ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-01 09:46ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ(བསྡུས་མིང་ལ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་བཟོ་འཕྲིན་པུའུ)ནི་སྤྱི་ལོ2008ལོའི་ཟླ3པའི་ཚེས11ཉིན་ཁྱབ་བསྒྲགས་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཇུས་གཞིར་གཞིགས་ནས་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྡེ་ཚན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国工业和信息化部
ཕྱི་ཡིག་གི་མིང་།
Ministry of Industry and Information Technology
བསྡུས་མིང་།
MIIT、ཆ་འཕྲིན་ཅན་པུའུ།
གསར་འཛུགས་དུས་སྐབས།
སྤྱི་ལོ2008ལོ།
རིགས་དབྱེ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག
ཁོངས་གཏོགས་ས་ཁུལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
གཙོ་གཉེར་སྡེ་ཁག
རྒྱལ་སྲིད་སྤྱི་ཁྱབ་ཁང་།
པུའུ་ཀྲང་།
མིའོ་ཞུས།
གཞུང་ཕྱོགས་དྲ་ཚུགས།
http://www.miit.gov.cn/
1 ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ(བསྡུས་མིང་ལ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་བཟོ་འཕྲིན་པུའུ)ནི་སྤྱི་ལོ2008ལོའི་ཟླ3པའི་ཚེས11ཉིན་ཁྱབ་བསྒྲགས་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཇུས་གཞིར་གཞིགས་ནས་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྡེ་ཚན་ལ་ཟེར།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ལས་རིགས་འཆར་འགོད་དང་། ཐོན་ལས་སྲིད་ཇུས། ཚད་གཞི་བཅས་བཟོ་འགོད། བཟོ་ལས་ལས་རིགས་ཀྱི་རྒྱུན་གཏན་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱེད་པ། ལག་རྩལ་སྒྲིག་ཆས་གལ་ཆེན་འཕེལ་རྒྱས་དང་རང་བརྟེན་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། འཕྲིན་སྐྱེལ་ལས་རིགས་ལ་དོ་དམ་བྱ་བ་དང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཆ་འཕྲིན་བདེ་འཇགས་ལ་མཐུན་སྦྱོར་སྲུང་སྐྱོང་བྱེད་པ་སོགས་ཚུད་ཡོད།

ལས་རིགས་དོ་དམ་སྡེ་ཚན་ཡིན་པའི་ངོས་ནས་གཙོ་བོ་འཆར་འགོད་དང་། སྲིད་ཇུས། ཚད་གཞི་བཅས་ལ་དོ་དམ་བྱས་ནས་ལས་རིགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱས་ཏེ། འོན་ཀྱང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་ཐེ་ཇུས་བྱེད་ཀྱི་མེད་ལ་ཀྲུང་གོའི་གཙོ་གནད་སློབ་ཆེན་ནང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཐད་གཏོགས་མཐོ་སློབ7ཡོད་པ་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་མཐོ་སློབ5མཉམ་སྐྲུན་བྱས་ཡོད།

