ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-15 08:34ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག(སྤྱི་ལོ2008ལོའི་ཟླ3པའི་ཚེས11ཉིན)“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར”གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བཙུགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国人力资源和社会保障部
ཕྱི་ཡིག་གི་མིང་།
Ministry of Human Resources and Social Security of the People's Republic of China
བསྡུས་མིང་།
རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།
དབྱིན་ཇིའི་བསྡུས་མིང་།
MOHRSS
གཞུང་ཕྱོགས་དྲ་ཚུགས།
http://www.mohrss.gov.cn/
པུའུ་ཀྲང་།
ཀྲང་ཅི་ནན།
དཀར་ཆག
1   ངོ་སྤྲོད། 
2   སྒྲིག་གཞི་ངོ་སྤྲོད།
3   འགོ་ཁྲིད་གཙོ་བོ།
4   འགན་ནུས་གཙོ་བོ།
5    ནང་ཁུལ་གྱི་སྒྲིག་གཞི།
5.1 གཞུང་ལས་ཐིང་།
5.2 སྲིད་ཇུས་ཞིབ་འཇུག་སི།
5.3 ཁྲིམས་སྲོལ་སི།
5.4 ནོར་དོན་འཆར་འགོད་སི།
5.5 ལས་ཞུགས་སྐུལ་སྤེལ་སི།
5.6 མི་ཤུགས་ཐོན་ཁུངས་ཁྲོམ་ར་སི།
5.7 དམག་དཔོན་བཀོད་སྒྲིག་སི།
5.8 ལས་རིགས་ནུས་པ་འཛུགས་སྐྲུན་སི།
5.9 ཆེད་ལས་ལག་རྩལ་མི་སྣ་དོ་དམ་སི།
5.10 མི་དོན་དོ་དམ་སི།
5.11 གླ་རྒྱག་ཞིང་པའི་ལས་དོན་སི།
5.12 ངལ་རྩོལ་འབྲེལ་བའི་སི།
5.13 ཟླ་ཕོགས་ཕན་གཉེར་སི།
5.14 རྒན་གསོ་འགན་བཅོལ་སི།
5.15 ལས་ཤོར་ཉེན་འགོག་སི།
5.16 སྨན་བཅོས་འགན་བཅོལ་སི།
5.17 ལས་རྨས་འགན་བཅོལ་སི།
5.18 གྲོང་གསེབ་སྤྱི་ཚོགས་འགན་བཅོལ་སི།
5.19 སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ལྟ་སྐུལ་སི།
6   མི་སྣའི་སྒྲིག་ཁོངས།
1 ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག(སྤྱི་ལོ2008ལོའི་ཟླ3ཚེས11ཉིན)“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར”གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དུས་མཚུངས་སུ་རྒྱལ་ཁབ་གཞུང་ལས་པ་ཅུས་བཙུགས་ཏེ་མི་ཤུགས་ཐོན་ཁུངས་དང་དོ་དམ་བྱ་བ་དང་། མི་དོན་པུའུ་དང་། ངལ་རྩོལ་པུའུ་སོགས་མེད་པར་བཟོས་ཤིང་། སྤྱི་ལོ2008ལོའི་ཟླ3པའི་ཚེས31ཉིན་དངོས་སུ་སྒོ་བྱང་བཀལ་བ་དང་དེའི་གཞུང་ཕྱོགས་དྲ་ཚིགས་ཀྱང་ཉིན་དེར་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད།

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས་ནས་མི་ཤུགས་ཐོན་ཁུངས་དང་དམག་དཔོན་བཀོད་སྒྲིག་གི་འགན་འཁྲི་བསྡུ་སྒྲིལ་བྱས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་མིའི་ལས་དོན་པུའུ་བཙུགས་པ་དང་། མི་ཤུགས་ཐོན་ཁུངས་དང་གྲོང་ཁྱེར་དང་གྲོང་བརྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་བུ་བཙའི་འགན་བཅོལ་གྱི་འགན་འཁྲི་སྡེབ་སྒྲིག་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་བཙུགས་པ་རེད།

2 སྒྲིག་གཞི་ངོ་སྤྲོད།

སྤྱི་ལོ2008ལོའི་ཟླ3པའི་ཚེས31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྐབས་བཅུ་གཅིག་པ་བཙུགས་པའི་ཉིན13པར། དེ་སྔའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དོན་པུའུ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་དང་འབྲེལ་བ་ཡོད་པའི་རྨང་གཞིའི་ཐོག་གསར་དུ་བཙུགས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་དངོས་སུ་སྒོ་བྱང་བཀལ་བ་རེད།

ཉིན་འདི་སླེབས་པ་གློ་བུར་མིན། སྤྱི་ལོ2007ལོའི་ཟླ10པར་འཚོགས་པའི་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྙན་ཞུའི་ནང་གསལ་པོར་བསྟན་དོན། “སྒྲིག་གཞི་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་ནུས་གཅིག་གྱུར་དམ་ཚགས་བྱེད་པའི་སྡེ་ཁག་ཆེན་པོའི་སྒྲིག་སྲོལ་འཚོལ་ཞིབ་བྱེད་པ། སྡེ་ཁག་བར་མཐུན་སྦྱོར་གཞོགས་འདེགས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། ཞེས་བརྗོད་བྱུང་། དོ་ཁུར་བྱ་ཡུལ་མང་པོའི་ཁྲོད་ལས་གནས་ཐོག་གི་མི་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་དོན་པུའུ་དང་ངལ་རྩོལ་འགན་སྲུང་པུའུ་བསྡུ་སྒྲིལ་བྱ་རྒྱུ་དེ་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་བྱ་ཡུལ་གཙོ་བོར་གྱུར་ཡོད། སྤྱི་ལོ2008ལོའི་ཟླ3ཚེས18ཉིན་གྱི་ཚོགས་འདུ་གཉིས་གྲོལ་རྗེས་སྐབས་འདིའི་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི་མཐར་ཐལ་རྡུལ་ལང་ལོང་དུ་འཕྱུར་ནས་མི་ཤུགས་ཐོན་ཁུངས་དང་ཆུ་ཁར་གཡེང་བ་རེད།

