ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-14 14:34ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་ལས་དོན་དང་སྐད་ཡིག་ལས་དོན་གཙོ་གཉེར་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་སྡེ་ཁག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国教育部
ཕྱི་ཡིག་གི་མིང་།
Ministry of Education of the People's Republic of China
བསྡུས་མིང་།
སློབ་གསོ་པུའུ།
ཁོངས་གཏོགས་ས་ཁུལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
རིགས་དབྱེ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག
འགན་བཞེས་པུའུ་ཀྲང་།
ཁྲེན་པའོ་ཧྲེང་། (པུའུ་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི། )
1 ​ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་ལས་དོན་དང་སྐད་ཡིག་ལས་དོན་གཙོ་གཉེར་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་སྡེ་ཁག་ཡིན། སྤྱི་ལོ2017ལོའི་ཟླ7པར་སློབ་གསོ་པུས་སི་དང་ཅུས19བཙུགས་པ་དང་། “རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག”ཀྱང་དེའི་ནང་བཙུགས་ཡོད། གཞན་ཡང་སློབ་གསོ་པུའུ་ཡིས་ད་དུང་སློབ་གསོའི་རིགས་ཀྱི་སྤྱི་ཚོགས་ཚོགས་པ་དང་རྩ་འཛུགས15ལ་ཐད་ཀར་དོ་དམ་བྱེད་ཀྱིན་ཡོད།

སྤྱི་ལོ1985ལོ་ནས་སྤྱི་ལོ1998ལོའི་བར་སློབ་གསོ་པུའུ་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་ཞེས་གྲགས།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1912ལོའི་ཟླ1པའི་ཚེས9ལ། ནན་ཅིང་གནས་སྐབས་སྲིད་གཞུང་གི་སློབ་གསོ་པུའུ་དངོས་སུ་བཙུགས། ཚེས19ཉིན། 《སློབ་གསོ་དཀྱུས་མའི་གནས་སྐབས་ལག་བསྟར་བྱེད་ཐབས》དང《སློབ་གསོ་དཀྱུས་མའི་སྐབས་སྤྱོད་སློབ་ཚན་གྱི་ཚད་གཞི》ཁྱབ་བསྒྲགས་བྱས་པ་དེ་ནི་ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གྱིས་ཀྲུང་དབྱང་སྲིད་གཞུང་གི་མིང་ཐོག་ནས་ཐོག་མར་ཁྱབ་བསྒྲགས་བྱས་པའི་སློབ་གསོའི་ཡིག་ཆ་ཞིག་རེད།

སྤྱི་ལོ1949ལོའི་ཟླ10པར་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རིག་གནས་སློབ་གསོ་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ་བཙུགས་པ་དང་། སློབ་གསོ་དཀྱུས་མ་དང་། ཆེད་དམིགས་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་སི་གསུམ་བཙུགས་པ་རེད།

སྤྱི་ལོ1949ལོའི་ཟླ12ཚེས23ཉིན་ནས་ཚེས31ཉིན་བར་སློབ་གསོ་པུས་རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

སྤྱི་ལོ1950ལོའི་ཟླ6ཚེས1ཉིན་ནས་ཚེས9ཉིན་བར་སློབ་གསོ་པུས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གསོའི་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

སྤྱི་ལོ1950ལོའི་ཟླ8པའི་ཚེས1ཉིན། སློབ་གསོ་པུའུ་ཡིས་ཀྲུང་གོ་གསར་བའི་སློབ་འབྲིང་གི་སྐབས་སྤྱོད་སློབ་ཁྲིད་འཆར་གཞི(འཆར་ཟིན)ཐོག་མ་ཁྱབ་བསྒྲགས་བྱས། ཚེས2ཉིན་ནས་ཚེས11ཉིན་བར་ཀྲུང་གོ་སློབ་གསོ་བཟོ་ཚོགས་ཀྱིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས།

སྤྱི་ལོ1950ལོའི་ཟླ10ཚེས3ཉིན་ཀྲུང་གོ་མི་དམངས་སློབ་ཆེན་དུ་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། འདི་ནི་ཀྲུང་གོ་གསར་པས་བཙུགས་པའི་སློབ་ཆེན་གསར་པ་དང་པོ་དེ་ཡིན། 

