ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-06 10:24ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞིགས་ནས་བཙུགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国自然资源部
ཕྱི་ཡིག་གི་མིང་།
Ministry of natural resources of the people's Republic of China
འགན་བཞེས་པུའུ་ཀྲང་།
ལུའུ་ཧའོ།
སྒྲིག་འགོད་དུས་ཚོད།
སྤྱི་ལོ2018ལོའི་ཟླ3པ།
གཞུང་ཕྱོགས་དྲ་ཚུགས།
http://www.mnr.gov.cn
1 ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞིགས་ནས་བཙུགས་པ་ཞིག་ཡིན། 

2 ལས་ཁུངས་འཛུགས་སྐྲུན། 

རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དབང་མཁན་གྱི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོ་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར་བྱེད་པ། རང་བྱུང་ཐོན་ཁུངས་ཀྱི་བདག་པོ་གནད་ལ་མ་འཁེལ་བ་དང་། བར་སྟོང་འཆར་འགོད་སོགས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ། ནགས་ཚལ་དང་མཚེའུ་དང་རྩྭ་ཐང་སྤྱི་ཡོངས་སྲུང་སྐྱོང་དང་། མ་ལག་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་མངོན་འགྱུར་བྱེད་ཆེད། ཇུས་གཞིའི་ནང་བཏོན་པའི་འགན་འཁྲི་ནི། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་འགན་འཁྲི་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དོ་དམ་འགན་འཁྲི། ཆུའི་ཐོན་ཁུངས་བརྟག་དཔྱད་དང་བདག་དབང་གཏན་འཁེལ་ཐོ་འགོད་དོ་དམ་འགན་འཁྲི། ཞིང་ལས་པུའུ་ཡི་རྩྭ་ཐང་ཐོན་ཁུངས་བརྟག་དཔྱད་དང་བདག་དབང་གཏན་འཁེལ་ཐོ་འགོད་དོ་དམ་འགན་འཁྲི། ནགས་ཚལ་དང་འདམ་ར་སོགས་ཐོན་ཁུངས་བརྟག་དཔྱད་དང་བདག་དབང་གཏན་འཁེལ་ཐོ་འགོད་དོ་དམ་འགན་འཁྲི་བཅས། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་འགན་འཁྲི་དང་། རྒྱལ་ཁབ་ཐིག་ལེན་རིས་འབྲི་ས་ཁམས་ཆ་འཕྲིན་ཅུས་ཀྱི་འགན་འཁྲི་སྡེབ་སྒྲིག་བྱས་ནས་རང་བྱུང་ཐོན་ཁུངས་པུའུ་བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བརྩི་རྒྱུ། རང་བྱུང་ཐོན་ཁུངས་པུའུ་ཡིས་ཕྱི་ཕྱོགས་སུ་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་སྒོ་བྱང་སོར་འཇོག་བྱ་དགོས་པ་ཡིན། 

སྤྱི་ལོ2018ལོའི་ཟླ3པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་པུའུ་འཛུགས་རྒྱུར་ཆོག་མཆན་སྤྲད་པ་རེད།

3 འགན་འཁྲི་གཙོ་བོ།

རང་བྱུང་ཐོན་ཁུངས་པུས་རང་བྱུང་ཐོན་ཁུངས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་འགན་འཁྲི་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཏང་གིས་རང་བྱུང་ཐོན་ཁུངས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་ནི་གཤམ་གསལ་ལྟར་ཡིན།

(གཅིག)ས་ཞིང་དང་། གཏེར་རྫས། ནགས་ཚལ། རྩྭ་ཐང་། འདམ་ར། ཆུ། རྒྱ་མཚོ་སོགས་རང་བྱུང་ཐོན་ཁུངས་རྒྱུ་ནོར་དབང་མཁན་གྱི་འགན་འཁྲི་དང་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱོད་སྒོ་རྩིས་སྤྲོད་དོ་དམ་གྱི་འགན་འཁྲི་བསྒྲུབ་དགོས། རང་བྱུང་ཐོན་ཁུངས་དང་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་དེ་བཞིན་ཐིག་ལེན་རིས་འབྲི་དང་གླིང་སྣེའི་ས་ཁུལ་དང་མཚོ་གཏིང་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་བཟོ་འགོད་དང་། སྒྲིག་སྲོལ་བཟོ་འགོད་དང་འབྲེལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།

