ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-14 16:57ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དང་པུའུ་རིམ་པ་གཙོ་བོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国生态环境部
ཕྱི་ཡིག་གི་མིང་།
Ministry of ecology and environment of the people's Republic of China
དུས་སྐབས།
སྤྱི་ལོ2018ལོའི་ཟླ3པ།
འགན་བཞེས་པུའུ་ཀྲང་།
ལི་ཀན་ཅི།
1 ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཞིག་ཡིན་ཞིང་། པུའུ་རིམ་པ་གཙོ་བོ་ཡིན་པ་དང་ཕྱི་ཕྱོགས་སུ་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུས་ཀྱི་སྒོ་བྱང་སོར་བཞག་བྱས་པ་དང་རྒྱལ་ཁབ་ཀྱི་དྲི་ངན་དབྱང་རླུང་བང་རིམ་ཟད་གྲོན་གྱི་དངོས་པོ་ཕྱིར་གཏོང་ནང་འདྲེན་དོ་དམ་གཞུང་ལས་ཁང་གི་སྒོ་བྱང་བཀལ་བ་ཡིན། 

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས་ནས་བཙུགས་པ་རེད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1974ལོའི་ཟླ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོང་འགོ་ཁྲིད་ཚོགས་ཆུང་དངོས་སུ་བཙུགས་པ་ཡིན་ལ། དེ་ཡིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས། གཏན་འབེབས་བཅས་འགན་འཁུར་རྒྱུ་དང་། རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་ལ་ཞིབ་བཤེར་གཏན་འབེབས་བྱས་ཏེ་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བར་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། 

སྤྱི་ལོ1982ལོའི་ཟླ5པར། སྐབས5པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས23པའི་ཐོག་རྒྱལ་ཁབ་འཛུགས་སྐྲུན་ཨུ་ལྷན་དང་། རྒྱལ་ཁབ་གྲོང་ཁྱེར་འཛུགས་སྐྲུན་སྤྱི་ཁྱབ་ཅུས། འཛུགས་སྐྲུན་བཟོ་ལས་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཚད་ལེན་རིས་འབྲི་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོར་ཡུག་སྲུང་སྐྱོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཅས་ཟླ་སྒྲིལ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོར་ཡུག་སྲུང་སྐྱོང་པུའུ་བཙུགས་ཏེ་ཁོར་ཡུག་སྲུང་སྐྱོང་ཅུས་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།

སྤྱི་ལོ1984ལོའི་ཟླ5པར(རྒྱལ་སྤེལ[1984]ཡིག་ཨང64པ)རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། དེའི་ལས་འགན་ནི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལ་ཞིབ་འཇུག་དང་ཞིབ་བཤེར་གཏན་འབེབས་བྱས་ཏེ། འཆར་འགོད་བླང་བྱ་བཏོན་ཏེ། རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་འགོ་ཁྲིད་དང་སྒྲིག་འཛུགས་མཐུན་སྦྱོར་བྱེད་རྒྱུ་དེ་ཡིན། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནི་ཙུང་ལི་གཞོན་པས་འགན་གཅིག་ལྕོགས་སུ་འཁུར་རྒྱུ་དང་། ལས་སྒྲུབ་ལས་ཁུངས་དེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་པུའུ(ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱིས་ཚབ་སྤྱོད་བྱ་རྒྱུ)རུ་འཛུགས་པར་ཐག་བཅད། 

སྤྱི་ལོ1984ལོའི་ཟླ12པར། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོར་ཡུག་སྲུང་སྐྱོང་པུའུ་ཁོར་ཡུག་སྲུང་སྐྱོང་ཅུས་དེ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ཅུས་སུ་བསྒྱུར་བ་དང་། སྔར་བཞིན་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོར་ཡུག་སྲུང་སྐྱོང་པུའུ་ཡིས་འགོ་ཁྲིད་བྱེད་པ་དང་། དུས་མཚུངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཀྱང་ཡིན། ལས་འགན་གཙོ་བོ་ནི་རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་འཆར་འགོད་དང་། མཐུན་སྦྱོར། ལྟ་སྐུལ། མཛུབ་ཁྲིད་བཅས་ཀྱི་ལས་ཀའི་འགན་འཁུར་རྒྱུ་དེ་ཡིན།

སྤྱི་ལོ1988ལོའི་ཟླ7པར(རྒྱལ་ཁབ་ཀྱི་འཕྲུལ་ཆས་སྒྲིག་གཞི[1988]ཨང4པ)ཁོར་ཡུག་སྲུང་སྐྱོང་གི་ལས་དོན་དེ་གྲོང་ཁྱེར་དང་གྲོང་གསེབ་ནས་ལོགས་སུ་དབྱེ་ནས་རང་ཚུགས་ཀྱི་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ཅུས(པུའུ་རིམ་པ་གཞོན་པ)བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་བསྡུས་དོ་དམ་ཁོར་ཡུག་སྲུང་སྐྱོང་གི་འགན་ནུས་སྡེ་ཚན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན་པའི་གཏན་འབེབས་ཁ་གསལ་བྱས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ལས་ཁུངས་ཀྱང་ཡིན་པ་རེད།

སྤྱི་ལོ1998ལོའི་ཟླ6པར(རྒྱལ་སྤེལ[1998]ཡིག་ཨང5པ། རྒྱལ་གཉེར་སྤེལ[1998]ཡིག་ཨང80པ)རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ཅུས་དེ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་སྤྱི་ཁྱབ་ཅུས(པུའུ་རིམ་པ་རྒན་པ)སུ་རིམ་སྤོར་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་ལས་དོན་གཙོ་གཉེར་བྱེད་མཁན་ཐད་གཏོགས་ལས་ཁུངས་ཤིག་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཡུལ་ཁམས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་པ་རེད། 

སྤྱི་ལོ2008ལོའི་ཟླ7པར(རྒྱལ་དོན་སྤེལ[2008]ཡིག་ཨང73པ)རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་སྤྱི་ཁྱབ་ཅུས་ཁོར་ཡུག་སྲུང་སྐྱོང་པུའུ་རུ་རིམ་སྤོར་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དུ་གྱུར།

སྤྱི་ལོ2018ལོའི་ཟླ3པའི་ཚེས13ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད། སྐྱེ་ཁམས་ཁོར་ཡུག་པུའུ་འཛུགས། ཁོར་ཡུག་སྲུང་སྐྱོང་པུའུ་ཡི་སོར་ཉར་བྱས་མེད་པ་རེད། 

སྤྱི་ལོ2018ལོའི་ཟླ4བའི་ཚེས16ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའི་སྒོ་བྱང་དངོས་སུ་བཀལ་བ་རེད།

