྒྱུ་ཐག་གཅོད་བྱེད་རྒྱུ་དང་། རྒྱལ་སྤྱིའི་བར་གྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་ལྕགས་ལམ་དང་། འགྲིམ་འགྲུལ། དམངས་སྤྱོད་མཁའ་འགྲུལ། ཡིག་ཟམ་གློག་འཕྲིན་བསྐུར་བ་བཅས་ཡིན། 

5 ད་ལྟའི་འགོ་ཁྲིད།

ཚོང་དོན་པུའི་པུའུ་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། ཀྲུང་ཧྲན།

ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་འཐུས་མི(ཀྲེང་ཙེ)པུའུ་ཀྲང་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་གཅིག་ལྕོགས་ཡིན་གྱིས་བཞེས། ཕུའུ་ཙེ་ཡིང་། 

ཚོང་དོན་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་གྱི་འཐུས་མི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་གཅིག་ལྕོགས་ཀྱི་བཞེས། ཝང་ཧྲོའུ་ཝུན།

ཚོང་དོན་པུའི་པུའུ་ཀྲང་གཞོན་པ། ཆན་ཁེ་མིང་།

ཚོང་དོན་པུའི་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཏང་ཙུའུ་ཡི་ཁོངས་མི། ལི་དབྱིང་ཀྲེ།

ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཏང་ཙུའུ་ཡི་ཁོངས་མི། ཝང་པིང་ནན།

ཚོང་དོན་པུའི་པུའུ་ཀྲང་ལས་རོགས་ཏང་ཙུའུ་ཡི་ཁོངས་མི། ལི་ཁྲེང་ཀང་དང་རེན་ཧུང་པིན།  

ཚོང་དོན་པུའི་པུའུ་ཀྲང་གཞོན་པ། ཡུས་ཅན་ཧྭ།


དཔྱད་གཞིའི་ཡིག་ཆ།