ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-14 17:41ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བསྡུས་མིང་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཟེར་ཞིང་། (དབྱིན་ཡིགMinistry of communications and transportation of People's Republic of Chinaཞེས་པ་བསྡུས་ནསMOTཞེས་བྲིས་ཡོད)འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国交通运输部
ཕྱི་ཡིག་གི་མིང་།
Ministry of communications and transportation of People's Republic of China
གཞུང་ཕྱོགས་དྲ་ཚུགས།
http://www.mot.gov.cn/
འགན་བཞེས་པུའུ་ཀྲང་།
ལི་ཞོའོ་ཕིང་།
1 ​ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བསྡུས་མིང་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཟེར་ཞིང་། དབྱིན་ཡིག་MinistryofTransportofthePeoplesRepublicofChinaཞེས་བསྡུས་ནསMOTཞེས་བྲིས་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་གཏོགས་སྡེ་ཁག་ཅིག་ཡིན། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནི་སྤྱི་ལོ2008ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི་གཞིར་བཟུང་ནས་དེ་སྔའི་འགྲིམ་འགྲུལ་པུའུ་ཡི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་རྒྱལ་ཁབ་སྦྲག་སྲིད་ཅུས་སོགས་སྡེ་ཚན་ཚང་མས་ད་ཐེངས་ཀྱི“ལམ་ལུགས་མང་ཆེ་བའི”སྒྱུར་བཅོས་ཁྲོད་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་དོ་དམ་ཁོངས་སུ་བཅུག་ཡོད། 

2 སྒྲིག་གཞི་མདོར་བསྡུས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག་གཞུང་ལམ་དང་། ཆུ་ལམ། འགྲིམ་འགྲུལ་བཅས་ལས་རིགས་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམས་སྒྲིག་གི་སྲིད་ཇུས་དང་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་འགྲིམ་འགྲུལ་བྱ་གཞག་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། སྐྱེལ་འདྲེན་འགན་ལེན་གྱི་ནུས་པ་ཆེ་རུ་ཕྱིན་པ། བདེ་འཇགས་ལྟ་སྐུལ་དོ་དམ་དང་མི་སྲོག་རོགས་སྐྱོབ་ལ་གྲུབ་འབྲས་གསར་པ་ཐོབ་པ། འགོ་ཡག་པོ་ཚུགས་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པ་བཅས་བྱུང་ནས“ལོ་ལྔའི་འཆར་ཅན་བཅུ་གཅིག་པའི”དམིགས་ཚད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པའི་ཕྱོགས་སུ་གོམ་སྟབས་བརྟན་པོ་ཞིག་སྤོས་པ་རེད།

3 སྡེ་ཁག་གི་འཕེལ་རྒྱས།

སྤྱི་ལོ2008ལོའི་ཟླ3པའི་ཚེས11ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་འཛུགས་རྒྱུའི་གྲོས་བསྡུར་བྱས། སྲིད་གཞུང་མང་ཆེ་བའི་ལམ་ལུགས་བསྒྱུར་བཅོས་བྱེད་པའི་གོམ་རིམ་ཞིག་ཡིན། སྤྱི་ལོ2008ལོའི་ཟླ3པའི་ཚེས23ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་པེ་ཅིན་ཅན་གོ་མིན་ནེ་སྲང་ལམ་གྱི་སྒོ་རྟགས་ཨང11པའི་སྒོ་བྱང་བཀལ་བ་རེད། སྤྱི་ལོ2009ལོའི་ཟླ2ཚེས19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་པུའི“གཏན་འཁེལ་གསུམ”གྱི་ཇུས་གཞིར་དངོས་སུ་མཆན་འགོད་བཀའ་ལན་གནང་བ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནི་སྤྱི་ལོ2008ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞིར་གཞིགས་ནས་དེ་སྔའི་འགྲིམ་འགྲུལ་པུའུ་ཡི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་རྒྱལ་ཁབ་སྦྲག་སྲིད་ཅུས་སོགས་སྡེ་ཚན་གྱིས་ད་ཐེངས་ཀྱི“མང་ཆེ་བའི་ལམ་ལུགས”ཀྱི་སྒྱུར་བཅོས་ཁྲོད་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་དོ་དམ་བྱེད་པའི་ཁོངས་སུ་བཅུག་ཡོད།