2 རྩ་འཛུགས་ཀྱི་སྒྲིག་གཞི།

ཀྲུང་གོ་ནི་བཟོ་ལས་ཅན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་དུས་རིམ་གལ་ཆེན་དུ་གནས་ཡོད། བཟོ་ལས་ཅན་གསར་པའི་བགྲོད་ལམ་དུ་བསྐྱོད་དེ་ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། ལག་རྩལ་མཐོ་གསར་དང་སྲོལ་རྒྱུན་བཟོ་ལས་བསྒྱུར་བཀོད་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ། བཟོ་ལས་ཆེན་པོ་ནས་སྟོབས་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ནི་དེང་སྐབས་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་ཡིན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཙུགས་ནས་བཟོ་ལས་ཅན་གསར་པའི་ལམ་བུར་སྐྱོད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས། དེ་སྔོན་བཟོ་ལས་ལས་རིགས་དོ་དམ་དེ་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་། ཆ་འཕྲིན་ཐོན་ལས་པུའུ་བཅས་ཀྱིས་འགན་འཁུར་ཏེ་དོ་དམ་ཁ་ཐོར་ཡིན་པས་བཟོ་ལས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་གནོད་པ་ཡོད། སྤྱི་ཡོངས་འཆར་འགོད་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་ཆེད་འབྲེལ་ཡོད་འགན་འཁྲི་བསྡུ་སྒྲིལ་བྱས་ཏེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་འཛུགས་དགོས། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་བཟོ་ལས་ལས་རིགས་དོ་དམ་གྱི་འབྲེལ་ཡོད་འགན་འཁྲི་དང་། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་གི་ཉིང་རྡུལ་གློག་ཤུགས་དོ་དམ་ཕུད་པའི་འགན་འཁྲི། ཆ་འཕྲིན་ཐོན་ལས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆ་འཕྲིན་ཅན་ལས་དོན་གཞུང་ལས་ཁང་གི་འགན་འཁྲི་བཅས་པུའུ་དེའི་ཁོངས་སུ་སྡེབ་སྒྲིག་བྱ་བ་བཅས་ཡིན།

སྤྱི་ལོ2008ལོའི་ཟླ6ཚེས29ཉིན་གྱི་ཆུ་ཚོད10པར་དེ་སྔའི་ཆ་འཕྲིན་ཐོན་ལས་པུའུ་གནས་ཡུལ་པེ་ཅིང་ཤིས་ཁྲང་ཨན་ཁྲོམ་གཞུང་དང་དབན་ཧྲོའུ་ལམ་གྱི་གཞུང་ལས་བྱ་ཡུལ་གཉིས་སུ་ལོ10ཡི་ཆ་འཕྲིན་ཐོན་ལས་པུའི་སྒོ་བྱང་ཕྱིར་འཐེན་བྱས་པ་དང་ཆབས་ཅིག་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་རུ་བརྗེས་པ་རེད། འགན་ནུས་དང་། སྒྲིག་གཞི་བཅས་ཚུད་པའི་བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཇུས་གཞིར་ཆོག་མཆན་ཐོབ་པ་དང་སི་ཅུས་རིམ་པའི་གྲངས་འབོར24ཟིན་པ་རེད། བཟོ་ལས་དང་ཆ་འཕྲིན་ཅན་གྱི་སྒྲིག་གཞིའི་ཐོག་སི24ཡོད་པ་རེད། དེའི་ནང་ཕྱོགས་བསྡུས་སི་དང་ཅུས10དང་བཟོ་ལས་ལས་རིགས་དོ་དམ་གཙོ་བོར་བྱེད་པའི་ཆེད་ལས་སི10ཡོད།

ཅུས5ཡིས་རྒྱལ་སྲུང་བཟོ་ལས་དོ་དམ་གྱི་འབྲེལ་ཡོད་འགན་ནུས་སྒྲུབ་མཁན་སི་དང་ཅུས1སྟེ་དམག་དམངས་ཟུང་འབྲེལ་སྐུལ་འདེད་སི་དང་ཆ་འཕྲིན་ཐོན་ལས་ལས་རིགས་དོ་དམ་དང་ཆ་འཕྲིན་ཅན་སྐུལ་འདེད་སི་དང་ཅུས8ཡོད་པ་རེད། སྒྲིག་ཁོངས་ཐད“གཏན་འཁེལ་གསུམ”གྱི་ཇུས་གཞི་གཞིར་བཟུང་ནས་བཟོ་ལས་དང་ཆ་འཕྲིན་ཅན་པུའི་ལས་ཁུངས་ཀྱི་འགན་ནུས་སྡེ་ཚན་གྱི་སྒྲིག་ཁོངས་མི་གྲངས599ཡོད་པའི་ནང་དེ་སྔའི་ཆ་འཕྲིན་ཐོན་ལས་པུའི་མི་སྣ་མང་ཆེ་བ་དང་རྒྱལ་ཁབ་ཨུ་ལྷན་དང་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་སོ་སོར་མི་བརྒྱ་ལྷག་ཙམ་ཞུགས་ཡོད་པ་རེད། མི་སྣ་དམིགས་སར་འབྱོར་བའི་ལས་དོན2008ལོའི་ཟླ7པའི་ཟླ་མཇུག་གོང་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། དེའི་ཐོག་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་མི་སྣ་སོགས་བསྣན་ན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ལས་ཁུངས་ཀྱི་སྤྱིའི་སྲིད་འཛིན་སྒྲིག་ཁོངས་མི་གྲངས731ཡོད།