སྔོན་ཆད་ལ་ཕྱི་མིག་བལྟས་ཚེ། སྒྲིག་གཞི་སྒྱུར་བཅོས་བྱེད་ཐེངས་གང་ཞིག་ཡིན་རུང་ཚང་མ་སྐབས་དེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་འཚམ་པོ་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་སྤྱི་ལོ1982ལོའི་བར་ངལ་རྩོལ་མི་དོན་སྡེ་ཁག་ཟླ་སྒྲིལ་ཐེངས་དང་པོ་བཏང་བ་དང་། མི་དོན་དང་ངལ་རྩོལ་པའི་ལས་ཞུགས་གནད་དོན་དང་འབྲེལ་བ་ཡོད་པའི་སྲིད་གཞུང་གི་སྒྲིག་གཞི་བཙུགས་པ་དེ་སྐབས་དེའི་གསང་བ་དང་ཁ་འབྲལ་ཐབས་མེད། སྤྱི་ལོ1949ལོའི་ཟླ10པར་སླེབས་སྐབས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་མི་དོན་ཅུས་བཙུགས་པ་དེ་ནི་དེ་སྔའི་རྒྱལ་ཁབ་མི་དོན་པུའུ་ཡི་འབྱུང་ཁུངས་ཡིན། སྤྱི་ལོ1950ལོར་སླེབས་དུས། ཀྲུང་དབྱང་མི་དོན་པུའུ་བཙུགས་པ་དང་། ཨན་ཙི་ཝུན་གྱིས་པུའུ་ཀྲང་གི་འགན་བཞེས། ལོ་དེར་ཀྲུང་དབྱང་མི་དོན་པུའུ་ནས་ཕྱིར་འཐེན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་དོན་ཅུས་བཙུགས། སྤྱི་ལོ1959ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་དོན་ཅུས་ཕྱིར་འཐེན་བྱས་ཏེ་ནང་སྲིད་པུའུ་ཡི་སྲིད་གཞུང་ལས་ཁུངས་ཀྱི་མི་དོན་ཅུས་བཙུགས། “རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ། ནང་སྲིད་པུའུ་མེད་པར་བཟོས་པ་དང་། འབྲེལ་ཡོད་མི་དོན་ཕྱོགས་ཀྱི་བྱ་བ་དེ་ཀྲུང་དབྱང་རྩ་འཛུགས་པུའུ་ལ་སྤྲད་ནས་སྒྲུབ་ཏུ་བཅུག་པ་དང་། སྤྱི་ལོ1978ལོའི་ཟླ3པར་དམངས་སྲིད་པུའུ་སྲིད་གཞུང་ལས་ཁུངས་མི་དོན་ཅུས་བཙུགས། སྤྱི་ལོ1980ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་སྲིད་པུའུ་ཡི་སྲིད་གཞུང་ལས་ཁུངས་ཀྱི་མི་དོན་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམག་དཔུང་གི་ལས་བསྒྱུར་ལས་བྱེད་ཚོ་ཆུང་གཞུང་ལས་ཁང་གཉིས་ཟླ་སྒྲིལ་བཏང་ནས་རྒྱལ་ཁབ་ཀྱི་མི་དོན་ཅུས་བཙུགས་ཏེ་ཐད་ཀར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།

དེ་སྔའི་ངལ་རྩོལ་འགན་སྲུང་པུའུ་ཡི་དེ་སྔའི་ཀྲུང་དབྱང་མི་དམངས་སྲིད་གཞུང་ངལ་རྩོལ་པུའུ་ལ་ཁུངས་འདེད་བྱེད་དགོས་པ་དང་། སྤྱི་ལོ1949ལོའི་ཟླ9པར་བཙུགས་པ་དང་། དེའི་རྗེས་སུ་འགྱུར་ལྡོག་ཐེངས་འགའ་བྱུང་། འདི་ལོའི་ཟླ9པར་ངལ་རྩོལ་པུའུ་བཙུགས་པ་དང་། སྤྱི་ལོ1970ལོའི་ཟླ6པར་ཀྲུང་དབྱང་གིས་ངལ་རྩོལ་པུའུ་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་དུ་ཟླ་སྒྲིལ་གཏོང་རྒྱུའི་ཐག་བཅད་པ་རེད། སྤྱི་ལོ1975ལོའི་ཟླ9བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ངལ་རྩོལ་བྱ་བ་དེ་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་ནས་ཁག་བགོས་ཏེ་རྒྱལ་ཁབ་ངལ་རྩོལ་སྤྱི་ཁྱབ་ཅུས་འཛུགས་རྒྱུའི་ཐག་བཅད།

སྤྱི་ལོ1982ལོར་སླེབས་དུས། སྲིད་གཞུང་གི་ལས་ཁུངས100ལྷག་ཙམ་ཟིན་པ་དང་། སྐབས་དེའི་ཆབ་སྲིད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། སྒྲིག་གཞི་བསྒྱུར་བཅོས་མ་བྱས་ཐབས་མེད་རེད།

སྤྱི་ལོ1982ལོའི་རྗེས་སུ་དཔལ་འབྱོར་སྒྲིག་སྲོལ་རིམ་བཞིན་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། མི་དོན་དང་ངལ་རྩོལ་གྱི་སྒྲིག་གཞི་ལེགས་སྒྲིག་ཐེངས་འགའ་བྱས་པ་དང་། སྔོན་ལ་མཐུན་ཞིང་རྗེས་སུ་བགོས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་དགོས་མཁོ་དང་སྔར་ལས་མཐུན་པར་བྱས།

ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པའི་འཛུགས་སྐྲུན་གྱི་བསམ་བློ་གཏན་འཁེལ་བྱས་པ་དང་སྒྲིག་གཞི་འཛུགས་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད། སྤྱི་ལོ1982ལོར་སླེབས་སྐབས་སྲིད་གཞུང་གི་སྒྲིག་གཞི་འཛུགས་ཚད་མཐོ་ཤོས་སུ་སླེབས་ཡོད། དེ་ནས་བཟུང་ཐེངས་ལྔའི་སྲིད་གཞུང་སྡེ་ཁག་ཁུ་བསྡུ་བཅོས་བསྒྱུར་བྱེད་འགོ་བརྩམས། དེ་ནི་ སྤྱི་ལོ1982ལོ་དང་སྤྱི་ལོ1988ལོ། སྤྱི་ལོ1998ལོ། སྤྱི་ལོ1998ལོ། སྤྱི་ལོ2003ལོ་བཅས་ཡིན། སྤྱི་ལོ1982ལོར་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་ཐེངས་དང་པོ་བྱེད་པའི་ལས་འགན་གཙོ་བོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་སྒྲུབ་སྡེ་ཁག་སྤྱི་ལོ100ནས61ལ་ཁུ་བསྡུ་བྱ་རྒྱུ་དེ་ཡིན། སྤྱི་ལོ1988ལོ་དང་སྤྱི་ལོ1993ལོར“འགན་ནུས”ཀྱི་ཆེད་དུ་སྒྲིག་གཞི་བསྒྱུར་བཅོས་ཐེངས་གཉིས་བྱས། སྤྱི་ལོ1998ལོར་སླེབས་སྐབས་ཤུགས་ཚད་ཆེ་ཤོས་ཀྱི་ལེགས་སྒྲིག་ཅིག་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན40ནས29བར་ཉུང་དུ་ཕྱིན་ཡོད། ཁུ་བསྡུ་སྒྱུར་བཅོས་ཐེངས5བྱས་ནས་གཞུང་ཁོངས་ཁེ་ལས་སྡེ་ཚན་དང་སྤྱི་པའི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་འཚམ་པ་བྱས་ཡོད།

