ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་བེད་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-15 08:34ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་བེད་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་བེད་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆུ་བེད་པུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞི་བྱས་ནས་བཙུགས་པ་ཞིག་རེད། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国水利部
ཕྱི་ཡིག་གི་མིང་།
Ministry of Water Resources of the People's Republic of China
གཞུང་ཕྱོགས་དྲ་ཚུགས།
http://www.mwr.gov.cn/
བཙུགས་པའི་དུས་སྐབས།
སྤྱི་ལོ1949ལོ།
འགན་བཞེས་པུའུ་ཀྲང་།
ཨོ་ཏ་ཕིན།
སྒྲིག་གཞིའི་རིམ་པ།
པུའུ་རིམ་པ།
1 ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆུ་བེད་པུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞི་བྱས་ནས་བཙུགས་པ་ཞིག་རེད། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཡིན། 

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1958ལོའི་ཟླ2པའི་ཚེས11ཉིན། སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པས་གློག་ཤུགས་དང་ཆུ་བེད་སོགས་མེད་པར་བཟོས་ཏེ་ཆུ་བེད་གློག་ཤུགས་པུའུ་བཙུགས།

སྤྱི་ལོ1979ལོའི་ཟླ2ཚེས23ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པའི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཆུ་བེད་གློག་ཤུགས་པུའུ་མེད་པ་བཟོ་རྒྱུའི་གཏན་འབེབས་བྱས།

སྤྱི་ལོ1982ལོར་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་དང་གློག་ཤུགས་དེ་ཟླ་སྒྲིལ་བཏང་ནས་ཆུ་བེད་གློག་ཤུགས་པུའུ་བཙུགས།

སྤྱི་ལོ1988ལོའི་ཟླ4པར་མི་དམངས་འཐུས་ཚོགས་སྐབས་བདུན་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གྲོས་འཆམ་བྱུང་བ་རེད།

སྤྱི་ལོ1988ལོའི་ཟླ7པའི་ཚེས22ཉིན་བསྐྱར་འཛུགས་བྱས།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞི་དང《སྒྲིག་གཞི་སྒྲིག་འཛུགས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ》གཞིར་བཟུང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཡིན་པ་ཐག་བཅད། 

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས་ནས་ཆུའི་ཐོན་ཁུངས་བརྟག་དཔྱད་དང་དབང་ཆ་གཏན་འཁེལ་ཐོ་འགོད་དོ་དམ་གྱི་འགན་འཁྲི་བསྡུ་སྒྲིལ་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་པུའུ་བཙུགས་པ་དང་། བཙོག་འབུད་མདོ་ཁ་བཀོད་སྒྲིག་དོ་དམ། འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་སྡེབ་སྒྲིག་བཅས་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣོད་བཅུད་ཁོར་ཡུག་པུའུ་འཛུགས་རྒྱུ་དང་། འབྲེལ་ཡོད་ཞིང་ལས་མ་འཇོག་གི་འགན་འཁྲི་བསྡུ་སྒྲིལ་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་པུའུ་འཛུགས་པ། ཐན་ཞོད་གནོད་འཚེ་འགོག་བཅོས་ཀྱི་འབྲེལ་ཡོད་འགན་འཁྲི་བསྡུ་སྒྲིལ་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུའུ་འཛུགས་པ། འགན་འཁྲི་བཟང་སྒྲིག་བྱ་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲི་ཆུའི་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་། དེའི་གཞུང་ལས་ཁང་བཅས་གཅིག་གྱུར་བྱས་པ་རེད། 

3 འགན་འཁྲི་གཙོ་བོ།

ཆུ་བེད་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་འགན་འཁྲི་སྒྲུབ་རིང་ཏང་གིས་ཆུ་བེད་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པ་ནི་གཤམ་གསལ་ལྟར་ཡིན།

