ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-15 15:32ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་གྲོང་གསེབ་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国农业农村部
ཕྱི་ཡིག་གི་མིང་།
Ministry of agriculture and rural areas of the people's Republic of China
གསར་འཛུགས་དུས་སྐབས།
སྤྱི་ལོ2018ལོའི་ཟླ3པ།
འགན་བཞེས་པུའུ་ཀྲང་།
ཧན་ཁྲང་ཧྥུའུ།
1 ​ལས་ཁུངས་འཛུགས་པ།

ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་ལྡན་པའི་གནད་དོན་ཞིག་ཡིན། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྤྱི་འདོམས་ལག་བསྟར་བྱེད་པ། ཞིང་ལས་ཕྱོགས་ཡོངས་ནས་རིམ་སྤོར་དང་། གྲོང་གསེབ་ཕྱོགས་ཡོངས་ནས་གོང་འཕེལ། ཞིང་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་མྱུར་མངོན་འགྱུར་ཡོང་བ་བཅས་བྱ་ཆེད། ཇུས་གཞིའི་ནང་ཞིང་ལས་པུའུ་ཡི་འགན་འཁྲི་དང་དེ་བཞིན་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། ཀོའུ། ཀུད་བཅས་ཀྱི་འབྲེལ་ཡོད་ཞིང་ལས་མ་འཇོག་གི་འགན་འཁྲི་བསྡུ་སྒྲིལ་བྱས་ནས་ཞིང་ལས་གྲོང་གསེབ་པུའུ་བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཞིག་ཏུ་བརྩི་དགོས་ཞེས་བཏོན་ཡོད། ཞིང་ལས་པུའུ་ཡི་ཞིབ་དཔྱད་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཁོངས་སུ་འཇུག་དགོས་དང་ཞིང་ལས་པུའུ་སོར་འཇོག་མི་བྱེད་པ་ཡིན།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་པུའུ་འཛུགས་རྒྱུར་ཆོག་མཆན་སྤྲད་པ་རེད།

2 འགན་འཁྲི་གཙོ་བོ།  

“ཞིང་གསུམ”ལས་ཀའི་འཐབ་ཇུས་དང་། འཆར་འགོད། སྲིད་ཇུས་བཅས་གཅིག་གྱུར་འཆར་འགོད་ཀྱིས་ཞིབ་འཇུག་དང་ལག་བསྟར་བྱ་རྒྱུ་དང་། འདེབས་འཛུགས་ལས་རིགས་དང་། ཕྱུགས་ལས། ཉ་ལས། ས་རྒོད་གསར་སྦོལ། ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་བ་བཅས་ཡིན།

3 ད་ལྟའི་འགོ་ཁྲིད།

ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་། ཧན་ཁྲང་ཧྥུའུ།

ཞིང་ལས་དང་གྲོང་གསེབ་པུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་པུའུ་ཀྲང་གཞོན་པ། ཡུས་ཞིན་རུང་།

པུའུ་ཡི་འགོ་ཁྲིད། ཧན་ཅུན། ཀྲང་ཐའོ་ལིན། ཝུའུ་ཆིང་ཧའེ། ཡུས་ཁང་ཀྲེན། ཐང་ཧྭ་ཅུན། ཝུའུ་ཧུང་ཡའོ། མ་ཨའེ་ཞང་། ལི་ཅིན་ཞང་།


དཔྱད་གཞིའི་ཡིག་ཆ།