ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-15 15:31ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཅིག་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་བཙུགས་པའི་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国防部
ཕྱི་ཡིག་གི་མིང་།
Ministry of National Defence of the People's Republic of China
གསར་འཛུགས་དུས་སྐབས།
སྤྱི་ལོ1954ལོ།
འགན་བཞེས་པུའུ་ཀྲང་།
ཝེ་ཧྥེང་།
1 ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་ཀྱི་སྡེ་ཁག་ཅིག་ཡིན་པ་དང་། སྤྱི་ལོ1954ལོའི་ཟླ9པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད་ནང་བཙུགས་པ་ཞིག་ཡིན། གཙོ་བོ་རྒྱལ་སྲུང་འཛུགས་སྐྲུན་ཐད་ཀྱི་བྱེ་བྲག་གི་བྱ་བར་འགན་ཁུར་དགོས་པ་ཡིན།

2 སྒྲིག་གཞི་ངོ་སྤྲོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཅིག་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་བཙུགས་པའི་སྡེ་ཁག་ཅིག་ཡིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་པོའི་སྟོབས་ཤུགས་ནི་མི་དམངས་ལ་དབང་བ་ཡིན། དེའི་ལས་འགན་ནི་རྒྱལ་མཚམས་བརྟན་སྲུང་དང་། བཙན་འཛུལ་འགོག་རྒོལ། མི་དམངས་ཀྱི་ཞི་བདེའི་ངལ་རྩོལ་སྲུང་སྐྱོབ། རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་ནང་ཞུགས་པ། འབད་བརྩོན་ཆེན་པོས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱ་རྒྱུ་དེ་ཡིན། རྒྱལ་ཡོངས་ཀྱི་དྲག་པོའི་སྟོབས་ཤུགས་ལ་འགོ་ཁྲིད་བྱ་དགོས་པ་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམག་དོན་བྱ་བའི་སྡེ་ཁག་ཅིག་ཡིན། དེའི་གཞི་རྩའི་འགན་ནུས་ནི་རྒྱལ་ཡོངས་ཀྱི་དྲག་པོའི་སྟོབས་ཤུགས་ཀྱི་འཛུགས་སྐྲུན་ལས་ཀར་གཅིག་གྱུར་གྱིས་དོ་དམ་བྱ་རྒྱུ་སྟེ། དཔེར་ན་མི་དམངས་དྲག་པོའི་སྟོབས་ཤུགས་བསྡུ་རུབ་དང་། སྒྲིག་ཁོངས། སྒྲིག་ཆས། སྦྱོང་བརྡར། དམག་དོན་ཚན་ཞིབ། དེ་བཞིན་དམག་མིའི་ཐོབ་ཐང་རིམ་པ་དང་ཕོགས་ཐོབ་སོགས་ཡིན། དེར་བརྟེན་རྒྱལ་སྲུང་པུའུ་ལ་དོན་དངོས་ཀྱི་དམག་དོན་བཀོད་འདོམས་བྱེད་དབང་མེད།

རྒྱལ་སྲུང་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམག་དོན་སྡེ་ཁག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ལོ་དེའི་ཟླ9པར་རྒྱལ་སྲུང་པུའུ་བཙུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་ཡིན་པ་དང་། གཙོ་བོ་རྒྱལ་སྲུང་འཛུགས་སྐྲུན་ཐད་ཀྱི་ཞིབ་ཕྲའི་ལས་དོན་ལ་འགན་འཁུར་རྒྱུ་རེད།