(གཅིག)ཆུའི་ཐོན་ཁུངས་ལུགས་མཐུན་གྱིས་གསར་སྤེལ་དང་བེད་སྤྱོད་བྱེད་པར་འགན་སྲུང་བྱེད་འགན་འཁུར་རྒྱུ། ཆུ་བེད་འཐབ་ཇུས་ཀྱི་འཆར་འགོད་དང་སྲིད་ཇུས་བཟོ་འགོད་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མ་ཟིན་འཆར་འགོད། སྒྲིག་སྲོལ་བཟོ་འགོད་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་འཐབ་ཇུས་འཆར་འགོད་དང་། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གཙང་པོ་དང་མཚེའུ་གལ་ཆེན་འབབ་རྒྱུད་ཀྱི་ཕྱོགས་བསྡུས་འཆར་འགོད། ཆུ་ལོག་འགོག་པའི་འཆར་འགོད་སོགས་ཆུ་བེད་ཀྱི་འཆར་འགོད་གལ་ཆེན་བཟོ་འགོད་སྒྲིག་འཛུགས་བྱ་དགོས་པ་ཡིན།

(གཉིས)འཚོ་བ་དང་། ཐོན་སྐྱེད་གཉེར་སྐྱོང་། སྐྱེ་ཁམས་ཁོར་ཡུག་བཅས་ལ་སྤྱོད་པའི་ཆུ་གཅིག་གྱུར་གྱིས་འཆར་འགོད་དང་འགན་སྲུང་བྱེད་པར་འགན་འཁུར་དགོས་ཏེ་ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་དང་། ཆུའི་ཐོན་ཁུངས་ལ་གཅིག་གྱུར་གྱིས་ལྟ་སྐུལ་དང་དོ་དམ་བྱ་བ། རྒྱལ་ཡོངས་དང་ས་ཁོངས་ལས་བརྒལ་བའི་ཆུ་སྤྲོད་མཁོའི་དུས་ཡུན་འབྲིང་རིང་གི་འཆར་འགོད་དང་ཆུ་བགོའི་ཇུས་གཞི་འགོད་རྒྱུ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་དགོས། འབབ་རྒྱུད་དང་ས་ཁོངས་གལ་ཆེན་དང་དེ་བཞིན་ཆུ་འདྲེན་ལས་གྲྭ་གལ་ཆེན་བཅས་ཀྱི་ཆུའི་ཐོན་ཁུངས་བཀོད་གཏོང་བྱེད་འགན་འཁུར་དགོས། ཆོག་འཐུས་ལག་ཁྱེར་དང་། ཆུའི་ཐོན་ཁུངས་རིགས་པས་ཁུངས་སྐྱེལ། ཆུ་ལོག་སྔོན་འགོག་རིགས་པས་ཁུངས་སྐྱེལ་བཅས་ཀྱི་ལམ་ལུགས་ལག་བསྟར་སྒྲིག་འཛུགས་བྱས་ནས་ཆུའི་ཐོན་ཁུངས་རིན་ཡོད་བེད་སྤྱོད་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་བ་དང་། ཆུ་བེད་ལས་རིགས་ཀྱི་ཆུ་མཁོ་འདོན་དང་ཞང་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་ལས་ཀར་མཛུབ་སྟོན་བྱ་དགོས་པ་བཅས་ཡིན།

(གསུམ)གཏན་འབེབས་གཞིར་བཟུང་ནས་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་གྱི་འབྲེལ་ཡོད་ལམ་ལུགས་བཟོ་དགོས་པ་མ་ཟད་ལག་བསྟར་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། ཀྲུང་དབྱང་ཆུ་བེད་ཀྱི་གཏན་འཇགས་རྒྱུ་ནོར་དང་། ཁ་ཕྱོགས། བཀོད་སྒྲིག་ཞིབ་ཕྲ་བཅས་བྱེད་རྒྱུའི་གྲོས་འཆར་འདོན་འགན་འཁུར་དགོས་པ་མ་ཟད་མཛུབ་ཁྲིད་ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་བྱས་པའི་དབང་ཚད་ལྟར་རྒྱལ་ཁབ་ཀྱི་འཆར་འགོད་ནང་དང་ལོ་འཁོར་འཆར་གཞིའི་ནང་གི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་ལ་ཞིབ་མཆན་འགོད་དགོས་པ་དང་། ཀྲུང་དབྱང་ཆུ་བེད་མ་དངུལ་བཀོད་སྒྲིག་བྱེད་རྒྱུའི་གྲོས་འཆར་འདོན་དགོས་པ་མ་ཟད་རྣམ་གྲངས་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས།

