ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-14 16:09ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དང་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་ཆེས་མཐོའི་འགོ་ཁྲིད་ལས་ཁུངས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国公安部
ཕྱི་ཡིག་གི་མིང་།
Ministry of Public Security of the People's Republic of China
གཞུང་ཕྱོགས་དྲ་ཚུགས།
http://www.mps.gov.cn/n16/
སྤྱི་བདེ་པུའུ་ཀྲང་།
ཀྲའོ་ཁུ་ཀྲི།
1 ​ངོ་སྤྲོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དང་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་ཆེས་མཐོའི་འགོ་ཁྲིད་ལས་ཁུངས་དང་བཀོད་འདོམས་ལས་ཁུངས་ཡིན།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སུ་སྤྱི་བདེ་ཅུས་དང་། གྲོང་ཁྱེར(ས་གནས། རང་སྐྱོང་ཁུལ། མེང)ལ་སྤྱི་བདེ་ཅུས(ཁྲུའུ)འཛུགས་རྒྱུ་དང་། གྲོང་ཁྱེར་ཁོངས་གཏོགས་ཆུས་སུ་སྤྱི་བདེ་ཡན་ལག་ཅུས་བཙུགས་ནས་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་ཐད་ཀའི་འགོ་ཁྲིད་དང་ལེན་བྱ་བ་དང་། རྫོང(གྲོང་ཁྱེར་དང་ཆི)ཁག་ཏུ་སྤྱི་བདེ་ཅུས་བཙུགས་ནས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་དང་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་སོ་སོར་དང་ལེན་ཞུ་དགོས། རྫོང(གྲོང་ཁྱེར་དང་། ཆུས། ཆི)གི་སྤྱི་བདེ་ཅུས་ཀྱི་འོག་ཏུ་སྤྱི་བདེ་མངག་གཏོང་ཁང་འཛུགས་རྒྱུ་དང་། རྫོང(གྲོང་ཁྱེར་དང་། ཆུས། ཆི)གི་སྤྱི་བདེ་ལས་ཁུངས་ཀྱིས་ཐད་ཀར་འགོ་ཁྲིད་དང་དོ་དམ་བྱ་བ་ཡིན།

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས་ནས་སྤྱི་བདེ་པུའི་མེ་ཟོན་དོ་དམ་འགན་འཁྲི་བསྡུ་སྒྲིལ་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཕྲལ་བསྟུན་དོ་དམ་པུའུ་བཙུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ་ཡི་རྒྱལ་མཚམས་འགྲོ་འོང་དོ་དམ་དང་མཐའ་སྲུང་ཞིབ་བཤེར་གྱི་འགན་འཁྲི་སྡེབ་སྒྲིག་བྱས་ནས་འཐུས་མཆན་ལག་ཁྱེར་དོ་དམ་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་འཛུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ་ཡིས་དོ་དམ་བྱ་དགོས་པ་ཡིན། 