3 ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། དེའི་ལས་ཀ་ཞིབ་ཕྲ་ནི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དྲག་ཇུས་པུའུ་དང་། སྤྱི་ཁྱབ་ཆབ་སྲིད་པུའུ། སྤྱི་ཁྱབ་མཁོ་སྒྲུབ་པུའུ་བཅས་ཀྱིས་སོ་སོར་བསྒྲུབ་པ་དང་། སྤྱི་ལོ1982ལོའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནང་རྒྱལ་སྲུང་པུའུ་ཀྲང་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་མིང་བཏོན་པ་ལྟར་ཐག་གཅོད་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་མིང་བཏོན་པ་ལྟར་ཐག་གཅོད་རྒྱུ། སྔ་རྟིང་དུ་པུའུ་ཡི་འགོ་འཛིན་གྱི་འགན་ཁུར་གནང་མཁན། ལིན་པིའོ་དང་། ཞུས་ཞང་ཆན། ཀེང་པིའོ། ཀྲང་ཨའེ་ཕིན། ཆིན་ཅི་ཝེ། ཁྲི་ཧའོ་ཐེན། ཚའོ་ཀང་ཁྲོན་བཅས་ཡིན། 

4 སྒྲིག་གཞིའི་གོ་དོན།

རྒྱལ་སྲུང་ནི་རྒྱལ་ཁབ་ཀྱིས་བཙན་འཛུལ་ལ་དོགས་ཟོན་དང་འགོག་རྒོལ་བྱེད་པ་དང་། དྲག་པོའི་མགོ་རྟིང་སློག་པར་བཀག་འགོག་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་། བདེ་འཇགས་བཅས་སྲུང་སྐྱོབ་བྱེད་ཆེད་སྤེལ་བའི་དམག་དོན་དང་། དམག་དོན་དང་འབྲེལ་བ་ཡོད་པའི་ཆབ་སྲིད། དཔལ་འབྱོར། ཕྱི་འབྲེལ། ཚན་རྩལ། སློབ་གསོ་སོགས་ཐད་ཀྱི་བྱེད་སྒོ། རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་སྲུང་གི་རྩ་བའི་འགན་ནུས་ཡིན། རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་སྲུང་སྐྱོང་། ཕྱི་ནས་ཡོང་བའི་བཙན་འཛུལ་དང་རྩ་སློག་སྔོན་འགོག་བཅས་བྱ་རྒྱུ་ནི་རྒྱལ་སྲུང་གི་ལས་འགན་གཙོ་བོ་ཡིན།

རྒྱལ་སྲུང་ནི་གྲལ་རིམ་འཐབ་རྩོད་ལས་བྱུང་བ་ཞིག་ཡིན་ཞིང་། གྲལ་རིམ་དང་རྒྱལ་ཁབ་ཆགས་པ་དང་ཆབས་ཅིག་ཏུ་བྱུང་བ་ཞིག་ཡིན་པས། འཛམ་གླིང་ཐོག་རྒྱལ་ཁབ་ཡོད་ན་རྒྱལ་སྲུང་ཡང་གནས་ངེས་རེད། མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བའི་དུས་རིམ་མི་འདྲ་བའི་ནང་དང་། གྲལ་རིམ་མི་འདྲ་བས་སྲིད་དབང་སྒེར་འཛིན་བྱེད་པའི་རྒྱལ་ཁབ་ནང་རྒྱལ་སྲུང་ལ་ཁྱད་ཆོས་མི་འདྲ་བ་ཡོད། བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་རྒྱལ་སྲུང་གི་འགན་ནུས་ནི་གྲལ་རིམ་ཁག་ངེས་ཅན་ཞིག་གི་ཁོངས་སུ་སྲུང་འཛིན་བྱ་རྒྱུ་དང་། མ་རྩའི་རིང་ལུགས་ཀྱི་སྤྱི་ཚོགས་སུ་རྒྱལ་སྲུང་གི་འགན་ནུས་ནི་དམག་དཔུང་ལ་བརྟེན་ནས་ཚོང་ཟོག་ཐོན་སྐྱེད་དང་ཉོ་ཚོང་བྱེད་པ་དང་། ཕྱི་ཕྱོགས་སུ་སྨྱོ་ཧམ་ཆེན་པོས་འཕྲོག་བཅོམ་བྱེད་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དབུ་བརྙེས་རྗེས། རྒྱལ་སྲུང་ལ་གྲལ་རིམ་གྱི་ནང་དོན་གསར་པ་ལྡན་པ་དང་། དེའི་འགན་ནུས་ནི་མི་རིགས་ཁག་འདྲ་མཉམ་ངང་འཚོ་གནས་དང་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་དང་། ཕྱི་ནས་ཡོང་བའི་བཙན་འཛུལ་ལ་འགོག་རྒོལ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བཅས་བྱ་རྒྱུ་དེ་རེད།