སྤྱི་ལོ1951ལོའི་ཟླ3པའི་ཚེས19ཉིན། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་འབྲིང་རིམ་སློབ་གསོའི་གྲོས་ཚོགས་ཐེངས་དང་པོ་བསྡུས།

སྤྱི་ལོ1951ལོའི་ཟླ8པའི་ཚེས27ཉིན་ནས་ཟླ9བའི་ཚེས11ཉིན་བར་སློབ་གསོ་པུས་རྒྱལ་ཡོངས་ཀྱི་དམའ་རིམ་སློབ་གསོའི་ཚོགས་འདུ་ཐེངས་དང་པོ་དང་རྒྱལ་ཡོངས་ཀྱི་དགེ་འོས་སློབ་གསོའི་ཚོགས་འདུ་ཐེངས་དང་པོ་ཟླ་སྒྲིལ་བཏང་བ་རེད།

སྤྱི་ལོ1951ལོའི་ཟླ9ཚེས20ཉིན་ནས་ཚེས28ཉིན་བར་སློབ་གསོ་པུས་རྒྱལ་ཡོངས་མི་རིགས་སློབ་གསོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

སྤྱི་ལོ1952ལོའི་ཟླ3པའི་ཚེས18ཉིན། སློབ་གསོ་པུའུ་ཡིས《སློབ་འབྲིང་གི་གནས་སྐབས་ལག་བསྟར་སྒྲིག་སྲོལ(འཆར་ཟིན)དང《སློབ་ཆུང་གི་གནས་སྐབས་ལག་བསྟར་སྒྲིག་སྲོལ(འཆར་ཟིན)ཁྱབ་བསྒྲགས་བྱས།

སྤྱི་ལོ1952ལོའི་ཟླ11པར་མཐོ་རིམ་སློབ་གསོ་པུའུ་དང་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་། ཡིག་རྨོངས་སེལ་བའི་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་གསར་དུ་བཙུགས།

སྤྱི་ལོ1954ལོར། ཡིག་རྨོངས་སེལ་བའི་བྱ་བའི་ཨུ་ཡོན་ལྷན་ཁང་དེ་སློབ་གསོ་པུའུ་ཡི་ཁོངས་སུ་བསྡུས།

སྤྱི་ལོ1955ལོའི་ཟླ7པའི་ཚེས30ཉིན། སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་དང་པོ》གྲོས་འཆམ་བྱུང་བ་དང་། དེའི་ནང་དུ་སློབ་གསོའི་ལས་དོན་ལོ་ལྔའི་འཛུགས་སྐྲུན་གྱི་འཆར་གཞི་དང་བྱ་བའི་གཙོ་གནད་བཏོན།

སྤྱི་ལོ1956ལོའི་ཟླ6པའི་ཚེས2ཉིན། ཀྲུང་དབྱང་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་གྲ་སྒྲིག་ཁྲུའུ་བཙུགས་པ་དང་། ལོ4ཡི་རྗེས་སུ་དངོས་སུ་ཁང་དེ་བཙུགས་པ་རེད།

སྤྱི་ལོ1956ལོའི་ཟླ6པའི་ཚེས2པར། མཐོ་རིམ་སློབ་གསོ་པུའུ་དང་མཉམ་དུ་སློབ་གསོ་པུའུ་ལ་ཞུགས།

སྤྱི་ལོ1964ལོའི་ཟླ7པར་མཐོ་རིམ་སློབ་གསོ་པུའུ་སླར་གསོ་བྱས།

སྤྱི་ལོ1966ལོའི་ཟླ7པར། མཐོ་རིམ་སློབ་གསོ་པུའུ་དང་མཉམ་དུ་སློབ་གསོ་པུའུ་ལ་ཞུགས།

སྤྱི་ལོ1970ལོའི་ཟླ6པར། ཀྲུང་གུང་ཀྲུང་དབྱང་གིས་སློབ་གསོ་པུའུ་མེད་པར་བཟོས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་སློབ་ཚན་ཁག་བཙུགས། ཟླ6པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་གིས《པེ་ཅིན་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གྱི་སློབ་བསྡུ(ཚོད་ལྟ)སྐོར་གྱི་དགོངས་སྐོར་སྙན་ཞུ》མཆན་བཀོད་བརྒྱུད་སྤྲོད་བྱས། 《སྙན་ཞུ》ནང་སློབ་བསྡུའི་རྒྱུགས་ལེན་ལམ་ལུགས་མེད་པ་བཟོ་དགོས་ཞེས་བཏོན་ཡོད།