འགྲིམ་འགྲུལ་སྐྱེལ་འདྲེན་བཀོད་སྒྲིག་བྱེད་ཚུལ་ལེགས་སུ་གཏོང་བ་དང་། སྤྱི་ཡོངས་ཀྱི་བཟང་ཆ་དང་སྡེབ་སྒྲིག་ལས་ཆོད་འདོན་སྤེལ་བྱེད་པ། སྟབས་བདེ་དང་། འགྲིམ་འགྲུལ་པུའུ་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི་དང་། གྲོང་ཁྱེར་གྱི་འགྲུལ་སྐྱེལ་ལ་མཛུབ་ཁྲིད་བྱེད་པའི་འགན་འཁྲི་དེ་པུའུ་དེའི་ཁོངས་སུ་བསྡུ་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་གཞུང་ལམ་དང་། སྐམ་ས། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་ལས་རིགས་འཆར་འགོད་དང་། སྲིད་ཇུས། ཚད་གཞི་བཅས་བཟོ་འགོད་དང་ལག་བསྟར་སྒྲིག་འཛུགས་བྱེད་པ་དང་། ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་དང་འབྲེལ་བ་ཡོད་པའི་འཆར་འགོད་མཐུན་སྦྱོར་གྱི་ལས་དོན་སྒྲུབ་འགན་འཁུར་བ། སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཡིན། དུས་མཚུངས་སུ་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་བཙུགས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་དོ་དམ་བྱ་རྒྱུ། སྦྲག་སྲིད་དང་འགྲིམ་འགྲུལ་སྐྱེལ་འདྲེན་གཅིག་གྱུར་གྱིས་འཆར་འགོད་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད་རྒྱལ་ཁབ་སྦྲག་སྲིད་ཅུས་དེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་དོ་དམ་བྱ་རྒྱུར་བསྒྱུར་བ་རེད། 

སི་དང་ཅུས་ཡན་ལག་ས་ཚིགས། གཞུང་དོན་ཐིང་དང་། སྲིད་ཇུས་ཁྲིམས་སྲོལ་སི། ཕྱོགས་བསྡུས་འཆར་འགོད་སི། ནོར་དོན་སི། མི་དོན་ངལ་རྩོལ་སི། གཞུང་ལམ་ཅུས། ཆུ་ཐོག་སྐྱེལ་འདྲེན་ཅུས། བདེ་འཇགས་ལྟ་སྐུལ་སི། ཚན་རྩལ་སི། རྒྱལ་སྤྱིའི་མཉམ་ལས་སི། སྤྱི་བདེ་ཅུས། ལས་ཁུངས་ཏང་ཨུད། ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་ཅུས། གཞུང་ལམ་ཅུས། ཆུ་ཐོག་སྐྱེལ་འདྲེན་ཅུས། གཞུང་ལམ་སྐྱེལ་འདྲེན་སི། བདེ་འཇགས་ལྟ་སྐུལ་སི། ཚན་རྩལ་སི། རྒྱལ་སྤྱིའི་མཉམ་ལས་སི། སྤྱི་བདེ་ཅུས། ལས་ཁུངས་ཏང་ཨུ། ལས་ཁུངས་ཏང་ཨུ། ལས་བྲལ་དང་ལས་འཁྱུར་ངལ་གསོ་ལས་བྱེད་པའི་ཅུས། ཅིན་ལྟེ་གནས། སྒྲིག་བཤེར་ཚོགས་ཆུང་ལྟ་ཞིབ་ཅུས། ལས་ཁུངས་ཞབས་ཞུ་ཅུས་བཅས་ཡིན།

ཐད་གཏོགས་སྒྲིག་གཞིའི་ཡན་ལག་ས་ཚིགས། པུའུ་མཚོ་དོན་ཅུས་དང་པུའུ་རོགས་སྐྱོབ་ཆུ་ལེན་ཅུས་དང་། འབྲི་ཆུའི་མཁའ་འགྲུལ་དོ་དམ་ཅུས། ཀྲུའུ་ཅང་མཁའ་འགྲུལ་དོ་དམ་ཅུས། ཀྲུང་གོ་གྲུ་གཟིངས་རིམ་པ་ཁང་། སྤུས་ཚད་ལྟ་སྐུལ་ཅུས་བཅས་ཡིན། 