(གཉིས) རང་བྱུང་ཐོན་ཁུངས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱེད་འགན་འཁུར་དགོས། རང་བྱུང་ཐོན་ཁུངས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱེད་པའི་གདེང་འཇོག་དང་བསྡོམས་རྩིས་ཀྱི་ཚད་གཞི་བཟོ་བ་དང་། གཅིག་གྱུར་དང་ཚད་ལྡན་གྱི་རང་བྱུང་ཐོན་ཁུངས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱེད་པའི་ལམ་ལུགས་འཛུགས་དགོས། རང་བྱུང་ཐོན་ཁུངས་ཀྱི་རྨང་གཞིའི་བརྟག་དཔྱད། ཆེད་དོན་བརྟག་དཔྱད། ལྟ་ཞིབ་ཚད་ལེན་བཅས་བྱ་དགོས། རང་བྱུང་ཐོན་ཁུངས་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱས་འབྲས་ལ་ལྟ་སྐུལ་དོ་དམ་དང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་འགན་འཁུར། ས་གནས་ཀྱི་རང་བྱུང་ཐོན་ཁུངས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱེད་པའི་ལས་ཀར་མཛུབ་སྟོན་བྱ་དགོས།

(གསུམ)རང་བྱུང་ཐོན་ཁུངས་གཅིག་གྱུར་ཐོག་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ལས་དོན་ལ་འགན་འཁུར་དགོས། རང་བྱུང་ཐོན་ཁུངས་སྣ་ཚོགས་དང་གཏན་ཚུགས་ནོར་རྫས་གཅིག་གྱུར་གྱིས་དབང་ཆ་གཏན་འཁེལ་ཐོ་འགོད་དང་། དབང་ཁོངས་བརྟག་དཔྱད། གཏན་ཚུགས་ནོར་རྫས་ཐིག་ལེན། རྩོད་གླེང་། གྲུབ་འབྲས་བཀོལ་སྤྱོད་བཅས་ཀྱི་ལམ་ལུགས་དང་། ཚད་གཞི། ཚད་གཞི་བཅས་གཏན་འབེབས་བྱ་དགོས། རྒྱལ་ཡོངས་ཀྱི་རང་བྱུང་ཐོན་ཁུངས་དང་གཏན་ཚུགས་ནོར་རྫས་ཐོ་འགོད་ཆ་འཕྲིན་དོ་དམ་གྱི་རྨང་གཞིའི་ལས་སྟེགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རང་བྱུང་ཐོན་ཁུངས་དང་གཏན་ཚུགས་ནོར་རྫས་ཐོ་འགོད་དཔྱད་ཡིག་འཚོལ་སྡུད་དང་། ལེགས་སྒྲིགམཉམ་སྤྱོད། མཉམ་སྤྲོད་དོ་དམ་སོགས་བྱེད་འགན་འཁུར་རྒྱུ། རྒྱལ་ཡོངས་ཀྱི་རང་བྱུང་ཐོན་ཁུངས་དང་གཏན་ཚུགས་ནོར་རྫས་ཀྱི་བདག་དབང་གཏན་འཁེལ་ཐོ་འགོད་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱ་དགོས།

(བཞི)རང་བྱུང་ཐོན་ཁུངས་རྒྱུ་ནོར་རིན་ཡོད་བེད་སྤྱོད་བྱེད་པའི་ལས་ཀའི་འགན་འཁུར་རྒྱུ། རང་བྱུང་ཐོན་ཁུངས་རྒྱུ་ནོར་བསྡོམས་རྩིས་ལམ་ལུགས་བཙུགས་ནས་རང་བྱུང་ཐོན་ཁུངས་རྒྱུ་ནོར་ཞིབ་རྩིས་བྱེད་འགན་འཁུར་རྒྱུ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་སྒྲིག་བཟོ་བྱས་ནས་དཔྱད་ཞིབ་ཀྱི་ཚད་གཞི་བཟོ་དགོས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཏོང་སྤྲོད་དང་། བཤུག་སྤྲོད། བོགས་མར་གཏོང་བ། མ་དངུལ་འཇོག་པ། ས་ཞིང་གསོག་འཇོག་བཅས་ཀྱི་སྲིད་ཇུས་གཏན་འབེབས་བྱས་ཏེ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཧམ་བཟུང་བྱེད་དགོས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རིན་ཐང་དཔྱད་དཔོག་དོ་དམ་བྱེད་པར་འགན་འཁུར་རྒྱུ་དང་། ཁྲིམས་ལྟར་འབྲེལ་ཡོད་རྒྱུ་ནོར་གྱི་ཁེ་འབབ་རྩིས་ལེན་བྱ་དགོས་པ་ཡིན། 