སྤྱི་ལོ1975ལོའི་ཟླ1པོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་སློབ་གསོ་པུའུ་སླར་གསོ་བྱས་ཏེ། སློབ་གསོའི་བྱ་བ་དག་ཐེར་བྱེད་པའི་མགོ་བརྩམས།

འདི་ལོའི་ཟླ10པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོ་པུའུ་ཡི《ལོ་འདིའི་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་བྱ་བའི་སྐོར་གྱི་བསམ་འཆར》ལ་ཆོག་མཆན་བཀོད་ནས་བརྒྱུད་སྤྲོད་བྱས། དེ་ནས་བཟུང་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་ལམ་ལུགས་སླར་གསོ་བྱས། ཟླ11པའི་ཚེས3ཉིན། སློབ་གསོ་པུའུ་དང་ཀྲུང་གོ་ཚན་རིག་ཁང་གིས་མཉམ་འབྲེལ་ཐོག《ལོ་ལྟར་ཞིབ་འཇུག་སློབ་མ་བསྡུ་བའི་སྐོར་གྱི་བརྡ་ཐོ》བཏང་། “རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ་དུས་ཡུན་རིང་པོར་བར་མཚམས་ཆད་པའི་ཞིབ་འཇུག་སློབ་མ་བསྡུ་བའི་ལས་ཀ་དེ་ནས་བཟུང་སླར་གསོ་བྱེད་འགོ་ཚུགས་པ་རེད།

སྤྱི་ལོ1978ལོའི་ཟླ8པའི་ཚེས26ཉིན། སློབ་གསོ་པུའུ་ཡིས་ཟླ9པའི་ཚེས1ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ《སློབ་མ་ཆུང་བའི་བསྲུང་བྱ་》དང《འབྲིང་རིམ་སློབ་མའི་བསྲུང་བྱ》ལག་བསྟར་བྱ་རྒྱུའི་ཐག་བཅད་པ་དང་། ཕྱིས་སུ་ཡང《མཐོ་རིམ་སློབ་གྲྭའི་སློབ་མའི་བསྲུང་བྱ་(ཚོད་ལྟའི་ལག་བསྟར་འཆར་ཟིན)》དང《སློབ་གྲྭའི་སློབ་མའི་བསྲུང་བྱ་(ཚོད་ལྟའི་འཆར་ཟིན)》《འབྲིང་རིམ་སློབ་མའི་བསྲུང་བྱ་(ཚོད་ལྟའི་འཆར་ཟིན)》བཅས་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ཏེ་དུས་སྐབས་གསར་པའི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་མར་གྱུར་པ་རེད།

སྤྱི་ལོ1985ལོའི་ཟླ6པའི་ཚེས18ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་སློབ་གསོ་པུའུ་མེད་པར་བཟོས་ནས་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཐག་བཅད།

སྤྱི་ལོ1997ལོར་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱིས“མཐོ་རིམ་དགེ་འོས་སློབ་གསོ་དེ་དུས་རབས21པའི་སློབ་ཁྲིད་ནང་དོན་དང་སློབ་ཚན་མ་ལག་སྒྱུར་བཅོས་འཆར་གཞི”ལག་བསྟར་སྒྲིག་འཛུགས་བྱས་ནས་རྣམ་གྲངས་གལ་ཆེན་འབོར་ཆེན་ཞིག་གྲུབ་ཡོད།

སྤྱི་ལོ1998ལོའི་ཟླ3པའི་ཚེས10ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ཆོད་དོན》ལ་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་མིང་དེ་སློབ་གསོ་པུའུ་ཞེས་པར་བསྒྱུར།