2 འགན་འཁྲི་གཙོ་བོ། 

ཀྲུང་གོའི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲི་ནི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྔོན་འགོག་དང་། བཀག་འགོག མྱུལ་ཞིབ་བཅས་བྱ་རྒྱུ་དང་། འཇིགས་སྐུལ་བྱ་འགུལ་ལ་དོགས་ཟོན་དང་རྡུང་རྡེག་བྱེད་པ། སྤྱི་ཚོགས་ཀྱི་བདེ་སྐྱོང་སྒྲིག་ལམ་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་བདེ་སྐྱོང་སྒྲིག་ལམ་ལ་གནོད་སྐྱོན་གཏོང་བའི་སྤྱོད་ངན་བཀག་འགོག་བྱ་རྒྱུ། འགྲིམ་འགྲུལ་དང་། མེ་ཟོན། ཉེན་ཆེའི་དངོས་རྫས་བཅས་ལ་དོ་དམ་བྱ་རྒྱུ། ཐེམ་ཐོ་དང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར། རྒྱལ་ཁོངས། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ལས་དོན། ཕྱི་རྒྱལ་བ་ཀྲུང་གོའི་མངའ་ཁོངས་སུ་སྡོད་པ་དང་ཡུལ་སྐོར་བྱེད་པའི་འབྲེལ་ཡོད་ལས་དོན་བཅས་ལ་དོ་དམ་བྱ་རྒྱུ། རྒྱལ(མཐའ)མཚམས་ས་ཁུལ་གྱི་བདེ་སྐྱོང་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དམིགས་བསལ་མི་སྣ་དང་། གལ་ཆེའི་གནས་ཡུལ་དང་སྒྲིག་བཀོད་སྲུང་སྐྱོང་བྱ་རྒྱུ། འདུ་ཚོགས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་བྱེད་སྒོར་དོ་དམ་བྱ་རྒྱུ། སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་ལས་དོན་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ། རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། འཛུགས་སྐྲུན་ལས་གྲྭ་གཙོ་གྲས་བཅས་ཀྱི་བདེ་སྐྱོང་ལས་དོན་ལ་སློབ་སྟོན་དང་ལྟ་སྐུལ་བྱ་རྒྱུ་དང་། བདེ་སྲུང་ཨུ་ཡོན་ལྷན་ཁང་ལ་སོགས་པའི་མང་ཚོགས་ཀྱི་རང་བཞིན་ལྡན་པའི་བདེ་སྲུང་རྩ་འཛུགས་ཀྱི་བདེ་སྐྱོང་དོགས་ཟོན་ལས་ཀར་སློབ་སྟོན་བྱ་བ་བཅས་ཡིན།

1.སྤྱི་བདེའི་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་ཞིབ་འཇུག་གཏན་འབེབས་བྱེད་རྒྱུ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཆར་ཟིན་འགོད་རྒྱུ། རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་པ་བཅས་ཡིན།

2.བརྟན་ལྷིང་ལ་གནོད་པ་དང་རྒྱལ་ནང་གི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་གནས་ཚུལ་ཁོང་དུ་ཆུད་པ། ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ་ཐེམ་ཐོ་དང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར། མེ་མདའ་དང་རྫས་མདེལ། ཉེན་ཆེའི་དངོས་རྫས། དམིགས་བསལ་ལས་རིགས་སོགས་ཀྱི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས་པ་བཅས་ཡིན།

3.མྱུལ་ཞིབ་ལས་ཀར་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ཏེ། གྱོད་གཞི་གལ་ཆེན་དང་། བདེ་འཇགས་ཀྱི་བྱུང་རྐྱེན། ཟིང་ཆ་བཅས་མཐུན་སྦྱོར་ངང་ཐག་གཅོད་དང་། འཇིགས་སྐུལ་གྱི་བྱ་སྤྱོད་ལ་བཀོད་འདོམས་དང་འགོག་ཟོན་དང་རྡུང་རྡེག་བཏང་ཡོད།

4.རྒྱལ་ཁོངས་དང་གྲུ་ཁའི་མཐའ་སྲུང་ཞིབ་བཤེར་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ། མཛུབ་ཁྲིད་དང་ལྟ་སྐུལ། གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས། འགྲིམ་འགྲུལ་སྒྲིག་ལམ། ཁ་ལོ་བའི་དོ་དམ་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས་པ་ཡིན།

5.ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། གཙོ་གནད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་སྲུང་སྐྱོབ་ལས་དོན་དང་དེ་བཞིན་མང་ཚོགས་རང་བཞིན་གྱི་བདེ་འཇགས་སྲུང་སྐྱོབ་རྩ་འཛུགས་ཀྱི་བདེ་འཇགས་ཉེན་ཟོན་ལས་དོན་དང་སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ་བཅས་ཡིན།

6.ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འཁུར་དགོས་པའི་ཁྲིམས་ཆད་ལག་བསྟར་དང་། ལྟ་སྐུལ། རྟོག་ཞིབ་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ། བཀག་ཉར་ཁང་། བཙན་ཤེད་དུག་གཅོད་ཁང་སོགས་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱ་བ་བཅས་ཡིན།

7.ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དེ་བཞིན་སྐུ་མགྲོན་གལ་ཆེན་གྱི་བདེ་འཇགས་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས་བ་བཅས་ཡིན།