3 སྒྲིག་གཞི་འཛུགས་སྐྲུན།

ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཁབ་ཀྱི་སྲིད་ཇུས་ཡིན། ཐར་ཐོར་དུ་གནས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་སྡེབ་སྒྲིག་དང་། སྐྱེ་ཁམས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྦགས་བཙོག་འབུད་གཏོང་གི་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བཅས་བྱེད་ཆེད། ཇུས་གཞིའི་ནང་ཁོར་ཡུག་སྲུང་སྐྱོང་པུའུ་ཡི་འགན་འཁྲི། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་བཙོག་འབུད་ཉུང་གཏོང་གི་འགན་འཁྲི་བཅས་བཏོན་ཡོད། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལས་གྲྭའི་རྣམ་གྲངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་བཅས་སྡེབ་སྒྲིག་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་པུའུ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཡིན། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཕྱི་ཕྱོགས་སུ་རྒྱལ་ཁབ་ཀྱི་ཉིང་རྡུལ་བདེ་འཇགས་ཅུས་ཀྱི་སྒོ་བྱང་སོར་འཇོག་དང་ཁོར་ཡུག་སྲུང་སྐྱོང་པུའུ་སོར་འཇོག་བྱས་མེད། 

སྐྱེ་ཁམས་ཁོར་ཡུག་པུས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་འགན་འཁྲི་ལག་བསྟར་བྱེད་རིང་ཏང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་ནི་གཤམ་གསལ་ལྟར་ཡིན།

(གཅིག)སྐྱེ་ཁམས་ཁོར་ཡུག་གི་གཞི་རྩའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་འགན་འཁུར་དགོས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་སྲིད་ཇུས་དང་འཆར་འགོད་བཟོ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་རྒྱུ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་རྒྱུ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཙོ་གནད་ས་ཁོངས་དང་། འབབ་རྒྱུད། མཚོ་ཁོངས། འཐུང་ཆུ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་འཆར་འགོད་དང་ཆུའི་ཕན་ནུས་ཁུལ་དབྱེ་འབྱེད་བཟོ་འགོད་དང་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་གི་ཚད་གཞི་བཟོ་འགོད་སྒྲིག་འཛུགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ཚད་གཞི་དང་ལག་རྩལ་གྱི་ཚད་གཞི་གཏན་འབེབས་བྱ་དགོས་པ་བཅས་ཡིན། 

(གཉིས) སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གལ་ཆེན་གཅིག་གྱུར་གྱིས་མཐུན་སྦྱོར་དང་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ་དང་། ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་དང་སྣོད་བཅུད་གཏོར་བཤིག་གི་དོན་རྐྱེན་ལ་བརྟག་དཔྱད་དང་ཐག་གཅོད་བྱ་རྒྱུར་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པ་དང་། ས་གནས་སྲིད་གཞུང་གིས་གློ་བུར་དུ་ཐོན་པའི་སྣོད་བཅུད་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་བསྟུན་དང་སྔོན་ཚུད་ཉེན་བརྡའི་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་པ། སྣོད་བཅུད་ཁོར་ཡུག་གི་གནོད་འཚེའི་གུན་གསབ་ལམ་ལུགས་ལག་ལེན་བསྟར་རྒྱུར་སྣེ་ཁྲིད་བྱེད་པ། ས་ཁོངས་ལས་བརྒལ་བའི་ཁོར་ཡུག་སྦགས་བཙོག་གི་རྩོད་གཞི་ཐག་གཅོད་བྱ་རྒྱུར་མཐུན་སྦྱོར་བྱེད་པ། རྒྱལ་ཁབ་ཀྱི་གཙོ་གནད་ས་ཁོངས་དང་། འབབ་རྒྱུད། མཚོ་རྒྱུད་བཅས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་པ་བཅས་རེད།

(གསུམ) རྒྱལ་ཁབ་ཀྱི་སྙིགས་འཕྲིའི་དམིགས་འབེན་དོན་འཁྱོལ་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་དགོས། སྐམ་ས་དང་རྒྱ་མཚོའི་སྦགས་བཙོག་དངོས་རིགས་སྣ་ཚོགས་གཏོང་འབུད་བསྡོམས་འབོར་ཚོད་འཛིན་དང་བཙོག་འབུད་ཆོག་འཐུས་ལག་ཁྱེར་ལམ་ལུགས་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་འབྲེལ་ལག་བསྟར་བྱ་རྒྱུར་ལྟ་སྐུལ་ཡང་བྱས་ཏེ་རླུང་ཁམས་ཆེན་པོ་དང་། ཆུ། རྒྱ་མཚོ་སོགས་བཙོག་ཐེག་བྱེད་ནུས་གཏན་འཁེལ་བྱེད་པ་དང་། བསྡོམས་འབོར་ཚོད་འཛིན་བྱེད་པའི་སྦགས་བཙོག་དངོས་རིགས་ཀྱི་མིང་དང་ཚོད་འཛིན་དམིགས་ཚད་འདོན་པ། ས་གནས་ཁག་གི་སྦགས་བཙོག་དངོས་རིགས་བཙོག་འབུད་ཉུང་གཏོང་གི་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ལམ་ལུགས་ལག་བསྟར་བཅས་བྱེད་དགོས།

(བཞི)སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་གཏན་འཇགས་རྒྱུ་ནོར་དང་། ཁ་ཕྱོགས། རྒྱལ་ཁབ་ཀྱི་མ་དངུལ་བཀོད་སྒྲིག་བཅས་ཀྱི་བསམ་འཆར་འདོན་འགན་འཁུར་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་དབང་ཚད་ལྟར་རྒྱལ་ཁབ་ཀྱི་འཆར་འགོད་ནང་དང་ལོ་འཁོར་འཆར་གཞིའི་གཞི་ཁྱོན་ནང་གི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་ལ་ཞིབ་མཆན་འགོད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ལག་བསྟར་དང་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་དགོས། འཁོར་རྒྱུག་དཔལ་འབྱོར་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་ཞུགས་པ་རེད།

(ལྔ)ཁོར་ཡུག་སྦགས་བཙོག་འགོག་བཅོས་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་བ་དང་། རླུང་ཁམས་ཆེན་པོ་དང་། ཆུ། རྒྱ་མཚོ། ས་རྒྱུ། འཛེར་སྒྲ། འོད། དྲི་ངན། སྲ་གཟུགས་ཟོག་རོ། རླངས་འཁོར་སོགས་ཀྱི་སྦགས་བཙོག་འགོག་བཅོས་དོ་དམ་ལམ་ལུགས་གཏན་འབེབས་བྱ་རྒྱུ་མ་ཟད་། ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་དགོས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཐུང་ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པ། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་བཅས་རེད། ས་ཁོངས་ཀྱི་རླུང་ཁམས་ཆེན་པོའི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། ས་ཁོངས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་མཉམ་འགོག་མཉམ་སྒྲུབ་ལམ་སྲོལ་ལག་བསྟར་སྒྲིག་འཛུགས་བྱེད་དགོས་བ་བཅས་ཡིན། 