སྤྱི་ལོ2000ལོར་སློབ་གསོ་པུས《དགེ་རྒན་གྱི་འོས་བབ་སྲོལ་ཡིག་ལག་བསྟར་བྱ་ཐབས》ཁྱབ་བསྒྲགས་བྱས་ནས་དགེ་རྒན་གྱི་འོས་བབ་ལམ་ལུགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་རིམ་བཞིན་བཙུགས་ཡོད།

སྤྱི་ལོ2008ལོར་ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“གྲོང་གསེབ་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་འབྲེལ་རིམ་བཞིན་རིན་མེད་ལག་བསྟར་བྱེད་དགོས་པའི”ལས་འགན་ཐོག་མར་བཏོན་པ་རེད།

སྤྱི་ལོ2015ལོའི་ཟླ10པའི་ཚེས29ཉིན“མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ”ཀྲུང་གུང་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་ཐེངས་དང་པོ་བྱུང་བ་རེད། 

སྤྱི་ལོ2018ལོའི་ཟླ11པའི་ཚེས1ཉིན། སྤྱི་ལོ2018ལོ་ནས་སྤྱི་ལོ2022ལོའི་བར་སློབ་གསོ་པུའི་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་བཙུགས་པའི་ཚོགས་འདུ་འཚོགས་པ་ཡིན། 

3 འགན་འཁྲི་གཙོ་བོ།

གཅིག སློབ་གསོའི་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱ་བ་དང་། སློབ་གསོའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མ་ཟིན་འབྲི་དགོས།

གཉིས། སློབ་གསོ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་རྒྱལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་འཆར་འགོད་ཞིབ་འཇུག་བྱས་ནས་འདོན་རྒྱུ། སློབ་གསོའི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་སྲིད་ཇུས་དང་དེ་བཞིན་སློབ་གསོ་གོང་དུ་སྤེལ་བའི་གཙོ་གནད་དང་། གྲུབ་ཚུལ། མྱུར་ཚད་བཅས་འཆར་འགོད་གཏན་འབེབས་བྱ་རྒྱུ་དང་། ལས་ཀར་སློབ་སྟོན་དང་མཐུན་སྦྱོར་ངང་ལག་བསྟར་བྱ་དགོས་པ་ཡིན། 

གསུམ། སྡེ་ཁག་དེ་གའི་སློབ་གསོའི་གྲོན་དངུལ་གཅིག་གྱུར་གྱིས་དོ་དམ་བྱ་རྒྱུ་དང་སློབ་གསོའི་གྲོན་དངུལ་བསྡུ་བ་དང་། སློབ་གསོའི་གྲོན་དངུལ་གཏོང་བ། སློབ་གསོའི་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་འཇོག་པ་བཅས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འབེབས་བྱེད་པར་ཞུགས་པ། རྒྱལ་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་གྲབས་གཤོམ་དང་བེད་སྤྱོད་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ། ཕྱི་རྒྱལ་གྱིས་རང་རྒྱལ་ལ་སློབ་གསོའི་རོགས་སྐྱོར་དང་སློབ་གསོའི་དངུལ་བུན་གཏོང་བར་འབྲེལ་ཡོད་གཏན་འབེབས་ལྟར་དོ་དམ་བྱ་བཅས་ཡིན། 

བཞི། འབྲིང་རིམ་དང་དམའ་རིམ་སློབ་གསོའི་རིགས་ཁག་གི་སློབ་གྲྭ་འཛུགས་རྒྱུའི་ཚད་གཞི་དང་། སློབ་ཁྲིད་ཀྱི་གཞི་རྩའི་བླང་བྱ། སློབ་ཁྲིད་ཀྱི་གཞི་རྩའི་ཡིག་ཆ་བཅས་ཞིབ་འཇུག་བྱས་ནས་འདོན་རྒྱུ། འབྲིང་རིམ་དང་དམའ་རིམ་སློབ་གྲྭའི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱ་རྒྱུ། འབྲིང་རིམ་དང་འབྲིང་རིམ་མན་གྱི་སློབ་གསོ་སྣ་ཚོགས་ལ་སློབ་གསོ་དང་སློབ་ཁྲིད་བྱེད་སྟངས་བསྒྱུར་བཅོས་བྱ་རྒྱུའི་ཁྲིད་སྟོན་བྱ་རྒྱུ། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་། ཡིག་རྨོངས་སེལ་བའི་ལས་དོན་ལ་ལྟ་སྐུལ་སློབ་སྟོན་དང་དཔྱད་དཔོག་བྱེད་པའི་སྒྲིག་འཛུགས་བྱ་དགོས་པ་བཅས་ཡིན། 