རྒྱལ་ཁབ་ཅིག་གི་རྒྱལ་སྲུང་སྟོབས་ཤུགས་དྲག་ཞན་གྱི་ཚད་གཞི་ཁོ་ན་མ་ཡིན་པར། ད་དུང་རྒྱལ་ཁབ་དེའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ། ཕྱི་འབྲེལ་སོགས་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད། ལྷག་པར་དུ་མིའི་རིགས་ཀྱི་ལོ་རྒྱུས་དུས་རབས་ཉེར་གཅིག་པར་སླེབས་པའི་ད་ལྟ། མིའི་རིགས་ཀྱི་སྤྱི་ཚོགས་ཐམས་ཅད་སྤྱི་ཚོགས་ཅན་གྱི་ཐོན་སྐྱེད་ཆེན་པོ་དང་དཔལ་འབྱོར་ཆེན་པོའི་རྨང་གཞིའི་ཐོག་བཙུགས་པ་ཡིན་ཞིང་། སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་འབྲེལ་བ་དམ་ཟབ་ཡོད་པའི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཏུ་གྱུར་ཟིན་པས། རྒྱལ་སྲུང་ནི་དཀྱུས་གཅིག་ཏུ་འབྲེལ་བའི་སྤྱི་ཁོག་འདིའི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ན་ད་གཟོད་རྫོགས་མཐའ་མེད་པའི་ཟིལ་ཤུགས་ཡོད་སྲིད། དེར་བརྟེན་ང་ཚོས་རྒྱལ་སྲུང་གི་ལྟ་བ་ཆེན་པོ་ཞིག་བཙུགས་ནས་རྒྱལ་སྲུང་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཧྲིལ་པོ་དང་ཐ་ན་མིའི་རིགས་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་ཆེན་པོའི་ནང་བཞག་ནས་བསམ་གཞིགས་དང་འཆར་འགོད་བྱ་དགོས།

དེང་རབས་ཀྱི་རྒྱལ་སྲུང་ནི་སྲོལ་རྒྱུན་གྱི་རྒྱལ་སྲུང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་སྲུང་གི་འདུ་ཤེས་དང་རྒྱལ་སྲུང་གི་ལག་ལེན་བྱེད་སྒོ་གསར་རྐྱང་ཞིག་ཡིན། དེང་རབས་ཀྱི་རྒྱལ་སྲུང་ནི་དྲག་ཤུགས་ཁེར་གཙང་ཞིག་གཏན་ནས་མིན་པར། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་རྨང་གཞིའི་ཐོག་དམག་དོན་གྱི་བྱེད་ཐབས་གཙོ་བོར་འཛིན་པ་དང་། ཆབ་སྲིད་དང་། དཔལ་འབྱོར། ཚན་རྩལ། ཕྱི་འབྲེལ། རིག་གནས་སོགས་བྱེད་ཐབས་སྣ་མང་གི་གཞོགས་འདེགས་འོག་སྤེལ་བའི་སྤྱི་ཡོངས་ཡིན། དེའི་གཞི་རྩའི་ཁྱད་ཆོས་གཙོ་བོ་ཕྱོགས་གསུམ་ནས་མཚོན་པ་སྟེ།