(དྲུག)སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་དོན་ལ་མཛུབ་ཁྲིད་མཐུན་སྦྱོར་དང་ལྟ་སྐུལ་བྱེད་དགོས་ཏེ། སྣོད་བཅུད་སྲུང་སྐྱོང་གི་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་བྱས་ནས་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ལྡན་པའི་རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་བྱེད་སྒོ་དང་། གལ་ཆེའི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན། སྣོད་བཅུད་གཏོར་བཤིག་སླར་གསོའི་ལས་དོན་བཅས་ལ་ལྟ་སྐུལ་བྱེད་དགོས། རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་སྒྲིག་འཛུགས་བྱེད་པ་མ་ཟད་ཁྲིམས་བསྟར་ལ་ལྟ་སྐུལ་ཡང་བྱ་དགོས། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་། འདམ་རའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། འགོག་བཅོས་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་བྱེད་དགོས། གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མཛུབ་ཁྲིད་མཐུན་སྦྱོར་དང་ལྟ་སྐུལ་བྱེད་པ་དང་། སྐྱེ་དངོས་ལག་རྩལ་ཁོར་ཡུག་གི་བདེ་འཇགས་ལ་ལྟ་སྐུལ་བྱེད་པ། སྐྱེ་དངོས་རིགས་རིགས(རྒྱུད་འཛིན་ཐོན་ཁུངས་ཚུད་པ)ཀྱི་ལས་དོན་ལ་སྣེ་ཁྲིད་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལས་དོན་སྒྲིག་འཛུགས་མཐུན་སྦྱོར་བྱེད་པ། སྣོད་བཅུད་སྲུང་སྐྱོང་ཁ་གསབ་ལས་དོན་ནང་ཞུགས་པ་བཅས་བྱེད་དགོས།

(བདུན) ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་ཏེ་འབྲེལ་ཡོད་སྲིད་ཇུས་དང་། འཆར་འགོད། ཚད་གཞི་བཅས་བཟོ་བ་དང་། ཉིང་རྡུལ་བདེ་འཇགས་ལས་དོན་མཐུན་སྦྱོར་ལམ་སྲོལ་གྱི་འབྲེལ་ཡོད་ལས་དོན་ལ་སྣེ་ཁྲིད་འགན་འཁུར་བ། ཉིང་རྡུལ་ལས་འཛོལ་འཕྲལ་སྡོམ་ཐག་གཅོད་ནང་ཞུགས་པ། ཁོར་ཡུག་ཁྱབ་འགྱེད་ལས་འཛོལ་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་འགན་འཁུར་བ་བཅས་བྱེད་དགོས་ལ། ཉིང་རྡུལ་སྒྲིག་བཀོད་དང་འཕྲོ་ནུས་ལྡན་པའི་འབྱུང་ཁུངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དང་དོ་དམ་བྱ་རྒྱུ་དང་། ཉིང་རྡུལ་སྒྲིག་བཀོད་དང་། ཉིང་རྡུལ་ལག་རྩལ་བེད་སྤྱོད། འགྱེད་འཕྲོ། འཕྲོ་ནུས་ལྡན་པའི་གཏེར་ཁའི་ཐོན་ཁུངས་བཅས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཁྲོད་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པར་ལྟ་སྐུལ་དང་དོ་དམ་བྱ་རྒྱུ་དང་། ཉིང་རྡུལ་རྒྱུ་ཆས་རྩིས་སྤྲོད་དོ་དམ་དང་དམངས་སྤྱོད་ཉིང་རྡུལ་བདེ་སྲུང་སྒྲིག་ཆས་ཇུས་འགོད་དང་། བཟོ་སྐྲུན། སྒྲིག་སྦྱོར་བཅས་དང་དེ་བཞིན་གནོད་སྐྱོན་མེད་པའི་ཞིབ་བཤེར་བྱེད་སྒོར་ལྟ་སྐུལ་དོ་དམ་བྱ་དགོས། 

(བརྒྱད) སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་དཔལ་འབྱོར་དང་ལག་རྩལ་གྱི་སྲིད་ཇུས་གལ་ཆེན་དང་། གོང་སྤེལ་འཆར་འགོད་གལ་ཆེན་དང་དེ་བཞིན་དཔལ་འབྱོར་གསར་སྤེལ་འཆར་གཞི་གལ་ཆེན་བཅས་ལ་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་བར་གདེང་འཇོག་བྱ། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གལ་ཆེའི་གསར་སྤེལ་འཛུགས་སྐྲུན་ས་ཁོངས་དང་། འཆར་འགོད། རྣམ་གྲངས་བཅས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་གི་གདེང་འཇོག་ཡིག་ཆར་ཞིབ་མཆན་འགོད་པའམ་ཞིབ་བཤེར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ་བཟོ་བ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས།

(དགུ)སྐྱེ་ཁམས་ཐད་ཀྱི་ལས་ཀའི་འགན་འཁུར་ཏེ་སྐྱེ་ཁམས་སྐོར་གྱི་ལམ་ལུགས་བཟོ་བ་དང་། ཚད་ལྡན་བཟོ་བ། འབྲེལ་ཡོད་ཚད་གཞི་བཟོ་བ་བཅས་བྱེད་པ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱ་དགོས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་ས་ཚིགས་བཀོད་སྒྲིག་གཅིག་གྱུར་གྱིས་འཆར་འགོད་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་། ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན། དྲོད་ཁང་རླུང་གཟུགས་འབུད་སྐྱུར་ལྟ་ཞིབ་ཚད་ལེན། འཕྲལ་བསྟུན་ལྟ་ཞིབ་ཚད་ལེན་བཅས་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་ལ་བརྟག་དཔྱད་གདེང་འཇོག་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་སྒྲིག་འཛུགས་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་དྲ་བ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཆ་འཕྲིན་དྲ་བ་འཛུགས་སྐྲུན་དང་དོ་དམ་བྱེད་པའི་སྒྲིག་འཛུགས་བྱ་དགོས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་སྤྱི་བསྒྲགས་བྱེད་པའི་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་རང་བཞིན་གྱི་སྙན་ཞུ་དང་སྐྱེ་ཁམས་ཁོར་ཡུག་གི་ཆ་འཕྲིན་གལ་ཆེན་གཅིག་གྱུར་གྱིས་ཁྱབ་བསྒྲགས་བྱ་དགོས།