བྱ་རིམ་དེའི་ནང་མི་དང་ལས་ཀ་དང་འབྲེལ་བ་ཡོད་པའི་ལས་ཁུངས་ལེགས་སྒྲིག་ཐེངས་འགའ་བྱེད་འགོ་བརྩམས་ཤིང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་དགོས་མཁོ་དང་སྔར་ལས་ལེགས་པའི་སྒོ་ནས་འཚམ་པ་བྱེད་ཆེད་ཡིན། སྤྱི་ལོ1982ལོའི་ཟླ5བར། རྒྱལ་ཁབ་ངལ་རྩོལ་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་མི་དོན་ཅུས། རྒྱལ་ཁབ་སྒྲིག་ཁོངས་གཞུང་ལས་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་རྩལ་ལས་བྱེད་པ་ཅུས་བཅས་ཟླ་སྒྲིལ་བཏང་ནས་ངལ་རྩོལ་མི་དོན་པུའུ་བཙུགས་པ་དང་། ཀྲའོ་ཧྲོའུ་ཡི་པུའུ་ཀྲང་དང་པོ་བྱས། སྤྱི་ལོ1988ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞིགས

3 འགོ་ཁྲིད་གཙོ་བོ།

སྤྱི་ལོ1998ལོར་ལས་ཁུངས་བཅོས་བསྒྱུར་བྱས་ཏེ་ངལ་རྩོལ་པུའུ་ཡི་རྨང་གཞིའི་སྟེང་ངལ་རྩོལ་དང་ངལ་རྩོལ་པུའུ་ཡིས་དོ་དམ་བྱེད་པའི་སྤྱི་ཚོགས་ཉེན་སྲུང་དང་། མི་དོན་པུའུ་ཡིས་དོ་དམ་བྱེད་པའི་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་སྤྱི་ཚོགས་ཉེན་སྲུང་། དམངས་སྲིད་པུའུ་ཡིས་དོ་དམ་བྱེད་པའི་གྲོང་གསེབ་ཀྱི་རྒན་གསོ་ཉེན་སྲུང་། ལས་རིགས་སོ་སོའི་སྡེ་ཁག་གིས་གཅིག་གྱུར་གྱིས་འཆར་འགོད་བྱས་པའི་རྒན་གསོ་ཉེན་སྲུང་། འཕྲོད་བསྟེན་སྡེ་ཁག་གིས་དོ་དམ་བྱེད་པའི་གཞུང་གྲོན་སྨན་བཅོས་བཅས་གཅིག་གྱུར་གྱིས་ངལ་རྩོལ་དང་དོ་དམ་བྱས་ཏེ། གཅིག་གྱུར་གྱིས་སྤྱི་ཚོགས་ཉེན་སྲུང་སྲིད་འཛིན་སྒྲིག་གཞི་བཙུགས། མི་ཤུགས་ཐོན་ཁུངས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་མངོན་འགྱུར་དང་། སྒྲིག་གཞི་སྣོལ་སྡེབ་དང་འགན་ནུས་ཐ་དད་དུ་གཏོང་བའི་སྣང་ཚུལ་ཉུང་དུ་གཏོང་ཆེད། སྤྱི་ལོ2008ལོར་སྐབས་འདིའི་སྲིད་གཞུང་གིས་ས་ཆ་མང་ཆེ་བའི་ལམ་ལུགས་ཁྱབ་གདལ་བཏང་བ་དང་། མི་དོན་དང་ངལ་རྩོལ་འགན་ལེན་བྱ་རྒྱུ་དེ་ཐོག་མར་བདམས་པའི་ཁག་གཅིག་ཏུ་གྱུར་པ། མི་ཤུགས་ཐོན་ཁུངས་དང་བབ་བསྟུན་སྐྱེལ་འདྲེན་བྱས་ཡོད།

4 འགན་ནུས་གཙོ་བོ།

(གཅིག)མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་སྲིད་ཇུས་བཟོ་འགོད་བྱེད་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བཅའ་ཁྲིམས་ཁྲིམས་སྲོལ་འཆར་ཟིན་འགོད་རྒྱུ། སྒྲིག་སྲོལ་བཟོ་འགོད་བྱེད་རྒྱུ་མ་ཟད། ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་སྒྲིག་འཛུགས་བྱེད་རྒྱུ།

(གཉིས། )མི་ཤུགས་ཐོན་ཁུངས་ཚོང་རའི་འཕེལ་རྒྱས་འཆར་འགོད་དང་མི་ཤུགས་ཐོན་ཁུངས་འཁོར་རྒྱུག་སྲིད་ཇུས་བཟོ་འགོད་བྱས་ཏེ། གཅིག་གྱུར་དང་ཚད་ལྡན་གྱི་མི་ཤུགས་ཐོན་ཁུངས་ཚོང་ར་འཛུགས་པ་དང་། མི་ཤུགས་ཐོན་ཁུངས་ལུགས་མཐུན་འཁོར་སྐྱོད་དང་ཕན་ནུས་ལྡན་པའི་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།

(གསུམ)ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་འགན་འཁུར་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་སྲིད་ཇུས་གཅིག་གྱུར་འཆར་འགོད་བཟོ་རྒྱུ། སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལས་ཞུགས་རོགས་སྐྱོར་ལམ་ལུགས་བཟོ་རྒྱུ། ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པར་ཕྱོགས་པའི་ལས་རིགས་སྦྱོང་བརྡར་སྤྲོས་རྒྱུའི་ལམ་ལུགས་གཅིག་གྱུར་འཆར་འགོད་བཟོ་རྒྱུ། སྣེ་ཁྲིད་དེ་མཐོ་རིམ་སློབ་ཐོན་སློབ་མའི་ལས་ཞུགས་སྲིད་ཇུས་བཟོ་རྒྱུ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཤེས་ལྡན་པ་དང་གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་པ་གསོ་སྐྱོང་དང་སྐུལ་ལྕག་སྲིད་ཇུས་བཟོ་རྒྱུ།