4_1 རྒྱལ་སྟོབས་ཀྱི་མཚོན་ཚུལ།

རྒྱལ་སྲུང་གི་ཁོངས་སུ་རྒྱལ་སྲུང་དང་འབྲེལ་བ་ཡོད་པའི་དམག་དོན་སྟོབས་ཤུགས་མིན་པ་དཔེར་ན་ཆབ་སྲིད་དང་། དཔལ་འབྱོར། ཕྱི་འབྲེལ། ཚན་རྩལ། རིག་གནས་སོགས་ཚུད་ཡོད། གཞན་ཡང་དེས་རྒྱལ་ཁབ་ཀྱི་དངོས་ཡོད་སྟོབས་ཤུགས་ལ་བརྟེན་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་མི་མངོན་པའི་སྟོབས་ཤུགས་བསྒྱུར་བའི་ནུས་པའང་ལ་བརྟེན་ཡོད། དཔེར་ན། རྒྱལ་ཁབ་ཀྱི་རྒྱ་ཁྱོན། ས་ཁམས་གནས་ཡུལ། རང་བྱུང་ཐོན་ཁུངས། ཐོན་སྐྱེད་ནུས་ཤུགས། མི་གྲངས་དང་སྤུས་ཚད། ཚན་རྩལ་དང་རིག་གནས་ཆུ་ཚད། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲིན་གཏོང་གནས་ཚུལ། རྒྱལ་ཁབ་ཀྱི་སྲིད་ཇུས། དོ་དམ་ནུས་པ། རྒྱལ་སྤྱིའི་འབྲེལ་བ། རྒྱལ་སྤྱིའི་གོ་གནས་སོགས་ལྟ་བུ། ཇི་ལྟར་བྱས་ནས་རང་རྒྱལ་ཁབ་ལ་ཡོད་པའི་ཆ་རྐྱེན་སྣ་ཚོགས་བེད་སྤྱོད་གང་ལེགས་བྱ་དགོས་པ་མ་ཟད། དམག་འཁྲུག་རྒྱག་སྐབས་མགྱོགས་མྱུར་དང་ཕན་ནུས་ལྡན་པའི་སྒོ་ནས་དེ་དམག་འཁྲུག་བྱེད་ནུས་སུ་བསྒྱུར་རྒྱུ་ནི་རྒྱལ་ཁབ་ཅིག་གི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་ཆུང་གི་རྩ་བའི་མཚོན་ཚུལ་ཡིན།

4_2 རྒྱལ་སྲུང་གི་བྱ་སྤྱོད།

དེང་རབས་ཀྱི་རྒྱལ་སྲུང་ནི་རྒྱལ་ཁབ་ཀྱི་བྱ་སྤྱོད་ཅིག་ཡིན་ལ་རྒྱལ་སྤྱིའི་བྱ་སྤྱོད་ཅིག་ཀྱང་ཡིན།

རྒྱལ་ཁབ་ཅིག་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་འདོད་ན། རྒྱལ་སྲུང་སྲ་བརྟན་དུ་བཏང་ན། སྲིད་གཞུང་གིས་ད་གཟོད་སེམས་ཤུགས་གཅིག་སྒྲིལ་གྱིས་སྲིད་ཇུས་ཡང་དག་པ་གཏན་འབེབས་བྱེད་ཐུབ་པ་དང་། ད་གཟོད་མི་ཤུགས་དང་དངོས་ཤུགས་ཡོད་ཚད་སྐུལ་སློང་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་བྱེད་ཐུབ་པ་དང་། མི་དམངས་ཀྱང་གཞི་ནས་བདེ་སྡོད་ལས་བརྩོན་བྱེད་ཐུབ་པ་རེད། འོན་ཀྱང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཀྱིས་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་ཀྱང་རྒྱལ་སྤྱིའི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། འཛམ་གླིང་གི་ཞི་བདེ་དང་དམག་འཁྲུག་དང་། དཔལ་འབྱོར་དར་རྒྱས་དང་ཉམས་རྒུད་དུ་འགྲོ་བ་ཚང་མ་རྒྱལ་ཁབ་ཅིག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་འབྲེལ་ཡོད་རྒྱུ་རྐྱེན་ཡིན་ལ། རྒྱལ་སྲུང་གི་ཕྱོགས་གང་ས་ཅི་ཐད་དང་ཡང་འབྲེལ་བ་ཡོད། འཛམ་གླིང་དང་ལྷག་པར་དུ་མཐའ་འཁོར་རྒྱལ་ཁབ་ཀྱི་དུས་བབ་ཟང་ཟིང་ཆེ་བས། རྒྱལ་ཁབ་དེས་རྒྱལ་སྲུང་ཐད་དོ་ཁུར་དེ་བས་མང་བ་བྱེད་དགོས། གལ་ཏེ་རྒྱལ་ཁབ་གཞན་གྱི་དྲག་ཤུགས་བསྣན་ཚེ་རྒྱལ་ཁབ་དེས་ངེས་པར་དུ་རྒྱལ་སྲུང་སྐུལ་སློང་བྱས་ཏེ་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་བསུ་བ་ཞུ་དགོས། དེའི་ཐོག་ནས་དེང་རབས་ཀྱི་རྒྱལ་སྲུང་དེ་རྒྱལ་ཁབ་ཀྱི་གཞི་རྩའི་བྱ་སྤྱོད་ཅིག་ཡིན་པའི་དུས་མཚུངས་སུ་ཉིན་རེ་བཞིན་རྒྱལ་སྤྱིའི་བྱ་སྤྱོད་ཅིག་ཏུ་འགྱུར་བཞིན་ཡོད་པ་མཐོང་ཐུབ།