4 འགན་ནུས་གཙོ་བོ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་དང་འགན་ནུས་གཞན་སྒྱུར་ཇུས་གཞིའི》དགོངས་དོན་གཞིར་བཟུང་ནས། 《འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་སྒྲིག་གཞི་དང་མི་སྣའི་སྒྲིག་ཁོངས་གཏན་འབེབས་པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་སྤེལ[2009]ཡིག་ཨང18པ)དང《འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་འཁྲི་དང་སྒྲིག་ཁོངས་ལེགས་སྒྲིག་སྐོར་གྱི་ཀྲུང་དབྱང་སྒྲིག་ཁོངས་གཞུང་དོན་ཁང་གི་བརྡ་ཐོ》(ཀྲུང་དབྱང་སྒྲིག་ཁོངས་གཞུང་དོན་ཁང་གིས་བཀྲམས་པའི[2013]ཡིག་ཨང133པ)གཏན་འབེབས་གཞིར་བཟུང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འགན་ནུས་གཙོ་བོ་གཤམ་གསལ་ལྟར་ཡིན། 

(གཅིག)རྒྱལ་ཁབ་དང་། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས། རྒྱལ་ཁབ་སྦྲག་སྲིད་ཅུས་བཅས་ལ་དོ་དམ་བྱ་རྒྱུ་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་ཁབ་དང་། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས། རྒྱལ་ཁབ་སྦྲག་སྲིད་ཅུས་ལས་ཁུངས་བཅས་ཀྱི་ཏང་གི་ལས་དོན་ལའང་དོ་དམ་བྱ་དགོས་པ་ཡིན། 

(གཉིས)ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་འགན་འཁུར་དགོས་པ་དང་། ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་དང་དེ་བཞིན་སྦྲག་སྲིད་ལས་རིགས་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱེད་དགོས་པ། ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་དང་འཚམ་པའི་ལམ་ལུགས་དང་སྒྲིག་སྲོལ་ལམ་སྲོལ་འཛུགས་དགོས་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བགྲོད་ལམ་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་གལ་ཆེན་གྱི་བཀོད་པ་ལེགས་སུ་གཏོང་དགོས་པ། འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཐབས་སྣ་ཚོགས་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

(གསུམ)ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་སྲིད་ཇུས་བཟོ་འགོད་སྒྲིག་འཛུགས་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཆར་གཞི་བཟོ་འགོད་སྒྲིག་འཛུགས། ལྕགས་ལམ་དང་། གཞུང་ལམ། ཆུ་ལམ་བཅས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། སྲིད་ཇུས། འཆར་གཞི་བཅས་བཟོ་འགོད་བཅས་ཀྱི་འགན་འཁུར་རྒྱུ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལྟེ་གནས་འཆར་འགོད་དང་དོ་དམ་བྱེད་པར་མཛུབ་སྟོན་བྱ་རྒྱུ། རྒྱལ་ཁབ་ཀྱིས་ལྕགས་ལམ་འཆར་འགོད་ལ་ཞིབ་འཇུག་བྱེད་པར་ཞུགས་པ་དང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་དམངས་སྤྱོད་མཁའ་འགྲུལ་དང་སྦྲག་སྲིད་ལས་རིགས་ཀྱི་འཆར་འགོད་འཆར་འགོད་གཏན་འབེབས་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་འབྲེལ་མཐུད་དོ་སྙོམས་ཡོང་བའི་འགན་འཁུར་གྱི་ཡོད། ལས་རིགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་འཆར་འགོད་བཟོ་འགོད་བྱེད་པར་ཞུགས་པ་དང་། འབྲེལ་ཡོད་སྲིད་ཇུས་དང་ཚད་གཞི་བཟོ་འགོད་བྱེད་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་དགོས།

(བཞི)ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་འཆར་ཟིན་བཟོ་འགོད་བྱེད་རྒྱུའི་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ་དང་། ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ། སྦྲག་སྲིད་བཅས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཆར་ཟིན་བཟོ་འགོད་བྱེད་རྒྱུའི་ལས་ཀ་གཅིག་གྱུར་འཆར་འགོད་བྱེད་རྒྱུ། ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། སྦྲག་སྲིད་བཅས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་འཆར་ཟིན་དེ་རྒྱལ་ཁབ་དང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། རྒྱལ་ཁབ་སྦྲག་སྲིད་ཅུས་བཅས་ཀྱིས་འཆར་ཟིན་བཀོད་པ་དང་འབྲེལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ལས་དོན་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་རྗེས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་གོང་རིམ་ལ་སྙན་སེང་ཞུས་པའམ་ཡང་ན་ཁྱབ་བསྒྲགས་བྱ་རྒྱུ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་འབྲེལ་ཡོད་ལས་ཀའི་འགན་འཁུར་རྒྱུ་དང་། ས་གནས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་སློབ་སྟོན་བྱ་དགོས་པ་ཡིན། 