སྤྱི་ལོ2018ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》གཞིར་བཟུང་ནས། རྒྱལ་ཁབ་ཀྱི་རྩིས་འཁོར་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་དེ་བཟོ་ལས་དང་ཆ་འཕྲིན་ཅན་པུའི་དོ་དམ་ནས་ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གཞུང་ལས་ཁང་གི་དོ་དམ1བར་ལེགས་སྒྲིག་བྱས་ཡོད།

3 བཙུགས་པའི་རྒྱབ་ལྗོངས།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནི་སྤྱི་ལོ2008ལོར་ཀྲུང་གོའི“མང་ཆེ་བའི་ལམ་ལུགས”ཀྱི་སྒྱུར་བཅོས་རྒྱབ་ལྗོངས་འོག་གསར་དུ་བཙུགས་པའི་ཀྲུང་དབྱང་གི་པུའུ་ཨུད་ཅིག་རེད། མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གཞིགས་ནས་བཙུགས་པ་ཞིག་རེད། ཀྲུང་དབྱང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་བཟོ་ལས་དོ་དམ་གྱི་འབྲེལ་ཡོད་འགན་འཁྲི་དང་། རྒྱལ་སྲུང་ཚན་རིག་ལས་དོན་ཨུ་ལྷན་གྱི་ཉིང་རྡུལ་དོ་དམ་འགན་འཁྲི། དེ་བཞིན་ཆ་འཕྲིན་ཐོན་ལས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་ཅན་ལས་དོན་གཞུང་ལས་ཁང་གི་འགན་འཁྲི་བཅས་སྡེབ་སྒྲིག་བྱས་པ་མ་ཟད། བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཁོངས་སུ་དབྱེ་ཡོད། གཞན་ཡང་རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་བཙུགས་ཏེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་དོ་དམ་བྱ་བ། གཞན་ཡང་རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་དེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་དོ་དམ་བྱ་རྒྱུར་བསྒྱུར་ཡོད། རྒྱལ་སྲུང་ཚན་རིག་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཆ་འཕྲིན་ཐོན་ལས་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཆ་འཕྲིན་གཞུང་ལས་ཁང་བཅས་མི་དགོས་པར་བཟོ་པ་བཅས་ཡིན།

4 ད་ལྟའི་འགོ་ཁྲིད།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི། མིའོ་ཞུས།  

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི། བཟོ་ལས་དང་ཆ་འཕྲིན་ཅན་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་། ཀུའོ་ཀུའེ།

བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཏང་ཙུའི་ཁོངས་མི་པུའུ་ཀྲང་གཞོན་པ། ཁྲེན་ཀྲའོ་ཞུང་།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ། ཀྲང་ཁེ་ཅན།  

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ། ཝང་ཅང་ཕིང་།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་པུའུ་ཀྲང་གཞོན་པ། ཤིན་གོ་པིན།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གཞོན་པ། ཝང་ཀྲི་ཅུན།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་ཀྱི་ཅུས་ཀྲང་། ཀྲང་ཅན་རྨིན།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་སྤྱི་ཁྱབ་བཟོ་བཀོད་པ། ཀྲང་ཧྥེང་།

བཟོ་ལས་དང་ཆ་འཕྲིན་ཅན་པུའི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན། ཝང་ཤིན་ཀྲེ།


དཔྱད་གཞིའི་ཡིག་ཆ།