4_3 རིམ་པ་མང་བའི་དམིགས་ཡུལ།

རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱིས་དེང་རབས་རྒྱལ་སྲུང་ཐད་བཞག་པའི་རྟགས་ཐམ་དེ་བས་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། རྒྱལ་ཁབ་ཁག་གི་རྒྱལ་ཁབ་ཀྱི་ཁེ་ཕན་མི་འདྲ་བ་དང་། ལྷག་པར་དུ་དཔལ་འབྱོར་གྱི་ཁེ་ཕན་མི་འདྲ་བས། གཏན་ལ་ཕབ་པའི་འཐབ་ཇུས་ཀྱང་སོ་སོར་ལོ་ངོ་སྟོང་ཕྲག་རེ་ཡོད་པ་དང་། དེའི་ཁར་རྒྱལ་ཁབ་ཁག་གི་དམག་དོན་སྟོབས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་ཁྱད་པར་ཡང་བསྣན་ན། དེང་རབས་ཀྱི་རྒྱལ་སྲུང་ལ་རིམ་པ་མང་བའི་དམིགས་འབེན་མ་ལག་བྱུང་བ་རེད།

ཁྱབ་ཁོངས་ནས་བཤད་ན་རང་སྲུང་གི་དམིགས་འབེན་དང་། ས་ཁོངས་ཀྱི་དམིགས་འབེན། གོ་ལ་ཧྲིལ་པོའི་དམིགས་འབེན་བཅས་སུ་དབྱེ་ཆོག རང་རྒྱལ་གྱི་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རོལ་གྱི་དཔལ་འབྱོར་ཁེ་ཕན་ལ་ཚད་བཀག་ཡོད་པ་དང་། དེའི་ཁར་རང་ངོས་ཀྱི་སྟོབས་ཤུགས་མི་འདང་བས། རྒྱལ་སྲུང་གི་དམིགས་འབེན་དེ་ཆེས་གཞི་རྩའི་རིམ་པ་ཞིག་ཏུ་གཏན་འཁེལ་བྱེད་པ་སྟེ། རང་སྲུང་གི་དམིགས་འབེན་གྱི་རྒྱལ་སྲུང་ཡིན་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་དམིགས་དགོས། རྒྱལ་ཁབ་ཁ་ཤས་ལ་འཛམ་གླིང་གི་ཁྱབ་ཁོངས་སུ་རང་ཉིད་ཀྱི་དཔལ་འབྱོར་ཁེ་ཕན་ཡོད་མོད། འོན་ཀྱང་རྒྱ་སྐྱེད་སྲིད་ཇུས་ལག་བསྟར་མི་བྱེད་པའམ་ཡང་ན་དམག་དོན་དངོས་ཤུགས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་སླེབས་མེད་པས། འགོག་སྲུང་གི་དམིགས་འབེན་དེ་རང་རྒྱལ་ཁབ་དང་ཉེ་འཁོར་ས་ཁོངས་སུ་གཏན་འཁེལ་བྱས་ཡོད། དེ་ཡང་གསལ་པོར་བཤད་ན། ས་ཁོངས་ཀྱི་དམིགས་འབེན་རྒྱལ་སྲུང་གིས་རང་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་སྲུང་སྐྱོང་བྱེད་པའི་རིམ་པ་འདིའི་སྟེང་ཡང་བསྐྱར་མཐོར་འདེགས་བྱས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ལ་མཐའ་འཁོར་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་གང་ཐུབ་བྱེད་པ་མ་ཟད། རང་སྲུང་གི་ཤུགས་དང་ལྡེམ་ཤུགས་ཀྱང་ཇེ་ཆེར་གཏོང་བཞིན་ཡོད། སྟོབས་ཤུགས་ངོ་མ་ཡོད་པའི་རྒྱལ་ཁབ་ཉུང་ཤས་ཤིག་ལ་རྒྱལ་ཁབ་ཀྱི་ཁེ་ཕན་འཛམ་གླིང་ཡོངས་ལ་ཁྱབ་པའམ་ཡང་ན་རང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་དམིགས་ཡུལ་དང་། ཡང་ན་འཛམ་གླིང་ཧམ་འཛིན་གྱི་རེ་ངན་བཅངས་ནས་རྒྱལ་སྲུང་གི་དམིགས་ཡུལ་འཛམ་གླིང་ལ་མགོ་སྐོར་བཏང་ནས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དམག་འཁྲུག་གི་ཉེན་ཁ་སེལ་བ་བཅས་བྱེད་པའམ་ཡང་ན་བཙན་འཛུལ་དང་རྒྱ་སྐྱེད་བཏང་ནས་རང་ཉིད་ཀྱི་འདོད་བློ་རྒྱལ་ཁབ་གཞན་ལ་བཙན་འགེལ་བྱས་པ་རེད།