(ལྔ)རང་བྱུང་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་བྱེད་འགན་འཁུར་རྒྱུ། རང་བྱུང་ཐོན་ཁུངས་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་འཐབ་ཇུས་བཟོ་འགོད་སྒྲིག་འཛུགས་དང་། རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཚད་གཞི་གཏན་འབེབས་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་པ། སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་རང་བྱུང་ཐོན་ཁུངས་ཀྱི་རིན་གོང་མ་ལག་འཛུགས་པ། རང་བྱུང་ཐོན་ཁུངས་རིམ་དབྱེའི་རིན་གོང་དཔྱད་དཔོག་བྱེད་པའི་སྒྲིག་འཛུགས་བྱེད་པ། རང་བྱུང་ཐོན་ཁུངས་བེད་སྤྱོད་ལ་གདེང་འཇོག་དཔྱད་ཞིབ་བྱེད་པ། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་གཏོང་བར་ཁྲིད་སྟོན་བཅས་བྱ་དགོས། རང་བྱུང་ཐོན་ཁུངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ། རང་བྱུང་ཐོན་ཁུངས་དོ་དམ་བྱ་རྒྱུ་དེ་སྤྱི་ཁོག་སྙོམས་སྒྲིག་དང་། ས་ཁོངས་མཐུན་སྦྱོར། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བཅས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་སྒྲིག་འཛུགས་བྱེད་པ་བཅས་ཡིན། 

(དྲུག)བར་སྟོང་འཆར་འགོད་མ་ལག་འཛུགས་པར་འགན་འཁུར་དགོས་པ་མ་ཟད་ལག་བསྟར་ལ་ལྟ་སྐུལ་བྱེད་དགོས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་དང་འབྲེལ་ཡོད་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་ལ་འོས་འཚམ་རང་བཞིན་གྱི་གདེང་འཇོག་བྱེད་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་ལག་བསྟར་ལ་ལྟ་ཞིབ་ཚད་ལེན་དང་། དཔྱད་དཔོག སྔོན་བརྡ་གཏོང་བ་བཅས་ཀྱི་མ་ལག་འཛུགས་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དང་། ཡུན་བརྟན་གཞི་རྩའི་ཞིང་ཁ། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་སོགས་ཚོད་འཛིན་ཐིག་དབྱེ་འབྱེད་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བར་སྟོང་བཅས་ཀྱི་བཀོད་པ་འཛུགས་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོ་རྩིས་སྤྲོད་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་སྲིད་ཇུས་ཞིབ་འཇུག་དང་བཟོ་འགོད་བྱེད་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས། ས་ཞིང་དང་རྒྱ་མཚོ་སོགས་རང་བྱུང་ཐོན་ཁུངས་ལོ་འཁོར་མོའི་བེད་སྤྱོད་འཆར་གཞི་བཟོ་འགོད་དང་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱ་དགོས། ས་ཞིང་དང་། མཚོ་ཁོངས། མཚོ་གླིང་སོགས་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོ་སྤོ་སྒྱུར་ལས་ཀ་སྒྲུབ་འགན་འཁུར་དགོས། ས་ཞིང་བསྡུ་སྤྱོད་དང་དོ་དམ་བྱེད་འགན་འཁུར་བ་བཅས་ཡིན། 

(བདུན)རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྐྱེ་ཁམས་ཉམས་གསོ་གཅིག་གྱུར་འཆར་འགོད་བྱེད་འགན་འཁུར་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྐྱེ་ཁམས་སླར་གསོའི་འཆར་འགོད་བཟོ་བ་དང་འབྲེལ་ཡོད་སྐྱེ་ཁམས་སླར་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་པར་སྣེ་ཁྲིད་བྱ་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་ཕྱོགས་བསྡུས་བཅོས་སྐྱོང་དང་། ས་ཞིང་ལེགས་སྒྲིག་དང་། གཏེར་རིའི་ས་གཤིས་ཁོར་ཡུག་སླར་གསོ་དང་བཅོས་སྐྱོང་། རྒྱ་མཚོའི་སྐྱེ་ཁམས། མཚོ་ཁོངས་མཚོ་ཁོངས། མཚོ་གླིང་ཉམས་གསོ་སོགས་ཀྱི་ལས་ཀའི་འགན་འཁུར་དགོས། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ཀྱི་མ་དངུལ་བེད་སྤྱོད་ལུགས་མཐུན་བྱས་ནས་སྐྱེ་ཁམས་ཉམས་གསོ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱས་ཏེ། གྲབས་འདེམས་རྣམ་གྲངས་གལ་ཆེན་འདོན་དགོས་པ་བཅས་ཡིན། 