(བཞི)ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུའི་འཆར་གཞི་བཟོ་འགོད་བྱ་རྒྱུ་མ་ཟད་ལག་བསྟར་ཡང་བྱེད་པ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱེད་རྒྱུའི་འབྲེལ་ཡོད་ལས་དོན་ལ་མཛུབ་ཁྲིད་དང་ས་འོག་གི་ཆུ་གསར་སྤེལ་བེད་སྤྱོད་དང་ས་འོག་གི་ཆུའི་ཐོན་ཁུངས་དོ་དམ་སྲུང་སྐྱོབ་བྱེད་རྒྱུར་མཛུབ་ཁྲིད་བྱེད་དགོས། ས་འོག་ཆུ་ཚད་བརྒལ་སྔོག་འདོན་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་དགོས་པ་ཡིན།

(ལྔ)ཆུ་གྲོན་ཆུང་བྱེད་པའི་ལས་ཀ་སྒྲུབ་པར་འགན་འཁུར་དགོས་པ་དང་ཆུ་སྤྱོད་གྲོན་ཆུང་བྱེད་པའི་སྲིད་ཇུས་བཟོ་འགོད་བྱ་རྒྱུ་དང་། ཆུ་སྤྱོད་གྲོན་ཆུང་བྱེད་པའི་འཆར་གཞི་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་རྒྱུ་དང་། འབྲེལ་ཡོད་ཀྱི་ཚད་གཞི་གཏན་འབེབས་བྱ་རྒྱུའི་སྒྲིག་འཛུགས་བྱ་དགོས། ཆུ་སྤྱོད་བསྡོམས་འབོར་ཚོད་འཛིན་སོགས་ཀྱི་དོ་དམ་ལམ་ལུགས་ལག་བསྟར་སྒྲིག་འཛུགས་བྱས་ནས་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་དགོས།

(དྲུག)ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། ཆུའི་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་རྒྱལ་ཁབ་ཀྱི་ཆུ་དཔྱད་ས་ཚིགས་ཀྱི་འཛུགས་སྐྲུན་དང་དོ་དམ་བྱེད་འགན་འཁུར་བ། གཙང་པོ་དང་ཆུ་བོ། མཚོ་མཛོད། ས་འོག་བཅས་ཀྱི་ཆུའི་ཐོན་ཁུངས་ཀྱི་ཆ་འཕྲིན་དང་། གསང་འཕྲིན་སྔོན་བརྡ། རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་ཀྱི་སྤྱི་བསྒྲགས་བཅས་ཁྱབ་བསྒྲགས་བྱེད་དགོས་པ་དང་གཏན་འབེབས་ལྟར་ཆུའི་ཐོན་ཁུངས་དང་ཆུའི་ནུས་པའི་ཐོན་ཁུངས་ལ་བརྟག་དཔྱད་གདེང་འཇོག་དང་ཆུའི་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ལས་དོན་སྒྲིག་འཛུགས་བྱ་དགོས་པ་བཅས་ཡིན།

(བདུན)ཆུ་བེད་སྒྲིག་བཀོད་དང་། ཆུ་ཁོངས་དང་དེའི་ཉ་བཅས་ཀྱི་དོ་དམ་དང་། སྲུང་སྐྱོང་། ཕྱོགས་བསྡུས་བེད་སྤྱོད་བཅས་ལ་མཛུབ་ཁྲིད་བྱེད་པ་དང་། ཆུ་བེད་རྨང་གཞིའི་སྒྲིག་བཀོད་དྲ་བ་འཛུགས་སྐྲུན་བྱེད་པར་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་དགོས་བ། གཙང་པོ་དང་མཚེའུ་གལ་ཆེན་དང་དེ་བཞིན་ཆུ་མདོ་བཅོས་སྐྱོང་དང་། གསར་འབྱེད། སྲུང་སྐྱོང་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས་བ། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་བཞུར་ཚད་དོ་དམ་དང་དེ་བཞིན་གཙང་པོ་དང་མཚེའུ་ཡི་ཆུ་རྒྱུད་སྦྲེལ་མཐུད་བྱེད་པའི་ལས་ཀར་མཛུབ་སྟོན་བྱ་དགོས་པ་བཅས་ཡིན།