8.སྤྱི་བདེའི་ཚན་རིག་ལག་རྩལ་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱ་བ་དང་སྤྱི་བདེའི་ཆ་འཕྲིན་ལག་རྩལ་དང་ཉེས་དོན་ལག་རྩལ་འཛུགས་སྤེལ་བྱ་རྒྱུའི་འཆར་འགོད་བྱ་དགོས་བ། སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་ཆས་དང་ཉལ་ཆས་སྒྲིག་སྦྱོར་དང་གྲོན་དངུལ་སོགས་ཉེན་དོན་འགན་སྲུང་གི་ཚད་གཞི་དང་ལམ་ལུགས་བཟོ་དགོས་བ་བཅས་ཡིན།

9.ཕྱི་རྒྱལ་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་དང་། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དང་དེ་བཞིན་ཐའེ་ཝན་ས་ཁུལ་གྱི་ཉེན་རྟོག་ཕྱོགས་དང་འགྲོ་འོང་དང་ལས་སྒོའི་མཉམ་ལས་བྱེད་པའི་སྒྲིག་འཛུགས་བྱས་ཏེ་རྒྱལ་སྤྱིའི་ཆིངས་ཡིག་དང་མཉམ་ལས་གྲོས་མཐུན་ལག་བསྟར་བྱ་དགོས་པ་བཅས་ཡིན།  

10.སྤྱི་བདེ་མཐའ་སྲུང་དང་། མེ་ཟོན། ཉེན་སྲུང་བཅས་དཔུང་སྡེ་འཛུགས་སྐྱོང་ལ་གཅིག་གྱུར་འགོ་ཁྲིད་བྱས་ཏེ་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་པུའུ་ཡིས་སྤྱི་བདེ་ལས་འགན་སྒྲུབ་པ་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་འཛུགས་སྐྲུན་ལ་འགོ་ཁྲིད་དང་བཀོད་འདོམས་བྱེད་དགོས་པ་བཅས་ཡིན།

11.སྤྱི་བདེ་ལས་ཁུངས་ཀྱི་མི་སྣ་གསོ་སྦྱོང་དང་། སློབ་གསོ། དྲིལ་བསྒྲགས་བཅས་ཀྱི་བྱེད་ཕྱོགས་དང་བྱེད་ཐབས་གཏན་འབེབས་བྱེད་པ། གཏན་འབེབས་ཀྱི་དབང་ཚད་ལྟར་ལས་བྱེད་པར་དོ་དམ་བྱ་དགོས། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་ལུགས་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ། སྤྱི་བདེ་དཔུང་སྡེའི་ལྟ་སྐུལ་དོ་དམ་ལས་དོན་གྱི་སྒྲིག་སྲོལ་ལམ་ལུགས་བཟོས་ནས་སྤྱི་བདེ་ལས་ཁུངས་ཀྱི་ལྟ་ཞིབ་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ། སྤྱི་བདེའི་དཔུང་སྡེའི་སྒྲིག་འགལ་དོན་རྐྱེན་ཚབས་ཆེན་ཞིབ་བཤེར་ཐག་གཅོད་དང་ལྟ་སྐུལ་བྱས་ནས་སྤྱི་བདེའི་མི་དམངས་ཉེན་རྟོག་པའི་རྒྱུན་གཏན་གྱི་ཁྲིམས་འཛིན་ཁེ་དབང་སྲུང་སྐྱོང་བྱས་ཡོད།

12.སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བ་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་བསྡུ་རུབ་བྱེད་པ་དང་འབྲེལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་པ་བཅས་ཡིན།