(བཞི) གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཅིག་གྱུར་གྱིས་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་དང་དེའི་ཁ་གསབ་འགན་བཅོལ་སྲིད་ཇུས་དང་ཚད་གཞི་གཅིག་གྱུར་གྱིས་འཆར་འགོད་བཟོ་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་འབྲེལ་བ་སྒྱུར་མཐུད་བྱེད་ཐབས་དང་རྨང་གཞིའི་རྒན་གསོའི་མ་དངུལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་ཐབས་བཟོ་འགོད་སྒྲིག་འཛུགས་བྱེད་པ། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་སྲིད་ཇུས་གཅིག་གྱུར་འཆར་འགོད་བཟོ་བ་མ་ཟད་ཐེབས་རྩ་གཅིག་གྱུར་འཆར་འགོད་ཀྱི་རིམ་པ་རིམ་བཞིན་མཐོ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྤྱི་ཚོགས་འགན་བཅོལ་དང་དེའི་ཁ་གསབ་འགན་བཅོལ་ཐེབས་རྩར་དོ་དམ་དང་ཁ་གསབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་དང་ངེས་རྩིས་མ་ཟིན་བཟོ་འགོད་བྱས་ཏེ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་མ་དངུལ་འཇོག་པའི་སྲིད་ཇུས་གཏན་འབེབས་བྱེད་པར་ཞུགས་དགོས།

(ལྔ)ལས་ཞུགས་དང་། ལས་ཤོར། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་བཅས་ཀྱི་སྔོན་དཔག་ཉེན་ཟོན་སྔོན་བརྡ་དང་ཆ་འཕྲིན་ཁྲིད་སྟོན་བྱེད་འགན་འཁུར་རྒྱུ་དང་། ཁ་གཏད་གཅོག་པའི་སྔོན་ཇུས་བཟོ་རྒྱུ། སྔོན་འགོག་དང་། སྙོམས་སྒྲིགཚོད་འཛིན་བཅས་བྱས་ཏེ་ལས་ཞུགས་ཀྱི་དུས་བབ་བརྟན་པོ་དང་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱེད་རྒྱུ།

(དྲུག)འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་ཁུངས་དང་བྱ་གཞག་ཚན་པའི་མི་སྣའི་གླ་ཕོགས་ཡོང་འབབ་བགོ་བཤའི་སྲིད་ཇུས་བཟོ་བ་དང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་མི་སྣའི་གླ་ཕོགས་རྒྱུན་གཏན་བཞིན་འཕར་བ་དང་གཏོང་སྤྲོད་འགན་སྲུང་ལམ་སྲོལ་འཛུགས་པ། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་མི་སྣའི་ཕན་བདེ་དང་ལས་བྲལ་ལས་འཁྱུར་ངལ་གསོའི་སྲིད་ཇུས་བཟོ་བ་བཅས་བྱེད་དགོས།

(བདུན)འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱ་ལས་སྡེ་ཚན་གྱི་མི་དོན་ལམ་ལུགས་བསྒྱུར་བཅོས་བྱེད་པར་མཛུབ་སྟོན་དང་། བྱ་ལས་སྡེ་ཚན་གྱི་མི་སྣ་དང་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣའི་དོ་དམ་སྲིད་ཇུས་འཆར་འགོད་གཏན་འབེབས། ཤེས་ལྡན་མི་སྣའི་དོ་དམ་བྱ་བར་ཞུགས་པ། ཆེད་ལས་ལག་རྩལ་མི་སྣར་དོ་དམ་དང་རྒྱུན་མཐུད་སློབ་གསོའི་སྲིད་ཇུས་གཏན་འབེབས། གོ་མིང་ལམ་ལུགས་བསྒྱུར་བཅོས་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད། འབུམ་རམས་ཐོབ་རྗེས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། རིམ་པ་མཐོ་བའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་འདེམས་སྒྲུག་དང་གསོ་སྐྱོང་བྱ་བའི་འགན་འཁུར་བ། རྒྱལ(མཚམས)ཕྱིའི་རིགས་གཅིག་མཁས་པ་ཚུར་འགུགས་པ། ཀྲུང་གོར(རྒྱལ་ནང་དུ་ལོག)ཡོང་བའི་ལས་ཀ་དང་གཞིས་ཆགས་སྲིད་ཇུས་བཟོ་འགོད་བཅས་བྱ་དགོས་པ་ཡིན།

(བརྒྱད)འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དམག་དཔུང་གི་ལས་བསྒྱུར་ལས་བྱེད་པ་བཀོད་སྒྲིག་བྱ་རྒྱུའི་སྲིད་ཇུས་དང་བཀོད་སྒྲིག་འཆར་གཞི་བཟོས་ནས་དམག་དཔུང་གི་ལས་བསྒྱུར་ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་འགན་འཁུར་རྒྱུ་དང་། ཁེ་ལས་ཁ་ཤས་ཀྱི་དམག་དཔུང་གི་ལས་བསྒྱུར་ལས་བྱེད་པར་དཀའ་ངལ་སེལ་བ་དང་སྲིད་ཇུས་བརྟན་པོ་བཟོ་བའི་སྒྲིག་འཛུགས་བྱ་རྒྱུ། དམག་དཔུང་གི་ལས་བསྒྱུར་ལས་བྱེད་པར་དོ་དམ་དང་ཞབས་ཞུ་བྱེད་འགན་འཁུར་རྒྱུ།

(དགུ) སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པ་ཕྱོགས་བསྡུས་ཀྱིས་དོ་དམ་བྱེད་འགན་འཁུར་རྒྱུ་དང་། འབྲེལ་ཡོད་མི་སྣའི་སྲིད་ཇུས་དང་དམིགས་བསལ་མི་སྣ་བཀོད་སྒྲིག་སྲིད་ཇུས་བཟོ་འགོད་བྱ་རྒྱུ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱལ་ཁབ་ཀྱི་མཚན་སྙན་ལམ་ལུགས་དང་སྲིད་གཞུང་གི་བྱ་དགའི་ལམ་ལུགས་བཟོ་འགོད་བྱ་རྒྱུ།

(བཅུ)འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིང་པ་ལས་མིའི་ལས་ཀའི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་དང་འཆར་གཞི་བཟོ་འགོད་དང་། ཞིང་པ་ལས་མིའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད། གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱ་དགོས།