ད་རུང་ནང་དོན་སྟེང་ནས་རྒྱལ་སྲུང་གི་དམིགས་འབེན་རིམ་པར་དབྱེ་ཆོག གཅིག་ནི་རྒྱལ་ཁབ་འཚོ་གནས་དང་མི་རིགས་རང་བཙན་ཅན་གྱི་རྒྱལ་སྲུང་ལ་ཁག་ཐེག་བྱེད་པར་དམིགས་ནས་འཚོ་གནས་དམིགས་འབེན་ཟེར། རིགས་གཞན་ཞིག་ནི་རྒྱལ་ཁབ་འཚོ་གནས་བྱེད་པར་སེམས་ཁྲལ་མེད་པ་དང་། མི་རིགས་རང་བཙན་བྱེད་པར་སེམས་ཁྲལ་མེད་པ། རྒྱལ་སྲུང་གི་དམིགས་ཡུལ་ནི་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་འཚམ་པའི་བར་སྟོང་ཞིག་བརྩོན་ལེན་བྱ་རྒྱུ་དེ་ཡིན་པ་དེར་འཕེལ་རྒྱས་གཏོང་བའི་དམིགས་འབེན་ཟེར།

རྒྱལ་སྲུང་ནི་རྒྱལ་ཁབ་ཀྱི་ངོ་བོ་དང་། ལམ་ལུགས། རྒྱལ་སྟོབས་བཅས་ཀྱིས་སྤེལ་བའི་སྲིད་ཇུས་མི་འདྲ་བའི་དབང་གིས་ཁྱད་ཆོས་མི་འདྲ་བ་ལྡན་ཡོད། རྒྱལ་སྲུང་གི་གཞི་འཛིན་ས་ཚང་མ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཡིན།

5 དམག་དོན་ཨུ་ལྷན་གྱི་འགོ་ཁྲིད།

ཀྲུའུ་ཞི། ཞི་ཅིན་ཕིན།

ཀྲུའུ་ཞི་གཞོན་པ། ཞུས་ཆི་ལེང་དང་ཀྲང་ཡིའུ་ཞ།

ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཞི་ཅིན་ཕིན།

ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཞུས་ཆི་ལེང་དང་ཀྲང་ཡིའུ་ཞ།

ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཝེ་ཧྥེང་ཧོ། ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་མིང་།


དཔྱད་གཞིའི་ཡིག་ཆ།