(བརྒྱད)རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ། སྣེ་ཁྲིད་དེ་རྨོ་ཞིང་སྲུང་སྐྱོང་སྲིད་ཇུས་བཟོ་འགོད་དང་ལག་བསྟར་བྱས་ནས་རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་སྲུང་སྐྱོང་བཅས་བྱེད་འགན་འཁུར་དགོས། རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲིའི་དམིགས་ཚད་དཔྱད་ཞིབ་དང་ཡུན་རིང་གི་གཞི་རྩའི་ཞིང་ཁ་དམིགས་བསལ་གྱིས་སྲུང་སྐྱོང་བྱ་རྒྱུ་སྒྲིག་འཛུགས་བྱ་དགོས། རྨོ་ཞིང་བཟུང་གསབ་དོ་མཉམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྨོ་ཞིང་བཟུང་སྤྱོད་སྐྱིན་གསབ་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱ་དགོས།

(དགུ)ས་གཤིས་རྩད་ཞིབ་ལས་རིགས་དང་རྒྱལ་ཡོངས་ས་གཤིས་ལས་དོན་ལ་དོ་དམ་བྱེད་འགན་འཁུར་རྒྱུ། ས་གཤིས་རྩད་ཞིབ་ཀྱི་འཆར་འགོད་བཟོ་བ་དང་འབྲེལ་ལྟ་སྐུལ་ཞིབ་བཤེར་དང་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱ་དགོས། ཀྲུང་དབྱང་རིམ་པའི་ས་གཤིས་རྩད་ཞིབ་རྣམ་གྲངས་དོ་དམ་བྱ། རྒྱལ་ཁབ་ཀྱི་ས་གཤིས་གཏེར་རྫས་གལ་ཆེན་རྩད་ཞིབ་བྱེད་པའི་ཆེད་དམིགས་རྣམ་གྲངས་ལག་ལེན་བསྟར་བའི་སྒྲིག་འཛུགས་བྱ་དགོས། ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་བཅོས་སྐྱོང་བྱེད་འགན་འཁུར་རྒྱུ་དང་། ས་འོག་གི་ཆུ་སྔོག་འདོན་ཚད་ལས་བརྒལ་བ་དང་དེ་ལས་བྱུང་བའི་ས་ངོས་རྡིབ་པ་སོགས་ས་གཤིས་ཀྱི་གནད་དོན་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་དང་གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོ་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་བ་བཅས་ཡིན། 

(བཅུ)ཕྱོགས་བསྡུས་གནོད་འགོག་གེགས་སེལ་འཆར་འགོད་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱེད་འགན་འཁུར་རྒྱུ་དང་། ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་འཆར་འགོད་དང་འགོག་སྲུང་ཚད་གཞི་བཟོ་རྒྱུ་སྒྲིག་འཛུགས་བྱེད་པ་མ་ཟད་ལག་བསྟར་བྱེད་རྒྱུར་མཛུབ་ཁྲིད་བྱེད་དགོས། ས་གཤིས་གནོད་འཚེ་བརྟག་དཔྱད་གདེང་འཇོག་དང་མངོན་མེད་རྐྱེན་ངན་ཡོངས་ཁྱབ་ཞིབ་བཤེར་དང་། ཞིབ་བཤེར། གྲལ་བཤེར་བཅས་བྱ་རྒྱུའི་སྒྲིག་འཛུགས་དང་། མཛུབ་ཁྲིད། མཐུན་སྦྱོར། ལྟ་སྐུལ་བཅས་བྱ་དགོས། མང་ཚོགས་ཀྱིས་ལྟ་ཞིབ་ཚད་ལེན་དང་མཉམ་འགོག་དང་། ཆེད་ལས་ལྟ་ཞིབ་ཚད་ལེན། སྔོན་བརྡ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་པ་དང་ས་གཤིས་གནོད་འཚེའི་ལས་གྲྭ་བཅོས་སྒྲིག་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་དགོས། ས་གཤིས་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ལག་རྩལ་འདེགས་སྐྱོར་ལས་ཀ་སྒྲུབ་འགན་འཁུར་བ་བཅས་ཡིན། 