(བཅུ་གཅིག)ངལ་རྩོལ་དང་མི་དོན་རྩོད་གཞི་སྙོམ་སྒྲིག་འདུམ་གཅོད་ལམ་ལུགས་དང་ངལ་རྩོལ་འབྲེལ་བའི་སྲིད་ཇུས་གཅིག་གྱུར་གྱིས་བཟོ་འགོད་བྱེད་པ་དང་། ངལ་རྩོལ་འབྲེལ་བ་མཐུན་སྦྱོར་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཁྲིམས་འགལ་གྱིས་བཀོལ་སྤྱོད་བྱེད་པའི་སྐོར་གྱི་སྲིད་ཇུས་དང་། ལོ་ན་མ་སོན་པའི་ལས་བཟོ་པ་མེད་པར་བཟོ་བའི་དམིགས་བསལ་གྱི་སྲིད་ཇུས་གཏན་འབེབས་བྱེད་པ། ངལ་རྩོལ་ལྟ་ཞིབ་སྒྲིག་འཛུགས་དང་ལག་བསྟར་བྱེད་པ། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལས་ཀ་མཐུན་སྦྱོར་བྱེད་པ། གྱོད་གཞི་ཆེན་པོ་གཅོད་པ་བཅས་བྱ་དགོས་པ་ཡིན།

(བཅུ་གཉིས)པུའུ་དེ་ག་དང་རྒྱལ་ཁབ་གཞུང་ལས་པ་ཅུད་དང་མཉམ་ལས་ཀྱི་ལས་ཀའི་འགན་འཁུར་རྒྱུ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་ལས་ཚན་པར་བཏང་བའི་དོ་དམ་ལམ་ལུགས་བཟོ་རྒྱུ།

(བཅུ་གསུམ )རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་སྒྲུབ་འགན་འཁུར་རྒྱུ་བཅས་ཡིན།

5  ནང་ཁུལ་གྱི་སྒྲིག་གཞི།

གོང་གསལ་གྱི་འགན་འཁྲི་གཞིར་བཟུང་མི་ཤུགས་ཐོན་ཁུངས་དང་ཀུང་སིས་སྒྲིག་གཞི23བཙུགས་པ་སྟེ།

5_1 གཞུང་ལས་ཐིང་།

ལས་ཁུངས་ཀྱི་རིག་གནས་དང་གློག་འཕྲིན། ཚོགས་དོན། གསང་གནད། ཡིག་ཚགས། ནོར་དོན། སྲིད་དོན་ཡོངས་བསྒྲགས། བདེ་འཇགས་གསང་སྲུང་། ཡིག་སྐུར་ངོ་གཏུག་བཅས་བྱེད་འགན་འཁུར་རྒྱུ།

5_2 སྲིད་ཇུས་ཞིབ་འཇུག་སི།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཞིབ་འཇུག་ལས་ཀ་སྒྲིག་འཛུགས་དང་སྤེལ་དགོས། ཡིག་ཆ་གལ་ཆེན་གྱི་འཆར་ཟིན་འགོད་པའི་ལས་ཀ་སྒྲུབ་པར་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་གྱི་བློ་འདྲིའི་ལས་དོན་མཐུན་སྦྱོར་བྱེད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་གསར་འགྱུར་ཁྱབ་བསྒྲགས་སོགས་ཀྱི་ལས་ཀ་སྒྲུབ་པར་འགན་འཁུར་དགོས་བ་ཡིན།

5_3 ཁྲིམས་སྲོལ་སི།

འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་དང་སྒྲིག་སྲོལ་འཆར་ཟིན་འགོད་བཟོས་ཏེ། སྒྲུབ་འགན་འཁུར་མཁན་ལས་ཁུངས་ཀྱི་འབྲེལ་ཡོད་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལས་དོན། འབྲེལ་ཡོད་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་ཞུ་ལན་སྤྲོད་པའི་ལས་དོན་སྒྲུབ་པར་འགན་འཁུར་དགོས་པ་ཡིན།  

5_4 ནོར་དོན་འཆར་འགོད་སི།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་གོང་དུ་སྤེལ་བའི་འཆར་འགོད་དང་ལོ་འཁོར་འཆར་གཞི་བཟོས་ཏེ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་དང་ངེས་རྩིས་མ་ཟིན་བཟོ་འགོད་བྱེད་པར་འགན་འཁུར་བ་དང་། སྤྱི་ཚོགས་འགན་སྲུང་མ་དངུལ(ཐེབས་རྩ)ལམ་ལུགས་བཟོ་འགོད་བྱེད་པར་ཞུགས་པ། ཁོངས་གཏོགས་ཚན་པའི་གཞུང་ཁོངས་རྒྱུ་ནོར་དོ་དམ་དང་རྩིས་བཤེར་ལས་དོན་སྒྲུབ་པར་འགན་འཁུར་ཞིང་། འབྲེལ་ཡོད་ཆ་འཕྲིན་འཆར་འགོད་དང་བསྡོམས་རྩིས་དོ་དམ་ལས་ཀ་སྒྲུབ་པར་འགན་འཁུར་ཏེ་འབྲེལ་ཡོད་ཚན་རྩལ་རྣམ་གྲངས་དང་རྒྱལ་སྤྱིའི་རོགས་སྐྱོར་དངུལ་བུན་གྱི་ལས་ཀ་སྒྲུབ་འགན་འཁུར་དགོས་པ་བཅས་ཡིན།

5_5 ལས་ཞུགས་སྐུལ་སྤེལ་སི།

ལས་ཞུགས་འཆར་འགོད་དང་ལོ་འཁོར་འཆར་གཞི་བཟོ་འགོད་དང་། ངལ་རྩོལ་པ་འདྲ་མཉམ་ལས་ཞུགས་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས། གོ་རིམ་ལྡན་པའི་འཁོར་རྒྱུག་བཅས་ཀྱི་སྲིད་ཇུས་བཟོ་འགོད་བྱས་ཏེ། སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆ་འཕྲིན་དོ་དམ་ལ་མཛུབ་ཁྲིད་དང་ཚད་ལྡན་བཟོ་བ་དང་། ཆེད་དམིགས་ལས་ཞུགས་མ་དངུལ་བཀོལ་སྤྱོད་དང་དོ་དམ་བྱེད་ཐབས་བཟོ་འགོད་བྱེད་པར་ཞུགས་པ། སྣེ་ཁྲིད་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སྲིད་ཇུས་བཟོ་བ་དང་ལས་ཞུགས་རོགས་སྐྱོར་དང་དམིགས་བསལ་ཚོགས་སྤྱིའི་ལས་ཞུགས་སྲིད་ཇུས་བཟོ་བ། རྒྱལ(མངའ་ཁོངས)ཕྱིའི་མི་སྣ(རིགས་གཅིག་མཁས་པ་ཚུད་མེད)རྒྱལ་ཁོངས་སུ་ཡོང་ནས་ལས་ཞུགས་དོ་དམ་བྱེད་པའི་སྲིད་ཇུས་གཏན་འབེབས་བྱ་དགོས་བཅས་ཡིན།