(ལྔ) ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཚད་གཞི་བཟོ་འགོད་བྱེད་འགན་འཁུར་རྒྱུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་ཀྱི་ཚད་གཞི་སྣ་ཚོགས་མཐུན་སྦྱོར་དང་འབྲེལ་མཐུད་བྱེད་འགན་འཁུར་རྒྱུ། རྒྱལ་ཁབ་དང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། རྒྱལ་ཁབ་སྦྲག་སྲིད་ཅུས་བཅས་ཀྱིས་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཚད་གཞི་ལྟར་ལས་ཀ་བྱ་དགོས། 

(དྲུག)གཞུང་ལམ་དང་ཆུ་ལམ་སྐྱེལ་འདྲེན་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་དགོས། བགྲོད་ལམ་དང་ཆུ་ལམ་སྐྱེལ་འདྲེན་གྱི་འབྲེལ་ཡོད་སྲིད་ཇུས་དང་། ཞུགས་འཐུས་ལམ་ལུགས། ལག་རྩལ་གྱི་ཚད་གཞི། གཉེར་སྐྱོང་ཚད་གཞི་བཅས་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་བཟོ་རྒྱུ་མ་ཟད་ལག་བསྟར་ལ་ལྟ་སྐུལ་ཡང་བྱས་ཏེ་མཐུན་སྦྱོར་དང་འབྲེལ་མཐུད་ཀྱི་ལས་ཀ་སྒྲུབ་འགན་འཁུར་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་འཆར་འགོད་དང་གཉེར་སྐྱོང་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་འགན་འཁྲི་དང་ལས་རིགས་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། གཉེར་སྐྱོང་རང་བཞིན་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་བདེ་འཇགས་ཚད་གཞི་བཟོ་རྒྱུ་དང་། རླངས་འཁོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་དཔྱད་ཚད་ལེན་དོ་དམ་ལ་མཛུབ་ཁྲིད་བྱ་རྒྱུ། འཕྲུལ་སྒུལ་འཁོར་རིགས་བེད་མེད་ཟུར་འཇོག་གི་སྲིད་ཇུས་དང་ཚད་གཞི་བཟོ་བའི་ལས་དོན་ནང་ཞུགས་རྒྱུ་བཅས་རེད། རླངས་འཁོར་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་སྐྱེལ་འདྲེན་དང་། རྒྱལ་སྤྱི་དང་རྒྱལ་མཚམས་ཀྱི་ཆུ་རྒྱུན་སྐྱེལ་འདྲེན་དང་དེ་བཞིན་གྲུ་ལམ་གྱི་འབྲེལ་ཡོད་དོ་དམ་ལས་ཀ་སྒྲུབ་འགན་འཁུར་བ་ཡིན། 