ལྔ། སྤྱིར་བཏང་གི་མཐོ་རིམ་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དེ་བཞིན་མཐོ་རིམ་ལས་རིགས་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ། སྤྱི་ཚོགས་སྟོབས་ཤུགས་བཅས་ཀྱིས་གཉེར་བའི་མཐོ་རིམ་སློབ་གསོ། དར་མའི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་དང་རྒྱུན་མཐུད་སློབ་གསོ་སོགས་ཀྱི་ལས་ཀར་གཅིག་གྱུར་གྱིས་དོ་དམ་བྱ་རྒྱུ། མཐོ་རིམ་སློབ་གྲྭ་འཛུགས་རྒྱུའི་ཚད་གཞི་ཞིབ་འཇུག་བྱས་ནས་བཏོན་ཏེ་མཐོ་རིམ་སློབ་གྲྭ་གསར་འཛུགས་དང་། མིང་བརྗེ་བ། མེད་པར་བཟོ་བ། ལེགས་སྒྲིག་བཅས་བྱེད་པར་ཞིབ་བཤེར་གཏན་འབེབས་བྱ་རྒྱུ། ཆེད་ལས་དཀར་ཆག་དང་སློབ་ཁྲིད་ཀྱི་གཞི་རྩའི་ཡིག་ཆ་བཟོས་ནས་མཐོ་རིམ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་དང་མཐོ་རིམ་སློབ་གསོའི་ཚོད་སྐོར་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ། “211ལས་གྲྭ”ལག་བསྟར་དང་མཐུན་སྦྱོར་བྱེད་འགན་འཁུར་བ་བཅས་ཡིན། 

དྲུག གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་བྱ་བར་གཅིག་གྱུར་གྱིས་འཆར་འགོད་དང་མཛུབ་སྟོན་བྱས་ཏེ། གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོའི་རོགས་སྐྱོར་མཐུན་སྦྱོར་བྱ་དགོས།

བདུན། མཐོ་རིམ་སློབ་གྲྭའི་ཏང་སྐྱོང་ལས་དོན་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན། ཀུན་སྤྱོད་སློབ་གསོའི་ལས་དོན། ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོའི་ལས་དོན། རྒྱལ་སྲུང་སློབ་གསོའི་ལས་དོན་བཅས་འཆར་འགོད་དང་དེར་སློབ་སྟོན་བྱ་དགོས་པ་ཡིན། 

བརྒྱད། རྒྱལ་ཡོངས་ཀྱི་དགེ་རྒན་གྱི་ལས་ཀ་གཙོ་སྐྱོང་བྱ་རྒྱུ་དང་། དགེ་རྒན་རིམ་པ་ཁག་དང་རིགས་ཁག་གི་ཐོབ་ཐང་ཚད་གཞི་གཏན་འབེབས་བྱ་རྒྱུ་མ་ཟད་ལག་ལེན་བསྟར་བར་ཁྲིད་སྟོན་ཡང་བྱས་ཏེ།  རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སྒྲིག་ཁོངས་ཚད་གཞི་ཞིབ་འཇུག་བྱས་ནས་འདོན་དགོས། སློབ་གྲྭའི་དགེ་རྒན་དང་དོ་དམ་མི་སྣའི་དཔུང་སྡེ་འཛུགས་སྐྱོང་གི་ལས་ཀ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས།