5_6 མི་ཤུགས་ཐོན་ཁུངས་ཁྲོམ་ར་སི།

མི་ཤུགས་ཐོན་ཁུངས་ཀྱི་ཚོང་ར་གོང་དུ་སྤེལ་བའི་སྲིད་ཇུས་དང་འཆར་གཞི་བཟོ་བ། རྒྱལ་(མཚམས)ཕྱིའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཚོང་རར་ཞུགས་འཐུས་དོ་དམ་ལམ་ལུགས་བཟོ་བ། ལས་རིགས་མཚམས་སྦྱོར་ལས་ཁུངས་ལ་དོ་དམ་བྱེད་པར་ཁྲིད་སྟོན་དང་ལྟ་སྐུལ་བྱས་ཏེ། མི་སྣ་བཀོད་སྒྲིག་སྲིད་ཇུས་བཟོས་ནས་རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོ་ཡོད་པའི་མི་སྣའི་ལས་དོན་སྒྲུབ་པར་འགན་འཁུར་རྒྱུ་དང་། གཏན་འབེབས་ལྟར་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་པེ་ཅིན་དུ་ཡོད་པའི་འབྲེལ་ཡོད་སྡེ་ཚན་གྱིས་ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མ་བསྡུ་ལེན་དང་པེ་ཅིན་ཕྱི་ནས་མི་སྣ་བསྡུ་བའི་དོན་དག་སྒྲུབ་པར་འགན་འཁུར་དགོས་བ་ཡིན།

5_7 དམག་དཔོན་བཀོད་སྒྲིག་སི།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམག་དཔུང་གི་ལས་བསྒྱུར་ལས་བྱེད་ཚོ་ཆུང་གི་གཞུང་ལས་ཁང་།

དམག་དཔུང་གི་ལས་བསྒྱུར་ལས་བྱེད་པ་བཀོད་སྒྲིག་དང་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་སྲིད་ཇུས་དང་བཀོད་སྒྲིག་འཆར་གཞི་བཟོ་འགོད་དང་། གསོ་སྐྱོང་སྦྱོང་བརྡར་དང་བཀོད་སྒྲིག་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་པེ་ཅིན་དུ་ཡོད་པའི་འབྲེལ་ཡོད་སྡེ་ཚན་བཀོད་སྒྲིག་དང་། འདེམས་བསྐོ། གསོ་སྦྱོང་བཅས་ཀྱི་ལས་ཀ་སྒྲུབ་འགན་འཁུར་ཏེ་ཁེ་ལས་ཁག་ཅིག་གི་དམག་དཔུང་ནས་ལས་བསྒྱུར་བྱས་པའི་ལས་བྱེད་པའི་དཀའ་ངལ་སེལ་བ་དང་བརྟན་ལྷིང་ཡོང་བའི་སྲིད་ཇུས་བཟོ་འགོད་སྒྲིག་འཛུགས་བྱེད་པ། རང་བདག་གིས་དམག་དཔུང་གི་ལས་སྒྱུར་ལས་བྱེད་པར་དོ་དམ་དང་ཞབས་ཞུའི་ལས་ཀ་སྒྲུབ་པར་འགན་འཁུར་དགོས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམག་དཔུང་གི་ལས་སྒྱུར་ལས་བྱེད་ཚོ་ཆུང་གི་ཞིབ་ཕྲའི་ལས་ཀ་སྒྲུབ་འགན་འཁུར་དགོས་བ་བཅས་ཡིན།

5_8 ལས་རིགས་ནུས་པ་འཛུགས་སྐྲུན་སི།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ལས་རིགས་གསོ་སྐྱོང་སྦྱོང་བརྡར་སྲིད་ཇུས་དང་འཆར་གཞི་བཟོས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གྲོང་གསེབ་ཏུ་ཤེས་ལྡན་མི་སྣ་བཀོལ་སྤྱོད་དང་བསྔགས་སྐུལ་བྱེད་པའི་སྲིད་ཇུས་བཟོ་འགོད་བྱ་དང་། རྒྱལ་ཁབ་ཀྱི་སློབ་གསོའི་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་ལག་རྩལ་བཟོ་པའི་སློབ་གྲྭ་དང་དེ་བཞིན་ལས་རིགས་གསོ་སྦྱོང་ལས་ཁུངས་ཀྱི་འཕེལ་རྒྱས་འཆར་འགོད་དང་དོ་དམ་སྒྲིག་སྲོལ་བཟོས་ནས་དགེ་རྒན་དཔུང་ཁག་དང་སློབ་དེབ་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་དགོས་པ། ལས་རིགས་རྩལ་ནུས་ཐོབ་ཐང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལས་རིགས་རིགས་འབྱེད་དང་ལས་རིགས་རྩལ་ནུས་སྐོར་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་བཟོ་འགོད་སྒྲིག་འཛུགས་བྱ་བ་བཅས་ཡིན།

5_9 ཆེད་ལས་ལག་རྩལ་མི་སྣ་དོ་དམ་སི།

ཆེད་ལས་ལག་རྩལ་མི་སྣའི་དོ་དམ་དང་རྒྱུན་མཐུད་སློབ་གསོའི་སྲིད་ཇུས་བཟོ་འགོད་བྱ་ཞིང་ལས་ཀའི་གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་དོན་སྒྲུབ་པར་འགན་འཁུར་བ་དང་། འབུམ་རམས་པ་ཐོབ་རྗེས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། རིམ་པ་མཐོ་བའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་འཆར་འགོད་དང་གསོ་སྐྱོང་གི་ལས་ཀ་སྒྲུབ་འགན་འཁུར་རྒྱུ་དང་། སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན་རིགས་གཅིག་མཁས་པ་འདེམས་སྒྲུག་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱེད་འགན་འཁུར་བ་དང་རྒྱལ(མངའ་ཁོངས)ཕྱིའི་རིགས་གཅིག་མཁས་པ་འགུག་ཐབས་དང་། ཀྲུང་གོར(རྒྱལ་ནང་དུ་ལོག)ཡོང་ནས་ལས་ཀ་བྱེད་པའམ་གཏན་སྡོད་བྱེད་པའི་སྲིད་ཇུས་བཟོ་འགོད་བྱ་བ་དང་རྒྱལ(མངའ་ཁོངས)ཕྱིའི་ལས་ཁུངས་ཀྱིས་རྒྱལ་ནང་དུ་ཆེད་ལས་ལག་རྩལ་གྱི་རྐང་འཛིན་ཤེས་ལྡན་མི་སྣ་གདན་འདྲེན་ཞུ་བའི་དོ་དམ་སྲིད་ཇུས་གཏན་འབེབས་བྱ་དགོས་པ་བཅས་ཡིན།