(བཅུ་གཅིག)གཏེར་རྫས་ཐོན་ཁུངས་དོ་དམ་བྱེད་པར་འགན་འཁུར་རྒྱུ་དང་། གཏེར་ཁའི་ཐོན་ཁུངས་ལ་དོ་དམ་དང་གཏེར་ཁའི་ཐོན་ཁུངས་ལ་ཞིབ་མཆན་འགོད་རྒྱུའི་འགན་འཁུར་རྒྱུ། གཏེར་ལས་དབང་ཆ་དོ་དམ་བྱེད་པར་འགན་འཁུར་བ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྲུང་སྐྱོང་རང་བཞིན་ལྡན་པའི་བསྔོགས་འདོན་བྱ་རྒྱུའི་དམིགས་བཙུགས་གཏེར་རིགས། དགེ་མཚན་ལྡན་པའི་གཏེར་རྫས་སྙོམས་སྒྲིག་སྟངས་འཛིན་དང་དེ་འབྲེལ་གྱི་དོ་དམ་བྱེད་འགན་འཁུར། གཏེར་ཁའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་དང་སྲུང་སྐྱོང་བྱེད་པར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་པ་བཅས་ཡིན། 

(བཅུ་གཉིས) རྒྱ་མཚོའི་འཐབ་ཇུས་འཆར་འགོད་ལག་བསྟར་དང་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ལྟ་སྐུལ་བྱེད་འགན་འཁུར་རྒྱུ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་གྲོས་འགོ་གལ་ཆེན་ཞིབ་འཇུག་དང་འདོན་དགོས། རྒྱ་མཚོ་འཕེལ་རྒྱས་དང་། མཚོ་གཏིང་། གླིང་སྣེ་ས་ཁུལ་སོགས་ཀྱི་འཐབ་ཇུས་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱ་མཚོའི་དཔལ་འབྱོར་གོང་དུ་སྤེལ་བ་དང་མཚོ་འགྲམ་རྒྱུད་ཕྱོགས་བསྡུས་ཀྱིས་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུ་སོགས་ཀྱི་འཆར་འགོད་དང་སྲིད་ཇུས་བཟོ་འགོད་བྱ་རྒྱུ་མ་ཟད་ལག་ལེན་བསྟར་བར་ལྟ་སྐུལ་ཡང་བྱ། རྒྱ་མཚོའི་དཔལ་འབྱོར་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པར་འགན་འཁུར་བ་བཅས་ཡིན། 

(བཅུ་གསུམ) རྒྱ་མཚོ་གསར་འབྱེད་བེད་སྤྱོད་དང་སྲུང་སྐྱོང་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ་དང་། མཚོ་ཁོངས་བེད་སྤྱོད་དང་མཚོ་གླིང་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་བྱེད་འགན་འཁུར་དགོས། མཚོ་ཁོངས་མཚོ་གླིང་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་འཆར་འགོད་བཟོ་བ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་དགོས། ཡུལ་མི་མེད་པའི་མཚོ་གླིང་དང་། མཚོ་ཁོངས། མཚོ་འོག་བཅས་ཀྱི་ས་དབྱིབས་ས་མིང་དོ་དམ་ལས་ཀ་སྒྲུབ་འགན་འཁུར་རྒྱུ་དང་། མངའ་ཁོངས་རྒྱ་མཚོ་སོགས་དམིགས་བསལ་སྤྱོད་སྒོ་ལྡན་པའི་མཚོ་གླིང་སྲུང་སྐྱོབ་དོ་དམ་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས། རྒྱ་མཚོར་ལྟ་དཔྱད་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། ཉེན་བརྡ་དང་ལྟ་ཞིབ་ཚད་ལེན། གནོད་སྐྱོན་ཉུང་གཏོང་བཅས་ཀྱི་ལས་ཀ་སྒྲུབ་འགན་འཁུར་རྒྱུ་དང་། རྒྱ་མཚོའི་གནོད་འཚེ་ཚབས་ཆེན་བབ་བསྟུན་ཐག་གཅོད་བྱེད་པར་ཞུགས་རྒྱུ་བཅས་ཡིན། 