(བཅུ) གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ལས་ཀའི་འགན་འཁུར་དགོས། གནམ་གཤིས་འགྱུར་ལྡོག་དང་དྲོད་ཁང་རླངས་གཟུགས་འབུད་སྐྱུར་ལ་ཁ་གཏད་འཇལ་བའི་འཐབ་ཇུས་དང་། འཆར་འགོད། སྲིད་ཇུས་བཅས་གལ་ཆེན་བཟོ་འགོད་སྒྲིག་འཛུགས་བྱས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྣེ་ཁྲིད་དེ་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་གྲོས་མོལ་ལ་ཞུགས་རྒྱུ་སྒྲིག་འཛུགས་བྱས། རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་འབྲེལ་ཡོད་ལས་དོན་ལག་བསྟར་བྱེད་འགན་འཁུར་བ་བཅས་ཡིན། 

(བཅུ་གཅིག)ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་བྱེད་པའི་སྒྲིག་འཛུགས་བྱ་དགོས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ། དབང་ཆ་བསྐུར་བ་ལྟར་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་དང་འགན་འཁྲི་རྩད་གཅོད་བྱེད་དགོས། ས་གནས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་བྱེད་པའི་ལས་དོན་སྤེལ་བར་མཛུབ་སྟོན་བྱ་དགོས།

(བཅུ་གཉིས) གཅིག་གྱུར་གྱིས་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དང་ཁྲིམས་བསྟར་བྱེད་འགན་འཁུར་དགོས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་བསྟར་ཞིབ་བཤེར་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་གནད་དོན་ཚབས་ཆེན་རྩད་ཞིབ་ཐག་གཅོད་བྱ་དགོས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་ཁྲིམས་བསྟར་དཔུང་ཁག་འཛུགས་སྐྱོང་དང་ལས་སྒོའི་ལས་ཀར་ཁྲིད་སྟོན་བྱ་དགོས།

(བཅུ་གསུམ)སྐྱེ་ཁམས་ཁོར་ཡུག་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་རྒྱུ་སྒྲིག་འཛུགས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་སློབ་གསོའི་རྩ་གནད་གཏན་འབེབས་དང་ལག་བསྟར་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་གི་ཚན་རྩལ་ལས་དོན་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཚན་རིག་ཞིབ་འཇུག་གལ་ཆེན་དང་ལག་རྩལ་ལས་གྲྭའི་དཔེ་སྟོན་སྒྲིག་འཛུགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ལག་རྩལ་དོ་དམ་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།

(བཅུ་བཞི) སྐྱེ་ཁམས་ཁོར་ཡུག་གི་རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཁོར་ཡུག་མཉམ་ལས་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་ནས་འདོན་པ། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་རྒྱལ་སྤྱིའི་ཆིངས་ཡིག་ལག་བསྟར་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ། ཕྱི་ཕྱོགས་དང་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་གི་ལས་དོན་ཐག་གཅོད་བྱེད་པར་ཞུགས་པ། གོ་ལ་ཧྲིལ་པོའི་སྐམ་ས་དང་རྒྱ་མཚོའི་སྐྱེ་ཁམས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞུགས་པ།

(བཅོ་ལྔ) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས།

(བཅུ་དྲུག)སྣོད་བཅུད་ཁོར་ཡུག་པུས་སྣོད་བཅུད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྦགས་བཙོག་ཕྱིར་འབུད་ཀྱི་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་འཛིན་གྱི་འགན་འཁྲི་གཅིག་གྱུར་ཐོག་ལག་བསྟར་བྱས་ཏེ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། རླུང་ཁམས་ཆེ་མོ་དང་། ཆུ། སི་བཅས་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ནང་འདྲེན་གྱི་སྲ་གཟུགས་ཟོག་རོའི་སྣ་ཁ་དང་གྲངས་འབོར་ཉུང་དུ་ཤུགས་ཆེན་གཏོང་བ་དང་ཐ་ན་ཕྱི་རྒྱལ་གྱི་གད་སྙིགས་རྒྱལ་ནང་དུ་འཛུལ་རྒྱུ་ཕྱོགས་ཡོངས་ནས་གཏན་འགོག་བཅས་བྱེད་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁེ་ལས་ཀྱིས་གྲུབ་ཆ་གཙོ་བོ་བྱེད་པ། སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་མཉམ་དུ་ཞུགས་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་བྱ་དགོས། 

4 ནང་ཁུལ་གྱི་སྒྲིག་གཞི།

(གཅིག)གཞུང་ལས་ཐིང་། འགན་འཁུར་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་འཁོར་སྐྱོད་ལས་ཀ་དང་། ཆ་འཕྲིན་དང་། བདེ་འཇགས། གསང་སྲུང་། ཡིག་སྐུར་ངོ་གཏུག་། སྲིད་དོན་ཡོངས་བསྒྲགས། ཆ་འཕྲིན་ཅན་སོགས་ཀྱི་ལས་ཀ་སྒྲུབ་འགན་འཁུར་རྒྱུ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཆ་འཕྲིན་དྲ་བ་འཛུགས་སྐྲུན་དང་དོ་དམ་ལས་ཀ་སྒྲུབ་པར་འགན་འཁུར་དགོས། 

(གཉིས)ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གཞུང་ལས་ཁང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལམ་ལུགས་དང་། ལས་ཀའི་འཆར་གཞི། ལག་བསྟར་ཇུས་གཞི་བཅས་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་ལག་བསྟར་བྱས་ནས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་སྒྲིག་འཛུགས་མཐུན་སྦྱོར་གྱི་ལས་འགན་འཁུར་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་གཏན་ལས་དོན་གྱི་འགན་འཁུར་དགོས། 

(གསུམ)ཕྱོགས་བསྡུས་སི། སྐྱེ་ཁམས་ཁོར་ཡུག་གི་སྲིད་ཇུས་དང་འཆར་འགོད་འཆར་ཟིན་འགོད་རྒྱུ་སྒྲིག་འཛུགས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་མཐུན་སྦྱོར་དང་ཞིབ་བཤེར་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལ་བསྡོམས་རྩིས་དང་། ཡོངས་ཁྱབ་ཞིབ་བཤེར། སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ལ་དབྱེ་ཞིབ་བྱེད་རྒྱུ་སྒྲིག་འཛུགས་བྱེད་པ། སྦགས་བཙོག་དངོས་རིགས་གཏོང་འབུད་བསྡོམས་འབོར་ཚོད་འཛིན་བྱེད་པའི་ཕྱོགས་བསྡུས་མཐུན་སྦྱོར་དང་དོ་དམ་ལས་ཀ་སྒྲུབ་འགན་འཁུར་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལོ་འཁོར་དམིགས་ཚད་དང་དཔྱད་ཞིབ་འཆར་གཞི་བཟོ་བ་བཅས་བྱེད་དགོས།

