ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-15 11:37ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཞིག་ཡིན་པ་དང་། སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞི་བྱས་ནས་བཙུགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国退役军人事务部
ཕྱི་ཡིག་གི་མིང་།
Ministry of Veterans Affairs of the people's Republic of China
བསྡུས་མིང་།
དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ།
འགན་བཞེས་པུའུ་ཀྲང་།
སུན་ཧྲའོ་ཧེང་།
1 ངོ་སྤྲོད་མདོར་བསྡུས། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཞིག་ཡིན་པ་དང་། སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞི་བྱས་ནས་བཙུགས་པ་ཞིག་ཡིན། 

སྤྱི་ལོ2018ལོའི་ཟླ4པའི་ཚེས16ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་པེ་ཅིང་དུ་དངོས་སུ་སྒོ་བྱང་བཀལ་བ་རེད།

2 སྒྲིག་གཞི་འཛུགས་སྐྲུན། 

དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དམག་མིའི་ཞབས་ཞུ་འགན་ལེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བྱས་ཏེ་གཅིག་སྡུད་གཅིག་གྱུར་དང་འགན་འཁྲི་ཁ་གསལ་ཡིན་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་དོ་དམ་འགན་སྲུང་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དམག་མི་སྤྱི་ཚོགས་ཡོངས་ཀྱིས་གོང་བཀུར་བྱེད་པའི་ལས་རིགས་སུ་འགྱུར་བ་བྱེད་ཆེད། ཇུས་གཞིའི་ནང་དམངས་སྲིད་པུའུ་ཡི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་གཟིགས་སྐྱོང་བཀོད་སྒྲིག་གི་འགན་འཁུར་ཏེ་མི་ཤུགས་ཐོན་ཁུངས་དང་དམག་མིའི་དམག་དཔོན་བཀོད་སྒྲིག་གི་འགན་འཁྲི། དེ་བཞིན་ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུའུ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་པུའི་འབྲེལ་ཡོད་འགན་འཁྲི་བསྡུ་སྒྲིལ་བཅས་བྱས་ཏེ། རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཡིན་པ་གཏན་འཁེལ་བྱས། 

3 ལོ་རྒྱུས་ཀྱི་འཕེལ་རིམ། 

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་འཛུགས་རྒྱུའི་ཆོག་མཆན་སྤྲད། 

སྤྱི་ལོ2018ལོའི་ཟླ4པའི་ཚེས16ཉིན། རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་ཡི་སྒོ་བྱང་པེ་ཅིང་དུ་དངོས་སུ་བཀལ། 

སྤྱི་ལོ2018ལོའི་ཟླ7པའི་ཚེས31ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་གཙོ་ཆེའི་དྲ་ཚིགས་སྤྱོད་འགོ་ཚུགས།

སྤྱི་ལོ2018ལོའི་ཟླ9བའི་ཚེས1ཉིན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའི་དྲ་ཚིགས“དྲ་ཐོག་ཡིག་བསྐུར་ངོ་གཏུག”སོགས་མཉམ་འགུལ་ལས་དོན་ལེགས་གྲུབ་བྱུང་བ་མ་ཟད། དྲ་ཐོག་ཏུ་ཚོད་ལྟའི་འཁོར་སྐྱོད་བྱས། 

4 འགན་འཁྲི་གཙོ་བོ།  

དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བསམ་བློ་ཆབ་སྲིད་དང་། དོ་དམ་འགན་སྲུང་སོགས་ཀྱི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱས་ནས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་དམག་མིས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཆེད་དུ་བློས་གཏོང་དང་ལེགས་སྐྱེས་འབུལ་བའི་བསམ་པའི་ཉམས་འགྱུར་དང་། རིན་ཐང་གི་སྟོན་ཕྱོགས་ལ་བསྔགས་བརྗོད་བྱེད་པ་དང་། དམག་དཔུང་གི་ལས་སྒྱུར་ལས་བྱེད་པ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་སློབ་གསོ་གསོ་སྦྱོང་དང་གཟིགས་སྐྱོང་སོགས་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་གི་ལས་ཀར་སློབ་སྟོན་བྱ་རྒྱུ་དང་། སྔོན་གཤེགས་དཔའ་བོ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་མཚན་སྙན་བྱ་དགའ་དང་། དམག་མིའི་སྤྱི་བའི་བང་སོ་སྲུང་སྐྱོང་བྱ་དགོས་པ་བཅས་ཡིན། 

5 ད་ལྟའི་འགོ་ཁྲིད། 

པུའུ་ཀྲང་། སུན་ཧྲའོ་ཧེང་།  

པུའུ་ཀྲང་གཞོན་པ། ཧྥང་ཡུང་ཞང་།  ཆན་ཧྥེང་། ཀྲུའུ་ཐེན་ཧྲུའུ།  

པུའུ་སྡོད་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་། ལིན་གོ་ཡའོ། 

6 ​གཞུང་སྒྲུབ་ས་གནས། 

སྡོད་གནས། པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཆུས་པེ་ཡོན་ལམ་ཨང36པ། ཅིན་ཡོན་ཁང་ཆེན་གྱིBདངCའདུག་གནས། 

སྦྲག་ཨང་། 100012


དཔྱད་གཞིའི་ཡིག་ཆ།