(བདུན) ཆུ་ཐོག་གི་འགྲིམ་འགྲུལ་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས། ཆུ་ཐོག་འགྲིམ་འགྲུལ་དོ་དམ་དང་། གྲུ་གཟིངས་དང་དེ་བཞིན་འབྲེལ་ཡོད་ཆུ་ཐོག་སྒྲིག་བཀོད་ལ་ཞིབ་བཤེར་དང་། ཐོ་འགོད། སྦགས་བཙོག་སྔོན་འགོག་དང་། ཆུ་ཐོག་མེ་འགོགའགན་སྲུང་། རོགས་སྐྱོབ་ཆུ་ནས་འདོན་པ། འཕྲིན་གཏོང་ཕྱོགས་སྟོན། གྲུ་གཟིངས་དང་གྲུ་ཁའི་སྒྲིག་བཀོད་ཀྱི་བདེ་སྲུང་དང་སྐྱེལ་འདྲེན་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས། གྲུ་པའི་དོ་དམ་དང་མཚོ་ཇག་སྔོན་འགོག་གི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་རྒྱུ། ཀྲུང་དབྱང་དོ་དམ་ཆུ་ཁོངས་ཀྱི་ཆུ་ཐོག་འགྲིམ་འགྲུལ་བདེ་འཇགས་ལས་འཛོལ་དང་། གྲུ་གཟིངས། དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་བཅས་ཀྱི་སྦགས་བཙོག་དོན་རྐྱེན་གྱི་འཕྲལ་སྡོམ་ཐག་གཅོད་ཀྱི་འགན་འཁུར་རྒྱུ་དང་། ཁྲིམས་ལྟར་ལས་འཛོལ་བརྟག་དཔྱད་ཐག་གཅོད་ལས་དོན་སྒྲིག་འཛུགས་བྱེད་པའམ་ཡང་ན་དེའི་ནང་ཞུགས་རྒྱུ། རྒྱལ་ཁབ་ཀྱི་མཚོ་ཐོག་སྣུམ་འཕྱུར་དང་མཚོ་ཐོག་སྣུམ་འཕྱུར་གྱི་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱས་ཏེ་མཚོ་ཐོག་གི་མི་སྲོག་གལ་ཆེན་དང་། མཚོ་ཐོག་གི་སྣུམ་འཛག་གལ་ཆེན། གྲུ་གཟིངས་ཀྱི་སྦགས་བཙོག་དོན་རྐྱེན། ཆུ་ཁོངས་ཀྱི་དྭངས་སྒྲིབ་གལ་ཆེན་སོགས་འཕྲལ་སྡོམ་ཐག་གཅོད་ལས་དོན་སྒྲིག་འཛུགས་དང་། མཐུན་སྦྱོར། བཀོད་འདོམས་བཅས་བྱེད་དགོས། ས་གནས་ཀྱི་ཆུ་ཐོག་འགྲིམ་འགྲུལ་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

(བརྒྱད)ལྕགས་ལམ་དང་། གཞུང་ལམ། ཆུ་ལམ་བཅས་ཀྱི་གཏན་འཇགས་རྒྱུ་ནོར་དང་། ཁ་ཕྱོགས། རྒྱལ་ཁབ་ཀྱི་མ་དངུལ་བཅས་བཀོད་སྒྲིག་བྱེད་རྒྱུའི་བསམ་འཆར་འདོན་འགན་འཁུར་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་དབང་ཚད་ལྟར་རྒྱལ་ཁབ་ཀྱི་འཆར་འགོད་ནང་དང་ལོ་འཁོར་འཆར་གཞིའི་ནང་གི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་ལ་ཞིབ་མཆན་འགོད་དགོས། ལྕགས་ལམ་གྱི་མ་དངུལ་འཇོག་བསྡུའི་སྒྲིག་སྲོལ་བསྒྱུར་བཅོས་དང་འབྲེལ་ཡོད་སྲིད་ཇུས་འཆར་འགོད་བྱེད་པའི་ལས་ཀར་ཞུགས་དགོས། གཞུང་ལམ་དང་ཆུ་ལམ་སྒྲུབ་འགན་འཁུར་བའི་རྒྱལ་ཁབ་བཅས་ཡིན། 

5 ད་ལྟའི་འགོ་ཁྲིད། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའི་ཧྲུའུ་ཅི། དབྱང་ཁྲོན་ཐང་། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ལི་ཞའོ་ཕེང་། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་པུའུ་ཀྲང་གཞོན་པ། ཧྥེང་ཀྲེང་ལིན།  

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའི་ཁོངས་མི་རྒྱལ་ཁབ་སྦྲག་སྲིད་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ཅུས་ཀྲང་། མ་ཅུན་ཧྲེང་། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་རུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའུ་ཡི་ཁོངས་མི། སུང་ཕུའུ་ལུང་།

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའི་ཁོངས་མི་པུའུ་ཀྲང་གཞོན་པ། ཏའེ་ཏུང་ཁྲང་། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའི་ཁོངས་མི་པུའུ་ཀྲང་གཞོན་པ་དང་ཐད་གཏོགས་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་ཀྱིས་བཞེས། ལིའུ་ཞའོ་མིང་།  

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའི་ཁོངས་མི་དང་སྤྱི་ཁྱབ་འཆར་འགོད་ཆེ་མོ་བའི་འགན་གཅིག་ལྕོགས་ཀྱིས་བཞེས། ཝང་ཀྲི་ཆིང་། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་སྤྱི་ཁྱབ་བཟོ་བཀོད་པ། ཀྲོའུ་ཝུའེ་དང་ཅང་མིང་པའོ། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བདེ་འཇགས་བཟོ་བཀོད་པ། ལི་ཐེན་པི། 


དཔྱད་གཞིའི་ཡིག་ཆ།