(བརྒྱད)ཆུ་བེད་ལས་གྲྭའི་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་ལ་མཛུབ་ཁྲིད་ལྟ་སྐུལ་བྱེད་དགོས་བ་དང་། ཚོད་འཛིན་རང་བཞིན་ལྡན་པ་དང་ས་ཁོངས་དང་འབབ་རྒྱུད་ལས་བརྒལ་བའི་ཆུ་བེད་ལས་གྲྭ་གལ་ཆེན་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་བྱ་བར་རྒྱུ་སྒྲིག་འཛུགས་བྱ་དགོས་པས། འབྲི་ཆུའི་འགག་གསུམ་ལས་གྲྭ་འཁོར་སྐྱོད་དང་། ལས་གྲྭ་འཁོར་སྐྱོད། རྗེས་མཐུད་ལས་གྲྭ་འཛུགས་སྐྲུན་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་བཏོན་པ་དང་འབྲེལ་མཐུན་སྦྱོར་དོན་འཁྱོལ་བྱས་པ་དང་། ལས་གྲྭ་བདེ་འཇགས་ངང་འཁོར་སྐྱོད་བྱ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ། ལས་གྲྭ་ཞིབ་བཤེར་རྩིས་ལེན་གྱི་འབྲེལ་ཡོད་ལས་དོན་སྒྲིག་འཛུགས་བཅས་བྱས་ནས་ས་གནས་ཀྱི་ལེ་ལག་ཚང་བའི་ལས་གྲྭ་འཛུགས་སྐྲུན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་བཅས་ཡིན། 

(དགུ) ས་ཆུ་སྲུང་འཛིན་གྱི་ལས་ཀ་བྱེད་པར་འགན་འཁུར་བ་དང་ཆུ་སྲུང་འཛིན་གྱི་འཆར་འགོད་བཟོ་རྒྱུ་མ་ཟད་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཡང་བྱས་ནས་ས་ཆུ་ཤོར་ཚུལ་ཕྱོགས་བསྡུས་ཀྱིས་འགོག་བཅོས་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུ་མ་ཟད་དུས་བཀག་ལྟར་སྤྱི་བསྒྲགས་ཀྱང་བྱ་དགོས། འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་ལྟ་སྐུལ་དོ་དམ་ལས་ཀའི་འགན་འཁུར་བ་དང་། རྒྱལ་ཁབ་ཀྱི་གཙོ་གནད་ས་ཆུ་སྲུང་འཛིན་གྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་པར་མཛུབ་སྟོན་བྱ་བ་བཅས་ཡིན།  

(བཅུ)གྲོང་གསེབ་ཀྱི་ཆུ་བེད་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ་དང་ཞིང་ཆུ་འདྲེན་གཏོང་ལས་གྲྭ་ཆེ་འབྲིང་གི་འཛུགས་སྐྲུན་དང་བསྒྱུར་བཀོད་སྒྲིག་འཛུགས་བྱ་བ། གྲོང་གསེབ་ཀྱི་འཐུང་ཆུ་ཉེན་མེད་ལས་གྲྭ་འཛུགས་སྐྲུན་དོ་དམ་ལས་ཀར་མཛུབ་སྟོན་དང་། ཆུ་གྲོན་ཆུང་གིས་འདྲེན་པའི་འབྲེལ་ཡོད་ལས་ཀར་མཛུབ་སྟོན་བྱ་དགོས་བ། འབྲོག་ཁུལ་གྱི་ཆུ་བེད་ལས་དོན་མཐུན་སྦྱོར་བྱེད་པར་གྲོང་གསེབ་ཀྱི་ཆུ་བེད་བསྒྱུར་བཅོས་གསར་གཏོད་དང་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་བྱ་དགོས། གྲོང་གསེབ་ཀྱི་ཆུ་ནུས་ཐོན་ཁུངས་གསར་སྤེལ་དང་། ཆུ་གློག་ཆུང་གྲས་བསྒྱུར་བཀོད། ཆུ་གློག་གྲོང་གསེབ་ཅན་དུ་འགྱུར་བ་བཅས་ཀྱི་ལས་ཀར་ཁྲིད་སྟོན་བྱ་དགོས་པ་བཅས་ཡིན།