(བཞི) ཁྲིམས་སྲོལ་དང་ཚད་ལྡན་སི། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་དང་སྒྲིག་སྲོལ་འཆར་ཟིན་འགོད་པ་དང་། ལས་ཁུངས་ཀྱི་འབྲེལ་ཡོད་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལས་ཀ་སྒྲུབ་འགན་འཁུར་བ། ལས་ཁུངས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་ཞུ་ལན་སོགས་ཀྱི་ལས་ཀ་སྒྲུབ་འགན་འཁུར་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཚད་གཞི་དང་། ཚད་གཞི། ལག་རྩལ་ཚད་ལྡན་བཅས་ཀྱི་དོ་དམ་ལས་ཀ་སྒྲུབ་པར་འགན་འཁུར་དགོས།

(ལྔ) སྲིད་འཛིན་སྒྲིག་སྲོལ་དང་མི་དོན་སི། ལས་ཁུངས་དང་། མངགས་གཏོང་ལས་ཁུངས། དེ་བཞིན་ཐད་གཏོགས་ཚན་པ་བཅས་ཀྱི་ལས་བྱེད་པའི་མི་དོན་དང་། སྒྲིག་ཁོངས། ངལ་རྩོལ་གླ་ཕོགས་བཅས་ཀྱི་ལས་འགན་འཁུར་རྒྱུ་དང་། སྣོད་བཅུད་ཁོར་ཡུག་ལས་རིགས་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པས་དོ་དམ་ཉིས་བརྩེགས་བྱེད་པའི་འབྲེལ་ཡོད་ལས་དོན་གྱི་འགན་འཁུར་རྒྱུ། སྣོད་བཅུད་ཁོར་ཡུག་སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་འབྲེལ་ཡོད་ལས་དོན་གྱི་འགན་འཁུར་རྒྱུ་བཅས་རེད།

(དྲུག)ཚན་རྩལ་དང་ནོར་དོན་སི། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ་དང་འབྲེལ་ཡོད་ལས་ཀ་སྒྲུབ་འགན་འཁུར་བ་དང་། ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་ནོར་དོན་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ། ནང་ཁུལ་རྩིས་བཤེར་བཅས་ཀྱི་ལས་ཀ་སྒྲུབ་འགན་འཁུར་དགོས། སྣོད་བཅུད་ཁོར་ཡུག་གི་ཚན་རྩལ་ལས་དོན་གྱི་འགན་འཁུར་བ་དང་འཁོར་རྒྱུག་དཔལ་འབྱོར་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་འཕེལ་རྒྱས་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བའི་ནང་ཞུགས་དགོས།

(བདུན)སྲུང་སྐྱོབ་སི(སྐྱེ་དངོས་སྣ་མང་སྲུང་སྐྱོབ་གཞུང་ལས་ཁང་དང་རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་དོ་དམ་གཞུང་ལས་ཁང) སྐྱེ་ཁམས་སྲུང་སྐྱོང་གི་འཆར་འགོད་འཆར་ཟིན་འགོད་རྒྱུ་སྒྲིག་འཛུགས་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་གནས་ཚུལ་དཔྱད་དཔོག་བྱེད་པ། སྐྱེ་ཁམས་དཔེ་སྟོན་གསར་འཛུགས་བྱེད་པར་མཛུབ་སྟོན་བཅས་བྱ་དགོས། རང་བྱུང་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་འབྲེལ་བ་ཡོད་པའི་ལྟ་སྐུལ་དོ་དམ་ལས་ཀ་སྒྲུབ་འགན་འཁུར་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོང་། སྐྱེ་དངོས་བདེ་འཇགས་དོ་དམ་བཅས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་དགོས། ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་དང་རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་དོ་དམ་གཞུང་ལས་ཁང་གི་ལས་དོན་སྒྲུབ་འགན་འཁུར་དགོས། 

(བརྒྱད)ཆུའི་སྐྱེ་ཁམས་ཁོར་ཡུག་སི་བཅས་ཡིན། རྒྱལ་ཡོངས་ཀྱི་ས་ངོས་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ་དང་། རྒྱལ་ཁབ་ཀྱི་གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས། 

(དགུ) རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སི། རྒྱལ་ཡོངས་ཀྱི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ་དང་། སྐམ་སའི་སྦགས་བཙོག་དངོས་རིགས་རྒྱ་མཚོར་འབུད་ཚུལ་ལ་ལྟ་སྐུལ་བྱ་རྒྱུ། མཚོ་ངོགས་དང་རྒྱ་མཚོའི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་དང་། རྒྱ་མཚོའི་སྣུམ་རླངས་རྩད་ཞིབ་གསར་སྤེལ་དང་བེད་མེད་དངོས་རོ་རྒྱ་མཚོར་སྙིགས་རོ་བསྐྱུར་བ་ལས་རྒྱ་མཚོར་སྦགས་བཙོག་གི་གནོད་སྐྱོན་བཟོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀ་སྒྲུབ་འགན་འཁུར་རྒྱུ། རྒྱ་མཚོའི་སྙིགས་རོ་སྐྱུར་ཁུལ་དབྱེ་འབྱེད་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱ་དགོས། 

(བཅུ) རླུང་ཁམས་ཆེན་པོའི་ཁོར་ཡུག་སི(པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་རླུང་ཁམས་ཆེན་པོའི་ཁོར་ཡུག་དོ་དམ་ཅུས) རྒྱལ་ཡོངས་ཀྱི་རླུང་ཁམས་ཆེན་པོ་དང་། འཛེར་སྒྲ། འོད། འགྱུར་རྡོའི་ནུས་ཁུངས་སོགས་སྦགས་བཙོག་འགོག་བཅོས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ་དང་། ས་ཁུལ་ཁག་གི་རླུང་ཁམས་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པའི་དམིགས་འབེན་དོན་འཁྱོལ་བྱས་ཚུལ་ལ་དཔྱད་ཞིབ་བྱེད་པའི་ལམ་ལུགས་འཛུགས་རྒྱུ་དང་། སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་ལ་ཁ་གཏད་འཇལ་བའི་སྲིད་ཇུས་དང་བྱེད་ཐབས་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུ། རླུང་ཁམས་ཆེན་པོའི་ངོས་ཀྱི་སྦགས་བཙོག་འགོག་བཅོས་ལས་ཀ་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་རྒྱུ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་གཏན་ལས་དོན་ལ་འགན་འཁུར་དགོས།