དགུ། མཐོ་རིམ་སློབ་གཉེར་བརྒྱུད་རིམ་ལྡན་པའི་སློབ་གསོ་སྣ་ཚོགས་ཀྱི་སློབ་མ་བསྡུ་བའི་རྒྱུགས་ལེན་ལས་ཀར་གཅིག་གྱུར་གྱིས་དོ་དམ་བྱ་རྒྱུ། མཐོ་རིམ་སློབ་གྲྭ་རིགས་ཁག་གི་སློབ་མ་བསྡུ་བའི་འཆར་གཞི་བཟོ་རྒྱུ། མཐོ་རིམ་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་སློབ་གསོ་རིགས་ཁག་གི་སློབ་གྲྭའི་སྐྱིད་སྡུག་དོ་དམ་བྱེད་འགན་འཁུར་རྒྱུ། ཁོངས་གཏོགས་དོ་དམ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལམ་ལུགས་སྒྱུར་བཅོས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སྲིད་ཇུས་བཟོས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བགོ་བཤའི་ལས་དོན་སྒྲིག་འཛུགས་ལག་བསྟར་བྱེད་དགོས།

བཅུ། མཐོ་རིམ་སློབ་གྲྭའི་རང་བྱུང་ཚན་རིག་དང་། མཚན་ཉིད་རིག་པ། སྤྱི་ཚོགས་ཚན་རིག་བཅས་ལ་ཞིབ་འཇུག་བྱ་རྒྱུའི་འཆར་འགོད་དང་སློབ་སྟོན་བྱ་རྒྱུ། མཐོ་རིམ་སློབ་གྲྭའི་ལག་རྩལ་མཐོ་གསར་ཉེར་སྤྱོད་ཞིབ་འཇུག་དང་། སྤོ་སྒྱུར། ཟུང་འབྲེལ་སོགས་ཀྱི་ལས་ཀར་སྤྱི་ཁོག་ནས་ཁྲིད་སྟོན་བྱ་དགོས། མཐོ་རིམ་སློབ་གྲྭས་རྒྱལ་ཁབ་ཀྱི་གལ་ཆེའི་རྒྱལ་སྲུང་ཚན་རྩལ་འགག་སྒྲོལ་རྣམ་གྲངས་ཀྱི་ལག་བསྟར་ལས་དོན་ལ་མཐུན་སྦྱོར་དང་མཛུབ་ཁྲིད་བྱ་རྒྱུ། མཐོ་རིམ་སློབ་གྲྭའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ཞིབ་འཇུག་ལྟེ་གནས་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་བྱ་དགོས།

བཅུ་གཅིག སློབ་གསོའི་ཁོངས་གཏོགས་ཀྱི་ཕྱི་དོན་ལས་དོན་ལ་གཅིག་གྱུར་གྱིས་དོ་དམ་དང་། མཐུན་སྦྱོར། མཛུབ་སྟོན་བཅས་བྱ་རྒྱུ་དང་། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བ་དང་ཀྲུང་གོར་སློབ་སྦྱོང་ལ་ཡོང་བར་དོ་དམ་བྱེད་པའི་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འབེབས་བྱ་རྒྱུ། ཕྱི་ཕྱོགས་སུ་རྒྱ་ཡིག་སློབ་ཁྲིད་བྱེད་པའི་ལས་ཀར་འཆར་འགོད་དང་མཐུན་སྦྱོར་དང་ཁྲིད་སྟོན་བྱ་རྒྱུ། ངའི་ཕྱིར་སྡོད་སློབ་གསོའི་ལས་ཁུངས་ཀྱི་བྱ་བར་མཛུབ་སྟོན་བྱེད་དགོས། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་དང་སློབ་གསོ་སྤེལ་རེས་བྱེད་པར་མཐུན་སྦྱོར་བྱེད་པར་འགན་འཁུར་དགོས་པ་ཡིན། 

བཅུ་གཉིས། སློབ་གསོའི་གཞི་རྩའི་ཆ་འཕྲིན་བསྡོམས་རྩིས་དང་། དབྱེ་ཞིབ། ཁྱབ་བསྒྲགས་བཅས་བྱེད་པར་འགན་འཁུར་དགོས་པ་ཡིན། 

བཅུ་གསུམ། རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས། སྐད་ཡིག་ལས་དོན་གྱི་དུས་ཡུན་རིང་འབྲིང་གི་འཆར་གཞི་བཟོ་བ། རྒྱ་སྐད་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཚད་ལྡན་དང་ཚད་གཞི་གཏན་འབེབས་བྱེད་པ་དང་འབྲེལ་ལྟ་སྐུལ་ཞིབ་བཤེར་སྒྲིག་འཛུགས་མཐུན་སྦྱོར་བྱ་རྒྱུ། སྤྱི་སྐད་ཁྱབ་གདལ་དང་སྤྱི་སྐད་རྒྱུགས་ལེན་བྱ་བར་མཛུབ་སྟོན་བྱེད་པ་བཅས་ཡིན། 

