སྤྱི་ཁྱབ་པུའུ་ལམ་ལུགས་ནི་ལོ་རྒྱུས་ཀྱིས་གྲུབ་པ་ཞིག་ཡིན་པས་ཀྲུང་གོའི་དམག་དཔུང་འཛུགས་སྐྱོང་དང་། འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལས་འགན་གལ་ཆེན་ཁག་ལེགས་པར་འགྲུབ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། གནས་བབ་དང་ལས་འགན་གོང་དུ་འཕེལ་བ་དང་ཆབས་ཅིག སྒྲིག་སྲོལ་དེའི་རིགས་གནས་པའི་གནད་དོན་ཡང་ཉིན་བཞིན་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད་ལ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་པུའུ་ལམ་ལུགས་དེ་ཉིད་སྡེ་ཁག་མང་པོའི་ལམ་ལུགས(སྤྱི་ཁྱབ་པུའུ་བཞི་ནས་འགན་ནུས་སྡེ་ཁག་བཅོ་ལྔ་རུ་བསྒྱུར)ཤིག་ཡིན་ཞིང་། དེ་ནི་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་དོ་དམ་དང་། འཐབ་ཁུལ་གཙོ་བོ། དམག་རིགས་གཙོ་འཛུགས་བཅས་སྤྱིའི་རྩ་དོན་ལྟར། དམག་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་འགན་ནུས་ལེགས་སྒྱུར་དང་མཐུན་སྦྱོར་གྱི་འགན་ནུས་འཐུས་ཚང་དུ་བཏང་སྟེ། དམག་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དེ་དམག་དོན་ཨུ་ཡོན་ལྷན་ཁང་གི་དྲག་ཇུས་ལས་ཁུངས་དང་། ལག་བསྟར་ལས་ཁུངས། ཞབས་འདེགས་ལས་ཁུངས་བཅས་སུ་འགྱུར་བར་བྱེད་དགོས། དེ་ལྟར་ལེགས་སྒྲིག་བྱས་ན། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་དང་དམག་ཨུའི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ཕན་ཐོགས་པ་དང་། དམག་ཨུའི་ལས་ཁུངས་ཀྱིས་འཐབ་ཇུས་ཇུས་འགོད་དང་སྤྱི་ཁོག་དོ་དམ་གྱི་འགན་ནུས་སྒྲུབ་པར་ཕན་ཐོགས་ཡོད་ལ། དབང་ཆ་བཀོལ་སྤྱོད་ལ་ཚོད་འཛིན་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཀྱང་ཡོད།
སྤྱི་ལོ1949ལོའི་ཟླ11པའི་ཚེས11ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་མི་དམངས་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་པེ་ཅིན་ཀྲུང་ནན་ཧའེ་རུ་བཙུགས་ཤིང་། ཀྲུང་དབྱང་དམག་ཨུའི་དོན་གཅོད་ལས་ཁུངས་ཤིག་ཡིན་ལ། དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་གཞུང་སྒྲུབ་ཐིང(བསྡུས་མིང་ལ་རྒྱལ་སྲུང་པུའུ་གཞུང་སྒྲུབ་ཐིང)ཡང་ཟེར། དམག་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིང་གི་ནམ་རྒྱུན་གྱི་ལས་ཀ་རྣམས་དྲུང་ཡིག་ཆེན་མོ་རྒན་གཞོན་གྱིས་གཙོ་སྐྱོང་གནང་གི་ཡོད།
སྤྱི་ལོ1965ལོའི་ཟླ11པ་ནས་བཟུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དྲག་ཇུས་པུའུ་ཡི་གཞུང་ལས་ཐིང་དང་། དེའི་ཁོངས་གཏོགས་ཀྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་རྩ་འཛུགས་གོ་རིམ་ཞིག་ཡིན།
སྤྱི་ལོ1979ལོའི་ཟླ4བར། སྤྱི་ཁྱབ་ཚན་དྲག་ཇུས་པུའུ་ཡི་གཞུང་སྒྲུབ་ཐིང་དང་ལོགས་སུ་དགར་ནས། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས།
སྤྱི་ལོ1983ལོའི་ཟླ6པའི་རྗེས་སུ། གཞུང་ལས་ཐིང་གིས་འགན་གཅིག་ལྕོགས་སུ་བཞེས་ཡོད།
ཀྲུའུ་རེན། ཆིན་ཧྲེང་ཞང་།
ཀྲུའུ་རེན་གཞོན་པ། སུང་ཏན་དང་ཐེན་དབྱི་ཞང་།
ཀྲུའུ་རེན། ཀྲུང་ཧྲའོ་ཅུན།
ཀྲུའུ་རེན་གཞོན་པ། ཝང་ཨན་ལུང་།