(བཅུ་གཅིག)གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་མཁན། གནམ་གཤིས་འགྱུར་ལྡོག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། སྣེ་ཁྲིད་དེ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་འབྲེལ་ཡོད་ལས་དོན་ལག་བསྟར་བྱེད་པ་དང་། གཙང་སྦྲ་ལྡན་པའི་འཕེལ་རྒྱས་ལམ་སྲོལ་གྱི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས། རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་འཕྲིའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་འབྲེལ་ཡོད་ལས་ཀ་ཞིབ་ཕྲ་སྒྲུབ་པར་འགན་འཁུར་དགོས་བ་ཡིན།  

(བཅུ་གཉིས) ས་རྒྱུའི་སྐྱེ་ཁམས་ཁོར་ཡུག་སི། རྒྱལ་ཡོངས་ཀྱི་ས་རྒྱུ་དང་ས་འོག་གི་ཆུ་སོགས་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་རྒྱུ། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོང་ལས་ཀར་ལྟ་སྐུལ་དང་ཁྲིད་སྟོན་བྱ་རྒྱུ་བཅས་ཡིན།

(བཅུ་གསུམ) སྲ་གཟུགས་ཟོག་རོ་དང་སི་སི། རྒྱལ་ཡོངས་ཀྱི་སྲ་གཟུགས་ཟོག་རོའི་སྦགས་བཙོག་འགོག་བཅོས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ་དང་། ཉེན་ཆེའི་ཟོག་རོ་གཉེར་སྐྱོང་བྱས་འཐུས་དང་། ཕྱིར་གཏོང་བྱས་འཐུས་ཀྱི་ཞིབ་དཔྱད་ཆོག་མཆན་དང་། སྲ་གཟུགས་ཟོག་རོ་ནང་འདྲེན་བྱས་འཐུས་ཀྱི་འཁྲོལ་འཛིན། དུག་ལྡན་ཕྱིར་གཏོང་ནང་འདྲེན་གྱི་ཐོ་འགོད། རྫས་འགྱུར་དངོས་པོའི་ཁོར་ཡུག་གསར་པའི་དོ་དམ་ཐོ་འགོད་སོགས་ཁོར་ཡུག་དོ་དམ་ལམ་ལུགས་ལག་བསྟར་སྒྲིག་འཛུགས་བྱ་དགོས་པ་ཡིན། 

(བཅུ་བཞི) ཉིང་རྡུལ་སྒྲིག་བཀོད་བདེ་འཇགས་ལྟ་སྐུལ་དོ་དམ་སི། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་འགན་འཁུར་བ་དང་། འབྲེལ་ཡོད་སྲིད་ཇུས་བཟོ་བ། ཉིང་རྡུལ་བདེ་འཇགས་ལས་ཀའི་མཐུན་སྦྱོར་ལམ་སྲོལ་གྱི་འབྲེལ་ཡོད་ལས་ཀའི་འགན་འཁུར་བ། འགྱེད་འཕྲོ་སྒྲིག་འཛུགས་བྱེད་པ། ཉིང་རྡུལ་དང་འགྱེད་འཕྲོའི་ལས་འཛོལ་གྱི་འཕྲལ་སྡོམ་ལས་དོན་སྒྲུབ་འགན་འཁུར་བ། ཉིང་རྡུལ་རྒྱུ་ཆ་རྩིས་སྤྲོད་དོ་དམ་དང་དམངས་སྤྱོད་ཉིང་རྡུལ་བདེ་འཇགས་སྒྲིག་ཆས་ཇུས་འགོད་དང་། བཟོ་སྐྲུན། སྒྲིག་སྦྱོར། གནོད་མེད་ཞིབ་བཤེར་བཅས་ཀྱི་བྱེད་སྒོའི་ལྟ་སྐུལ་དོ་དམ་བཅས་ཀྱི་འགན་འཁུར་དགོས།

(བཅོ་ལྔ) ཉིང་རྡུལ་གློག་ཤུགས་བདེ་འཇགས་ལྟ་སྐུལ་དོ་དམ་སི། ཉིང་རྡུལ་མཚོན་ཆ་དང་། ཞིབ་འཇུག་ཅན་གྱི་ཕུང་པོ། ཉེ་མཚམས་སྒྲིག་ཆས་སོགས་ཉིང་རྡུལ་སྒྲིག་བཀོད་ཀྱི་ཉིང་རྡུལ་བདེ་འཇགས་དང་། འགྱེད་འཕྲོ་བདེ་འཇགས། འགྱེད་འཕྲོ་ཁོར་ཡུག་སྲུང་སྐྱོང་བཅས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ།

(བཅུ་དྲུག)འགྱེད་འཕྲོའི་འབྱུང་ཁུངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་སི། ཉིང་རྡུལ་འབར་རྫས་འཁོར་རྒྱུག་སྒྲིག་བཀོད་དང་། འཕྲོ་ནུས་ལྡན་པའི་ཟོག་རོ་ཐག་གཅོད་དང་ཐག་གཅོད་སྒྲིག་བཀོད། ཉིང་རྡུལ་སྒྲིག་བཀོད་བེད་སྤྱོད་བྱེད་བྱའི་རྣམ་གྲངས། ཉིང་རྡུལ་ལག་རྩལ་བེད་སྤྱོད་རྣམ་གྲངས། ཡིའུ(ཐུའུ)གཏེར་ཁ་དང་ལྷན་སྐྱེས་འཕྲོ་ནུས་ལྡན་པའི་གཏེར་ཁ། དབྱི་རྩིབས་འཕྲོའི་སྒྲིག་ཆས་དང་སྒྲིག་བཀོད། དབྱི་དངོས་རྫས་སྐྱེལ་འདྲེན་བཅས་ཀྱི་ཉིང་རྡུལ་བདེ་འཇགས། འགྱེད་འཕྲོའི་བདེ་འཇགས། འགྱེད་འཕྲོའི་ཁོར་ཡུག་སྲུང་སྐྱོང་། འཕྲོ་ནུས་ལྡན་པའི་སྦགས་བཙོག་བཅོས་སྐྱོང་བཅས་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ།

(བཅུ་བདུན)ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་བར་གདེང་འཇོག་དང་འབུད་སྐྱུར་དོ་དམ་སི་བཅས་ཡིན། འཆར་འགོད་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་བར་གདེང་འཇོག་དང་། སྲིད་ཇུས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་བར་གདེང་འཇོགརྣམ་གྲངས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་བར་གདེང་འཇོག་བཅས་བྱེད་འགན་འཁུར་བ་དང་། བཙོག་འབུད་ཆོག་འཐུས་ཕྱོགས་བསྡུས་མཐུན་སྦྱོར་དང་དོ་དམ་ལས་ཀ་སྒྲུབ་འགན་འཁུར་བ། སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་བའི་ཞིབ་ཐོ་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས།