(བཅུ་བཞི) ཐིག་ལེན་རིས་འབྲིའི་ས་ཁམས་ཆ་འཕྲིན་དོ་དམ་ལས་ཀའི་འགན་འཁུར་རྒྱུ། རྨང་གཞིའི་ཐིག་ལེན་རིས་འབྲི་དང་ཐིག་ལེན་རིས་འབྲིའི་ལས་རིགས་དོ་དམ་བྱེད་འགན་འཁུར། ཐིག་ལེན་རིས་འབྲིའི་ཐོབ་ཐང་དང་ཡིད་རྟོན་དོ་དམ་བྱེད་འགན་འཁུར་རྒྱུ་དང་། རྒྱལ་ཁབ་ཀྱི་ས་ཁམས་ཆ་འཕྲིན་གྱི་བདེ་འཇགས་དང་ཚོང་རའི་སྒྲིག་ལམ་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ། ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུ་དོ་དམ་བྱེད་འགན་འཁུར་རྒྱུ་དང་ཚད་ལེན་མཚོན་རྟགས་སྲུང་སྐྱོང་བྱེད་པར་འགན་འཁུར་དགོས་པ་ཡིན། 

(བཅོ་ལྔ)རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འཐབ་ཇུས་དང་། འཆར་འགོད། འཆར་གཞི་བཅས་གཏན་འབེབས་དང་ལག་བསྟར་བྱ་དགོས། ལག་རྩལ་གྱི་ཚད་གཞི་དང་སྒྲིག་སྲོལ་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་དགོས། གལ་ཆེའི་ཚན་རྩལ་ལས་གྲྭ་དང་གསར་གཏོད་ནུས་པ་འཛུགས་སྐྱོང་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ་རང་བྱུང་ཐོན་ཁུངས་ཆ་འཕྲིན་ཅན་དང་ཆ་འཕྲིན་དཔྱད་ཡིག་གི་སྤྱི་པའི་ཞབས་ཞུར་སྐུལ་འདེད་གཏོང་དགོས།

(བཅུ་དྲུག)རང་བྱུང་ཐོན་ཁུངས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྤེལ་ཏེ། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སུ་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་སྒྲིག་འཛུགས་དང་། འབྲེལ་ཡོད་ཀྱི་ཆིངས་ཡིག་དང་ཆོད་ཡིག་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལས་དོན་སྤེལ་བར་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་གྲོས་མོལ་དང་གྲོས་མོལ་བྱེད་པར་ཞུགས་ཤིང་། གླིང་སྣེའི་ས་ཁུལ་དང་། སྤྱི་རྒྱ་མཚོ། རྒྱལ་སྤྱིའི་མཚོ་མཐིལ་བཅས་ཀྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་བ་བཅས་ཡིན། 

(བཅུ་བདུན)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞིགས་ནས་བཙུགས་པ་ཞིག་ཡིན།  ཀྲུང་དབྱང་གིས་དབང་བསྐུར་བ་ལྟར། ས་གནས་སྲིད་གཞུང་གིས་རང་བྱུང་ཐོན་ཁུངས་དང་རྒྱལ་ཁོངས་བར་སྟོང་འཆར་འགོད་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་དང་། ཐབས་ཇུས་བཀོད་སྒྲིག བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་བཅས་ལ་ལྟ་ཞིབ་བྱ་དགོས། རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་ཐིག་ལེན་རིས་འབྲིའི་ཁྲིམས་འགལ་གྱོད་གཞི་ཚབས་ཆེན་རྩད་ཞིབ་ཐག་གཅོད་བྱ་དགོས། ས་གནས་ཀྱི་འབྲེལ་ཡོད་སྲིད་འཛིན་ཁྲིམས་བསྟར་ལས་ཀར་མཛུབ་སྟོན་བྱ་དགོས།

(བཅོ་བརྒྱད)རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུད་ལ་དོ་དམ་བྱ་དགོས། 

(བཅུ་དགུ)ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུས་ལ་དོ་དམ་བྱ་དགོས། 