5_10 མི་དོན་དོ་དམ་སི།

བྱ་ལས་སྡེ་ཚན་གྱི་མི་དོན་ལམ་ལུགས་བསྒྱུར་བཅོས་དང་མི་དོན་དོ་དམ་ལས་ཀར་ཁྲིད་སྟོན་བྱ་རྒྱུ་དང་། བྱ་ལས་སྡེ་ཚན་གྱི་མི་སྣ་དང་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣར་དོ་དམ་བྱེད་པའི་སྲིད་ཇུས་བཟོ་འགོད་བྱས་ཏེ། དེ་བཞིན་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་ལས་གནས་བཀོད་སྒྲིག་གི་ཇུས་གཞིར་ཞིབ་མཆན་འགོད་པའམ་ཡང་ན་ཐོ་འགོད་སྙན་སེང་གི་ལས་དོན་སྒྲུབ་པར་འགན་འཁུར་ཞིང་བྱ་ལས་སྡེ་ཚན་གྱིས་རྒྱལ(མངའ་ཁོངས)ཕྱིའི་མི་སྣ(རིགས་གཅིག་མཁས་པ་ཚུད་མེད)གདན་ཞུའི་སྲིད་ཇུས་བཟོ་འགོད་བྱས་པ་བཅས་རེད།  

5_11 གླ་རྒྱག་ཞིང་པའི་ལས་དོན་སི།

ཞིང་པ་ལས་མིའི་ལས་ཀའི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་དང་འཆར་འགོད་བཟོས་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་ལ། ཞིང་པ་ལས་མིའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་ཅིང་། ཞིང་པ་ལས་མི་དང་འབྲེལ་བ་ཡོད་པའི་དོན་རྐྱེན་གལ་ཆེན་མཐུན་སྦྱོར་ཐག་གཅོད་བྱ་རྒྱུ་དང་ཞིང་པ་ལས་མིའི་ལས་ཀའི་ཆ་འཕྲིན་འཛུགས་སྐྲུན་ལ་ཁྲིད་སྟོན་དང་མཐུན་སྦྱོར་བྱ་དགོས་པ་བཅས་ཡིན།

5_12 ངལ་རྩོལ་འབྲེལ་བའི་སི།

ངལ་རྩོལ་འབྲེལ་བའི་སྲིད་ཇུས་བཟོ་རྒྱུ་དང་ངལ་རྩོལ་གྱི་གན་རྒྱ་དང་ཐུན་མོང་གི་གན་རྒྱའི་ལམ་ལུགས་ལག་བསྟར་བྱེད་པའི་ཚད་གཞི་བཟོས་ཏེ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་གླ་ཕོགས་བསྡོམས་འབོར་དོ་དམ་དང་ཁེ་ལས་ཀྱི་འགན་འཁུར་བའི་གླ་ཕོགས་ཡོང་འབབ་བགོ་བཤའ་རྒྱག་པར་ཁྲིད་སྟོན་དང་ལྟ་སྐུལ་བྱ་དགོས། ཁེ་ལས་ཀྱི་ལས་བཟོ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ལ། ངལ་རྩོལ་གྱི་ཚད་གཞི་གཏན་འབེབས་བྱེད་པའི་ལས་ཀར་ཁྲིད་སྟོན་བྱ་ཞིང་ཁྲིམས་འགལ་གྱིས་བཀོལ་སྤྱོད་བྱེད་པའི་སྲིད་ཇུས་དང་། ལོ་ན་མ་སོན་པའི་ལས་བཟོ་པ་དང་ལོ་ན་མ་སོན་པའི་ལས་བཟོ་པ་བཅས་ཀྱི་དམིགས་བསལ་གྱི་སྲིད་ཇུས་བཟོ་འགོད་བྱས་དགོས་པ་བཅས་ཡིན།

5_13 ཟླ་ཕོགས་ཕན་གཉེར་སི།

ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་བྱེད་མི་སྣའི་གླ་ཕོགས་ཡོང་འབབ་བགོ་བཤའ་དང་། ཕན་བདེ། ལས་བྲལ་དང་ལས་འཁྱུར་ངལ་གསོའི་སྲིད་ཇུས་བཅས་བཟོ་འགོད་བྱ་རྒྱུ་དང་། ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་དང་། ཞང་ཀང་དང་ཨའོ་མོན་དུ་བཅའ་སྡོད་ས་ཁུལ་དུ་མངགས་པའི་མི་སྣ། ལས་ཁུངས་དང་བྱ་ལས་སྡེ་ཚན་བཅས་ཀྱི་ཕྱིར་སྡོད་རང་མིའི་གླ་ཕོགས་མ་ཡིན་པའི་སྲིད་ཇུས་སྣེ་ཁྲིད་ཀྱིས་བཟོ་འགོད་བྱ་བ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཁོངས་གཏོགས་ཀྱི་བྱ་ལས་སྡེ་ཚན་གྱི་གླ་ཕོགས་བསྡོམས་འབོར་དོ་དམ་བྱེད་པར་འགན་འཁུར་བ་བཅས་ཡིན།

5_14 རྒན་གསོ་འགན་བཅོལ་སི།

ལས་ཁུངས་དང་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་དེར་ཁ་གསབ་བྱེད་པའི་རྒན་གསོའི་འགན་བཅོལ་སྲིད་ཇུས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་ཐེབས་རྩའི་གཅིག་གྱུར་འཆར་འགོད་ཀྱི་རིམ་པ་རིམ་བཞིན་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་སྲིད་ཇུས་དང་། འཆར་འགོད། ཚད་གཞི་བཅས་བཟོ་འགོད་བྱ་བ། རྒན་གསོའི་འགན་བཅོལ་ཐེབས་རྩ་དོ་དམ་བྱ་ཐབས་བཟོས་ཏེ་རྒན་གསོའི་འགན་བཅོལ་ཐེབས་རྩ་སྔོན་དཔག་དང་སྔོན་བརྡ་གཏོང་བའི་ལམ་ལུགས་བཟོ་བ་དང་ཞིང་ཆེན་རིམ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་གྱི་ཚད་ལ་ཞིབ་བཤེར་གཏན་འབེབས་བྱ་དགོས།  

5_15 ལས་ཤོར་ཉེན་འགོག་སི།

ལས་ཤོར་འགན་བཅོལ་སྐོར་གྱི་སྲིད་ཇུས་དང་། འཆར་འགོད། ཚད་གཞི་བཅས་བཟོ་འགོད་བྱ་བར་ལས་ཤོར་འགན་བཅོལ་ཐེབས་རྩ་དོ་དམ་བྱེད་ཐབས་གཏན་འབེབས་བྱས་ཏེ། ལས་ཤོར་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་ལུགས་བཙུགས་ནས་གཞི་རྒྱ་ཅུང་ཆེ་བའི་ལས་ཤོར་སྔོན་འགོག་དང་། སྙོམས་སྒྲིག་ཚོད་འཛིན་བཅས་བྱེད་པའི་སྲིད་ཇུས་བཟོ་འགོད་བྱ་ཞིང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་རིང་ལས་བཟོ་པའི་བཀོད་སྒྲིག་ཁེ་དབང་འགན་སྲུང་དང་འབྲེལ་བ་ཡོད་པའི་སྲིད་ཇུས་གཏན་འབེབས་བྱ་དགོས་པ་བཅས་ཡིན།