3 ཐད་གཏོགས་ལས་ཁུངས།

སྤྱི་བདེ་པུས་གཞུང་དོན་ཐིང་དང་། གསང་འཕྲིན་བཀོད་འདོམས། ཞིབ་འཇུག་ཁང་། ལྟ་ཞིབ་རྩིས་བཤེར། མི་དོན་སྦྱོང་བརྡར། གསར་འགྱུར་དྲིལ་བསྒྲགས། མྱུལ་ཞིབ། བདེ་འཇགས་དོ་དམ། ཉེས་དོན་མྱུལ་ཞིབ། འཇིགས་སྐུལ་ལ་ངོ་རྒོལ། བཟའ་བཅའ་དང་སྨན་རྫས་ཉེས་གསོག་མྱུལ་ཞིབ། དམིགས་བསལ་ལས་སྒྲུབ། ལྕགས་ལམ་གྱི་སྤྱི་བདེ། དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་། བཙོན་ཁང་དོ་དམ། ཉེན་དོན་འགན་ལེན། འགྲིམ་འགྲུལ་དོ་དམ། ཁྲིམས་ལུགས། རྒྱལ་སྤྱིའི་མཉམ་ལས། སྒྲིག་ཆས་ནོར་དོན། དུག་འགོག ཚན་རྩལ་ཆ་འཕྲིན་ཅན་སོགས་ཅུས་རིམ་པའི་སྒྲིག་གཞིས་འབྲེལ་ཡོད་ལས་སྒོའི་འགན་འཁྲི་འཁུར་ཡོད། 

4 ལས་ཁུངས་བསྒྱུར་བཅོས།

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས་ནས་སྤྱི་བདེ་པུའི་མེ་གསོད་དོ་དམ་འགན་འཁྲི་བསྡུ་སྒྲིལ་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཕྲལ་བསྟུན་དོ་དམ་པུའུ་བཙུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ་ཡི་རྒྱལ་མཚམས་འགྲོ་འོང་དོ་དམ་དང་མཐའ་སྲུང་ཞིབ་བཤེར་གྱི་འགན་འཁྲི་སྡེབ་སྒྲིག་བྱས་ནས་འཐུས་མཆན་ལག་ཁྱེར་དོ་དམ་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་འཛུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ་ཡིས་དོ་དམ་བྱ་བ་བཅས་ཡིན།

སྤྱི་ལོ2018ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》གཞིར་བཟུང་ནས། ཀྲུང་དབྱང་གི་ལོག་ཆོས་གནད་དོན་སྔོན་འགོག་དང་ཐག་གཅོད་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་ལས་ཁང་གི་ལོག་ཆོས་སྔོན་འགོག་དང་ཐག་གཅོད་ལས་དོན་གྱི་འགན་འཁྲི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་སྤྱི་བདེ་པུས་འཁུར་རྒྱུར་སྤྲད་པ་རེད།

5 ད་ལྟའི་འགོ་ཁྲིད།

ཀྲའོ་ཁེ་ཀྲི། སྤྱི་བདེ་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་པུའུ་ཀྲང་།

ཝང་ཞའོ་ཧུང་། སྤྱི་བདེ་པུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་བགོས་འགན་གཉེར་ལས་དོན་གྱི་པུའུ་ཀྲང་གཞོན་པ།

ཏེང་ཝུའེ་ཕིང་། སྤྱི་བདེ་པུས་སྤྱི་བདེ་པུའུ་རུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་།

ཏུའུ་ཧང་ཝེ། སྤྱི་བདེ་པུའུ། པུའུ་ཀྲང་གཞོན་པ།

མེང་ཆིན་ཧྥེང་། སྤྱི་བདེ་པུའུ་ཡི་འགོ་འཛིན་རྒན་གཞོན།

ཞུས་ཀན་ལུའུ། སྤྱི་བདེ་པུའུ་དང་པུའུ་ཀྲང་གཞོན་པ། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་མཚམས་འགྲོ་འོང་དོ་དམ་ཅུས)ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་།

ལིའུ་ཅིན། སྤྱི་བདེ་པུའུ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཀྲོན་ཡོན།

སུན་པིན་པིན། སྤྱི་བདེ་པུའུ་ཡི་འགོ་འཛིན་གཞོན་པ།

ལིའུ་ཀྲའོ། སྤྱི་བདེ་པུའུ། ཆབ་སྲིད་པུའུ་ཡི་ཀྲུའུ་རེན།

ལིན་རུའེ། སྤྱི་བདེ་པུའུ་དང་པུའུ་ཀྲང་གཞོན་པ་དང་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ཅུས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་གཅིག་འགན་ལྕོགས་ཀྱིས་བཞེས་ཡོད། 

ཉི་ཧྥུའུ་རུའུ། སྤྱི་བདེ་པུའུ་དང་པུའུ་ཀྲང་གི་ལས་རོགས།


དཔྱད་གཞིའི་ཡིག་ཆ།