(ཉི་ཤུ) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས།

(ཉེར་གཅིག) རང་བྱུང་ཐོན་ཁུངས་པུའུ་ཡིས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དབང་མཁན་གྱི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོ་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར་བྱེད་པ། རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་ཀྱི་དོ་དམ་ཚོད་འཛིན་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་གྱིས་གསར་སྤེལ་དང་བེད་སྤྱོད་གཏོང་བར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འདོན་སྤྲོད་བྱེད་དགོས། རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་འབྱུང་རྩ་ནས་སྲུང་སྐྱོང་དང་བརྒྱུད་རིམ་ཧྲིལ་པོའི་ཉམས་གསོ་བཅོས་སྐྱོང་ཟུང་འབྲེལ་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཡོངས་སྲུང་སྐྱོང་དང་། མ་ལག་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་མངོན་འགྱུར་ཡོང་བ་བྱེད་དགོས། བསྔགས་སྐུལ་དང་ཚོད་འཛིན་མཉམ་སྤེལ་གྱི་ལམ་ལུགས་དང་བྱེད་ཐབས་གསར་གཏོད་བྱས་ནས་རང་བྱུང་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་འཛིན་ཞིབ་མཆན་འགོད་པའི་འབྲེལ་ཡོད་དོན་ཚན་ཁུ་བསྡུ་དང་གཤམ་སྤྲོད་སྔར་ལས་ལྷག་པར་བྱེད་པ་དང་། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་བགོ་སྒྲིག་ཐད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ། རང་བྱུང་ཐོན་ཁུངས་དོ་དམ་སྒྲིག་སྲོལ་དང་། ཚད་གཞི། ལམ་ལུགས་བཅས་ཀྱི་ཚོད་འཛིན་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་བ། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་འཁེལ་ཐོ་འགོད་དང་དཔྱད་དཔོག་བྱེད་པའི་དམངས་བདེ་ཕན་ཆེ་སྐུལ་འདེད་གཏོང་བ་བཅས་ཡིན། 

4 མི་སྣའི་སྒྲིག་ཁོངས། 

རང་བྱུང་ཐོན་ཁུངས་པུའུ་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས691དང་། ཨུ་ལྷན་གཉིས་ཀྱི་མི་སྣའི་སྒྲིག་ཁོངས10དང་། རོགས་སྐྱོར་ཤོག་ཁག་གི་སྐབས་བསྟུན་སྒྲིག་ཁོངས2 ལས་བྲལ་ལས་འཁྱུར་ལས་བྱེད་ལས་བྱེད་མི་སྣ50བཅས་ཚུད་ཡོད། པུའུ་ཀྲང1དང་། (རྒྱལ་ཁབ་རང་བྱུང་ཐོན་ཁུངས་སྤྱི་ཁྱབ་ལྟ་ཞིབ་གཅིག་ལྕོགས་སུ་བྱེད་པ། )པུའུ་ཀྲང་གཞོན་པ4 (དེའི་ནང་པུའུ་ཀྲང་གཞོན་པ1རྒྱལ་ཁབ་རང་བྱུང་ཐོན་ཁུངས་སྤྱི་ཁྱབ་ལྟ་ཞིབ་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་བ། )རྒྱལ་ཁབ་རང་བྱུང་ཐོན་ཁུངས་སྤྱི་ཁྱབ་ལྟ་ཞིབ་གཞོན་པ1སི་ཅུས་རིམ་པའི་འགོ་ཁྲིད་ཀྱི་འགན་གྲངས(སྤྱི་ཁྱབ་འཆར་འགོད་ཆེ་མོ་བ2 ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1 ལས་བྲལ་ལས་འཁྱུར་ལས་བྱེད་ཅུས་ཀྱི་འགོ་ཁྲིད་ཀྱི་འགན་གྲངས3བཅས་ཚུད་ཡོད། 

5 ད་ལྟའི་འགོ་ཁྲིད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི་པུའུ་ཀྲང་དང་སྤྱི་ཁྱབ་ལྟ་ཞིབ་པ། ལུའུ་ཧའོ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ་དང་སྤྱི་ཁྱབ་ལྟ་ཞིབ་གཞོན་པ་གཅིག་ལྕོགས། ཁུའུ་རེ་ཞི•མའེ་ཧོ་སུའུ་ཐི།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ། ལིན་ཡུའེ་མིང་དང་ཝང་ཀོང་ཧྭ། ཀྲའོ་ལུང།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའི་ཏང་ཙུའུ་ཡི་ཁོངས་མི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་། ལུའོ་ཀྲི་ཅུན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི། ཀྲུང་རང་བྱུང་དང་། ཝང་ཧུང་། ཀྲང་ཅན་ལུང་། ཝང་ཁྲུན་ཧྥེང་།

དཔྱད་གཞིའི་ཡིག་ཆ།