བཅུ་བཞི། ཤེས་ཡོན་གྱི་མིང་གདགས་སྐོར་གྱི་ལས་ཀ་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་དང་། ཤེས་ཡོན་གྱི་མིང་གདགས་སྐོར་གྱི་ལས་ཀའི་ཁྲིམས་སྲོལ་ཟིན་བྲིས་འགོད་པ། རྒྱལ་ཁབ་ཀྱི་ཤེས་ཡོན་གྱི་མིང་གདགས་ལམ་ལུགས་ལག་བསྟར་བྱེད་འགན་འཁུར་པར་རྒྱལ་སྤྱིའི་བར་ཤེས་ཡོན་གྱི་མིང་གདགས་འདྲ་མཚུངས་དང་ཤེས་ཡོན་གྱི་མིང་གདགས་ཕན་ཚུན་ཁས་ལེན་བྱེད་རེས་སོགས་ཀྱི་ལས་ཀའི་འགན་འཁུར་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤེས་ཡོན་གྱི་མིང་གདགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཀ་ཞིབ་ཕྲ་སྒྲུབ་འགན་འཁུར་བ་བཅས་ཡིན། 

བཅོ་ལྔ། “ཀྲུང་གོའི་དབྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང”གི་ཨུ་ཡོན་ཚན་པ་ཁག་དང་དེ་བཞིན་སྡེ་ཁག་དང་ལས་ཁུངས་གཞན་དག་གིས་སློབ་གསོ་དང་། ཚན་རྩལ། རིག་གནས་སོགས་ཀྱི་ཐད་མཉམ་ལས་དང་སྤེལ་རེས་བྱེད་པར་མཐུན་སྦྱོར་བྱེད་འགན་འཁུར་བ། སྤྱི་ཁྱབ་པུའུ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དོན་གཅོད་ཁང་། པེ་ཅིང་དུ་བཅའ་སྡོད་དོན་གཅོད་ཁང་བཅས་དང་འབྲེལ་གཏུག་དང་སྤེལ་རེས་བྱེད་འགན་འཁུར་བ་དང་རང་རྒྱལ་གྱི་བཅའ་སྡོད་འཐུས་མི་ཚོགས་པའི་འབྲེལ་གཏུག་དང་དེའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུའི་འགན་འཁུར་བ་བཅས་རེད།

བཅུ་དྲུག རྒྱལ་ཁབ་ཚན་རྩལ་སློབ་གསོའི་འགོ་ཁྲིད་ཚོ་ཆུང་ནས་སྤྲད་པའི་ལས་དོན་སྒྲུབ་པར་འགན་འཁུར་དགོས་པ། 

བཅུ་བདུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་སྒྲུབ་པར་འགན་འཁུར་དགོས་པ། 

4 ད་ལྟའི་འགོ་ཁྲིད། 

ཁྲེན་པའོ་ཧྲེང་། ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་བཅུ་པ་དང་། སློབ་གསོ་པུའུ་ཡི་པུའུ་ཀྲང་། ཏང་ཙུའུ་ཧྲུའུ་ཅི། 

སུན་ཡའོ་ཀུའེ། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 
              ཐེན་ཞུའེ་ཅུན། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 
              ཐེན་ཞུའེ་ཅུན། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 
              ཀྲུང་ཏེང་ཧྭ། སློབ་གསོ་པུའི་པུའུ་ཀྲང་གཞོན་པ། 
              ཀྲེང་ཧྥུ་ཀྲི་ཀུའེ། སློབ་གསོ་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་། པུའུ་ཀྲང་གཞོན་པ། སྤྱི་ཁྱབ་ལྟ་ཞིབ་རིག་པ་བཅས་ཡིན། 


དཔྱད་གཞིའི་ཡིག་ཆ།