(བཅུ་གཅིག)ཆུ་བེད་ལས་གྲྭའི་ཡུལ་མི་གནས་སྤོའི་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ་དང་ཆུ་བེད་ལས་གྲྭའི་གནས་སྤོས་ཡུལ་མིའི་འབྲེལ་ཡོད་སྲིད་ཇུས་བཟོ་བ་དང་འབྲེལ་ལག་བསྟར་ལ་ལྟ་སྐུལ་བྱེད་པ། ཆུ་བེད་ལས་གྲྭའི་གནས་སྤོས་ཡུལ་མི་བཀོད་སྒྲིག་དང་ཞིབ་བཤེར་རྩིས་ལེན་དང་ལྟ་སྐུལ་དཔྱད་དཔོག་སོགས་ཀྱི་ལམ་ལུགས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་པ། ཆུ་མཛོད་ཀྱི་གནས་སྤོས་ཡུལ་མིའི་དུས་མཇུག་གི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱ་རྒྱུར་མཛུབ་ཁྲིད་ལྟ་སྐུལ་བྱེད་པ་དང་། འབྲི་ཆུའི་འགག་གསུམ་ལས་གྲྭ་དང་ལས་གྲྭའི་གནས་སྤོས་ཡུལ་མིའི་དུས་མཇུག་གི་རོགས་སྐྱོར་ལས་དོན་ལ་མཐུན་སྦྱོར་ལྟ་སྐུལ་བྱེད་པ། ཁ་གཏད་རོགས་སྐྱོར་སོགས་ཀྱི་ལས་དོན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་བཅས་ཡིན།

(བཅུ་གཉིས)ཆུ་དང་འབྲེལ་བའི་ཁྲིམས་འགལ་དོན་རྐྱེན་ཚབས་ཆེན་རྩད་ཞིབ་ཐག་གཅོད་བྱེད་པར་འགན་འཁུར་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ལས་བརྒལ་བའི་ཆུ་དོན་རྩོད་གཞི་མཐུན་སྦྱོར་དང་འདུམ་གཅོད་བྱ་བ། ཆུ་སྲིད་ལྟ་ཞིབ་དང་ཆུའི་སྲིད་འཛིན་ཁྲིམས་བསྟར་ལ་ཁྲིད་སྟོན་བཅས་བྱ་བ། ཁྲིམས་ལྟར་ཆུ་བེད་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་འགན་འཁུར་བ་དང་། ཆུ་མཛོད་དང་། ཆུ་ཤུགས་གློག་ཁང་གི་རགས་ཆེན། གྲོང་གསེབ་ཀྱི་ཆུ་ཤུགས་གློག་ཁང་བཅས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུའི་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་བ། ཆུ་བེད་འཛུགས་སྐྲུན་གྱི་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་རྒྱུར་མཛུབ་ཁྲིད་བྱས་ཏེ་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་ལ་ལྟ་སྐུལ་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་བཅས་ཡིན།

(བཅུ་གསུམ)ཆུ་བེད་ཚན་རྩལ་དང་ཕྱི་དོན་ལས་དོན་སྤེལ་དགོས་པ་དང་ཆུ་བེད་ལས་རིགས་ཀྱི་སྤུས་ཚད་ལྟ་སྐུལ་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་ཆུ་བེད་ལས་རིགས་ཀྱི་ལག་རྩལ་ཚད་གཞི་དང་སྒྲིག་སྲོལ་ཚད་ལྡན་བཟོ་རྒྱུ་མ་ཟད་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་བྱེད་དགོས་ཤིང་རྒྱལ་སྤྱིའི་ཆུ་རྒྱུན་དང་འབྲེལ་བ་ཡོད་པའི་ཕྱི་འབྲེལ་ལས་དོན་བསྒྲུབ་པ་བཅས་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆུ་བེད་པུའུ་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་བཙུགས་པ་ཞིག་རེད། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཡིན་པ་དང་པུའུ་རིམ་པ་དངོས་ཡིན།

(བཅུ་བཞི) ཕྱོགས་བསྡུས་གེགས་འགོག་གེགས་སེལ་འཆར་འགོད་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱེད་པར་འགན་འཁུར་བ་དང་། ཆུ་ལོག་དང་ཐན་སྐྱོན་འགོག་བཅོས་ཀྱི་འཆར་འགོད་དང་འགོག་སྲུང་ཚད་གཞི་བཟོ་རྒྱུར་སྒྲིག་འཛུགས་བྱེད་དགོས་པ་མ་ཟད་ལག་བསྟར་བྱེད་རྒྱུར་མཛུབ་ཁྲིད་བྱེད་དགོས། ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ལས་ཀ་སྒྲུབ་པར་འགན་འཁུར་དགོས་པ་དང་། གཙང་པོ་དང་མཚེའུ་གལ་ཆེན་དང་ཆུའི་ལས་གྲྭ་གལ་ཆེན་གྱི་ཆུ་ལོག་འགོག་པ་དང་ཐན་སྐྱོན་འགོག་སེལ་གྱི་བཀོད་གཏོང་དང་མཁོ་བསྟུན་ཆུ་བཀོད་གཏོང་གི་ཇུས་གཞི་བཟོ་འགོད་སྒྲིག་འཛུགས་བྱས་ཏེ། གོ་རིམ་ལྟར་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས་དང་། ཆུ་ལོག་སྔོན་འགོག་གི་འཕྲལ་སྡོམ་ཉེན་སེལ་གྱི་ལག་རྩལ་འདེགས་སྐྱོར་ལས་ཀ་སྒྲུབ་འགན་འཁུར་ཏེ་རྒྱ་མཚོའི་རླུང་འཚུབ་འགོག་སྲུང་བྱེད་རིང་གལ་ཆེའི་ཆུའི་ལས་གྲྭ་བཀོད་གཏོང་ལས་ཀ་སྒྲུབ་འགན་འཁུར་བ་བཅས་ཡིན།