5_16 སྨན་བཅོས་འགན་བཅོལ་སི།

སྨན་བཅོས་འགན་བཅོལ་དང་བུ་བཙའི་འགན་བཅོལ་སྐོར་གྱི་སྲིད་ཇུས་དང་། འཆར་འགོད་དང་ཚད་གཞི་གཅིག་གྱུར་གྱིས་བཟོ་འགོད་བྱ་བ། སྨན་བཅོས་འགན་བཅོལ་དང་བུ་བཙའི་འགན་བཅོལ་ཐེབས་རྩ་དོ་དམ་བྱེད་ཐབས་བཟོ་འགོད་བྱས་ཏེ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་། ནད་རིགས་དང་བུ་བཙའི་རིང་གི་ཕོགས་སྣོན་ཚད་གཞི་བཟོ་ཞིང་། ལས་ཁུངས་དང་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་ཁ་གསབ་བྱེད་པའི་སྲིད་ཇུས་དང་དོ་དམ་བྱེད་ཐབས་བཟོ་འགོད་བྱ་དགོས་པ་ཡིན།

5_17 ལས་རྨས་འགན་བཅོལ་སི།

ལས་རྨས་འགན་བཅོལ་སྲིད་ཇུས་དང་། འཆར་འགོད། ཚད་གཞི་བཅས་བཟོ་འགོད་བྱས་ཏེ། ལས་རྨས་སྔོན་འགོག་དང་། ངོས་འཛིན། ནད་གསོ་བཅས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ལ། ལས་རྨས་དང་རྨས་སྐྱོན་གྱི་རིམ་པ་གསལ་འབྱེད་བྱེད་པའི་ཚད་གཞི་བཟོ་འགོད་སྒྲིག་འཛུགས་བྱ་བ་དང་། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་བྱ་དགོས་པ་ཡིན།

5_18 གྲོང་གསེབ་སྤྱི་ཚོགས་འགན་བཅོལ་སི།

གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་དང་ས་ཆ་བསྡུ་ལེན་བྱས་པའི་ཞིང་པའི་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དང་། འཆར་འགོད། ཚད་གཞི་བཅས་བཟོ་འགོད་བྱས་ཏེ། འབྲེལ་ཡོད་ཕྱོགས་དང་མཉམ་དུ་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་དོ་དམ་བྱེད་ཐབས་བཟོ་འགོད་བྱ་བ་དང་། ས་ཆ་བསྡུ་ལེན་གྱི་འཆར་གཞིའི་ནང་ས་ཆ་བསྡུ་ཡུལ་གྱི་ཞིང་པའི་སྤྱི་ཚོགས་འགན་སྲུང་བྱེད་ཐབས་སྐོར་གྱི་ཞིབ་བཤེར་གཏན་འབེབས་བྱེད་ཐབས་བཟོ་འགོད་བྱ་དགོས་པ་བཅས་ཡིན།

5_19 སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ལྟ་སྐུལ་སི།

སྤྱི་ཚོགས་འགན་བཅོལ་དང་དེའི་ཁ་གསབ་འགན་བཅོལ་ཐེབས་རྩ་དང་གཉེར་སྐྱོང་སྲིད་ཇུས། གཉེར་སྐྱོང་སྒྲིག་གཞིའི་ཐོབ་ཐང་ཚད་གཞི་བཅས་བཟོ་རྒྱུ། ཁྲིམས་ལྟར་སྤྱི་ཚོགས་འགན་སྲུང་ལ་ལྟ་སྐུལ་བྱེད་པ་བཅས་ཡིན། 

6 མི་སྣའི་སྒྲིག་ཁོངས།

མི་ཤུགས་ཐོན་ཁུངས་དང་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས509(ཨུ་ལྷན་གཉིས་ཀྱི་མི་སྣའི་སྒྲིག་ཁོངས8དང་། རོགས་སྐྱོར་ཤོག་ཁག་གི་སྐབས་བསྟུན་སྒྲིག་ཁོངས8ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྒྲིག་ཁོངས་མི་གྲངས41བཅས་ཚུད་པ)ཡིན་པ་རེད། དེའི་ནང་པུའུ་ཀྲང1དང་པུའུ་ཀྲང་གཞོན་པ4དང་སི་ཅུས་རིམ་པའི་འགོ་ཁྲིད་ཀྱི་འགན་གྲངས80(ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་2དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཅུས་ཀྱི་འགོ་ཁྲིད་ཀྱི་འགན་གྲངས4ཚུད་ཡོད)

ཀྲང་ཅི་ནན། བཅུ་པའི་ཀྲུང་དབྱང་ཨུ་ཡོན། མི་ཤུགས་ཐོན་ཁུངས་དང་པུའུ་ཀྲང་། 

ཀེང་ཝུན་ཆིང་། མི་ཤུགས་ཐོན་ཁུངས་དང་སྒྲིག་བཤེར་ཚོགས་ཆུང་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཙུའུ་ཀྲང་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ཏང་ཙུའི་ཁོངས་མི། 

ཀྲང་ཅན་གོ མི་ཤུགས་ཐོན་ཁུངས་དང་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཁབ་ཕྱི་རྒྱལ་རིགས་གཅིག་མཁས་ཅན་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། 

ཧྥུ་ཞིན་གོ མི་ཤུགས་ཐོན་ཁུངས་དང་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཁབ་ཀྱི་གཞུང་ཞབས་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཡིན། 

ཐང་ཐའོ། མི་ཤུགས་ཐོན་ཁུངས་དང་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 

ཡུལ་སྐོར་དང་མི་ཤུགས་ཐོན་ཁུངས་དང་པུའུ་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། 

ཀྲང་དབྱི་ཀྲིན། མི་ཤུགས་ཐོན་ཁུངས་དང་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 

ཝུའུ་ཏའོ་ཧོའེ། མི་ཤུགས་ཐོན་ཁུངས་དང་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 

ཀྲང་དབྱི་ཆོན། ི་ཤུགས་ཐོན་ཁུངས་དང་པུའུ་ཀྲང་གཞོན་པ། 

དཔྱད་གཞིའི་ཡིག་ཆ།