(བཅོ་བརྒྱད) སྐྱེ་ཁམས་སི་དང་རྒྱལ་ཁབ་ཀྱི་སྣོད་བཅུད་ཁོར་ཡུག་དྲ་བ་འཛུགས་སྐྲུན་དང་དོ་དམ་ལས་དོན་གྱི་འགན་འཁུར་དགོས།

(བཅུ་དགུ) སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་ཅུས། སྣོད་བཅུད་ཁོར་ཡུག་གི་སྲིད་ཇུས་དང་། འཆར་འགོད། ཁྲིམས་སྲོལ། ཚད་གཞི་བཅས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱས་ནས་གློ་བུར་དུ་ཐོན་པའི་སྣོད་བཅུད་ཁོར་ཡུག་དོན་རྐྱེན་དང་སྣོད་བཅུད་གཏོར་བཤིག་དོན་རྐྱེན་གྱི་འཕྲལ་བསྟུན་སྔོན་ཇུས་བཟོ་འགོད་སྒྲིག་འཛུགས་དང་། མཐུན་སྦྱོར་ངང་བརྟག་དཔྱད་དང་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་པ། ས་ཁོངས་ལས་བརྒལ་བའི་ཁོར་ཡུག་སྦགས་བཙོག་གི་རྩོད་གཞི་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་དུས་གཅིག་ཏུ་ཇུས་འགོད་དང་། དུས་གཅིག་ཏུ་ལས་འགོ་འཛུགས་པ། དུས་གཅིག་ཏུ་ཐོན་སྐྱེད་དང་བེད་སྤྱོད་བཅས་ཀྱི་ལམ་ལུགས་ལག་ལེན་བསྟར་བྱེད་པ་བཅས་ཡིན། 

(ཉི་ཤུ)རྒྱལ་སྤྱིའི་མཉམ་ལས་སི། རྒྱལ་སྤྱིའི་སྐྱེ་ཁམས་ཁོར་ཡུག་མཉམ་ལས་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་སྐོར་གྱི་གྲོས་འགོ་ཞིབ་འཇུག་བྱས་ནས་འདོན་པ་དང་། འབྲེལ་ཡོད་རྒྱལ་སྤྱིའི་ཆིངས་ཡིག་གི་གྲོས་མོལ་ལས་དོན་སྣེ་ཁྲིད་ཀྱིས་སྒྲིག་འཛུགས་བྱེད་པ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་གི་ལས་དོན་ཐག་གཅོད་བྱེད་པར་ཞུགས་པ། སྐྱེ་ཁམས་ཁོར་ཡུག་གི་རྒྱལ་སྤྱིའི་རྩ་འཛུགས་དང་འབྲེལ་བ་བྱེད་པའི་ལས་དོན་སྒྲུབ་འགན་འཁུར་བ་བཅས་བྱ་དགོས།

(ཉེར་གཅིག)དྲིལ་བསྒྲགས་སློབ་གསོ་སི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་རྩ་གནད་ཞིབ་འཇུག་བཟོ་འགོད་དང་ལག་བསྟར་སྒྲིག་འཛུགས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དྲིལ་བསྒྲགས་སྒྲིག་འཛུགས་བྱ་དགོས།

སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས478(དེའི་ནང་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མི་སྣའི་སྒྲིག་ཁོངས4དང་། རོགས་སྐྱོར་ཤོག་ཁག་གི་སྐབས་བསྟུན་སྒྲིག་ཁོངས2ལས་བྲལ་ལས་འཁྱུར་ལས་བྱེད་ལས་བྱེད་མི་སྣ10བཅས་ཚུད་ཡོད། ) པུའུ་ཀྲང1དང་། པུའུ་ཀྲང་གཞོན་པ། སི་ཅུས་རིམ་པའི་འགོ་ཁྲིད་ཀྱི་གོ་གནས་མི་གྲངས78(དེའི་ནང་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ1དང་། ཉིང་རྡུལ་བདེ་འཇགས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ1རྒྱལ་ཁབ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྲོན་ཡོན8ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1ལས་བྲལ་ལས་འཁྱུར་ངལ་གསོ་ལས་བྱེད་པའི་གཞུང་ལས་ཁང་གི་འགོ་ཁྲིད་ཀྱི་གོ་གནས་མི་གྲངས1བཅས་ཚུད་ཡོད།

ཉིང་རྡུལ་སྒྲིག་བཀོད་བདེ་འཇགས་ལྟ་སྐུལ་དོ་དམ་སི་དང་། ཉིང་རྡུལ་གློག་ཁང་བདེ་འཇགས་ལྟ་སྐུལ་དོ་དམ་སི། འགྱེད་འཕྲོའི་འབྱུང་ཁུངས་བདེ་འཇགས་ལྟ་སྐུལ་དོ་དམ་སི་བཅས་ནི་སྣོད་བཅུད་ཁོར་ཡུག་པུའི་སྒྲིག་གཞི་ཞིག་ཡིན་ལ་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུས་ཀྱི་སྒྲིག་གཞི་ཞིག་ཀྱང་རེད། ཉིང་རྡུལ་བདེ་འཇགས་སྤྱི་ཁྱབ་བཟོ་བཀོད་པ་དང་ཉིང་རྡུལ་སྒྲིག་བཀོད་བདེ་འཇགས་ལྟ་སྐུལ་དོ་དམ་སི་དང་། ཉིང་རྡུལ་གློག་ཁང་བདེ་འཇགས་ལྟ་སྐུལ་དོ་དམ་སི། འགྱེད་འཕྲོའི་འབྱུང་ཁུངས་བདེ་འཇགས་ལྟ་སྐུལ་དོ་དམ་སི་བཅས་ཀྱི་སི་ཀྲང་ཕྱི་ཕྱོགས་སུ“རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུས་ཀྱི་ཅུས་ཀྲང་གཞོན་པའི”མིང་སྤྱོད་ཆོག་གི་ཡོད་པ་རེད།

སྐྱེ་ཁམས་ཁོར་ཡུག་པུའི་ཁོངས་གཏོགས་ཧྭ་པེ་དང་། ལྟ་ཞིབ་ཅུས6གི་སྲིད་འཛིན་སྒྲིག་ཁོངས་ཀྱི་མིང་དེ་པུའུ་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་ཀྱི་སྤྱི་འབོར་ཕུད་ལོགས་སུ་བཀོད་ཡོད་པ་རེད། ལྟ་ཞིབ་ཅུས་ཁག་ཏུ་ཅུས་ཀྲང1དང་། ཅུས་ཀྲང་གཞོན་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྲོན་ཡོན1བཅས་ཡོད་པ་དང་སི་ཅུས་རིམ་པའི་འགོ་ཁྲིད་མི་གྲངས24ཡོད་པ་རེད།