(བཅོ་ལྔ)ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས་པ་ཡིན།

(བཅུ་དྲུག) ཆུའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་དང་། བཀོད་སྒྲིག་ལེགས་འགྱུར། གྲོན་ཆུང་སྲུང་སྐྱོང་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། ཆུ་གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་མཁོ་སྤྲོད་མང་དུ་གཏོང་བ་ནས་དགོས་མཁོའི་དོ་དམ་ལ་དེ་བས་མཐོང་ཆེན་བྱས་ཏེ་ཆུ་སྤྱོད་སྤྱི་འབོར་དང་ཆུ་སྤྱོད་ལས་ཆོད་ཆེ་རུ་གཏོང་རྒྱུར་ཚོད་འཛིན་ནན་པོ་བྱེད་དགོས། སྔོན་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆུའི་ཐོན་ཁུངས་དང་། ཆུ་ཁོངས། ཆུ་བེད་ལས་གྲྭ་བཅས་ཀྱི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཙང་པོ་དང་མཚེའུ་སྐྱོན་བྲལ་དང་མཛེས་སྡུག་ལྡན་པར་སྲུང་སྐྱོང་བྱ་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་རྒྱུན་འཁྱོངས་དང་། ལུགས་མཐུན་གྱི་ཆུ་སྤྱོད་དགོས་མཁོ་དང་ཆུའི་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པར་འགན་སྲུང་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཆུའི་བདེ་འཇགས་འགན་སྲུང་བྱ་དགོས་པ་བཅས་ཡིན།

4 མི་སྣའི་སྒྲིག་ཁོངས།

ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས502(དེའི་ནང་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མི་སྣའི་སྒྲིག་ཁོངས10དང་། རོགས་སྐྱོར་ཤོག་ཁག་གི་སྐབས་བསྟུན་སྒྲིག་ཁོངས6ལས་བྲལ་དང་ལས་འཁྱུར་ལས་བྱེད་མི་སྣའི་སྒྲིག་ཁོངས31བཅས་ཚུད་ཡོད། ) པུའུ་ཀྲང1དང་། པུའུ་ཀྲང་གཞོན་པ4སི་ཅུས་རིམ་པའི་འགོ་ཁྲིད་ཀྱི་གོ་གནས་གྲངས་འབོར88(དེའི་ནང་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ1དང་། སྤྱི་ཁྱབ་དཔལ་འབྱོར་མཁས་ཅན1སྤྱི་ཁྱབ་དཔལ་འབྱོར་མཁས་ཅན1ལྟ་ཞིབ་ཀྲོན་ཡོན4ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1ལས་བྲལ་ལས་འཁྱུར་ངལ་གསོ་ལས་བྱེད་པ་ཅུས་ཀྱི་འགོ་ཁྲིད་ཀྱི་འགན་གྲངས3བཅས་ཚུད་ཡོད།

འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་དང་། རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་། ཧོའེ་ཧོ་ཆུ་བེད་ཨུ་ཡོན་ལྷན་ཁང་། ཧའེ་ཧོ་ཆུ་བེད་ཨུ་ཡོན་ལྷན་ཁང་། ཀྲུའུ་ཅང་ཆུ་བེད་ཨུ་ཡོན་ལྷན་ཁང་། སུང་ལིའོ་ཆུ་བེད་ཨུ་ཡོན་ལྷན་ཁང་། ཐའེ་ཧུའུ་འབབ་རྒྱུད་དོ་དམ་ཅུས་བཅས་ཀྱིས་མངག་གཏོང་བྱས་པའི་འབབ་རྒྱུད་དོ་དམ་ལས་ཁུངས་ཀྱིས་བདག་སྐྱོང་བྱེད་ཁོངས་སུ་ཁྲིམས་ལྟར་ཆུའི་སྲིད་འཛིན་དོ་དམ་འགན་འཁྲི་ལག་བསྟར་བྱ་བ་དང་ཞིབ་ཕྲའི་སྒྲིག་གཞི་འཛུགས་པ། འགན་འཁྲི་དང་སྒྲིག་ཁོངས་དོན་ཚན་ལོགས་སུ་གཏན་འབེབས་བྱ་རྒྱུ་བཅས་ཡིན།

དེའི་ཁོངས་གཏོགས་ཀྱི་བྱ་ལས་སྡེ་ཚན་འཛུགས་ལུགས་དང་། འགན་འཁྲི། སྒྲིག་ཁོངས་ཀྱི་དོན་དག་བཅས་ལོགས་སུ་གཏན་འབེབས་བྱ་རྒྱུ་བཅས་ཡིན།

5 ཁྲིམས་ལུགས་ལག་བསྟར།

ཆུའི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

ཆུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

ཆུ་ལོག་སྔོན་འགོག་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

ས་ཆུ་སྲུང་འཛིན་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

6 ​པུའུ་ཀྲང་རིམ་བྱོན། 

ཧྥུ་ཙུའོ་དབྱི། (ཆུ་བེད་གློག་ཤུགས་པུའུ་ཡི་པུའུ་ཀྲང་།)

ཀྲང་ཝུན་པི། (ཆུ་བེད་གློག་ཤུགས་པུའུ་ཡི་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན)

ཆན་ཀྲེང་ཡིན། (སྔོན་ལ་ཆུ་བེད་གློག་ཤུགས་པུའུ་ཡི་པུའུ་ཀྲང་དང་། རྗེས་སུ་པུའུ་ཀྲང་གི་འགན་འཁུར། དེ་ནས་ཆུ་བེད་གློག་ཤུགས་པུའུ་ཡི་པུའུ་ཀྲང་ལ་བསྒྱུར)

དབྱང་ཀྲེན་ཧོའེ། (ཅའོ་མའོ་ཧྲེང་། ཝང་དབྱི་ཁྲེང་། ཁྲེན་ལེ་བཅས་ཀྱི་འགན་བཞེས།)

ཧྥུ་ཙུའོ་དབྱི། (སྤྱི་ལོ1949ལོའི་ཟླ10པ། སྤྱི་ལོ1958.2ཆུ་བེད་གློག་ཤུགས་པུའུ། སྤྱི་ལོ1958.2ནས་སྤྱི་ལོ1967ལོ)

ཁྲེན་ཏེ་སན། (ཆུ་བེད་གློག་ཤུགས་པུའུ་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། སྤྱི་ལོ1967.10ནས་སྤྱི་ལོ1970.6)

ཀྲང་ཝུན་པི། (ཆུ་བེད་གློག་ཤུགས་པུའུ་གསར་བརྗེ་ཨུ་ཡོན་ལྷན་ཁང་། སྤྱི་ལོ1970.6ནས་སྤྱི་ལོ1975.1)

ཆན་ཀྲེང་ཡིན། (བུད་མེད། ཆུ་བེད་གློག་ཤུགས་པུའུ། སྤྱི་ལོ1975.1ནས་སྤྱི་ལོ1988ལོའི.4)

དབྱང་ཀྲེན་ཧོའེ(སྤྱི་ལོ1988ལོའི་ཟླ4བའི་ཚེས་8ཉིན། སྤྱི་ལོ1993.3ཉིན། )

ཅའོ་མའོ་ཧྲེང་། (མན་ཇུ་རིགས། སྤྱི་ལོ1993.3ནས་སྤྱི་ལོ1998.11)

ཝང་ཞེ་ཁྲེང་། (སྤྱི་ལོ1998ལོའི་ཟླ11པའི་ཚེས11ཉིན། སྤྱི་ལོ2007.27ཉིན། )

ཁྲེན་ལེ། (སྤྱི་ལོ2007ལོའི་ཟླ7པའི་ཚེས27ཉིན། སྤྱི་ལོ2018.03ཉིན། )


དཔྱད་གཞིའི་ཡིག་ཆ།