འབྲི་ཆུ་དང་། རྨ་ཆུ། ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། ཀྲུའུ་ཅང་གཙང་པོ། སུང་ལིའོ་ཆུ་བོ། ཐའེ་ཧུའུ་མཚེའུ་བཅས་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ཅུས་ནི་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་འབབ་རྒྱུད་བདུན་དུ་བཙུགས་པའི་མངག་གཏོང་ལས་ཁུངས་ཤིག་ཡིན་ཞིང་། གཙོ་བོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་བསྟར་གྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ་དང་། འགོ་ཁྲིད་ཉིས་བརྩེགས་ལག་བསྟར། སྐྱེ་ཁམས་ཁོར་ཡུག་པུའུ་གཙོ་བོར་བྱེད་པའི་དོ་དམ་སྒྲིག་སྲོལ་ལག་བསྟར་བྱས་ཏེ། བཀོད་སྒྲིག་ཞིབ་ཕྲ་དང་། འགན་འཁྲི། སྒྲིག་བཟོ་བཅས་ཀྱི་དོན་ཚན་ལོགས་སུ་གཏན་འབེབས་བྱས་ཡོད།

5 མི་སྣའི་སྒྲིག་ཁོངས། 

སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས478(དེའི་ནང་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མི་སྣའི་སྒྲིག་ཁོངས4དང་། རོགས་སྐྱོར་ཤོག་ཁག་གི་སྐབས་བསྟུན་སྒྲིག་ཁོངས2ལས་བྲལ་ལས་འཁྱུར་ལས་བྱེད་ལས་བྱེད་མི་སྣ10བཅས་ཚུད་ཡོད། ) པུའུ་ཀྲང1དང་། པུའུ་ཀྲང་གཞོན་པ། སི་ཅུས་རིམ་པའི་འགོ་ཁྲིད་ཀྱི་གོ་གནས་མི་གྲངས78(དེའི་ནང་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ1དང་། ཉིང་རྡུལ་བདེ་འཇགས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ1རྒྱལ་ཁབ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྲོན་ཡོན8ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1ལས་བྲལ་ལས་འཁྱུར་ངལ་གསོ་ལས་བྱེད་པའི་གཞུང་ལས་ཁང་གི་འགོ་ཁྲིད་ཀྱི་གོ་གནས་མི་གྲངས1བཅས་ཚུད་ཡོད། 

ཉིང་རྡུལ་སྒྲིག་བཀོད་བདེ་འཇགས་ལྟ་སྐུལ་དོ་དམ་སི་དང་། ཉིང་རྡུལ་གློག་ཁང་བདེ་འཇགས་ལྟ་སྐུལ་དོ་དམ་སི། འགྱེད་འཕྲོའི་འབྱུང་ཁུངས་བདེ་འཇགས་ལྟ་སྐུལ་དོ་དམ་སི་བཅས་ནི་སྣོད་བཅུད་ཁོར་ཡུག་པུའི་སྒྲིག་གཞི་ཞིག་ཡིན་ལ་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུས་ཀྱི་སྒྲིག་གཞི་ཞིག་ཀྱང་རེད། ཉིང་རྡུལ་བདེ་འཇགས་སྤྱི་ཁྱབ་བཟོ་བཀོད་པ་དང་ཉིང་རྡུལ་སྒྲིག་བཀོད་བདེ་འཇགས་ལྟ་སྐུལ་དོ་དམ་སི་དང་། ཉིང་རྡུལ་གློག་ཁང་བདེ་འཇགས་ལྟ་སྐུལ་དོ་དམ་སི། འགྱེད་འཕྲོའི་འབྱུང་ཁུངས་བདེ་འཇགས་ལྟ་སྐུལ་དོ་དམ་སི་བཅས་ཀྱི་སི་ཀྲང་ཕྱི་ཕྱོགས་སུ“རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུས་ཀྱི་ཅུས་ཀྲང་གཞོན་པའི”མིང་སྤྱོད་ཆོག་གི་ཡོད་པ་རེད། 

སྣོད་བཅུད་ཁོར་ཡུག་པུའི་ཁོངས་གཏོགས་ཧྭ་པེ་དང་། ལྟ་ཞིབ་ཅུས6གི་སྲིད་འཛིན་སྒྲིག་ཁོངས་ཀྱི་མིང་དེ་པུའུ་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་ཀྱི་སྤྱི་འབོར་ཕུད་ལོགས་སུ་བཀོད་ཡོད་པ་རེད། ལྟ་ཞིབ་ཅུས་ཁག་ཏུ་ཅུས་ཀྲང1དང་། ཅུས་ཀྲང་གཞོན་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྲོན་ཡོན1བཅས་ཡོད་པ་དང་། སི་ཅུས་རིམ་པའི་འགོ་ཁྲིད་མི་གྲངས24ཡོད་པ་རེད། 

འབྲི་ཆུ་དང་། རྨ་ཆུ། ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། ཀྲུའུ་ཅང་གཙང་པོ། སུང་ལིའོ་ཆུ་བོ། ཐའེ་ཧུའུ་མཚེའུ་བཅས་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ཅུས་ནི་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་འབབ་རྒྱུད་བདུན་དུ་བཙུགས་པའི་མངག་གཏོང་ལས་ཁུངས་ཤིག་ཡིན་ཞིང་། གཙོ་བོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་བསྟར་གྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ་དང་། འགོ་ཁྲིད་ཉིས་བརྩེགས་ལག་བསྟར། སྐྱེ་ཁམས་ཁོར་ཡུག་པུའུ་གཙོ་བོར་བྱེད་པའི་དོ་དམ་སྒྲིག་སྲོལ་ལག་བསྟར་བྱས་ཏེ། བཀོད་སྒྲིག་ཞིབ་ཕྲ་དང་། འགན་འཁྲི། སྒྲིག་ཁོངས་དོན་ཚན་བཅས་ལོགས་སུ་གཏན་འབེབས་བྱས་ཡོད། 

6 ད་ལྟའི་འགོ་ཁྲིད།

པུའུ་ཀྲང་། ཏང་ཙུའུ་ཧྲུའུ་ཅི། ལི་ཀན་ཅེ།

པུའུ་ཀྲང་གཞོན་པ། ཧོང་རུན་ཆིའུ། ཀྲའེ་ཆིན། ཀྲའོ་དབྱིན་རྨིན། ཀྲོང་གོ་ཐའེ།

པུའུ་ཀྲང་གཞོན་པ། རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུས་ཀྱི་ཅུས་ཀྲང་། ལིའུ་ཧྭ།

སྣོད་བཅུད་ཁོར་ཡུག་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་། ཚའོ་ལི་ཕིང་།


དཔྱད་གཞིའི་ཡིག་ཆ།